ཤེས་དགོས་རྒྱུ། སྡེ་ཚན་དེ་ནི་༸སྐྱབས་རྗེ་ཚེམས་རིན་པོའི་དྲ་ཚིགས་ཆོས་ཕྱོགས་ཀྱི་དྲི་བ་དང་། ཀེ་ཆ་རའི་ཆོས་ཚོགས་ཀྱི་ལོ་རྒྱུས་ཀྱི་དྲི་བ་སྟོན་པའི་ཆེད་དུ་ཁོ་ན་ཡིན། གལ་ཏེ་དྲི་བ་འབྲེལ་བ་མེད་པ་དང་། ཁྱབ་ཚད་ལ་འགལ་བ་ཡིན་ཚེ་ང་ཚོས་ཁྱེད་ཉིད་ཀྱི་སྡིངས་ཆ་གཞན་ཞིག་ནས་ལན་རག་པའི་འབོད་བརྩོན་གནང་བར་མཁྱེན། དྲི་བ་དྲ་སྤེལ་མ་བྱེད་པའི་གོང་ལ་ང་ཚོས་རེ་བ་ལ་ཁྱེད་ཉིད་ཀྱི་དྲ་སྤེལ་རྙིང་པ་དང་། དྲ་ཚིགས་གཞན་ལའང་ལྟ་བར་ཞུ། གང་ལ་ཞེ་ན་ཁྱེད་ཉིད་ཀྱི་དྲི་བ་ལན་འདེབས་བྱས་ཟིན་པ་ཞིག་ལ་བསྐྱར་དུ་སྟོན་པའང་ཡོང་སྲིད།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
སྤྱི་ཚོགས་ཞབས་ཞུ། སྐུ་ངལ་འཛེམ་མེད།
སྡོམ་པ་ཡོད་མཁན་ཞིག་གི་འགན་འཁུར་དང་། མི་དཀྱུས་མ་ཞིག་ལ་རྣམ་པ་ཐོག་ནས་སློབ་དཔོན་རྣམས་ནི་དགེ་འདུན་པའི་སྡེ་དང་དུས་རྒྱུན་གྱི་ཆོས་ཉམས་ལེན་པའི་བར་འབྲེལ་མཐུད་ལྟ་བུ་རེད། ཁོང་ཚོ་ནི་མི་དཀྱུས་མ་ཡིན་ནའང་འགན་འཁུར་རླབས་ཆེན་ཞིག་བླངས་ནས་སངས་རྒྱས་པའི་ཆོས་ལུགས་དེ་དར་སྤེལ་ཡོང་བའི་ཆེད་དུ་རང་ཉིད་ཀྱི་མི་ཚེ་གཏོང་གི་ཡོད། མི་དཀྱུས་མ་ཞིག་གིས་དམ་བཅའ་བཟུང་བ་བཞིན། སློབ་དཔོན་རྣམས་ཀྱིས་ཆོས་ཉམས་ལེན་རང་ཉིད་ཀྱི་ལམ་སྟོན་དང་། ཤེས་ཡོན་སྤེལ་ནས་མི་ཡོངས་རྫོགས་དང་མཐུད་ཀྱི་ཡོད། སློབ་དཔོན་རྣམས་སྤྱི་བཏང་ཀེ་ཆ་རའི་ཆོས་ཁང་ནང་ལ་གནས་ཀྱི་ཡོད་པ་དང་། ལམ་སྟོན་ཆེད་དུ་ཡོད། གནས་ཚུལ་མང་བའི་ཆེད་དུ་གཤམ་གྱི་དྲ་ཚིགས་ལ་འབྲེལ་བ་གནང་རོགས། house@kechara.com.
སློབ་དཔོན་ཞིག་ཡིན་པའི་ཆ་ནས་ཆའ་ཡིས་རང་ཉིད་ཀྱི་མི་ཚེ་དེ་ཚེམས་རིན་པོ་ཆེའི་མཛད་པའི་ལས་ཀ་རྣམས་མི་གང་མང་ལ་སྤེལ་ནས་མི་གཞན་ལ་ཕན་བདེ་སྒྲུབ་ཀྱི་ཡོད། ཞལ་འདོན་བདེ་སྤྱོད་དང་། ཆོ་ག ལམ་སྟོན། རང་ཉིད་ཀྱི་ཤེས་ཡོན་སོགས་སྤེལ་རེས་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༡༡ལོར་སྡོམ་པ་བླངས་པ་རེད། ཆའ་སོངག་པནག་ནི་འབྱོར་ལྡན་དང་ཆོས་ཕྱོགས་ཀྱི་མི་ཚེ་འདྲ་མིན་གྱི་མྱོང་བ་ཡོད་མཁན་ཞིག་རེད། ཁོང་གིས་ཀེ་ཆ་རའི་ཚོང་གཉེར་གྱི་ཐོག་ལ་འགན་འཛིན་གཙོ་བོ་དེ་དང་ཚེམས་རིན་པོ་ཆེའི་སྐུ་སྒེར་གྱི་དྲུང་ཡིག་ཀྱང་ཡིན། གནས་མཆོག་འདྲ་མིན་སྣ་ཚོགས་ལ་བསྐྱོད་ཡོད་པ་དང་། གསང་སྔགས་སོགས་དབང་རྩ་ཆེན་པོ་དེ་འདྲ་མང་པོ་ཐོབ་མྱོང་ཡོད་མཁན་ཞིག་ཀྱང་རེད། ཁོང་ཉིད་ཀྱིས་ཆོ་ག་མང་པོ་ཤེས་རྟོགས་ཡོད་པ་དང་ཆོས་ཀྱི་གོ་བ་གཏིང་ཟབ་མཆིས།
ཕྱི་ལོ་༢༠༡༡ལོར་སྡོམ་པ་བླངས་པ་རེད། ཆའ་སོངག་པནག་ནི་འབྱོར་ལྡན་དང་ཆོས་ཕྱོགས་ཀྱི་མི་ཚེ་འདྲ་མིན་གྱི་མྱོང་བ་ཡོད་མཁན་ཞིག་རེད། ཁོང་གིས་ཀེ་ཆ་རའི་ཚོང་གཉེར་གྱི་ཐོག་ལ་འགན་འཛིན་གཙོ་བོ་དེ་དང་ཚེམས་རིན་པོ་ཆེའི་སྐུ་སྒེར་གྱི་དྲུང་ཡིག་ཀྱང་ཡིན། གནས་མཆོག་འདྲ་མིན་སྣ་ཚོགས་ལ་བསྐྱོད་ཡོད་པ་དང་། གསང་སྔགས་སོགས་དབང་རྩ་ཆེན་པོ་དེ་འདྲ་མང་པོ་ཐོབ་མྱོང་ཡོད་མཁན་ཞིག་ཀྱང་རེད། ཁོང་ཉིད་ཀྱིས་ཆོ་ག་མང་པོ་ཤེས་རྟོགས་ཡོད་པ་དང་ཆོས་ཀྱི་གོ་བ་གཏིང་ཟབ་མཆིས།
ཆའ་ཡིས་དང་ཐོག་ཚེམས་རིན་པོ་ཆེ་མཇལ་ཁ་ཐོབ་དུས་ཁོང་ཉིད་ལ་གྲྭ་བ་ཞིག་བྱེད་ཀྱི་ཡིན་དམ་ཞེས་འདྲི་པ་རེད། གྲྭ་བ་ཞིག་བྱེད་པ་ཁོང་ཉིད་ཀྱི་འདུན་པ་ཡིན་ཀྱང་དེ་སྐབས་ཚེམས་རིན་པོ་ཆེ་ལ་རྗེས་མ་ལན་ཕུལ་ཡོང་ཞེས་བརྗོད་ཡོད།ཆའ་ལ་མཚོན་ན་དུས་ཚོན་ཡོད་ཚད་ཆོས་ཕྱོགས་ཀྱི་ཐོག་ལ་གཏོང་གི་ཡོད། ཁོང་ཉིད་ལ་མཚོན་ན་གྲྭ་བ་བྱེད་རྒྱུ་དེ་ཤིན་ཏུ་ལེགས་པོ་ཞིག་རེད། ཚེམས་རིན་པོ་ཆེས་ཁོང་ཉིད་ལ་གྲྭ་པ་ཞིག་བྱེད་དགོས་པའི་སྐུལ་མ་མང་པོ་བཏང་ཡོད་པ་དང་།ཆའ་ཡིས་མ་འོངས་པའི་ནང་ལ་བྱེད་རྒྱུ་ཡིན་པའི་དམ་བཅའ་འཇོག་པ་རེད།
ཀེ་ཆ་ར་ནི་ནུས་མེད་ཀྱི་གནས་སྟངས་ཤིག་ནས་ད་ཆ་ཁྱབ་རྒྱ་ཆེ་བའི་ཆོས་ཀྱི་ཚོགས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་སོགས་ཀྱང་ཡོད། དེ་འདྲ་སོང་ཙང་ཆའ་ཡིས་བསམ་བློ་ལ་ད་ཆ་ནི་གྲྭ་པ་བྱེད་པའི་དུས་ཚོད་ལེགས་ཤོས་རེད་འདུག་ཅེས་བསམ། ཉེ་བའི་ཆར་ལ་ཚེམས་རིན་པོ་ཆེས་ཆའ་ལ་གྲྭ་པ་བྱེད་ཀྱི་ཡིན་ནམ་ཞེས་བརྗོད་སྐབས། ཆའ་ཡིས་གྲྭ་པ་བྱས་པ་རེད།
ཇན་ཨཱ་ཡིས་རང་ཉིད་བླ་མ་ཙོང་ཁ་པའི་གསུངས་པའི་ཆོས་ཀྱི་སྣོད་བཅུད་ལྟ་བུ་ཞིག་ཏུ་འགྱུར་ནས་མ་འོངས་པའི་མི་རབས་ཀྱི་ཆེད་དུ་ཉར་ཚགས་བྱེད་འདོད་ཡོད། དེ་ཙམ་མ་ཟད་མི་གཞན་རྣམས་ལ་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་མོས་སྐྱེ་པའང་བཟོ་འདོད།
ཇན་ཨཱ་ཆུང་དུས་ཡིན་དུས་༸སྐྱབས་རྗེ་ཚེམས་རིན་པོ་ཆེ་མཇལ་ཁ་ཐོབ་པ་དང་། ཁོ་མོའི་ཕ་མ་ཀེ་ཅ་རའི་ནང་ལ་མཉམ་ཞུགས་ཀྱང་བྱེད་ཀྱི་ཡོད། དེ་དག་གི་རྐྱེན་པས་ཁོ་མོས་རིན་པོ་ཆེ་བྲལ་བའི་མི་ཚེ་ཞིག་ནམ་ཡང་མྱོང་མེད། ཇན་ཨཱ་ནི་ཆུང་དུས་ནས་ཚེམས་རིན་པོ་ཆེའི་བླ་བྲང་ལ་དང་བླངས་མང་པོ་གནང་མཁན་ཞིག་ཀྱང་རེད། དབྱིན་ཡུལ་ནས་ནུབ་ཕྱོགས་སེམས་ཁམས་རིག་པའི་ཚན་རིག་ཐོག་ལ་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་རྗེས་ལོན་ཊོན་ནང་ལ་ལས་ཀ་བྱས་ནས་བསྡད་པ་རེད། ཁོ་མོས་ཀོ་ལ་ལམ་པུར་ལ་ཚེམས་བླ་བྲང་གི་དྲ་ཐོག་འཛིན་སྐྱོང་ཆེད་དུ་ཕྱིར་སླེབས་པ་རེད། དེ་ལ་ཁོ་མོས་དྲ་ཚིགས་ kechara.com ལྟ་སྐྱོང་བྱེད་ཀྱི་ཡོད། ཀེ་ཆ་རའི་བདུན་ཕྲག་གཅིག་གི་གསར་ཤོག་དང་།རྩོམ་སྒྲིག་པའི་འགན་ཡང་བཞེས་གནང་གི་ཡོད། དེ་རྗེས་ནས་ཁོ་མོས་ཚེམས་རིན་པོ་ཆེའི་རྩོམ་སྒྲིག་སྡེ་ཚན་ནང་ལ་འཛུལ་ཞུགས་བྱས་པ་དང་། རིན་པོ་ཆེའི་སྐུ་སྒེར་གྱི་ལས་དོན། ཁོང་ཉིད་ཀྱི་མཛད་འཆར་སོགས་བཟོ་པའི་འགན་ཡང་བཞེས་ཀྱི་ཡོད།
ཕྱི་ལོ་༢༠༠༤ལོར་རྒྱ་གར་ནང་ལ་བཙུན་མའི་དགོན་པ་ཞིག་གི་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་རེད། ཇན་ཨཱ་ཡིས་དེའི་སྐབས་ཅི་འདྲའི་བདེ་སྐྱིད་ལྡན་པ་དང་། དོན་སྙིང་ཅན་གྱི་མི་ཚེ་ཞིག་ཡིན་པ་ཚོར། ཁོ་མོ་ལ་བཙུན་ཆས་རང་ཉིད་ལ་སྟབས་བདེ་པོ་ཡོད་པའི་མྱོང་བའང་བྱུང་། ལམ་སེང་། ཇན་ཨཱ་ཡིས་ཨ མ་ལ་མྱོང་བ་རྣམས་བརྗོད་པ་རེད། ཨ་མས་རིན་པོ་ཆེའི་ལམ་སྟོན་ཞུ་དགོས་ཞེས་བརྗོད། རིན་པོ་ཆེས་ཁོ་མ་ལ་རང་ཉིད་ཀྱི་སློབ་སྦྱོང་ཐར་ཕྱིན་རྗེས་བཙུན་མ་བྱེད་ན་ཡག་ཚུལ་བཤད། གང་ལ་ཞེ་ན་ཁོ་མོས་ཆོས་སློབ་ཁྲིད་བྱེད་སྐབས་དབྱིན་ཡིག་ནང་ལ་ཚིག་གི་ལྗིད་ཁོག་དང་། ནང་དོན་ལེགས་པོ་ཡོང་དོན་ཆེད་རེད། དེ་འདྲ་སོང་ཙང་ཁོ་མོས་རང་ཉིད་ཀྱི་མཐོ་སློབ་ཐོན་པ་དང་། དེ་རྗེས་ལ་བཙུན་མ་ཡང་བྱས་པ་རེད།
ཁོ་མ་སྡོམ་པ་བླངས་ནས་ཇན་ཨཱ་ཡིས་རང་ཉིད་བླ་མ་ཙོང་ཁ་པའི་གསུངས་པའི་ཆོས་ཀྱི་སྣོད་བཅུད་ལྟ་བུ་ཞིག་ཏུ་འགྱུར་ནས་མ་འོངས་པའི་མི་རབས་ཀྱི་ཆེད་དུ་ཉར་ཚགས་བྱེད་འདོད་ཡོད། དེ་ཙམ་མ་ཟད་མི་གཞན་རྣམས་ལ་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་མོས་སྐྱེ་པའང་བཟོ་འདོད། ལམ་དེ་ཡིས་ཐོག་ནས་རང་ཉིད་ཀྱི་ཕ་མ་དང་། བླ་མའི་དྲིན་ལན་གསོ་དགོས་སྙམ་གྱིན་ཡོད། དེ་དག་ཐམས་ཅད་ཀྱི་གོང་ལ་ཁོ་མོས་སྡུག་བསྔལ་ལས་བྲལ་བའི་གནས་ཤིག་ལ་སྦྱོར་བའི་སྨོན་ལམ་ཀྱང་བྱེད་ཀྱིན་ཡོད། ཁོ་མོ་བཞིན་གཞན་ལའང་སྨོན་ལམ་བྱེད་བཞིན་མཆིས།
ཤན་ལ་ཆ་མཚོན་ན་ཆོས་ཉམས་ལེན་བརྗེ་རེས་ཀྱི་བྱ་སྤྱོད་དེ་བཞིན་མི་གཞན་གྱི་དོན་དང་། མི་གཞན་གྱི་བཀའ་དྲིན་གསོ་བའི་ཆེད་དུ་བླངས་པ་ཞིག་ཡིན།
ཀེ་ཆ་རའི་ལ་མ་འཛུལ་གོང་ལ་ཤན་སློབ་ཁྲིད་པའི་ལས་ཀ་དང་། དྲ་ཐོག་ནས་ཚོང་གཉེར་བ་གསར་པ་རྣམས་ལ་རོགས་པ་གནང་གི་ཡོད། ཤེས་ཡོན་པ་དང་། སློབ་ཕྲུག་རྣམས་ལ་དབྱིན་ཡིག་གཙོ་བོ་ཡིན་པའི་ཤེས་ཡོན་གྱི་བརྗོད་གཞི་འདྲ་མིན་ཐོག་ལ་ལམ་སྟོན་བྱེད་ཀྱི་ཡོད། ཁོ་མོ་ཀེ་ཆ་རའི་ནང་ལ་༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་གསུང་ཆོས་ཤིག་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་ཤིག་བྱུང་པ་རེད། དུས་ཚོད་དེ་ཡིས་ཁོ་མོ་ལ་བོད་ཀྱི་ནང་ཆོས་ཐོག་ལ་དོ་སྣང་ཤུགས་ཆེན་ཞིག་རག་པ་རེད། གང་ལ་ཞེ་ན་དུས་ཚོད་དེ་ཡིས་ཁོ་མོ་ཆུང་དུས་ནང་མི་ལྷན་དུ་གསུང་ཆོས་ལ་འགྲོ་བའི་དུས་དྲན་གསོ་བྱུང་བ་རེད།
ཀེ་ཆ་རའི་གསར་འགྱུར་དང་། འགྲེམས་སྤེལ་ལྷན་ཁང་ནང་ལ་ཕྱི་ལོ་༢༠༠༦ལོར་བཞུགས་པ་རེད། ཤན་གྱིས་ཚོད་དཔག་ལ་ཁོ་མོ་འགྲེམས་སྤེལ་ལྷན་ཁང་གི་གཙོ་འཛིན་དང་། ༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་ལས་དོན་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཁྱབ་སྤེལ་ཡོང་བའི་རེ་བའང་བྱས་པ་རེད། ཤན་ད་ཆ་ཚེམས་བླ་བྲང་གི་ཚོགས་མི་ཡིན་པ་དང་། ཁོ་མོས་༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་ཆོས་ལུགས་དབྱེར་མེད་ཀྱི་ལས་དོན་ཁག་དང་། རིན་པོ་ཆེས་ཆོས་ཡོངས་སུ་རྫོགས་པའི་ཐོག་གསུང་ཆོས་གནང་བའི་ལས་འགན་འཁུར་གྱི་ཡོད་པ་རེད།
ཤན་གྱིས་བརྗོད་དོན་ལ་ཁོ་མོས་ཀེ་ཆ་རའི་ཆོས་ཚོགས་ནང་ལ་དུས་ཚོད་ཡོད་ཚད་གཏོང་བའི་རྒྱུ་མཚན་ནི་ཁོ་མོས་རང་ཉིད་ཀྱི་མི་ཚེ་མི་གཞན་ལ་ཕན་ཐོགས་བྱེད་ནས་མི་ཚེ་བསྐྱལ་རྒྱུའི་ཐག་གཅོད་བྱས་ཟིན་པ་རྐྱེན་གྱིས་རེད། ༸སྐྱབས་རྗེ་ཚེམས་རིན་པོ་ཆེ་དང་མཉམ་དུ་ལས་ཀ་བྱེད་རྒྱུ་དང་། ཁོང་ཉིད་ཀྱི་མི་གཞན་ལ་ཕན་པ་སྒྲུབ་པའི་ཆེད་དུ་དཀའ་ངལ་མཛེམས་མེད་ཐོག་ལས་ཀ་བྱེད་སྟངས། དགེ་ལུགས་པའི་ནང་ཆོས་ཁྱབ་སྤེལ་བྱེད་པ་སོགས་ཀྱིས་ཁོ་མོ་ལ་རྙོག་འཛིན་ཚད་མེད་འཕྲད་ནའང་བཙུན་མའི་སྡོམ་པ་བླངས་པ་རེད། ག་ལ་ཞེས་ན་ཐག་གཅོད་དེ་ནི་ཁོ་མོ་ལ་མཚོན་ན་སྤྱང་གྲུང་ལྡན་པ་ཞིག་མཐོང་། ཤན་ལ་ཆ་མཚོན་ན་ཆོས་ཉམས་ལེན་བརྗེ་རེས་ཀྱི་བྱ་སྤྱོད་དེ་བཞིན་མི་གཞན་གྱི་དོན་དང་། མི་གཞན་གྱི་བཀའ་དྲིན་གསོ་བའི་ཆེད་དུ་བླངས་པ་ཞིག་ཡིན།
ཁོ་མོ་ལ་ཆོས་ཉམས་ལེན་གྱི་ནང་ཀེ་ཆ་རའི་ནང་ལ་རྙེད་པའི་རྐྱེན་གྱིས་ཨ་ཊི་ལིན་གྱིས་ཆོས་ཀྱི་ལས་ཀ་ནི་རང་ཉིད་ཀྱི་མི་ཚེའི་དོན་སྙིང་བཟོས་པ་དང་། སྨོན་ལམ་ལ་ཁོ་མོས་མི་གཞན་ལ་ཕན་ཐོགས་བྱུང་བའི་འདུན་པ་ཆེན་པོ་འཛིན་ཡོད།
ཕྱི་ལོ་༢༠༡༠ལོར་ཨ་ཊི་ལིན་ལ་སྣང་མེད་ཐོག་ཚེམས་རིན་པོ་ཆེའི་དྲ་ཚིགས་དང་འཕྲད་པ་རེད། དེ་ནས་བཟུང་ཁོང་གིས་རིན་པོ་ཆེའི་ངོ་དེབ་རྗེས་འདེད་བཏང་། ཐེ་ཝན་ནང་ནས་ནང་ཆོས་གཙོ་བོ་གྱུར་བའི་ཆོས་ཕྱོགས་ཀྱི་སློབ་སྦྱོང་ཐོག་ལ་སློབ་དཔོན་གྱི་ལག་འཁྱེར་བཞེས། ཁོ་མོ་མ་ལེ་ཤི་ཡའི་ནང་ལ་ཕྱིར་སླེབས་པ་དང་ཀེ་ཆ་རའི་ཤེས་ཡོན་གྱི་གཙོ་འཛིན་གཙོ་བོ་དེ་བྱས་པ་རེད། ཨ་ཊི་ལི་ན་༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་གཤིས་ཀ་ཐད་ཀར་ཡིན་པ་དང་། ཀེ་ཆ་རའི་ཆོས་ཚོགས་ཁོང་ཉིད་ཀྱི་གཙོ་འཛིན་འོག་ལ་འཕེལ་རྒྱས་འགྲོ་བཞིན་པ་མཐོང་དུས་ཁོ་མོའི་ཡིད་འཕྲོག་པ་རེད། ཨ་ཊི་ལི་ན་ལ་ཆ་མཚོན་ན་རིན་པོ་ཆེ་ནི་རང་ཉིད་ཀྱི་བཤད་པ་བཞིན་ལག་བསྟར་གནང་མཁན་དང་། རང་ཉིད་ཀྱི་དམ་བཅའ་ཟིན་པ།ལྷད་མེད་པའི་ཐོག་ནས་མི་གཞན་ལ་ཕན་ཐོགས་བྱེེད་པ། བླ་མའི་མཚད་ཉིད་ལེགས་པོ་སྟོན་མཁན་དག་ཡིན། ཁོ་མོས་རང་ཉིད་ལའང་ཁྱད་ཆོས་དེ་དག་སྦྱར་ཐབས་བྱེད་ཀྱིན་ཡོད།
ཁོ་མོའི་ཆོས་ཉམས་ལེན་གྱི་ནང་ལྟ་བུ་ནི་ཀེ་ཆ་རའི་ཆོས་ཚོགས་ཡིན་པ་དང་། ཨ་ཊི་ལི་ན་ཡིས་རང་ཉིད་ཀྱི་མི་ཚེ་ཆོས་ཉམས་ལེན་ཐོག་གཏོང་བའི་ཐག་གཅོད་བྱས་པ་རེད། ཕྱི་ལོ་༢༠༡༣ལོའི་ཟླ་༥པའི་ནང་ལ་ཁོ་མོས་༸སྐྱབས་རྗེ་ཚེམས་རིན་པོ་ཆེ་ལ་བཙུན་མ་བྱེད་པའི་རེ་བ་ཞུས་པ་རེད། ཁོ་མོ་ལ་ཆ་མཚོན་ན་བཙུན་མ་བྱེད་པའི་རྒྱུ་མཚན་ནི་རང་ཉིད་ཀྱི་མི་ཚེ་ཆོས་བཞིན་བསྐྱལ་རྒྱུ་དང་། མི་གཞན་ལ་ཕན་ཐོགས་བྱ་རྒྱུ་ཡིན་པ་རེད།
གནས་སྟངས་དེ་ནི་གྲུབ་འབྲས་རྩ་བའི་བླ་མའི་འོག་ལ་སློབ་སྦྱོང་བྱེད་ན་མ་གཏོགས་བྱུང་རྒྱུ་མེད་པ་ཞིག་རེད། ཨ་ཊི་ལི་ན་སླར་ཡང་ཁོ་མོ་ལ་རང་ཉིད་ཀྱི་རྩ་བའི་བླ་མ་༸སྐྱབས་རྗེ་ཚེམས་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བ་ཤིན་ཏུ་བསོད་ནམས་ཆེན་པོ་བརྩི་ཡི་ཡོད།
ནཱ་རིལ་གྱིས་སྡོམ་པ་བླངས་ནས་གྲྭ་པ་བྱེད་རྒྱུ་ནི་རང་ཉིད་གོང་འཕེལ་འགྲོ་བའི་ཆེད་ཡིན་པར་བསམ་ཡོད། ཆོས་བརྒྱུད་ཚང་མའི་ཤེས་ཡོན་སྦྱང་ནས་མ་འོངས་ཀྱི་མི་རབས་ཆེད་དུ་ཉར་ཚགས་བྱེད་འདོད་ཆེ། ཁོང་གིས་མི་གཞན་ལ་ཕན་ཐོགས་པར་འདོད། ཚེམས་རིན་པོ་ཆེས་གསུངས་པའི་ཆོས་ལས་ཁོང་ཉིད་ལ་ཕན་ཐོགས་ཆེན་པོ་བྱུང་བ་བཞིན་མི་གཞན་ལའང་ཕན་ཐོགས་པར་སྙམ།
ནཱ་རིལ་ནི་དབྱིན་ཡུལ་ནང་ལ་སྐྱེས་པ་དང་། ཉེ་བའི་གཙུག་ལག་རབ་འབྱམས་མི་རྒྱུད་དཔྱད་རིག་ཐོག་ཐོན། ཁོང་ཉིད་དངུལ་ལས་འཛིན་སྐྱོང་ཁང་ཞིག་གི་ནང་ལ་ཞབས་ཞུ་པའི་ལས་ཀ་བྱེད་ཡོད། དེ་ཙམ་མ་ཟད་མགྲོན་ཁང་གི་དོ་དམ་པ་དང་། དོ་དམ་ཞབས་ཞུ་བཟོ་གྲྭའི་ནང་༸སྐྱབས་རྗེ་ཚེམས་རིན་པོ་ཆེ་དང་མཇལ་ཁ་མ་བྱུང་སྔོན་ལ་ལས་ཀ་བྱེད་ཀྱི་ཡོད།༸སྐྱབས་རྗེ་ཚེམས་རིན་པོ་ཆེའི་གསུང་ཆོས་ཀྱི་རྐྱེན་པས་ཁོང་ཉིད་ལ་ཆོས་བྱེད་དགོས་པའི་གལ་གནད་ཧ་གོ་པ་རེད།རང་ཉིད་ཙམ་མ་ཟད་ཉེ་འཁོར་ལ་ཡོད་པའི་སྐྱེ་འགྲོ་རྣམས་ལ་ཕན་ཐོགས་པའི་ཆེད་དུའང་ཡིན།
ཚེམས་རིན་པོ་ཆེའི་དབྱིན་ཡུལ་ནང་ལ་དགེ་ཕྲུག་ཤིག་དང་འབྲེལ་བ་ཡོད་པ་རྐྱེན་གྱིས་ཕྱི་ལོ་༢༠༡༢ཡི་ལོ་འཇུག་ཙམ་ལ་ཀེ་ཆ་རའི་ནང་ལ་ཉིན་བཅུ་རིང་ཕྱིན་པ་རེད། ཁོང་ཉིད་ལ་ཀེ་ཆ་རའི་ནང་ཉིན་བཅུ་བསྡད་པས་སེམས་འགུལ་ཤུགས་ཆེན་བྱུང་བ་དང་མཐའ་འཇུག་དེ་ལ་ཚེམས་རིན་པོ་ཆེས་ནཱ་རིལ་ཀེ་ཆ་རའི་ནང་ལ་ལས་ཀ་བྱེད་པའི་རེ་བ་སྟོན་གནང་།
ནཱ་རིལ་ཕྱི་ལོ་༢༠༡༣ལོར་མ་ལེ་ཤི་ཡི་ནང་ལ་ཀེ་ཆ་རའི་ཆོས་ཚོགས་ཀྱི་ཤེས་ཡོན་གོ་སྒྲིག་པའི་འགན་འཁུར་བ་དང་། ཤེས་ཡོན་སྡེ་ཚན་ཁག་གི་ནང་ལ་ཤེས་ཡོན་སྲིད་ཇུས་གསར་པ་སྟོན་པ། གཞོན་སྐྱེས་ཚོ་ལ་ཀེ་ཆ་རའི་གཟའ་ཉི་མའི་སྐབས་ཆོས་འབྲེལ་འཛིན་གྲ་སོགས་ཁྲིད་ཀྱི་ཡོད། ཚེམས་རིན་པོ་ཆེ་མཇལ་ཁ་བྱུང་བ་ནས་བཟུང་ཁོང་ཉིད་ལ་ཚེམས་རིན་པོ་ཆེས་རང་ཉིད་ཡར་རྒྱས་འགྲོ་བའི་ཆེད་དུ་ཆོས་ཉམས་ལེན་བྱེད་དགོས་པའི་སྐུལ་མ་མུ་མཐུད་བྱེད་ཀྱི་ཡོད། བསམ་བློ་དེ་སེམས་ནང་ལ་བཟུང་ནས་ནཱ་རིལ་གྱིས་སྡོམ་པ་བླངས་པ་རེད།
ནཱ་རིལ་གྱིས་སྡོམ་པ་བླངས་ནས་གྲྭ་པ་བྱེད་རྒྱུ་ནི་རང་ཉིད་གོང་འཕེལ་འགྲོ་བའི་ཆེད་ཡིན་པར་བསམ་གྱི་ཡོད། ཆོས་བརྒྱུད་ཚང་མའི་ཤེས་ཡོན་སྦྱང་ནས་མ་འོངས་ཀྱི་མི་རབས་ཆེད་དུ་ཉར་ཚགས་བྱེད་འདོད་ཆེ། ཁོང་གིས་མི་གཞན་ལ་ཕན་ཐོགས་པར་འདོད། ཚེམས་རིན་པོ་ཆེས་གསུངས་པའི་ཆོས་ལས་ཁོང་ཉིད་ལ་ཕན་ཐོགས་ཆེན་པོ་བྱུང་བ་བཞིན་མི་གཞན་ལའང་ཕན་ཐོགས་པར་སྙམ།
གིམ་ལི་ཡིས་ལས་ཀ་གཙོ་བོ་དེ་ནི་ཀེ་ཆ་རའི་ཆོས་ཚོགས་ནང་ལ་མི་སུ་འདྲ་ཞིག་ཡིན་ནའང་ཆོས་སྤེལ་རེས་དང་། ཆོ་ག་བྱེད་པ། དེ་བཞིན་ཆོས་ཕྱོགས་ཀྱི་ཞབས་ཞུ་ཅི་འདྲ་ཞིག་བྱེད་ཀྱང་དེ་ལ་རོགས་པ་བྱེད་རྒྱུ་དེ་རེད། ཁོ་མོས་རིན་པོ་ཆེའི་བཀའ་དྲིན་བླ་མ་ཙོང་ཁ་པའི་རྩ་ཆེ་བའི་གསུང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐོག་ནས་ཆོས་ཉམས་ལེན་གྱི་ལམ་བུ་སྟེང་དུ་འཁྱེར་ཡོང་བར་བྱེད་ཀྱིན་ཡོད།
ཕྱི་ལོ་༢༠༠༦ལོར་ཁོ་མོས་ཀེ་ཆ་རའི་ཆོས་ཚོགས་ཀྱིས་མྱུར་དུ་དམིགས་བརྩེ་མ་ས་ཡ་བཅུ་གསོག་པའི་ཆེད་དུ་ཞལ་འདེབས་དགོས་པར་བརྟེན་འཛུལ་ཞུགས་རྐྱེན་པས་ཆོས་ཚོགས་ངོ་ཤེས་བྱུང་། ལོ་དེའི་ཟླ་བཞི་པའི་ནང་ལ་ཁོ་མོས་སྐྱབས་རྗེ་ཚེམས་རིན་པོ་ཆེའི་གསུང་ཆོས་ཐེངས་དང་པོ་ཐོས་དུས་རང་དབང་མེད་པར་མིག་ཆུ་ཤོར་ཡོང་བ་རེད། དེ་དུས་ཁོ་མོས་གསུང་ཆོས་ཀྱི་གོ་བ་ཡོངས་རྫོགས་བླང་ཐུབ་མེད་ནའང་། ཁོ་མོ་ལ་དགེ་རྒན་ཚད་ལྡན་ཞིག་རག ཁོ་མོ་ཚེམས་རིན་པོ་ཆེའི་སྙིང་རྗེའི་ཐབས་ཀྱི་སློབ་ཁྲིད་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཕྱི་ལོ་༢༠༠༩ལོར་ཀེ་ཆ་རའི་ཆོས་ཚོགས་ནང་ལ་ལས་བྱེད་བྱས་པ་ནས་ཁང་པ་ལྟ་སྲུང་གི་ལས་ཀ་ཐོབ་པ་དང་། ད་ཆ་གིམ་ལི་ཀེ་ཆ་རའི་ཆོས་ཚོགས་ཀྱི་མདུང་ངོས་ཅོག་ཙེའི་དོ་དམ་པ་དང་བན་ཏོངག་སྒོམ་སྒྲུབ་ཁང་ལའང་ལས་ཀ་བྱེད་བཞིན་མཆིས། དེ་ཙམ་མ་ཟད་ཁོ་མོས་གཟའ་ཉི་མའི་ཆོས་འཛིན་ནང་ལ་དགེ་རྒན་དང་ཚེམས་རིན་པོ་ཆེའི་དྲ་ཚིགས་ཐོག་ལ་བགྲོ་གླེང་གནང་མཁན་ཞིག་ཀྱང་རེད།
ཚེམས་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པའི་གསུང་ཆོས་མང་པོས་ཁོ་མོའི་མི་ཚེ་ནང་འགྱུར་ལྡོག་ཆེན་པོ་བཏང་བ་རེད།ཁོ་མོས་རང་ཉིད་ཀྱི་མི་ཚེའི་དོན་སྙིང་ཤེས་པ་དང་། སྡུག་བསྔལ་དོར་བའི་ལམ་བུ། ཞེ་སྡང་སོགས་བཅོམ་པའི་འཁྲུལ་མེད་ཀྱི་ལམ་ནི་སངས་རྒྱས་ཀྱིས་གསུངས་པའི་སྙིང་རྗེ་དང་ཤེས་རབ་ཀྱི་རྗེས་སུ་འབྲང་རྒྱུ་ཡིན་པའང་ཤེས་ཡོད། གོ་རྟོགས་དེ་དག་ལ་བརྟེན་ནས་ཁོ་མོ་དགེ་འདུན་པའི་སྡེ་ནང་ལ་འཛུལ་འདོད་ཀྱི་སྤྲོ་བ་ཤུགས་ཆེན་སྐྱེས་ཡོད།
ད་ཆ་སློབ་དཔོན་ཞིག་དང་རྗེས་སུ་བཙུན་མ་ཞིག་ཡིན་པའི་ཆ་ནས་ཁོ་མོས་ལས་ཀ་གཙོ་བོ་དེ་ནི་ཀེ་ཆ་རའི་ཆོས་ཚོགས་ནང་ལ་མི་སུ་འདྲ་ཞིག་ཡིན་ནའང་ཆོས་སྤེལ་རེས་དང་། ཆོ་ག་བྱེད་པ། དེ་བཞིན་ཆོས་ཕྱོགས་ཀྱི་ཞབས་ཞུ་ཅི་འདྲ་ཞིག་བྱེད་ཀྱང་དེ་ལ་རོགས་པ་བྱེད་རྒྱུ་དེ་རེད། ཁོ་མོས་རིན་པོ་ཆེའི་བཀའ་དྲིན་བླ་མ་ཙོང་ཁ་པའི་རྩ་ཆེ་བའི་གསུང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐོག་ནས་ཆོས་ཉམས་ལེན་གྱི་ལམ་བུ་སྟེང་དུ་འཁྱེར་ཡོང་བར་བྱེད་ཀྱི་ཡོད།
ལཱ་སན་པཨཱ་ཡིས་རིན་པོ་ཆེའི་གསུང་ཆོས་འཛམ་གླིང་ཡོངས་ལ་ཁྱབ་པའི་རེ་བ་བྱེད་བཞིན་ཡོད། སེམས་ཤུགས་དང་ལྡན་པའི་ཐོག་ནས་ཁོང་ཉིད་ཀྱིས་ཀེམ་བྷེརཇ་གཙུག་ལག་ཁང་ནས་འབུམ་རམས་པའི་ལག་འཁྱེར་བཞེས་མ་གནང་པ་རེད། དེ་རྗེས་ལ་རྒྱབ་མིག་གཅིག་ཀྱང་མ་ལྟ་བར་རང་ཉིད་ཉམས་ཞིབ་ལས་ཀ་བཞག་ནས་ཚེམས་རིན་པོ་ཆེའི་ཆོས་ཚོགས་ནང་ལ་ཆོས་ཀྱི་ལས་ཀ་བྱེད་བཞིན་ཡོད།
ཕྱི་ལོ་༢༠༠༡ལོར་ལཱ་སན་པཨཱ་ཡིས་ཆོས་ཕྱོགས་ཀྱི་ལས་ཀ་ནང་ལ་འཛུལ་ཞུགས་ཅི་འདྲ་བྱེད་པའི་གོ་རྟོགས་ཤུགས་ཆེན་མེད་པ་རེད། འཕྲུལ་ཆས་བཟོ་ལས་ཀྱི་ཐོག་ལ་སློབ་དཔོན་གྱི་ལག་འཁྱེར་ཡོད་པ་དང་སིང་ག་པུར་ཉམས་ཞིབ་ལྷན་ཁང་ནང་ལས་ཀ་བྱེད་བཞིན་པའི་སྐབས་ཤིག་ལ་༸སྐྱབས་རྗེ་ཚེམས་རིན་པོ་ཆེ་དང་མཇལ་ཁ་ཐོབ་པ་རེད། རིན་པོ་ཆེའི་གསུང་བཤད་ཀྱིས་ཁོང་ཉིད་སེམས་ནང་ལ་ཤུགས་རྐྱེན་ཆེན་པོ་ཞིག་བྱུང་བ་དང་། རིན་པོ་ཆེ་དང་ཐེངས་འགའ་ཐུག་འཕྲད་རྗེས་ན་ལཱ་སན་པཨཱ་ཡིས་ཀེ་ཆ་རའི་ཆོས་ཚོགས་ཀྱི་དྲ་ཚིགས་དང་རིན་པོ་ཆེ་གཉིས་ལ་དོ་སྣང་བྱས་པ་རེད།
ལཱ་སན་པཨཱ་ནི་ཚན་རིག་ཐོག་ལ་སྦྱོང་བརྡར་ཡོད་མཁན་ཞིག་རེད། འོན་ཀྱང་གློ་བུར་ལ་ཁོང་ཉིད་ཀྱི་དྲི་བ་མང་པོ་ཞིག་ལ་ཚན་རིག་གིས་ལན་འདེབས་ཐུབ་ཀྱི་མེད་པ་ཤེས། དེའི་དུས་མཉམ་ལ་ཁོས་ཚན་རིག་དང་། འཕྲུལ་ཆས་ནི་མིའི་དཀའ་ངལ་སེལ་བའི་ཐབས་མ་ཡིན་པའང་ཤེས་རྟོགས་བྱུང་། མིའི་གནས་སྟངས་ནི་ལོ་སྟོང་ཕྲག་གོང་ལས་ཡག་པ་ཡོད།འོན་ཀྱང་དཀའ་ངལ་རྣམས་ནི་ད་དུང་གཅིག་པ་རེད། མང་བ་མེད་ནས་ང་ཚོའི་མེས་པོ་རྣམས་ལས་ང་ཚོ་བདེ་སྐྱིད་མི་ལྡན་པ་ཚོར།
ལཱ་སན་པཨཱ་ཡིས་ཆོས་ཉམས་ལེན་ནི་འགྲོ་བ་མིའི་དཀའ་ངལ་གྱི་སེལ་ཐབས་ངོ་མ་དེ་ཡིན་པ་ཤེས་རྟོགས་བྱུང་། དེ་ཙམ་མ་ཟད་སྐྱབས་རྗེ་ཚེམས་རིན་པོ་ཆེས་བདེ་སྤྱོད་བྱེད་པའི་ཐབས་ཤེས་རྣམས་ནི་དེང་དུས་ཀྱི་དུས་རབས་ལ་རན་པོ་ཡོད་པའང་ཤེས། ལཱ་སན་པཨཱ་ཡིས་རིན་པོ་ཆེ་དང་ལྷན་དུ་ཆོས་ཉམས་ལེན་འཛམ་གླིང་ཡོངས་པ་ཁྱབ་སྤེལ་གཏོང་བའི་འདུན་པ་ཤུགས་ཆེན་ཞིག་སྐྱེས་པ་རེད། སེམས་ཤུགས་དང་ལྡན་པཌྷི་ཐོག་ཁོང་ཉིད་ཀྱིས་ཀེམ་བྷེརཇ་གཙུག་ལག་ཁང་ནས་འབུམ་རམས་པ་ཐོན་མི་འགྲོ་བའི་ཐག་གཅོད་བྱས་པ་རེད། རང་ཉིད་ཀྱི་ལས་ཐོགས་ལས་དགོངས་པ་ཞུས་པ་དང་ཚེམས་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་ལས་ཀ་སྒྲུབ་པའི་ཆེད་དུ་མཉམ་ཞུགས་བྱས་པ་རེད། དེ་རྗེས་ལ་ནམ་ཡང་ཕྱིར་མིག་ལྟ་མེད།
ཁོང་ཉིད་ལ་ཆ་མཚོན་ན་རིན་པོ་ཆེ་དང་མཇལ་ཁ་བྱུང་རྒྱུ་ནི་ཤིན་ཏུ་གྲུང་བཟོ་ལྡན་པ་ཞིག་ཡིན་པ་རེད། ག་ལ་ཞེས་ན་ཆོས་ཉམས་ལེན་དེ་སྲོལ་རྒྱུན་ལྡན་པའི་ཐོག་ལ་ཕན་ནུས་ཆེན་པོ་དེ་འདྲ་ཡོད་པ་ཤེས་རྟོགས་བྱུང་མེད། རིན་པོ་ཆེའི་སྐུ་སྒེར་གྱི་དྲུང་ཡིག་ཡིན་པའི་ཆ་ནས་ཁོང་ཉིད་ལ་རིན་པོ་ཆེ་དང་ལྷན་དུ་བསྡད་པའི་གོ་སྐབས་ཐོབ་ཡོད། ལཱ་སན་པཨཱ་ཡིས་རིན་པོ་ཆེའི་གསུང་ཆོས་ལག་ལེན་གནང་པའི་རྣམ་པ་རྣམས་མཐོང་རྒྱུ་རག་པ་ནི་རང་ཉིད་ཤིན་ཏུ་བསོད་ནམས་ཆེན་པོ་ཞིག་ཡིན་པ་ཚོར། དེ་དག་རྐྱེན་པས་རིན་པོ་ཆེས་ཁོང་ཉིད་ཀྱི་ཕྱི་ཕྱོགས་ཀྱི་ཆོས་ཉམས་ལེན་ཀྱང་ཀྱང་ཡིན་པའི་ཆོས་བྱེད་སྟངས་རྙིང་པ་མེད་པ་བཟོ་པ་རེད།
རིན་པོ་ཆེས་གསུང་ཆོས་བཞིན་ལག་ལེན་གནང་གི་ཡོད་པ་མཐོང་དུས་ལཱ་སན་པཨཱ་ཡིས་དྭོགས་པ་མེད་པའི་ཐོག་ནས་ང་ཚོའི་སེམས་པ་དེ་ཡར་རྒྱས་འགྲོ་རྒྱུ་ཡོད་པ་ཤེས། མཐའ་དོན་དེ་ལ་སངས་རྒྱས་གོ་འཕང་ཐོབ་རྒྱུ་དེ་རེད། གནས་སྟངས་དེ་དག་ཚང་མས་ལཱ་སན་པཨཱ་ཡིས་རང་ཉིད་ཀྱི་ཆོས་ཉམས་ལེན་ཐོག་ལ་མདུན་བསྐྱོད་གསར་པ་ཞིག་གི་ངང་ནས་སྡོམ་པ་བླངས་པ་རེད། སློབ་དཔོན་ཞིག་ཡིན་པའི་ཆ་ནས་ཆོས་བརྗེ་རེས་བྱེད་ནས་མི་གཞན་མང་པོ་ལ་ཕན་ཐོགས་བྱ་འདོད་ཡོད།
རིན་པོ་ཆེའི་གསུང་ཆོས་སྤྱི་ཚོགས་དྲ་རྒྱ་ནང་ལ་མཇལ་ཁ་བྱུང་རྗེས་དེ་དག་རང་ཉིད་ལ་ཤིན་ཏུ་ཕན་ནུས་ཆེན་པོ་དང་།དོན་སྙིང་ལྡན་པ་ཞིག་མཐོང་། ཨན་ཊི་ནི་ཊི་སློབ་དཔོན་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་ཕན་ནུས་བྱུང་བ་བཞིན་གཞན་ལའང་གཅིག་པ་ཕན་ཐོགས་བྱེད་པའི་རེ་བ་གནང་གིན་ཡོད།
ཕྱི་ལོ་༡༩༦༦ལོར་ལུ་ཟེམ་བྷརག་ནང་སྐྱེས་པ་དང་སྤུན་བཞི་ལྷག་ཡོད། ཨན་ཊི་ནི་ཊི་ཀས་ཀྱི་ཕ་ནི་ཤིང་བཟོ་བ་ཞིག་དང་།ཨ་མ་ནང་ལ་ཁ་ལག་བཟོ་རྒྱུ། ཁྲུས་ལས། སླེ་བ། ལྡུམ་རྭ་གཉིས་བཟོ་རྒྱུ་སོགས་ལ་ཁོམ་མེད་གནས་ཀྱིན་ཡོད་པ་རེད།གཅིག་ནི་རྒུན་འབྲུམ་ཞིང་རྭ་ཞིག་དང་གཞན་དེ་ནི་ཤིང་ལས་ཆེད་དུ་ཡིན་པ་རེད།
སློབ་སྦྱོང་ཐོན་པའི་རྗེས་ལ་ཨན་ཊི་ནི་ཊི་རང་ཉིད་ཀྱི་ཕའི་བཟོ་གྲྭ་ནང་ལ་ལས་ཀ་བྱེད་ནས་བསྡད་པ་དང་། དེ་རྗེས་ལ་ལུ་ཟེམ་བྷརག་ནང་ལ་ཇར་མན་དངུལ་ཁང་ཞིག་གི་ནང་ལ་ལས་ཀ་གནང་། འོན་ཀྱང་ཁོ་མོས་རང་ཉིད་མི་ཚེ་ཧྲིལ་པོ་དངུལ་ཁང་ནང་དང་། གཞུང་ལས་ཁང་ནང་ལ་ལས་ཀ་བྱེད་ནས་བསྡད་འདོད་མེད་པ་རེད། ལོ་བཅུ་བཞི་ལྷག་ལས་ཀ་བྱེད་པའི་རྗེས་ལ་ཁོ་མོས་དུས་ཚོད་ཡོངས་རྫོགས་བུར་སིལ་ནང་ལ་བཅོས་ནད་ལས་ཀ་ཞིག་ནས་ལག་འཁྱེར་བཞེས། ཁོ་མོས་ལོ་གཉིས་ལྷག་གི་རིང་ལ་ཕྲུ་གུ་མིག་ནད་པ་ཡིན་པ་བཅོས་ཐབས་བྱེད་པ་དང་། ལོ་བདུན་ལྷག་གི་རིང་ལ་དུས་ཡུན་རིང་བའི་ནད་པ་རྣམས་ལ་དེ་དག་གི་ནང་ལ་བཅོས་ཐབས་གནང་བ་རེད།
ཨན་ཊི་ནི་ཊི་ཡིས་རིན་པོ་ཆེའི་གསུང་ཆོས་སྤྱི་ཚོགས་དྲ་རྒྱ་ནང་ལ་མཇལ་ཁ་བྱུང་རྗེས་དེ་དག་རང་ཉིད་ལ་ཤིན་ཏུ་ཕན་ནུས་ཆེན་པོ་དང་། དོན་སྙིང་ལྡན་པ། གཙང་མ། གོ་བདེ་བ་སོགས་ཞིག་མཐོང་། ཕྱི་ལོ་༢༠༡༡ལོའི་ཟླ་༡༢ནང་ལ་ཁོ་མསོ་ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཕྱིན་པ་རེད། ཨན་ཊི་ནི་ཊི་ཡིས་ཕྱི་ལོ་༢༠༡༢ལོར་ཀེ་ཆ་རའི་ནང་ལ་དང་བླངས་ཐོག་དུས་ཡུན་ཡོད་ཚད་ལས་ཀ་བྱེད་པའི་ཐག་གཅོད་བྱེད་པ་རེད།
རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་གཏོང་རྒྱུ་ལ་དགའ་བ། ཡིཀ་ཡི་ཡིས་རང་ཉིད་ཀྱི་སྐྱོན་ཆ་དེ་སྟོབས་ཤུགས་ལ་བཟོ་པ་དང་། ནམ་ཡང་བྱུང་རྒྱུ་མེད་པ་དེ་བྱུང་ཐུབ་པ་བཟོས་ཡོད།
རང་དབང་ནི་ཀོཀ་ཡིཀ་ཡི་ལ་ཆུང་དུས་ལོ་དགུ་ལྷག་ཙམ་ནས་གནོན་ཤུགས་ཐོག་སྦྱར་བཅུག་པ་རེད། ག་ལ་ཞེས་ན་དེའི་དུས་ཁོ་མོ་རང་ཉིད་ཀྱི་སློབ་གྲྭ་དང་ལས་ཀ་གཉིས་ཀྱི་ཐོག་ནས་འགྲོ་གྲོན་གཏང་དགོས་ཀྱི་ཡོད་ཙང་རེད། དུས་རྒྱུན་ནས་བསམ་བློ་གཏོང་རྒྱུ་ལ་དགའ། ཡིཀ་ཡི་ལ་གྲོགས་པོ་ཉུང་ཉུང་ལས་མེད་པ་དང་རང་ཉིད་ཀྱི་མྱོང་ཚོར་སྟོན་རྒྱུ་ཤིན་ཏུ་དཀའ་མོ་ཆག་ཡོད། དེ་དག་རྐྱེན་པས་ཁོ་མོས་བསམ་བློ་ལ་མེད་པའི་མི་ཚེའི་མདུན་ལམ་གསར་འགོད་པའི་ལས་ཀ་འདམས་པ་རེད།
ཡིཀ་ཡི་ནི་གུནག་མིན་གསར་ཤོག་དང་། ནན་ཡནག་སཱག་པུ་གསར་ཤོག་སོགས་ལས་བྱ་དགའ་ཐོབ་མྱོང་བའི་གསར་འགོད་པ་ཞིག་ཀྱང་རེད། ཁོ་མོས་འབྲི་རྩོམ་ཡིས་ཤིན་ཏུ་དགའ་མོས་ཅན་གྱི་གཞི་གཅིག་ཀྱང་ཐོབ་པ་རེད། ཁོ་མོས་བརྗོད་མི་ཤེས་པའི་བསམ་བློ་དང་། མྱོང་ཚོར་རྣམས་འབྲི་རྩོམ་གྱི་རྒྱུད་ལས་འགྲེམས་སྤེལ་བྱེད་ཐུབ་པ་བྱུང་། འོན་ཀྱང་ཁོ་མོའི་གྲུབ་འབྲས་ལ་མ་ལྟོས་པར་ཡིཀ་ཀི་འདོད་བློ་ཁེངས་མེད། འཕྲལ་སེལ་གྱི་བདེ་བས་ཁོ་མོ་ནམ་ཡང་བློ་འཚིམ་མེད་པ་རེད། འཕྲལ་སེལ་གྱི་བདེ་སྐྱིད་གྲུབ་འབྲས་དང་། དངུལ། འབྲེལ་ལམ། སྐད་གྲགས་སོགས་ནི་ཁོ་མོས་འཚོལ་བཞིན་པ་དེ་མ་རེད།
ཁོ་མོའི་བདེ་སྐྱིད་ངོ་མ་དེ་ནི་སྐྱབས་རྗེ་ཚེམས་རིན་པོ་ཆེས་ཁྱེད་ཉིད་ཀྱི་གཏམ་བཤད་མ་བཀག དེ་ལས་ལྡོག་ཏེ་འབྲི་རྩོམ་གྱི་ནུས་པས་ཁྱེད་ཉིད་ངོ་མ་དེ་སྟོན་ཐུབ་པ་བྱེད་ཞེས་པའི་བརྗོད་ཚིག་དེས་ཁོ་མོ་ཀེ་ཆ་རའི་ཆོས་ཚོགས་ནང་ལ་དྲ་སྤེལ་སྡེ་ཚན་ནང་ལ་རྩོམ་སྒྲིག་པའི་ལས་ཀ་བྱེད་བཞིན་པ་རེད། དེ་ནས་མུ་མཐུད་ནས་ཁོ་མོ་རྩོམ་སྒྲིག་འགོ་འཛིན་ལ་བཀོད་པ་དང་རིན་པོ་ཆེའི་འབྲེལ་མཐུད་ཀྱི་སྐོར་སྐྱོང་མཁན་ཆག
ཡིཀ་ཀི་ཡིས་ད་ཆ་ཀེ་ཆ་རའི་ཆོས་ཚོགས་ཀྱི་ལྟ་སྐྱོང་ཚོགས་པའི་མི་སྣ་གལ་ཆེ་ཤོས་དེ་ཡིན་པ་དང་། སུ་འདྲ་ཞིག་ཀྱང་ཁོང་ཚོའི་སྒོ་ནང་འཛུལ་རྗེས་ལམ་སྟོན་གནང་བ། འགྲིམ་འགྲུལ། སློབ་གསོ། སློབ་ཁྲིད་སོགས་གནང་གི་ཡོད། སེམས་ཤུགས་དང་། འབད་བརྩོན་ལྡན་པའི་ཐོག་ཁོ་མོས་རང་ཉིད་ཀྱི་སྐྱོན་ཆ་དེ་སྟོབས་ཤུགས་ལ་བཟོས་པ་དང་། ནམ་ཡང་བྱུང་རྒྱུ་མེད་པ་དེ་བྱུང་ཐུབ་པ་བཟོས་ཡོད།
སློབ་དཔོན་ཞིག་ཡིན་པའི་ཆ་ནས་ཁོ་མོའི་བཟོད་སྲན་དང་། ཡི་གཙང་གྱི་རང་བཞིན། སྟབས་བདེ། སེམས་གསོ་དེ་རྣམས་ནི་ཀེ་ཆ་རའི་ནང་ལ་བྱུང་བ་རེད། དེ་ཙམ་མ་ཟད་ཁོ་མོ་ལ་གསར་དུ་ཤེས་པའི་སེམས་གསོ་གཏོང་སྟངས་སོགས་ཀྱིས་མི་གཞན་མང་པོ་ལ་ཕན་ཐོགས་བྱུང་ངེས།
ལོ་མང་སློབ་དཔོན་ཞིག་ཡིན་པ་དང་། ལནས་ཀྱིས་སྨོན་ལམ་ལ་ཁོ་མོས་སླར་ཡང་རང་ཉིད་ཀྱི་དམ་བཅའ་རྣམས་བསྐྱར་གསོ་བྱུང་བར་འདོད།
ལནས་ནི་ཉེ་བའི་གཙུག་ལག་རམ་འབྱམས་པ་སྨན་གྱི་ཐོག་ལ་རྒྱ་ནག་གི་ཇི་ནན་གྱི་གཙུག་ལག་ཁང་ནས་ཐོན་པ་རེད།ཕྱི་ལོ་༡༩༩༩ལོར་རྒྱ་ནག་ནང་ལ་ཟུར་ལས་ཀྱི་སློབ་ཁྲིད་པའི་ལས་ཀ་ལོ་ཁ་ཤས་ཤིག་བྱས། ཀོ་ལ་ལམ་པུར་ནང་ལ་གནའ་བོའི་སྨན་གྱི་མཐོ་སློབ་ཞིག་གི་ནང་ལ་ནུབ་ཕྱོགས་སྨན་གྱི་དགེ་རྒན་ཡང་བྱས་ཡོད།
དུས་ཡུན་རིང་པོ་ཞིག་ལ་ལནས་ཆོས་མེད་ལྟ་བ་བཟུང་མཁན་ཞིག་ཡིན། འོན་ཀྱང་བློ་ཡི་ཟུར་ཙམ་ན་ཆོས་ཀྱི་བླ་མ་ཞིག་འཚོལ་ནས་རང་ཉིད་ཀྱི་དོགས་པ་རྣམས་སེལ་བའི་ཆེད་དུ་དྲི་བ་གཏོང་འདོད་ཤིན་ཏུ་ཆེ། དྲི་བ་རང་ཉིད་རྣམས་ཡང་སྡུག་བསྔལ་གྱི་གནས་ལ་མི་ལྷུང་བ་ཞིག་རེད། རང་ཉིད་མཐོ་སློབ་ཀྱི་དུས་ཚོད་ཁྲོད་དུ་ལྟ་གྲུབ་ཀྱི་དེབ་མང་པོ་ཀློག་གི་ཡོད་པ་དང་རང་ཉིད་ཀྱི་དྲི་བ་རྣམས་ཀྱི་ལན་འཚོལ་གྱིན་ཡོད།
ཕྱི་ལོ་༢༠༠༧ལོར་ལནས་ཁོ་མོའི་ལོ་བཅུ་ལྷག་གི་གྲོགས་མོ་སློབ་དཔོན་ཡིཀ་ཡི་རྒྱུད་ནས་ཐེངས་དང་པོ་ཀེ་ཆ་རའི་ཆོས་ཚོགས་ནང་ལ་སླེབས་པ་རེད། ཁོ་མོ་སློབ་དཔོན་ཡིཀ་ཡི་ཡི་འགྱུར་ལྡོག་ལ་བལྟས་ནས་ཧང་སང་པ་རེད། ག་ལ་ཞེས་ན་ཁོ་མོས་རང་ཉིད་ཀྱི་གྲོགས་མོ་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་པ་མ་གཏོགས་མཐོང་མྱོང་མེད། ཁོ་མོས་དང་ཐོག་ཀེ་ཆ་རའི་དེབ་རྒྱ་ཡིག་ནང་སྟོན་པ་འདོད་རྔམ་བྱེད་ཞེས་པ་བཀློགས་རྒྱུ་བྱུང་། དེ་དག་གིས་ཁོ་མོའི་ལྟ་གྲུབ་ཀྱི་སྐྱོན་ཡོད་མེད་བརྟག་དཔྱད་བྱེད་དུས་གཅིག་ཀྱང་མ་རྙེད་པ་རེད། རྒྱུ་མཚན་ལྡན་པའི་དེབ་དེ་ལ་ཡིད་མོས་ཧ་ཅང་ཆེན་པོ་སྐྱེས་པ་རེད།
ཕྱི་ལོ་༢༠༠༩ལོར་ལནས་ཀྱིས་ཀེ་ཆ་རའི་དྲ་སྤེལ་ལས་ཁུངས་ནང་ལ་བཞུགས་དང་། ཞོར་ལ་རྒྱ་ཡིག་སྐད་འགྱུར་སོགས་བྱེད་ཀྱི་ཡོད། དེ་རྗེས་ཀྱི་ལོ་ཟླའི་ནང་ལ་ཁོ་མོས་སྨན་དང་ཆོས་ཕྱོགས་ཀྱི་མདུན་ལམ་ཐོག་གི་འདམ་རྒྱུར་བསམ་བློ་མང་པོ་བཏང་བ་རེད། མཐའ་འཇུག་དེ་ལ་ལནས་ཀྱིས་མདུན་ལམ་གཉིས་ཡིན་ནའང་གྲུབ་འབྲས་ལ་མི་གཞན་གྱི་སྡུག་བསྔལ་སེལ་བའི་རོགས་པ་བྱེད་ཀྱི་ཡོད་པ་གཅིག་ཡིན་པ་ཤེས། དེ་ཙམ་མ་ཟད་ཁོ་མོས་ཆོོས་ཕྱོགས་ཀྱི་ལས་ཀ་ཡིས་འགྲོ་བ་གཞན་ལ་ཕན་བདེ་གཏིང་ཟབ་པ་དང་། ཆོས་ཉམས་ལེན་གྱི་ཕན་པ་ཆེ་བ་བྱུང་གི་ཡོད་པ་ཚོར་བ་རེད།
ལོ་མང་སློབ་དཔོན་ཞིག་ཡིན་པ་དང་། ལནས་ཀྱིས་སྨོན་ལམ་ལ་ཁོ་མོས་སླར་ཡང་རང་ཉིད་ཀྱི་དམ་བཅའ་རྣམས་བསྐྱར་གསོ་བྱུང་བར་འདོད།
ཁོ་མོའི་གྲོངས་གྲབས་ཡོད་པའི་ཨ་མ་ལ་རིན་པོ་ཆེས་བདེ་སྐྱིད་དང་། སྟབས་བདེ་པོ་བཟོས་པ་མཐོང་དུས་མ་གཏོགས་རང་ཉིད་ལ་ཆོས་ཉམས་ལེན་གྱི་ཐོག་ནས་མི་གཞན་ལ་འབྲེལ་ལམ་དགོས་པ་ཚོར་མེད།
ལིམ་ཧན་ནི་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་དང་། སློབ་འབྲིང་གི་སློབ་སྤྱི་ཟུར་པ་ཞིག་ཀྱང་རེད། ཁོ་མོས་ལོ་ངོ་༣༠ལྷག་གི་མི་ཚེ་ཤེས་ཡོན་གྱི་རྭ་བའི་ནང་ལ་བསྐལ་རྗེས་ཕྱི་ལོ་༢༠༠༠ལོར་རྒས་ཡོལ་ཕྱིན་པ་རེད། ཕྱི་ལོ་༢༠༠༡ལོའི་མཇུག་ལ་ཁོ་མོས་རང་ཉིད་ཀྱི་སློབ་དཔོན་གྱི་ལག་འཁྱེར་ཤེས་ཡོན་ཐོག་ལ་དབྱིན་ཡུལ་གྱི་གཙུག་ལག་ཁང་ལིས་སིས་ཊར་ནས་བླངས་པ་རེད།
སློབ་དཔོན་གྱི་ལག་འཁྱེར་ཐོབ་རྗེས་ཧན་ནི་རང་ཉིད་ཀྱིས་ཤེས་ཡོན་ཐོག་འབུམ་རམས་པའི་ལག་འཁྱེར་བླང་བའི་བསམ་བློ་བཏང་བ་རེད། ཡང་མིན་ན་རྒས་ཡོལ་གྱི་མི་ཚེ་ཡུལ་བསྐོར་སྤྲོ་འཆམ་དང་། ནང་མི་ཐུགས་འཕྲད་སོགས་ཀྱིས་བསྐལ་དགོས་མིན་གཉིས་ཀྱི་བར་འདམ་དགོས་བྱུང་། དུས་ཚོད་གཅིག་མཚུངས་ལ་ཁོ་མོས་ཆོས་ཉམས་ལེན་གྱི་ལམ་བུ་སྟེང་དུ་དོ་སྣང་ཡང་ཡོད། ཁོ་མོས་གནས་བརྟན་པ་དང་། རྒྱ་ནག་གི་ཐེག་ཆེན་གྱི་ནང་ཆོས་སྦྱོང་ནས་རང་ཉིད་ཀྱི་དྲི་བའི་ལན་འཚོལ་མགོ་བཙུགས་པ་རེད།
ཕྱི་ལོ་༢༠༠༤ལོར་ཟླ་༡༢པའི་ནང་ལ་ཧན་ནི་ཡིས་སྐྱབས་རྗེ་དགེ་ལེགས་རིན་པོ་ཆེས་ལམ་རིམ་དང་། སྒྲོན་དཀར་སྐོར་གྱི་གསུང་ཆོས་ཤིག་ལ་མཉམ་བཞུགས་བྱས་པ་རེད། སྒོམ་སྒྲུབ་ཀྱི་དུས་ཡུན་རྒྱང་རིང་དུ་ཕྱིན་གྱིན་ཁོ་མོའི་དྲི་བའི་ལན་རྣམས་རག་པ་རེད། དེ་རྗེས་ཕྱི་ལོ་༢༠༠༥ལོའི་ཟླ་༦པའི་ནང་ལ་ཧན་ནི་ལ་ཀེ་ཆ་རའི་ཆོས་ཚོགས་ཨ་ཆེས་ངོ་སྤྲོད་བྱས་པ་རེད། ཁོ་མོས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་བླ་མ་སྐྱབས་རྗེ་ཚེམས་རིན་པོ་ཆེ་མཇལ་ཁ་ཐོབ་པ་དང་། ཉེ་བའི་ཆར་ལ་རིན་པོ་ཆེས་གཞན་ཕན་ཆེད་དུ་ཆོས་ཉམས་ལེན་གྱི་མཐའ་འཇུག་བར་འགྲོ་དགོས་པའི་ལམ་སྟོན་བྱས་པ་རེད།
ཧན་ན་སློབ་གྲྭའི་ལམ་སྟོན་པ་ལོ་ཉི་ཤུ་ལྷག་བྱས་ཟིན་པ་རེད། འོན་ཀྱང་། ཁོ་མོའི་གྲོངས་གྲབས་ཡོད་པའི་ཨ་མ་ལ་རིན་པོ་ཆེས་བདེ་སྐྱིད་དང་། སྟབས་བདེ་པོ་བཟོས་པ་མཐོང་དུས་མ་གཏོགས་རང་ཉིད་ལ་ཆོས་ཉམས་ལེན་གྱི་ཐོག་ནས་མི་གཞན་ལ་འབྲེལ་ལམ་དགོས་པ་ཚོར་མེད།
ཀེ་ཆ་རའི་ཆ་གོའི་ཚོགས་མི་ཞིག་དང་། སྦྱིན་བདག་གི་ཆོ་ག་རྣམས་ཞབས་བརྟན་ཁང་ནང་འདོན་གྱི་ཡོད། ཧན་ནི་ནི་ཤེས་ཡོན་སྡེ་ཚན་གྱི་ཚོགས་མི་ཞིག་ཀྱང་ཡིན། དེ་དང་ལྷན་དུ་ཧན་ནི་ཀེ་ཆ་རའི་བདུན་ཕྲག་རེ་ནང་འཕྲིན་ཡིག་སྡེ་ཚན་གྱི་ཚོགས་མི་ཞིག་ཀྱང་ཡིན།
ཕྱི་ལོ་༢༠༡༤ལོར་མི་གཞན་ལ་ཕན་ཐོགས་འདོད་པའི་ཀུན་སློང་གཙང་བ་ཞིག་དང་ལྷན་ཊེ་ཝེཊ་ཡིས་སྡོམ་པ་བླངས་པ་ཆོས་ཕྱོགས་ཀྱི་བྱ་བ་བྱེད་མགོ་བཙུགས་པ་རེད།
ཊེ་ཝེཊ་ལཱ་ནི་སྐྱབས་རྗེ་ཚེམས་རིན་པོ་ཆེའི་ལོ་ངོ་བཅུ་ཕྲག་བརྒལ་བའི་དགེ་ཕྲུག་ཤིག་ཡིན་པ་དང་། ཀེ་ཆ་ར་ཆོས་ཚོགས་འཛུགས་མཁན་གཅིག་ཀྱང་ཡིན། ཕྱི་ལོ་༢༠༠༥ལོར་ཀེ་ཆ་རའི་ནང་ལ་འཛུལ་ཞུགས་བྱས་པ་དང་། ཀེ་ཆ་རའི་ལྷ་ཡུལ་གྱི་རྣམ་པ་ལ་ལས་ཀ་བྱེད་མགོ་བཙུགས་པ་ནས་བཟུང་ཚོགས་པ་འདྲ་མིན་ནང་ལ་ལས་ཀ་བྱས་ཡོད།
དང་ཐོག་ནས་ཊེ་ཝེཊ་ལ་སྐྱབས་རྗེ་རིན་པོ་ཆེས་འབྲི་རྩོམ་གྱི་ཐོག་ལ་དོ་སྣང་བྱེད་དགོས་པའི་སློབ་གསོ་བྱས་ཡོད། དཀའ་རྙོག་འདྲ་མིན་རྒྱུད་ནས་མཐའ་མ་དེ་ལ་རྩོམ་ཡིག་ལ་དོ་སྣང་བྱེད་པ་དང་། ཊེ་ཝེཊ་ཡིས་དེབ་ཐེངས་དང་པོ་རང་ཉིད་ཀྱི་མི་ཚེ་ལོ་རྒྱུས་ཞེས་པ་སྟོན་པ་རེད། དེ་རྗེས་ལ་དེ་ལ་ཡར་འགྲོ་བའི་ལམ་ཞིག་མ་གཏོགས་མིན་འདུག་ཞེས་པ་དེ་ཕྱི་ལོ་༢༠༠༩ལོར་སྟོན་པ་རེད། དེབ་དེའི་ནང་ལ་ཆོས་ཕྱོགས་ཀྱི་མི་ཚེ་དང་། རང་ཉིད་ཀྱི་ཆུང་དུས་ནས་རིན་པོ་ཆེ་དང་ལྷན་མཇལ་ཁ་ཐོབ་པའི་བར་བྲིས་ཡོད།
བསམ་ཚུལ་ཡག་པོ་མང་པོ་རྐྱེན་པས་ཁོང་ཉིད་ཀྱིས་སླར་ཡང་སྔགས་སྐོར་གྱི་དེབ་དང་། བལ་ཡུལ་གྱི་ས་གནས་གཞན་པ་ཞིག བལ་ཡུལ་གྱི་གནས་མཆོག་གི་སྐོར། ངའི་བླ་མས་གསུངས་པའི་སྒྲུང་གཏམ། སྒྲུང་གཏམ་ཐུང་ཐུང། བརྩེ་བའི་བགྲོ་གླེང་། འབྲེལ་ལམ་སྐོར་གྱི་དེབ་སོགས་སྟོན་ཡོད། དེབ་དེ་ཚོས་མི་གཞན་གྱི་ཡིད་འཕྲོག་པ་དང་ཆོས་ཕྱོགས་ཀྱི་འགྲམ་ལ་ཁྲིད་ཡོང་གི་ཡོད།
དེབ་འབྲི་པའི་ཞོར་ལ་ཊེ་ཝེཊ་ལ་ཆོས་བརྗེ་རེས་ཀྱི་འདོད་མོས་ཤིག་ཀེ་ཆ་ར་ལྷ་ཡུལ་གྱི་རྣམ་པ་ནང་ལ་ལས་ཀ་བྱེད་དུས་ནས་ཡོད། ལོ་དེ་དག་གི་ནང་ལ་ཊེ་ཝེཊ་ན་སྐྱབས་རྗེ་རིན་པོ་ཆེ་སྐུ་མདུན་ནས་གསུང་ཆོས་འདྲ་མིན་ཐོབ་པ་དང་། དེའི་ནང་ལ་མི་མང་ལ་གསུང་ཆོས་ནས་མི་སྒེར་གྱི་བསླབ་བྱ་བར་ཚུད་ཡོད། ཁོང་ཉིད་ལ་ཐོབ་པའི་ལེགས་བཤད་རྣམས་མི་གཞན་ལ་བརྗེ་རེས་བྱེད་འདོད་ཤིན་ཏུ་ཆེ། ཕྱི་ལོ་༢༠༡༤ལོར་མི་གཞན་ལ་ཕན་ཐོགས་འདོད་པའི་ཀུན་སློང་གཙང་བ་ཞིག་དང་ལྷན་ཊེ་ཝེཊ་ཡིས་སྡོམ་པ་བླངས་པ་ཆོས་ཕྱོགས་ཀྱི་བྱ་བ་བྱེད་མགོ་བཙུགས་པ་རེད།
རིན་པོ་ཆེའི་དགེ་ཕྲུག་་ལོ་མང་རིང་བྱས་པའི་ནང་ལ་ཆོས་སློབ་སྦྱོང་དང་། ཆོས་ཉམས་ལེན་བྱས། ཧན་རི་ཡིས་རིན་པོ་ཆེས་ཕྱག་བཏབ་པའི་ཀེ་ཆ་རའི་ཆོས་ཚོགས་ཀྱི་སློབ་དཔོན་ཞིག་གི་འགན་འཁྲི་ལེགས་པོ་བྱེད་ནས་ཤེས་ཀྱི་ཡོད། ཁོང་ཉིད་སློབ་དཔོན་ཞིག་ཆག་ནས་རིན་པོ་ཆེ་དང་། ཀེ་ཆ་ར། མི་མང་ལ་ཞབས་ཕྱི་ཞུ་སྙམ།
ཕྱི་ལོ་༡༩༥༢ལོར་པི་ནིངག་ལ་སྐྱེས་པ་དང་། ཧན་རིས་ཀོ་ལ་ལམ་པུར་རང་ཉིད་ཀྱི་སློབ་སྦྱོང་ཚར་བའི་རྗེས་ལ་ལས་ཀ་འཚོལ་བའི་ཆེད་དུ་ཕྱི་ལོ་༡༩༦༩ལོར་སླེབས། ཁོང་ཉིད་ཀྱིས་ལས་ཀ་འདྲ་མིན་གནང་བ་དང་ཕྱི་ལོ་༡༩༩༧ནང་༡༩༩༨བར་ལས་མེད་ཐོག་བསྡད་དགོས་བྱུང་། ཁོང་ཉིད་ཀྱིས་སྤུན་མཆེད་ཤིག་གི་ནང་ལ་རིན་པོ་ཆེས་གསུང་ཆོས་གནང་བཞིན་པའི་སྐབས་ལ་ཚེམས་རིན་པོ་ཆེ་མཇལ་ཁ་ཐོབ་པ་རེད། རིན་པོ་ཆེས་གསུང་ཆོས་གནང་བཞིན་པའི་སྐབས་ལ་ཧན་རི་རིན་པོ་ཆེའི་གསུང་ཆོས་གོ་བདེ་བ་ཙམ་མ་ཡིན་པར་ནང་དོན་ཕུན་སུམ་ཚོགས་པ་སོགས་མཐོང་དུས་ཡིད་མོས་ཚད་མེད་སྐྱེས།
རིན་པོ་ཆེའི་བྱམས་བརྩེ་ལྡན་པའི་སློབ་གསོ་དང་། གསུང་ཆོས། ཆོས་ཉམས་ལེན་གྱི་ལམ་སྟོན་སོགས་ཀྱི་ལྷན་ཁོང་ཉིད་ཀྱི་ཐེངས་དང་པོ་སྒོམ་སྒྲུབ་ཁང་ལ་གནས་པ་རེད། ཧན་རི་དང་ཁོང་གི་བཟའ་ཟླ་ཡིས་ཚོང་ཆུང་ཆུང་ཞིག་མགོ་བཙུགས་དང་མང་པོ་མ་ཕྱིན་པར་ཁེ་ཕན་ཆེན་པོ་བྱུང་། ལོ་རྗེས་མ་དེ་ལ་ཀེ་ཆ་ར་ནང་ཆོས་ལྷན་ཚོགས་བཙུགས་པའི་རྗེས་ལ་རིན་པོ་ཆེའི་དྲུང་ཡིག་ཆག་པ་རེད། དེ་རྗེས་ལ་དགེ་ཕྲུག་མང་པོ་འདམས་པ་དང་ཡིག་དྲུང་ལས་ཁུངས་ཤིག་ཀྱང་བྱུང་བ་རེད།ཡིག་དྲུང་ལས་ཚོགས་ནི་ད་ཆ་ཚང་མས་མཁྱེན་གསལ་ཡིན་པའི་གཙོ་འཛིན་གལ་ཆེན་ཞིག་ཡིན་པ་དང་། ཧན་རི་ལས་མི་ཞིག་ཡིན་པ་རེད།
ད་ལྟའི་ཆར་ལ་ཧན་རི་ལས་དོན་གཙོ་འཛིན་པ་དང་། ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་གི་ཁང་བཟོ་སོགས་ལ་ལྟ་རྟོགས་བྱེད་ཀྱི་ཡོད། དེ་སྔོན་ལ་ཀེ་ཆ་རའི་ལྷ་ཡུལ་གྱི་རྣམ་པ་ལྟ་བུའི་ཚོང་གཉེར་ཁང་གི་གཙོ་འཛིན་ཡིན་པ་དང་ལོ་ངོ་བཅུ་ལྷག་ལས་ཀ་གནང་། ཁོང་ཉིད་ཀྱི་ཚོགས་པ་དེའི་གཙོ་འཛིན་ད་ལྟ་ཡིན་ནའང་བྱེད་བཞིན་པ་དང་། ཀེ་ཆ་རའི་ནང་ལ་ལྷན་ཚོགས་གཞན་མང་པོ་ལའང་གཙོ་འཛིན་བྱེད་བཞིན་ཡོད། དུས་ཚོད་གཅིག་ལ་ཁོང་ཉིད་ཀྱི་ཀེ་ཆ་ར་ནང་ཆོས་ལྷན་ཚོགས་ཀྱི་ཚོགས་དྲུང་གཞོན་པའི་ལས་ཀ་བྱས་མྱོང་། ལོ་དེ་ནི་ཕྱིི་ལོ་༢༠༡༢ནས་༢༠༡༣རེད།
རིན་པོ་ཆེའི་དགེ་ཕྲུག་་ལོ་མང་རིང་བྱས་པའི་ནང་ལ་ཆོས་སློབ་སྦྱོང་དང་། ཆོས་ཉམས་ལེན་བྱས། ཧན་རི་ཡིས་རིན་པོ་ཆེས་ཕྱག་བཏབ་པའི་ཀེ་ཆ་རའི་ཆོས་ཚོགས་ཀྱི་སློབ་དཔོན་ཞིག་གི་འགན་འཁྲི་ལེགས་པོ་བྱེད་ནས་ཤེས་ཀྱི་ཡོད། ཁོང་ཉིད་སློབ་དཔོན་ཞིག་ཆག་ནས་རིན་པོ་ཆེ་དང་། ཀེ་ཆ་ར། མི་མང་ལ་ཞབས་སྤྱི་ཞུ་སྙམ། ཁོང་ཉིད་ཀྱིས་གྲྭ་པ་བྱེད་པའི་འདུན་པ་བཟུང་ཡོད། ཀེ་ཆ་རའི་ནང་ལ་སློབ་དཔོན་ཞིག་བྱེད་རྒྱུ་ནི་ཁོང་ཉིད་ཀྱི་འདོད་བློ་ཁེངས་པ་ལྟ་བུ་ཡིན། ཧན་རི་ཡིས་ཡིད་ཆེས་ལ་མི་རྒས་འཁོགས་ཆག་འགྲོ་དུས་ཤི་རྒྱུའི་གྲ་སྒྲིག་ངེས་པར་བྱེད་དགོས་པ་དེ་རེད། གྲྭ་ཆས་གྱོན་པའི་ཐོག་ལ་ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་ནང་ལ་ཤི་ན་གང་འདྲའི་མཛེས་སྡུག་ལྡན་པའི་ཤི་སྟངས་ཤིག་མ་རེད་དམ། ཤི་ཚུལ་དེ་ནི་ཧན་རི་ཡིས་འདོད་མོས་ཡོད་པའི་འཇིག་རྟེན་ཕ་རོལ་ན་འགྲོ་ཚུལ་དེ་རེད། ཡིན་ནའང་མ་ཤི་བར་ཧན་རི་ཡིས་ཀེ་ཆ་རའི་ནང་ལ་ལས་ཀ་བྱེད་ནས་བསྡད་འདོད་ཆེ།
རང་ནུས་ཅི་ཡོད་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་དང་། ཁོང་ཉིད་གཟུགས་པོས་ལས་ཀ་བྱེད་མི་ཐུབ་པའི་གནས་སྟངས་ལ་སླེབ་དུས་རིན་པོ་ཆེ་ལ་ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་ནང་ལ་སྒོམ་བརྒྱབ་ཏུ་འགྲོ་བའི་རེ་བ་སྟོན་རྒྱུ་དེ་རེད།
པཊ་སི་ཡིས་ཤེས་པའི་གནད་དོན་གཅིག་ཁོ་ན་དེ་ནི་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ཆོས་ཕྱོགས་ཀྱི་ལས་ཀ་དང་། ཆོས་ཉམས་ལེན། མི་གཞན་ལ་ཕན་བདེ་སྒྲུབ་ནས་བསྐྱལ་འདོད་ཡོད་པ་དེ་རེད།
སྔོན་མ་ལ་ཁྱིམ་གྱི་ཨ་མ་ཞིག་ཡིན་པ་དང་དུས་ཚོད་སྟོང་པ་ཤིན་ཏུ་མང་། ལོ་ངོ་ཉི་ཤུ་ལྷག་གི་གོང་པཊ་སི་ལ་དགའ་ལྡན་དགོན་པ་གནས་བསྐོར་བའི་བསོད་ནམས་དང་། སྐྱབས་རྗེ་ཚེམས་རིན་པོ་ཆེ་མཇལ་ཁ་ཐོབ་ཡོད་པ་རེད། བདུན་ཕྲག་གཅིག་གི་རིང་དགོན་པ་ནང་ལ་བསྡད་པའི་མྱོང་ཚོར་གྱིས་ཁོ་མོའི་མི་ཚེའི་ལྟ་སྟངས་རྦད་གྱུར་བ་ཕྱིན་པ་རེད། དེ་སྔོན་ལ་ཁོ་མོའི་ཆོས་ཉམས་ལེན་ལ་འདོད་སྣང་མེད། རིན་པོ་ཆེ་མཇལ་བའི་རྗེས་ལ་མི་ཚེ་ནི་ཟ་རྒྱུ་དང་། ཉལ་རྒྱུ། ཅ་དངོས་ཉོ་རྒྱུ་སོགས་ལས་ལྷག་པ་ཞིག་ཡིན་པ་ཤེས། རིན་པོ་ཆེའི་ཆོས་ཉམས་ལེན་གྱི་གནད་དོན་ནི་རྒྱུ་མཚན་ལྡན་པ་དང་། དོན་དངོས་ཡིན་པ་ཙམ་མ་ཡིན་པར་གལ་ཆེ་ཤོས་དེ་ལ་འགྲོ་བ་གཞན་ལ་ཕན་བདེ་སྒྲུབ་ཐུབ་ཀྱི་ཡོད་པ་རེད། རིན་པོ་ཆེའི་གསུང་ཆོས་ནི་གོ་བདེ་བ་དང་། ད་ལྟ་ཡིན་ནའང་དྲན་པ་ཡོད་པའི་ལེགས་བཤད་ནི་སེམས་བཅོས་འགྱུར་གཏོང་།ཕྱི་དངོས་པོ་མིན་ཞེས་པ་དེ་ཡིན།
ཕྱི་ལོ་༢༠༠༩ལོར་ཁོ་མོས་ལོ་མང་རིང་རིན་པོ་ཆེས་གསུངས་པའི་ལེགས་བཤད་ལག་ལེན་བཏང་བ་རྗེས་ལ་པི་ནིངག་ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཆོས་ཉམས་ལེན་གྱི་གོ་རྟོགས་བརྗེ་རེས་གནང་མགོ་བཙུགས་པ་རེད། ཁོ་མོས་ཤེས་གསལ་ལ་རིན་པོ་ཆེའི་གསུང་ཆོས་ནི་ང་ཚོའི་དུས་རབས་ལ་མི་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད་པ་དང་། ཁོང་ཉིད་ཀྱི་ལས་དོན་གྱིས་རང་ཉིད་ལ་ཕན་ཐོགས་པ་བཞིན་མི་གཞན་ལའང་རོགས་བྱེད་ཀྱི་ཡོད་པ་དེ་རེད། རིན་པོ་ཆེས་ཁོ་མོ་ལ་དུས་རྟག་ཏུ་བྱམས་བརྩེ་གནང་བ་དང་། ལམ་སྟོན་མཛད་པའི་བཀའ་དྲིན་འཇལ་འདོད་ཡོད། དེ་རིང་པི་ནིངག་ཀེ་ཆ་ར་ནི་ཚོང་ཁང་ཆུང་ཆུང་ཞིག་མ་ཡིན་པར་ཞལ་འདོན་གནང་ས་ཞིག་དང་། སེམས་ཅན་ཚེ་ཐར་གཏོང་ས། ཆོས་ཀྱི་བགྲོ་གླེང་ཚོགས་ས་ཞིག་ཀྱང་རེད།
ཕྱི་ལོ་༢༠༡༠ལོར་རིན་པོ་ཆེའི་སྦྱིན་རླབས་ལྷན་དུ་པཊ་སི་ཡིས་ཀེ་ཆ་རའི་ཐབ་ཚང་གི་ལས་དོན་པི་ནིངག་ནང་ལ་བཙུགས་པ་རེད། གྲོང་འཁྱེར་ནང་དང་། ལམ་ཟུ་ལ་མི་སྐྱོ་པོ། ཁྱིམ་མེད་པའི་མི་སོགས་ལ་སྙིང་རྗེ་སྐྱེས་པའི་རྒྱུ་མཚན་གྱི་བཟོས་པ་ཞིག་རེད། པཊ་སི་ཡིས་རིན་པོ་ཆེས་གསུངས་པ་བཞིན་སྙིང་རྗེ་ལག་ལེན་ལྡན་པ་ཞིག་བྱེད་རྒྱུའི་ཐག་གཅོད་བྱས་པ་རེད།དེ་རིང་ཁོ་མོ་དང་ཚོགས་མི། དྭང་བླངས་ལྷན་དུ་ཁྱིམ་མེད་དང་། གྲོང་འཁྱེར་ལ་མི་སྐྱོ་པོ་རྣམས་ལ་བདུན་ཕྲག་གཅིག་གི་ནང་ལ་ཐེངས་བཞི་ལྷག་ཁ་ལག་སྦྱིན་པ་གཏོང་གིན་ཡོད། རྨང་གཞི་ཟས་བཅུད་མང་པོ་ཞིག་ཀྱང་ནང་མི་སྐྱོ་པོ་རྣམས་ལ་ཟླ་རེ་གནང་གིན་ཡོད།
པཊ་སི་ཡིས་ཤེས་པའི་གནད་དོན་གཅིག་ཁོ་ན་དེ་ནི་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ཆོས་ཕྱོགས་ཀྱི་ལས་ཀ་དང་། ཆོས་ཉམས་ལེན། མི་གཞན་ལ་ཕན་བདེ་སྒྲུབ་ནས་བསྐྱལ་འདོད་ཡོད་པ་དེ་རེད།
ཕྱི་ལོ་༢༠༠༨ལོར་ཨཱལ་བྷཊ་རཱ་ཆ་གྷ་ཡིས་ཀེ་ཆ་རའི་ལྷ་ཡུལ་ནང་ལ་ཞོར་ལས་བྱེད་ནས་གནས་པ་རེད། འོན་ཀྱང་ཁོང་ཉིད་ཀྱིས་ཀེ་ཆ་ར་དང་རིན་པོ་ཆེའི་ལས་གཞི་མང་པོ་ཤེས་རྗེས་ལ་རིན་པོ་ཆེའི་བྱམས་བརྩེ་དང་། སྙིང་རྗེ་སོགས་ཀྱི་བྱེད་ལས་མཐོང་བའི་རྗེས་ལ་སེམས་འགུལ་ཤུགས་ཆེན་ཐེབས་པ་རེད། ཁོང་ཉིད་ཀྱིས་ཀེ་ཆ་རའི་ནང་ལ་ལས་ཀ་བྱེད་པའི་དུས་ཚོད་ནི་ཤིན་ཏུ་སྤྲོ་སྣང་ལྡན་པ་ཞིག་དང་དོན་སྙིང་གདའ་བ་ཞིག་ཚོར། དེ་འདྲ་སོང་ཙང་ཁོང་གིས་དུས་ཚོད་ཡོངས་རྫོགས་ཀེ་ཆ་རའི་ནང་ལ་ལས་ཀ་བྱེད་པའི་ཐག་གཅོད་བྱས་པ་རེད།
ཁོང་ཉིད་ཀྱི་ལས་ཀ་ནི་ཚོང་གཉེར་གྱི་གཙོ་འཛིན་ལྟ་བུ་ཞིག་ཡིན་ཀྱང་། ཨཱལ་བྷར་གྱིས་རིན་པོ་ཆེས་གསུངས་པའི་ཆོས་ཀྱི་བསླབ་བྱ་མང་པོ་སྦྱོང་བའི་གོ་སྐབས་ཡོད་པ་རེད། གསུང་ཆོས་ནས་ཤེས་པའི་ཡོན་ཏན་དག་རང་ཉིད་ཀྱི་ཚོང་ཁང་ནང་ལ་སླེབ་མཁན་གྱི་མི་རྣམས་ཀྱི་དཀའ་ངལ་སེལ་བ་དང་། ཁོང་ཚོའི་མི་ཚེ་ཡར་རྒྱས་གཏོང་བའི་རོགསས་པ་བྱེད་ཀྱིན་ཡོད།
ཨཱལ་བྷར་གྱིས་མུ་མཐུད་ནས་རིན་པོ་ཆེའི་ཕྱིན་པའི་ལམ་བར་ལ་འགྲོ་འདོད་ཤུགས་ཆེན་སྐྱེས་པ་དང་ཕྱི་ལོ་༢༠༡༦ལོར་སྡོམ་པ་བླངས་པ་རེད། ད་ཆ་སློབ་དཔོན་ཞིག་དང་མི་གཞན་གྱི་སྡུག་བསྔལ་སེལ་བར་ཕན་ཐོགས་ཆེན་པོ་བྱེད་ཀྱི་ཡོད།