དྲ་ཚིགས་ཀྱི་འཕྲིན་ཡིག
རྩ་བའི་དྲ་ཚིགས་ཀྱི་གྲོགས་པོ་རྣམས།,
ང་ཚོས་སྡེ་ཚན་དེ་ནི་ཁྱེད་རྣམས་ཀྱི་བསམ་ཚུལ་དང་། བསམ་བློ། མྱོང་བ་སྤེལ་རེས་ཡོང་བའི་ཆེད་བཟོས་པ་ཞིག་ཡིན།
མི་ཚང་མ་ལ་ཀུན་སློང་མི་འདྲ་བ་ཡོད། དེ་འདྲ་སོང་ཙང་སྡེ་ཚན་དེ་ནི་ཁྱེད་རྣམས་ཀྱི་ཆེད་དུ་ཡིན།
ཚེམས་རིན་པོ་ཆེ།
འཕྲིན་ཡིག་བསྐུར་བའི་དུས་ཚོད་ཐོག་ཁྱེད་རྣམས་ཀྱིས་རྒྱབ་བསྐྱོར་དང་། དགོད་བྲོ་ཆེད་དུ་འཛུལ་ཞུགས་ཡོང་བའི་རེ་བ་ཡོད། ཁྱེད་རྣམས་དེ་ལ་མཇལ་ཡོང་།.
དྲ་ཚིགས་ཀྱི་ཡིག་བསྐུར་ཐོག་ཡ་རབས་ཀྱི་སྤྱོད་ཚུལ།
དེ་ལ་དྲ་ཚིགས་ནང་ཡིག་བསྐུར་གྱི་ཡ་རབས་བཟང་སྤྱོད་དང་། དགོད་བྲོ་བ། ཤེས་རྟོགས་སོགས་ཡོང་བའི་ཆེད་དུ་སྟབས་བདེ་བའི་སློབ་སྟོན་འགའ་ཡོད། ཁྱེད་ཀྱིས་མཁྱེན་དགོས་པ་ལ་དེ་ནི་དྲ་ཚིགས་ཐོག་ཡིག་བསྐུར་བྱེད་ས་ཞིག་རེད།ང་ཚོའི་འཕྲིན་ཡིག་སྡེ་ཚན་ནང་ལ་མ་བསྐུར་རོགས། དེ་ཙམ་མ་ཟད་གཞན་དང་ཡིག་བསྐུར་མ་བྱེད་པར་དྲ་སྤེལ་བྱེད་མི་ཆོག
མཐུན་པའི་གྲོགས་པོ་ཞིག་བྱེད་དང་།
ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་འཕྲིན་ཡིག་བསྐུར་མཁན་རྣམས་ནི་མི་ངོ་མ་ཤ་སྟག་རེད། ཁོང་ཚོ་ལ་བསམ་ཚུལ་མི་འདྲ་བ་ཡོང་སྲིད། གང་ལ་ཞེ་ན་རིག་གཞུང་འདྲ་མིན་ནང་ལ་ཚར་ལོངས་བྱུང་བ་རེད། ངོ་དང་ངོ་ཐུག་ནས་སྐད་ཆ་བཤད་པ་བཞིན་སྤྱོད་ཚུལ་གནང་རོགས། ཁོང་ཚོའི་བསམ་ཚུལ་ལ་གུས་ཞབས་བྱེད་དང་། ཚུར་ཡང་གཅིག་མཚུངས་བྱེད་ངེས།
བཟོད་སྲན་གནང་དང་།
ཁྱེད་ཉིད་ལ་ལན་འདེབས་ཡོང་བར་ཕྲན་བུ་སྒུག་རོགས། བཟོད་སྲན་ནི་དགེ་བའི་ལས་ཤིག་རེད། གལ་ཏེ་དུས་ཡུན་མང་པོ་ཕྱིན་ནས་ད་དུང་ལན་འདེབས་མ་གནང་ན། ཁོང་ཚོས་ལན་མི་ཤེས་པ་ཡོང་སྲིད། ཁོང་ཚོས་མཐོང་མེད་པ་ཡོང་སྲིད།དྲི་བ་ཡང་བསྐྱར་གཏོང་ནས་མི་གཞན་ཞིག་ལ་ཐད་ཀར་འདྲི་རོགས། མི་གཞན་གྱིས་ལན་འདེབས་མ་གནང་ཚེ་སུན་སྣང་མ་སྐྱེ་པ་མཁྱེན།
འབྲེལ་ཡོད་ཤིག་གནང་དང་།
དྲ་ཚིགས་དེ་བཞིན་༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་རེད། དེ་འདྲ་སོང་ཙང་གུས་ཞབས་གནང་རོགས། ང་ཚོས་རེ་བ་ལ་མཉམ་ཞུགས་ཡོད་དོ་ཅོག་སྐྱབས་རྗེ་ཚེམས་རིན་པོ་ཆེ་དང་། ཁོང་གི་ཆོས་ཚོགས་ཀེ་ཆ་ར་ལ་གུས་ཞབས་ཡོད་པ་ཞུ།
གཤིས་སྤྱོད་བཟང་པོ་གནང་དང་།
མི་གཞན་ལ་གནོད་པའི་ཡི་གེ་དང་། རྣམ་འགྱུར་སོགས་མི་སྟོན་རོགས གལ་ཏེ་མི་གཞན་ཞིག་གིས་ཁྱེད་ལ་གུས་ཞབས་མེད་པ་བྱེད་ཚེ། ཁ་ཡ་མི་བྱེད་པ་ལས་རྩོད་པ་མ་བྱེད་གནང་རོགས།
ཁྱེད་ཀྱིས་མཁྱེན་དགོས་པ་ཞིག་ལ་གལ་ཏེ་མི་ཞིག་གིས་སློབ་སྟོན་བྱས་པ་ལས་ཁྲིམས་དང་འགལ་ཚེ། འཕྲིན་ཡིག་སྡེ་ཚན་ནས་ཕྱིར་འཕུད་གཏོང་ངེས། ཕྱིར་འཕུད་གཏོང་བའི་དབང་ཆ་ད་གའི་དྲ་ཚིགས་ཀྱི་འཛིན་སྐྱོང་ཁོ་ན་ལ་ཡོད། གལ་ཏེ་ཁྱེད་ཀྱིས་མི་གཞན་གྱིས་ཡིག་བསྐུར་རུ་ཁག་ནང་ལ་བཟང་སྤྱོད་དང་འགལ་བའི་ལས་རྣམས་ཞུ་གསེང་ཞུ་འདོད་ཡོད་ན། ཡིག་ལོག་བཤུས་ནས་ཟླ་ཚེས་དང་བཅས་པར་གཤམ་འོག་གི་ཁ་བྱང་ཐོག་བསྐུར་རོགས། care@kechara.com
སྐུ་མཁྱེན་སྡེ་ཚན་དེ་བཞིན་བགྲོ་གླེང་དང་། སྒྲོན་མེ་ལྟ་བུའི་ཤེས་རྒྱ་འཕེལ་བའི་ཆེད་དུ་བདེ་སྤྱོད་བྱེད་རོགས།
འཛིན་སྐྱོང་གི་གསལ་བསྒྲགས།
དྲ་རྒྱ་དེའི་ནང་འཕྲིན་ཡིག་བྱེད་ས་ནི་ཆོས་ཀྱི་གོ་རྟོགས་འཕེལ་བའི་ཆེད་དུ་ཡིན་པ་དང་། དྲི་བ་གནང་མཁན་གྱིས་གུས་ཞབས་དང་ལྡན་པའི་ཐོག་ནས་བསམ་ཤེས་དང་འཆམ་མཐུན་གྱི་ཀུན་སློང་འཁྱེར་ནས་བསྐུལ་མ་གནང་དགོས་ཀྱི་ཡོད།
དེ་ལས་མང་བའི་ཤེས་དགོས་དོན་ལ་འགྲེལ་བརྗོད་ཁོང་ཁྲོའི་སློང་གཞི་དང་། ངན་སེམས་ཅན། ཆོས་ལུགས་ཀྱི་ཞེན་ཁོག་སོགས་ཀྱི་ཀུན་སློང་བཅང་ནས་བཀོད་པ་ཡིན་ན་གསལ་དོན་མེད་པར་ལམ་སང་སུབ་རྒྱུ་ཡིན། འོན་ཀྱང་གལ་ཏེ་ཁྱེད་ཉིད་ལ་ཐེ་ཚོམ་ཡོད་པ་དང་གསལ་དོན་སོགས་དགོས་ཚེ་ངེས་པར་ཏུ་ང་ཚོའི་འཛིན་སྐྱོང་གི་ཁ་བྱང་ལ་ཐད་ཀར་ཡི་གི་བྲི་རོགས། ང་ཚོས་ཁྱེད་ཉིད་ཀྱི་ཐུགས་ཁུར་ལ་ལན་འདེབས་ཕུལ་ཆོག
མི་སྒེར་གྱིས་བྲི་པའི་མིང་མེད་པ་དང་། རྩོམ་པ་པོའི་བཅོས་མིང་བདེ་བྱེད་མཁན་ཚོ་ལ་རང་ཉིད་ཀྱི་མིང་བདེན་པ་བརྗོད་རོགས་གནང་། དེ་ཙམ་མ་ཟད་ཁྱེད་ཀྱི་ངོས་འཛིན་ཡིན་ནའང་ཁ་གསལ་བྲི་རོགས། གང་ལ་ཞེ་ན་གལ་ཏེ་ཁྱེད་ཀྱི་ཐུགས་ཁུར་རྣམས་ཁྲིམས་མཐུན་ཡིན་ཚེ་མི་གཞན་དང་ང་ཚོའི་འཛིན་སྐྱོང་གིས་ངོས་ནས་ཁྱེད་ཀྱི་ཁ་བྱང་ལ་འབྲེལ་བ་བྱེད་ཐུབ་པའི་ཆེད་དུ་ཡིན།
ང་ཚོས་འཛིན་སྐྱོང་ངོས་ནས་ལེན་པའི་ལས་གཞི་དེ་དག་ལ་བརྟེན་ནས་དྲ་རྒྱ་དེ་ཡི་གལ་གནད་དང་། འཕྲིན་ཡིག་སྲུང་སྐྱོབ་བྱེད་ཐུབ་པའི་རེ་བ་ཡོད། གལ་ཏེ་མི་སུ་འདྲ་ཞིག་ལའང་དྲི་བ་ཡོད་ཚེ་ང་ཚོའི་འཛིན་སྐྱོང་ལ་ཐད་ཀར་འབྲེལ་བ་གནང་རོགས ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་ངོས་ནས་འགྲེལ་བརྗོད་དང་། ཚིག་མི་གཞན་གྱི་སེམས་འཁྲུག་པའི་ཆེད་དུ་བདེ་སྤྱོད་བྱེད་རྒྱུ་མེད།
ཐུགས་རྗེ་ཆེ།
འཛིན་སྐྱོང་།
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com