ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཁྱེད་ཀྱི་ལས་ངན་དག་པ་བྱེད་ཚུལ།
བརྩེ་བའི་འཛམ་གླིང་གང་སར་ཡོད་པའི་གྲོགས་པོ་རྣམས།
ངའི་དགེ་ཕྲུག་ཀཱན་ཀོཀ་མཆོག་སྙིང་གི་ནད་གཞི་ཞིག་བྱུང་བ་རེད། ཁོང་ཉིད་ནས་སྨན་བཅོས་ཀྱི་བརྒྱུད་རིམ་ཡོད་ཚད་ལ་བསྟན་པ་རེད། ཁོས་ཐོག་ལ་ང་ལ་སེམས་ཁྲལ་ཡོད། དེ་འདྲ་སོང་ཙང་ངས་ཁོང་ཉིད་ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་ནང་ལ་བདུན་ཕྲག་ཁ་ཤས་ཤིག་གི་རིང་ལ་ལུས་གསོ་དང་། ནད་གྲགས་པའི་ཆེད་དུ་སྐད་བཏང་བ་ཡིན། གང་ལ་ཞེ་ན་དེ་འདྲ་རྐྱེན་པས་ཁོང་ཉིད་ཆོས་གྲོགས་མང་པོས་བསྐོར་བ་དང་། གཅིག་པུའི་ཚོར་བ་དེ་མི་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་བ་རེད།
ཉེ་བའི་ཆར་ལ་ཁོང་ཉིད་གདུགས་དཀར་མགྲོན་ཁང་ནང་ལ་བསྡད་པ་རེད། དེ་ཙམ་མ་ཟད་རང་ཉིད་ཡིན་ནའང་སྡིག་བཤགས་གི་ཆོ་ག་འགའ་ཞིག་ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་ནང་ལ་ཡོད་མཁན་ཚང་མས་བྱེད་ཐུབ་རྒྱུ་ཡོད་པ་དེ་དག་སློབ་འདོད་བྱུང་། གསུང་ཆོས་དེ་བཞིན་ཀཱན་ཐོག་ནས་བྱུང་བའི་བློ་བསྐྱེད་ཤིག་ཡིན་པ་དང་། ངས་ཁོང་ཉིད་ཀྱི་ཆེད་དུ་ཉམས་ལེན་འགའ་ཞིག་བརྗོད་འདོད་བྱུང་། ཉམས་ལེན་དེ་ནི་ངའི་ཆེས་དགའ་མོས་ཆེ་བའི་སྡིག་བཤགས་ཉམས་ལེན་ཞིག་ཀྱང་ཡིན། གཤེགས་ལྷ་སོ་ལྔ་ནི་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཆོས་བརྒྱུད་ཡོད་དོ་ཅོག་གི་བྱེད་ཀྱི་ཡོད་པའི་ཉམས་ལེན་ཞིག་རེད། ཉམས་ལེན་དེ་བཞིན་ང་ཚོའི་གཟུགས་པོ་གསོ་བ་དང་། མི་ཚེ་རིང་དུ་གཏོང་བ། བར་ཆད་སེལ་བ། སེམས་ནང་ལ་དགེ་བའི་བློ་བསྐྱེད་པ་སོགས་ལ་ཕན་ནུས་ཆེ།
ཀཱན་ཀོཀ་ལགས་ཁོང་གི་ནད་གསོ་རྒྱུའི་བརྒྱུད་རིམ་ཤིན་ཏུ་དཀའ་མོ་ཡིན་ནའང་ཁོང་ཉིད་སྟོབས་ཆེ་བ་དང་། བརྩོན་འགྲུས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་འཚོ་གནས་ཐུབ་པ་བྱུང་ཡོད། སྐད་ཆ་བཤད་རྒྱུ་ཉུང་བ་དང་། ལག་ལེན་མང་བ། ག་དུས་ཡིན་ནའང་ཕན་བདེ་སྒྲུབ་འདོད་ཆེ་བ། རྙོག་འཛིང་མེད་པ། དེ་བཞིན་སེམས་བཟང་བའི་མི་ཞིག་ཀྱང་རེད། སྡིག་བཤགས་ཀྱི་ཉམས་ལེན་དེ་བཞིན་ཁོང་ཉིད་ཙམ་མ་ཟད་ཀེ་ཆ་རའི་ཤིང་ནགས་སྒོམ་སྒྲུབ་ཁང་གི་མི་གཞན་ཡོངས་རྫོགས་ལ་ཕན་ཐོགས་ཆེན་པོ་བྱུང་ངེས། དེ་ཙམ་མ་ཟད་ཉམས་ལེན་དེ་སངས་རྒྱས་དང་། ཡི་དམ་གྱི་ལྷ་སྐུ་དེ་འདྲ་ཡོད་སའི་མདུན་ལ་བྱེད་པ་ཡིན་ན་ཕན་ནུས་དེ་ལས་ཆེ་བ་ཡོད།
ངའི་སྡིག་བཤགས་ཉམས་ལེན་ཐོག་ལ་བརྗོད་བཞག་པའི་འདྲ་བཤུས་དེ་ནི་དམིགས་བསལ་གཤེགས་ལྷ་སོ་ལྔ་དང་། ཕྱག་འཚལ་ཚུལ་གྱི་ཉམས་ལེན་སྐོར་ལ་ཡིན། དེ་དག་གི་སྐོར་གཤམ་འོག་ལ་སྤེལ་ཡོད་ལགས་ན་ཐུགས་འདོད་ཡོད་མཁན་ཚོས་ཉམས་ལེན་བྱེད་ཆོག ངས་མི་རིང་བར་འདྲ་བཤུས་དེ་རྒྱ་ཡིག་དང་། བལ་ཡིག བོད་ཡིག་བཅས་ཀྱི་ནང་ལ་སྟོན་རྒྱུ་ཡིན། གང་ལ་ཞེ་ན་བོད་མི་མང་པོས་ཉམས་ལེན་དེ་ཤེས་ཀྱི་མེད།
ངས་གུས་ཞབས་དང་ལྡན་པའི་ངང་རེ་བ་ལ་ཚང་མ་བདེ་སྐྱིད་དང་། སྤྲོ་སྣང་། འདོད་མོས། ཞུམ་པ་མེད་པར་གསུང་ཆོས་དེ་མི་གཞན་ལ་སྤེལ་རེས་བྱེད་པ་དང་། གཞན་ལ་ཕན་ཐོགས་ཡོང་བའི་རོགས་པ་གནང་རོགས་ཞུ་རྒྱུ་ཡིན། ཁོང་ཚོས་ཉམས་ལེན་བྱེད་པ་དང་། མ་བྱེད་ལ་ལྟོས་པར་རང་ཉིད་གཞན་ཕན་གྱི་ལས་ཀ་བྱེད་ནས་འཚོ་རྒྱུ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་སོང་ཙང་རེད།
སརྦ་མངྒ་ལམ།
ཚེམས་རིན་པོ་ཆེ།
འདྲ་བཤུས། ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཁྱེད་ཀྱི་ལས་ངན་དག་པ་བྱེད་ཚུལ།
ལས་འབྲས་ནི་རང་གཅེས་འཛིན་གྱི་བློས་བཟོས་པ་ཞིག་རེད། རང་གཅེས་འཛིན་གྱི་བློ་ནི་རང་ཉིད་ཆེས་རྩ་ཆེན་བརྩི་བ་དང་། ཅ་དངོས་ཡོད་ཚད་དེ་དང་མཐུད་ཡོད་པ་ལྟ་བུ་སྣང་ངེས། དེ་ཙམ་མ་ཟད་གཞན་སུ་འདྲ་ཞིག་ཀྱང་འབྲེལ་བ་མེད་པ་ལྟ་བུ་ཚོར། ངའི་མི་ཚེ། ངའི་ཆུ། ངའི་བདེ་སྐྱིད། ང་ང་ང་ང་ང་ང་ང་། དེ་འདྲ་སོང་ཙང་རང་ཉིད་ལ་བློ་ཕྱོགས་པའི་བསམ་བློ་དེ་ནི་བསྡད་པ་དང་གང་ཡང་མ་བྱེད་ནའང་མི་དགེ་བའི་ལས་བསག་བཞིན་ཡོད།
དེ་འདྲ་སོང་ཙང་མི་ཞིག་རང་གཅེས་འཛིན་ཤུགས་ཆེན་ཡོད་མཁན་ཞིག་ཡིན་ན། རང་ཉིད་གང་ཡང་མ་བྱེད་པ་དང་། ཁ་ལག་མི་ཟ་བ། གཉིད་མི་ཁུག་པ། མི་ཀློག་པ། སྲོག་བཅད་མི་བྱེད་པ། གང་ཡང་མ་བྱེད་ནའང་ཁོང་ཚོས་མི་དགེ་བ་བསག་བཞིན་ཡོད། མི་དགེ་བའི་ལས་ནི་བསམ་བློ་རང་ཕྱོགས་ཁོ་ན་ལ་ཞེན་པ་ཡོད་མཁན་གྱིས་བསག་གི་ཡོད་པ་རེད། དེ་འདྲ་སོང་ཙང་། ང་ཚོ་གཉིད་ཁུག་བསྡད་ཡོད་པ་ཡིན་ན་མི་དགེ་བའི་ལས་བསག་གི་མེད་པ་མི་མཚོན། བསམ་བློ་དེ་ལྟ་བུ་ནི་དུས་རྒྱུན་དུ་ནས་མི་དགེ་བའི་ལས་བསག་གི་ཡོད། བསམ་བློ་དེ་ལྟ་བུས་སྔོན་ནས་བསགས་པའི་མི་དགེ་བའི་བློས་སྐྲུན་གྱི་ཡོད།
བསམ་བློ་དེ་ལྟ་བུ་ཡིས་མི་དགེ་བའི་ལས་མང་པོ་བསག་པ་དང་། བསམ་བློ་དེ་ལྟ་བུ་ཡིས་ཁམས་གསུམ་སོགས་འཁོར་བའི་ནང་ལ་ལྷུང་ཆུག་མཁན་དེ་རེད། དེ་འདྲ་སོང་ཙང་བསམ་བློ་དེ་ལྟ་བུ་ནི་ང་ཚོ་འཁོར་བ་ནང་ལ་ལྷུང་ཆུག་མཁན་དང་། མུ་མཐུད་ནས་ཐར་པ་ཐོབ་ཆུག་གི་མེད། བསམ་བློ་དེ་ཤུགས་ཆེན་པོ་ཡོད་དུས་ང་ཚོ་འཁོར་བ་ནང་ལ་ལྷུང་ཆུག་པ་ཙམ་མ་ཟད་། ཐོག་མེད་འཁོར་བ་ནང་ལ་གནས་ཡོད་ཀྱང་ང་ཚོས་འཁོར་བ་དེའང་སྤྲོ་སྣང་གདའ་བ་དང་། བདེ་སྐྱིད་ལྡན་པ་ཞིག མཛེས་སྡུག་མངའ་བ། མཚར་སྡུག་ལྡན་པ་ཞིག་ལ་མཐོང་གི་ཡོད།
ཁྱེད་ཉིད་གསེར་གྱི་ཉ་ལྟ་བུ་ཞིག་རེད། གང་ལ་ཞེ་ན་གསེར་ཉ་སྣོད་ཤིག་ནང་ལ་ཆུག་ན་དེ་ལ་ཉོབ་སྣང་སྐྱེ་ཡི་མེད་པའི་བརྗོད་ཚུལ་ཡོད། ངས་ཐག་གཅོད་བྱེད་མི་ཐུབ། འོན་ཀྱང་བརྗོད་ཚུལ་དེ་འདྲ་ཞིག་ཡོད། རྒྱུ་མཚན་ནི་གསེར་ཉའི་དྲན་ཤེས་ཤིན་ཏུ་སྐྱོ། སྣོད་ཀྱི་ནང་ལ་ཕྱོགས་གཞན་པ་ཞིག་ལ་འགྲོ་སྐབས་གནས་གསར་པ་ཞིག་ལ་ཚོར་བ་དང་། སྐར་ཆ་འགའ་རྗེས་ལ་གནས་གཞན་པ་ཞིག་ལ་འགྲོ་སྐབས་སླར་ཡང་གནས་གསར་པ་ཞིག་ལ་ཚོར་གྱི་ཡོད། རང་ཉིད་གནས་གསར་པ་ཞིག་ལ་སླེབས་ཡོད་པ་ཚོར་བ་མ་གཏོགས་མེད། དེ་འདྲ་སོང་ཙང་ཁོས་གནས་བསྐོར་ནས་བསྡད་ཀྱི་ཡོད། བརྗོད་ཚུལ་བཞིན་བྱེད་ན་གསེར་ཉ་ནི་སྣོད་ཆུང་ནང་ལ་ག་ཚོད་བསྡད་ནའང་ཉོབ་སྣང་སླེབས་ཐབས་བྲལ་བ་ཞིག་ཡིན། གང་ལ་ཞེ་ན་ཁོའི་དྲན་ཤེས་ཤིན་ཏུ་ཐུང་ངུ་ཡིན།
དེ་དང་གཅིག་མཚུངས་ང་ཚོའི་ནང་ནས་རེ་བཟུང་འཁོར་བའི་ནང་ལ་ཉོབ་སྣང་སྐྱེ་ཡི་མེད། རྒྱུ་མཚན་ནི་ང་ཚོའི་དྲན་ཤེས་དེ་ཤིན་ཏུ་སྐྱོ། ང་ཚོས་འཁོར་བའི་གནས་ཡོད་དོ་ཅོག་ལ་བསྐྱོད་ཟིན། ཟས་ཡོད་ཚད་མྱོང་ཟིན། ཡོངས་རྫོགས་དང་ཐུག་ཟིན། ཡོད་ཚད་བྱེད་ཟིན། ང་ཚོས་འཁོར་བའི་ནང་ལ་བྱེད་རྒྱུ་ཡོད་དོ་ཅོག་བྱེད་ཟིན་པ་མ་ཟད་སླར་ཡང་མང་པོ་བྱེད་ཟིན། ང་ཚོ་དྲན་པ་མི་གསོ་བ་ཙམ་རེད། དེ་འདྲ་སོང་ཙང་ང་ཚོས་དེ་གསར་པ་ཞིག་ལ་མཐོང་ངེས། ང་ཚོས་བསམ་པ་ལ་ང་བྱིས་པ་རེད་འདུག ངས་འགྲོ་ནས་སྐྱིད་པོ་གཏང་དགོས་འདུག ད་ང་རྒས་འཁོགས་རེད་འདུག དེ་འདྲ་སོང་ཙང་ང་འགྲོ་ནས་སྐྱིད་པོ་གཏང་དགོས་འདུག ད་ང་གུ་ཡངས་ཐོག་འདུག ང་འགྲོ་ནས་སྐྱིད་པོ་གཏང་དགོས་འདུག ད་ང་ནད་པ་རེད་འདུག ངས་སྐྱིད་པོ་གཏང་དགོས། ང་ཚོས་ག་དུས་ཡིན་ནའང་དེ་འདྲ་ཞིག་བསམ་བློ་གཏོང་གིན་ཡོད། གང་ལ་ཞེ་ན་ང་ཚོའང་གསེར་ཉ་ལྟ་བུ་རེད།
དེ་འདྲ་སོང་ཙང་། བསམ་བློ་དེ་ལྟ་བུ་བཟུང་ནས་བསྡད་ན་རང་ཉིད་ལ་བར་ཆད་ཡོང་ངེས། གང་ལ་ཞེ་ན་གལ་ཏེ་ང་ཚོས་འདམ་བག་དཀྱིལ་ལ་འཛུལ་བ་ཡིན་ན། གལ་ཏེ་ང་ཚོ་འདམ་གཞུང་ནང་ལ་འགྲོ་བ་བཞིན་རེད། གལ་ཏེ་ང་ཚོས་ཤིང་ནགས་ནང་ལ་ཕྱིན་པ་ཡིན་ན། གལ་ཏེ་ང་ཚོས་རླངས་འཁོར་མང་པོའི་དཀྱིལ་ལ་འགྲོ་བ་ཡིན་ན། དེ་དག་རྙོག་དྲ་ཞིག་ཡིན་པ་གཅིག་མཚུངས་རེད། གལ་ཏེ་ང་ཚོས་སྲུང་སྐྱོབ་མེད་པར་ཤིང་ནགས་ནང་ལ་བསྐྱོད་པ་ཡིན་ན། ང་ཚོ་ལ་ནད་གཞི་བྱུང་ངེས། དེ་ཙམ་མ་ཟད་འབུ་ཡིས་སོ་བརྒྱབ་པ་དང་། དཀའ་ཁག་འདྲ་མིན་འཕྲད་ངེས། གལ་ཏེ་ང་ཚོ་ལམ་བུའི་དཀྱིལ་ལ་གནས་ཡོད་ཚེ། ང་ཚོ་རླངས་འཁོར་གྱི་གནན་ངེས། ངའི་བརྗོད་དོན་ལ་ས་གནས་དཀྱིལ་མ་ལ་གནས་རྒྱུ་ནི་ཉེན་ཁ་ཆེ་བའི་རང་བཞིན་ཞིག་རེད། དེ་བཞིན་འཇིག་རྟེན་འཁོར་བའང་དེ་དང་མཚུངས་པའི་གནས་ཤིག་རེད། ང་ཚོ་དཀའ་ངལ་གཅིག་ཀྱང་མེད་པའི་གྲོང་གསེབ་ནང་ལ་སྐྱེས་པ་དང་། ས་གཡོམ་མེད་པ། རང་བྱུང་གོས་ཆགས་མེད་པ། རླུང་འཚུབ་མེད་པ། རྙོག་འཛིང་གཅིག་ཀྱང་མེད། འོན་ཀྱང་རྙོག་འཛིང་མེད་པའི་གནས་དེ་ནང་ལ་ང་ཚོ་ལ་ནད་བྱུང་ངེས། ང་ཚོ་རྒས་ངེས། བརྩེ་བའི་གྲོགས་པ་དང་བྲལ་ངེས། མི་དགའ་བའི་གནས་ཚུལ་དང་འཕྲད་ངེས། ང་ཚོ་ལ་དཀྲོག་གཏམ་བཟོ་མཁན་གྱི་མི་ཡོད་ངེས། ཆ་འཇོག་བྱེད་མི་ཐུབ་པའི་མི་ཡོད་ངེས། དེ་ཙམ་མ་ཟད་འདོད་བློ་མི་ཁེངས་པའི་རྨི་ལམ་ཡོད་ངེས། དེ་དག་ཐམས་ཅད་ནི་རང་གཅེས་འཛིན་བློ་ཡིས་བཟོས་པ་ཤ་སྟག་རེད།
དེ་འདྲ་སོང་ཙང་། ཁྱེད་ཉིད་འཁོར་བའི་གནས་གང་འདྲ་ཞིག་ནང་ལ་ཡོད་ནའང་། ཁྱེད་ཉིད་ཀྱིས་ལས་འབྲས་བཟོ་པ་ངེས། དེ་ལས་ཐར་བའི་ཐབས་གཞན་ཞིག་མེད། གསང་བའི་ཐབས་ཇུས་ནི་ཁྱེད་ཀྱིས་ལས་འབྲས་ཅི་འདྲ་བྱེད་ནས་བསག་པ་དང་། ལས་འབྲས་ཁ་འབྱེད་ཚུལ་དེ་གཉིས་རེད། གལ་ཏེ་ང་ཚོ་ལ་རང་གཅེས་འཛིན་གྱི་བློ་ཞིག་ཡོད་ཚེ། ང་ཚོས་ལས་འབྲས་ཀྱི་སྒོ་འབྱེད་པ་ལྟ་བུ་རེད། གང་ལ་ཞེ་ན་ང་ཚོས་གནས་སྟངས་ཐམས་ཅད་དང་། མི་ཡོད་ཚད། མཐོང་ཚད་རང་གཅེས་འཛིན་གྱི་ཀུན་སློང་ཐོག་ལ་ལྟ་ཡི་ཡོད། དཔེར་ན་མི་རང་ཉིད་ཁོ་ན་ལ་བསམ་བློ་གཏོང་མཁན་ཞིག་གི་ཤཱ་རོན་གྱི་ཐོག་བསམ་པའི་དུས་ངས་ཁོ་མོའི་འགྲམ་ནས་དངུལ་གང་འདྲ་བཟོ་ཐུབ་ཀྱི་རེད། ང་ལ་ཁོ་མོས་ཅི་སྦྱིན་ནམ། ཁོ་མོས་ང་ལ་ཅི་ཕན་ནུས། ཨོ། ཁོ་མོས་ང་ལ་ཕན་ཐོགས་མི་ཐུབ། ང་ཁོ་མོའི་གྲོགས་མོ་བྱེད་དོན་མི་འདུག ང་ལ་མོ་ཕན་ཐོགས་མི་འདུག འོན་ཀྱང་ད་ལྟ་གྲོགས་མོ་བཟོ་ན་ཁོ་མོས་རྗེས་ལ་ཕན་ཐོགས་ཐུབ། གལ་ཏེ་ཁྱེད་ཉིད་ལ་རང་གཅེས་འཛིན་གྱི་བློས་ཟིན་བསྡད་ཡོད་ཚེ་ཤཱ་རོན་ལྟ་བུ་ཐོག་ལ་བསམ་བློ་གཏོང་དུས་དེ་ལྟར་འཁོར་ངེས། དཔེར་ན་ངས་ཁོ་མོ་བདེ་སྤྱོད་གང་འདྲ་བྱེད་ནས་གཏང་དགོས་འདུག
ཕྱོགས་གཞན་ཞིག་ནས་རང་གཅེས་འཛིན་གྱི་བློ་ཕྲན་བུ་ཉུང་བ་ཡོད་མཁན་ཞིག་གི་བསམ་བློའི་ནང་ནས་ཤཱ་རོན་ལ་ལྟ་དུས། ཨོ། ཁོ་མོ་བུད་མེད་བཟང་སྤྱོད་ལྡན་པ་ཞིག་རེད་འདུག དེ་འདྲ་སོང་ཙང་ང་ཁོ་མོ་དང་གྲོགས་མོ་བཟོ་དགོས་འདུག ང་གཉིས་ཕྱི་ལ་འགྲོ་ནས་ཁ་ལག་གཅིག་ཟ་བར་འགྲོ། ང་གཉིས་བར་སྐད་ཆ་བཤད་ནའང་ཆོག ང་གཉིས་ཀྱི་འདུན་པ་བརྗེ་རེས་བྱེད་ནའང་བཟང་། ཡང་མེད་ན་རི་མོ་འབྲི་པ་དང་། གཞས་ཉན་པ་སོགས་བྱེད་ནའང་འགྲིགས། ཁོ་མོ་ལ་གྲོགས་མོ་གཞན་འདུག དེ་དག་ང་ལ་ངོ་སྤྲོད་གནང་བ་དང་། ངས་གྲོགས་མོ་རྣམས་ཁོ་མོ་ལ་ངོ་སྤྲོད་བྱེད་དགོས། ང་གཉིས་གྲོགས་མོ་བྱེད་ན་བཟང་།
ཁྱེད་ཉིད་ཀྱིས་ཁོ་མོ་རང་ཉིད་ཀྱི་སེམས་ནང་ལ་ཅི་འདྲ་ཞིག་འཛིན་གྱི་ཡོད། དེ་འདྲ་སོང་ཙང་། རང་གཅེས་འཛིན་གྱི་མི་ཞིག་ཡིན་ན་མི་སུ་འདྲ་ཞིག་མཐོང་ནའང་ནོར་པ་ཤ་སྟག་མཐོང་ངེས། ཁོ་ཚོས་ཅི་འདྲ་ཞིག་དང་འཕྲད་ནའང་ནོར་ཡོད། གཞན་ཐམས་ཅད་ནོར་འཁྲུལ་ཡོད་མཁན་ཞིག་དང་རང་ཉིད་ལ་ནོར་བ་གཅིག་ཀྱང་མེད་མཁན་ཞིག་ལ་ཚོར་ངེས། གལ་ཏེ་གཞན་ཐམས་ཅད་ནོར་བ་དང་། རང་ཉིད་འགྲིགས་ཡོད་པ་ལྟ་བུ་ཚོར་གྱི་ཡོད་ན། དེ་ནི་ཁྱེད་ཉིད་ལ་རང་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་རེད། དེ་ཡིས་ཁྱེད་ཡག་སྡུག་གི་ཁྱད་པར་འབྱེད་པ་དཀའ། འོན་ཀྱང་ང་འཛིན་གྱི་བློ་ཤུགས་ཆེན་གདའ་བ་ཐེ་ཚོམ་མེད། གང་ལ་ཞེ་ན་ཁྱེད་ཀྱིས་གཞན་ཡོད་ཚད་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ལྟ་བ་དང་། ཕན་ཐོགས་པའི་ནུས་པ་མེད་ཚེ་ནོར་འཁྲུལ་ཅན་ཞིག་ལ་མཐོང་། དེ་བཞིན་སླ་མོ་ཞིག་རེད།
དེ་འདྲ་སོང་ཙང་ལས་འབྲས་དེ་ལྟ་བུ་བསགས་ཡོད་ཚེ་གཟུགས་པོས་བཟོས་པའི་ལས་གཟུགས་པོ་ལ་འཁོར་བ་དང་། སེམས་ཀྱིས་བཟོས་པ་སེམས་ནང་ལ་བྱུང་། ངག་གིས་བཟོས་པ་ངག་ཐོག་ལ་བྱུང་། གལ་ཏེ་ངག་གིས་བཟོས་པའི་ལས་དེ་རང་ཉིད་ཀྱིས་སྡིག་བཤག་གནང་པ་ཡིན་ན། དེ་ཡིས་ཡིད་དང་། ལུས་ལ་ཁྱད་པར་བཟོ་ངེས། གལ་ཏེ་ང་ཚོས་ལུས་ཀྱི་ལས་སྡིག་བཤག་གནང་པ་ཡིན་ན། དེ་ཡིས་ངག་དང་། ཡིད་ལ་ཁྱད་པར་བཟོ་ངེས། གལ་ཏེ་ང་ཚོས་ཡིད་ཀྱི་ལས་སྡིག་བཤག་གནང་པ་ཡིན་ན། དེ་ཡིས་ལུས་དང་། ངག་ལ་ཁྱད་པར་བཟོ་ངེས། གལ་ཏེ་ང་ཚོས་སེམས་ཀྱི་ནང་ལ་མི་དགེ་བའི་ལས་བྱེད་པ་ཡིན་ན། དེ་ཡིས་ངག་གི་ཐོག་ནས་སྐྲུན་གྱི་ཡོད། དེ་འདྲ་སོང་ཙང་གལ་ཏེ་ང་ཚོ་ལ་མི་དགེ་བའི་སེམས་པ་ཞིག་ཡོད་ན། དེ་ཡིས་ང་ཚོ་ལ་མི་དགེ་བའི་ལས་སྲོག་གཅོད་དང་། སྡུག་རྩུབ། མ་བྱིན་ལེན་སོགས་ཀྱི་ལས་སྤེལ་གྱི་ཡོད། གལ་ཏེ་ང་ཚོ་ལ་མི་དགེ་བའི་ལུས་ཀྱི་ལས་ཤིག་ཡོད་ན་དེ་ཡིས་སེམས་ལ་ཁྱད་པར་བཟོ་ངེས། དེ་བཞིན་ངག་གི་ལས་དེ་ཡིས་གཞན་གཉིས་ལ་ཁྱད་པར་བཟོ་ངེས། ལུས་དང་། ངག ཡིད་གསུམ་གཅིག་གིས་གཅིག་ལ་བརྟེན་ནས་གནས་ཡོད།
དེ་འདྲ་སོང་ཙང་ང་ཚོས་ལས་དེ་འདྲ་མུ་མཐུད་ནས་བྱེད་པ་ཡིན་ན། ང་ཚོ་རླུང་འཚུབ་ནང་ལ་ཚུད་པ་བཞིན་ཆག་གི་ཡོད་པ་རེད། དེ་བསྐོར་བ་བརྒྱབ་ནས་བསྡད་པ་ལས་མཚམས་རྩ་བ་ཉིད་ནས་མི་བཞག ང་ཚོའི་སེམས་དེའང་རླུང་འཚུབ་བཞིན་རེད། དེ་འདྲ་སོང་ཙང་གལ་གནད་ཆེ་བ་དེ་ནི་བསྐོར་བ་ལས་ཐར་ཐབས་བྱེད་རྒྱུ་དེ་རེད། འོན་ཀྱང་བསྐོར་བ་དེ་ནས་ཐར་ཐབས་ལ་ནུས་པ་ཤིན་ཏུ་ཆེན་པོ་དགོས་ཡོད། ཆོས་ཉམས་ལེན་བྱེད་རྒྱུ་ལ་བསམ་བློའི་འཁྱེར་བཟོ་བཟང་པོ་ཞིག་ངེས་པར་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་བསོད་ནམས་ཀྱི་རྒྱབ་བརྟེན་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་དགེ་བའི་བཤེས་གཉེན་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་ཆོས་ཀྱང་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་སངས་རྒྱས་བྱོན་པ་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་ཁོར་ཡུག་དང་། ས་གནས་ཉམས་ལེན་དང་འཚམས་པ་ཞིག་ཀྱང་དགོས། ཆོས་ཉམས་ལེན་བྱེད་རྒྱུ་ལ་ང་ཚོར་བར་ཆད་མེད་པ་དང་། མི་ཚེའི་ནང་ལ་དཀའ་ངལ་དང་བྲལ་དགོས་ཀྱི་ཡོད།
དེ་འདྲ་སོང་ཙང་ཆོས་ཉམས་ལེན་སྤུས་ཚད་ལྡན་པ་ཞིག་བྱེད་རྒྱུའི་ཆེད་དུ་ང་ཚོ་ལ་དགོས་ངེས་ཅན་གྱི་དངོས་པོ་མང་པོ་ཚང་དགོས། དེ་དག་ཡོད་དོ་ཅོག་ཚང་རྒྱུ་ནི་ཤིན་ཏུ་དཀའ། རང་ཉིད་ཆོས་ཉམས་ལེན་བྱེད་བཞིན་པའི་མི་ཞིག་ཡིན་ན། ཆ་རྐྱེན་དེ་དག་མང་པོ་ཞིག་ཚང་ཡོད་ངེས། དེ་འདྲ་བའི་གོ་སྐབས་སླར་ཡང་ཐོབ་པར་ཤིན་ཏུ་དཀའ། ཆོས་དང་མཇལ་བ། བླ་མ་མཇལ་བ། རྩ་བའི་བླ་མ་མཇལ་བ། སངས་རྒྱས་ཀྱི་བཀའ་ཡོད་པའི་དུས། ཆོས་ཉམས་ལེན་གྱི་གཅེན་གཅུང་རྣམས་ཡོད་པ། ཆོས་ཉམས་ལེན་གྱི་ཚོགས་པ་ཡོད་པ། ས་ཆ་ཡོད་པ། གྲོགས་པོ་ཡོད་པ། དེ་དག་ནི་ཤིན་ཏུ་དཀོན་པོ་རེད། ཆ་རྐྱེན་དེ་དག་ཡོད་དོ་ཅོག་ཚང་བའི་རྒྱུ་རྐྱེན་ནི་ཚེ་སྔོན་མ་ལས་བཟང་པོ་དང་། ཆོས་ཉམས་ལེན་བྱེད་པའི་འབྲས་བུ་ཡིན་པ་སྨོས་ག་ལ་དགོས།
དེ་འདྲ་སོང་ཙང་གནས་སྟངས་དེ་མུ་མཐུད་རྒྱུ་ལ་ང་ཚོས་མི་དགེ་བའི་ལས་སྡིག་བཤག་གཏོང་བའི་ཆེད་དུ་ལས་བཟང་པོ་དང་། དགེ་བའི་ལས་མང་པོ་ཞིག་བསག་དགོས་ཀྱི་ཡོད། མི་དགེ་བའི་ལས་སྡིག་བཤག་བྱེད་ཚུལ་ནི་དང་ཐོག་ལས་འབྲས་རང་ཉིད་གཙོ་བོ་ཡིན། ལས་ཡོད་ནའང་དེ་སྨིན་བཅུག་མིན་ལ་ཐུག་ཡོད། ལས་འབྲས་དེ་མ་སྨིན་སྔོན་ལ་ཁྱེད་ཉིད་ཀྱིས་མྱོང་ག་ལ་ཐུབ། འོན་ཀྱང་སྨིན་ཚར་བའི་རྗེས་ལ་དེ་བཀག་ཐབས་བྲལ། གལ་ཏེ་ཁྱེད་རླངས་འཁོར་སྐྱོན་བཅག་ཡོད་པ་དང་། སྐྱོན་བཅག་ཡོང་བའི་ལས་མ་སྨིན་ཚེ། ཁྱེད་ཉིད་ལ་བར་ཆད་དེ་ཡོང་མི་སྲིད། འགྲོ་སོང་མང་བའི་འབྲས་བུ་མི་ཡོང་བ་དང་། རང་ཉིད་ཀྱི་གཟུགས་པོ་གནོད་པ་མི་ཡོང་། མི་གཞན་ལ་གནོད་འཚེ་མི་ཡོང་། དེ་ཙམ་མ་ཟད་ཉེ་འཁོར་གྱི་ཅ་དངོས་ལའང་གནོད་པ་མི་ཡོང་བ་རེད། དེ་འདྲ་སོང་ཙང་རླངས་འཁོར་སྐྱོན་བཅག་མ་ཡོང་བའི་སྔོན་ལ་ལས་དེ་སྡིག་བཤག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ལས་འབྲས་ངན་པ་མ་སྨིན་སྔོན་ལ་རང་ཉིད་ཀྱི་ལས་དེ་སྡིག་བཤག་བྱེད་རྒྱུ་ནི་ཤིན་ཏུ་ནི་གལ་ཆེ། ང་ཚོས་ལས་ངན་ལུས་ངག་ཡིད་གསུམ་གྱི་ཐོག་ནས་མེད་པ་བཟོ་ཐུབ།
ཁྱེད་ཉིད་ཀྱི་ལས་ངན་དེ་དག་མེད་པ་བཟོ་ཆེད་དུ་ཚེ་ལྷ་ཡིན་པའི་སངས་རྒྱས་གསུམ་ལ་སྐྱབས་སུ་འགྲོ་ནས་བཟོ་ཐུབ། དེ་དག་ནི་རྣམ་རྒྱལ་མ་དང་། ཚེ་དཔག་མེད། སྒྲོལ་དཀར་བཅས་རེད། ང་ཚོས་ལྷ་མོ་ལོ་མ་གྱོན་མ་ལྟ་བུ་ལའང་སྐྱབས་སུ་འགྲོ་ཆོག ཁོ་མོ་ནི་ཤིན་ཏུ་ནུས་པ་ཆེ་བའི་སྡིག་བཤགས་ཀྱི་ལྷ་མོ་ཞིག་ཡིན། དེ་ཙམ་མ་ཟད་ང་ཚོས་ལྷ་མོ་ཨུ་ཆུ་མའམ་སྨེ་བརྩེགས་མ་དང་། རྡོ་རྗེ་རྣམ་འཇོམས་སོགས་བསྟེན་ཆོག དེ་དག་ལས་གཞན་པ་ང་ཚོས་ལྟུང་བཤགས་ལྷ་སོ་ལྔ་ལའང་སྐྱབས་སུ་འགྲོ་ཆོག དམིགས་སུ་བཀར་ནས་རྡོ་རྗེ་སེམས་པ་ལྟ་བུའི་སངས་རྒྱས་ལའང་སྐྱབས་སུ་འགྲོ་ཆོག སྡིག་བཤག་གི་སངས་རྒྱས་རྗེ་བཙུན་འཇམ་དཔལ་དབྱངས་ནག་པོ་སོགས་མང་པོ་ཡོད། སྨན་ལྷའང་ཤིན་ཏུ་ནུས་པ་ཆེ་བའི་སྡིག་བཤག་གི་ལྷ་ཞིག་ཡིན། ཁོང་ཉིད་ཀྱིས་རང་བྱུང་གནོད་འཚེ་དང་། སེམས་ནད། ལུས་པོའི་དཀའ་ངལ་སོགས་ཀྱི་ལས་ངན་སེལ་བའི་ཐོག་ནུས་པ་ཧ་ཅང་ཆེ། དེ་འདྲ་སོང་ཙང་སྨན་ལྷ་ནི་ཤིན་ཏུ་ནུས་པ་ཆེ་བའི་སྐྱབས་སུ་འགྲོ་ཡུལ་ཞིག་རེད།
གལ་གནད་ཆེ་ཤོས་དེ་ནི་མི་སུ་འདྲ་ཞིག་ཡིན་ནའང་ཆོས་ཉམས་ལེན་བྱེད་པའི་བསམ་བློ་གཏོང་སྐབས། དཔེར་ན། ད་ངས་ཆོས་བྱེད་དགོས་འདུག ངས་དགེ་བའི་ལས་བསག་དགོས་འདུག དེ་འདྲ་སོང་ཙང་ངས་ལས་ཀ་སྣོན་མ་བྱེད་དགོས་མ་རེད། དེ་འདྲ་ཡིན་ནའང་ཁྱེད་ཉིད་ཀྱི་ཀུན་སློང་གཙང་མ་དགོས་རྒྱུ་ནི་ཤིན་ཏུ་ནི་གལ་ཆེ། ཁྱེད་ཉིད་ལས་ཀ་བྱེད་པའི་སྐབས་ལ་སེམས་དེ་བརྟན་པོ་དགོས། སེམས་ནང་རྟག་ཏུ་ཀུན་སློང་བཟང་པོ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། གང་ལ་ཞེ་ན་གལ་ཏེ་ཁྱེད་ཆོས་ཉམས་ལེན་བྱེད་པ་དང་། ཀུན་སློང་གཙང་མ་མེད་པའི་ཐོག་མི་གཞན་ལ་གནོད་འཚེ་བཟོ་ཚེ། དེ་ཆོས་ཀྱི་ཉམས་ལེན་ཞིག་ག་ལ་ཡིན། གལ་ཏེ་ཁྱེད་ཆོས་ཉམས་ལེན་བྱེད་པ་དང་། ཡག་པོ་མ་ཉན་ནས་ཉམས་ལེན་ནོར་བ་བྱེད་ན། དེ་ཆོས་ཉམས་ལེན་ག་ལ་ཡིན། གལ་ཏེ་ཁྱེད་ཆོས་ཉམས་ལེན་བྱེད་པ་དང་། ཡག་པོ་མ་བྱེད་ནས་ཉམས་ལེན་ནོར་བ་བྱེད་ན། དེ་ཆོས་ཉམས་ལེན་ག་ལ་ཡིན། གལ་ཏེ་ཁྱེད་ཆོས་ཉམས་ལེན་བྱེད་པ་དང་། ཁྱེད་མི་ཞིག་ལ་ཞེ་སྡང་གདའ་བ་དང་ལས་གཞི་དེ་ཞེ་སྡང་དང་ལྷན་དུ་བྱེད་པ་ཡིན་ན། དེ་ཆོས་ཉམས་ལེན་ག་ལ་ཡིན། དེ་དག་རྐྱེན་པས་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཐབས་ཇུས་དེ་རྣམས་རྩ་བ་ཉིད་ནས་གནང་རྒྱུ་མེད།
དེ་དག་རྐྱེན་པས་རྒྱབ་བརྟེན་གྱི་ཆོས་ཉམས་ལེན་བྱེད་རྒྱུ་ནི་རྩ་ཆེན་རེད། རྒྱབ་བརྟེན་གྱི་ཉམས་ལེན་ནི་དཔེར་ན། བསྐོར་བ་འགྲོ་བ། ཕྱག་འཚལ་བ། སྡིག་པ་བཤགས་པ། ཞལ་འདོན། སྒོམ་བརྒྱབ་པ། དགོན་པ་གཙང་བཟོ་བྱེད་པ། རྩ་བའི་བླ་མ་ལ་བསྙེན་བཀུར་ཞུ་བ་། བླ་མའི་གཟིམ་ཤག་གཙང་བཟོ་བྱེད་པ། བླ་མའི་སྐུ་ལུས་གཙང་བཟོ་ཞུ་བ་སོགས་ཡིན། ང་ཚོས་སྒོམ་སྒྲུབ་ཉམས་ལེན་བྱེད་སྐབས་ལ་རྩ་ཆེ་བའི་རྨི་ལམ་ཞིག་ནི་རྩ་བའི་བླ་མའི་སྐུ་ལུས་ཁྲུས་པ་དང་། ཞབས་ཁྲུས་པ། ཁོང་ཉིད་ཀྱི་ནང་དང་། ཤག་གཙང་བཟོ་བྱེད་པ་སོགས་སྨིན་པ་དེ་རེད། དེ་དག་ནི་གསང་སྔགས་ནང་ལ་གསལ་པོ་བྲིས་ཡོད། ང་ཚོ་ལ་དེ་ལྟ་བུའི་རྨི་ལམ་འཁོར་ཚེ་རང་ཉིད་ཀྱི་སྡིག་པ་བཤག་གི་ཡོད་པའི་མཚོན་རྟགས་གསལ་པོ་རེད།
ལོ་མང་སྔོན་ཕྲན་ལཱ་དགས་ནང་ལ་སྒོམ་བརྒྱབ་ནས་བསྡད་པའི་དུས་ཚོད་ཤིག་ལ་རྨི་ལམ་འགའ་བྱུང་། ངས་རྡོ་རྗེ་འཇིགས་བྱེད་ཀྱི་ཉམས་ལེན་བྱེད་པའི་སྐབས་ཡིན་པ་དང་། སྔགས་བདུན་འབུམ་ལྷག་བགྲང་གི་ཡོད། དེ་འདྲ་སོང་ཙང་རྡོ་རྗེ་འཇིགས་བྱེདསྔགས་བགྲངས་པ་དང་། སྒོམ་སྒྲུབ་ཉམས་ལེན་སོགས་མདོར་ན་ཉིན་གཅིག་ལ་ཐེངས་བཞི་ལྷག་བྱེད་ཀྱི་ཡོད། དེའི་རྐྱེན་པས་ཕྲན་ལ་ཤིན་ཏུ་ཡ་མཚན་ཆེ་བའི་རྨི་ལམ་ཞིག་བཏང་བྱུང་། ངས་༧སྐྱབས་རྗེ་ཟོང་རིན་པོ་ཆེའི་སྐུ་ལུས་འཁྲུས་པའི་རྨི་ལམ་འཁོར་བྱུང་། ༧སྐྱབས་རྗེ་ཟོང་རིན་པོ་ཆེ་ནིའུ་ཇར་སི་ནང་ལ་རང་ཉིད་ཀྱི་ཞལ་འདོན་གནང་སའི་ཤག་ནང་ལ་བཞུགས་ཡོད་པ་དང་ང་ཡང་ལྷན་དུ་འདུག ངས་ཁོང་ཉིད་ཀྱི་སྐུ་ལུས་ཁྲུས་པ་དང་། སྐུ་ལུས་གཙང་བཟོ་བྱེད་པའི་བསྐལ་པ་བཟང་པོ་ཐོབ་པ། གྱོན་ཆས་གཡོག་པའི་རྨི་ལམ་བཟང་པོ་སྨིན་བྱུང་།
དེའི་དུས་སུ་ངས་རྨི་ལམ་དེ་རྩ་ཆེན་པོ་ཞིག་ཡིན་པ་ཤེས་མ་བྱུང་། ངས་སྒོམ་སྒྲུབ་ཀྱི་སྦྱིན་བདག་གནང་མཁན་གྱི་བླ་མ་མཐོན་པོ་ཞིག་ལ་རྨི་ལམ་དེའི་སྐོར་ལ་དྲིས་པ་ཡིན། ཁོང་ཉིད་ཀྱིས་དེ་ནི་ཤིན་ཏུ་རྩ་ཆེ་བའི་རྨི་ལམ་ཞིག་རེད། གང་ལ་ཞེ་ན་རང་ཉིད་ཀྱི་བླ་མའི་སྐུ་ལུས་ཁྲུས་པ་དང་། གཙང་བཟོ་བྱེད་པའི་རྨི་ལམ་ཅི་འདྲ་ཞིག་ཡིན་ནའང་རྩ་ཆེན་རེད་ཞེས་གསུངས་སོང་། ཁྱེད་ཉིད་ཀྱི་བླ་མ་ལ་དྲི་མ་ཕྲན་བུ་ཙམ་ཡང་མེད། འོན་ཀྱང་ཁྱེད་ཀྱིས་བླ་མའི་སྐུ་ལུས་ཁྲུས་པ་དང་། ནང་གཙང་བཟོ་བྱེད་པ་སོགས་ཀྱི་རྨི་ལམ་སྨིན་པ་ནི་རང་ཉིད་སེམས་ཀྱི་ཡོན་ཏན་གོང་འཕེལ་འགྲོ་ཡི་ཡོད་པ་མཚོན་ཞེས་གསུངས་སོང་། དེ་འདྲ་སོང་ཙང་ངས་ངོ་མ་རྨི་ལམ་བཟང་པོ་ཞིག་སྨིན་འདུག་དྲན་བྱུང་། དེ་དུས་གནས་ཚུལ་དེ་ལ་གོ་རྟོགས་མེད་པ་རེད། ངས་བླ་མ་ཁོང་གིས་གསུངས་པ་དེ་ཁྱེད་རྣམས་ལ་འགྲེལ་བཤད་བརྒྱབ་ཀྱི་ཡོད།
དེ་འདྲ་སོང་ཙང་དེ་ལ་ཉམས་ལེན་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཤིན་ཏུ་ནུས་པ་ཆེ་བའི་ཉམས་ལེན་དང་། ད་ལྟའི་ཆར་ལ་ང་ཚོས་བྱེད་མི་ཐུབ་པའི་ཉམས་ལེན་དེ་ནི་སྟོང་ཉིད་ཐོག་བསམ་བློ་གཏོང་རྒྱུ་དེ་རེད། ང་ཚོས་སྟོང་ཉིད་ལ་དོ་སྣང་དང་། དམིགས་བསལ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་ལ་སློབ་གཉེར་བྱེད་པ། ༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ལམ་རིམ་ཆེན་མོ་རྣམ་གྲོལ་ལག་བཅངས་ནང་ལ་གསུངས་པའི་སྟོང་ཉིད་སྐོར་ལ་དོ་སྣང་བྱེད་པ་སོགས་རྟེན་འབྱུང་གི་ལྟ་བའི་སྐོར་ལ་དོ་སྣང་ཕྲན་བུ་བྱེད་ནའང་ཤེས་མ་ཤེས་ལ་མ་ལྟོས་པར་སྡིག་པ་མང་པོ་བཤག་ཐུབ་པའི་ནུས་པ་ལྡན།
གང་ལ་ཞེ་ན་སྟོང་ཉིད་ཀྱི་ལྟ་བའི་ཐོག་དོན་གཉེར་བྱེད་པ་ནི་རང་གཅེས་འཛིན་དང་བདག་འཛིན་གྱི་བློའི་གཉེན་པོ་རེད། དེ་འདྲ་སོང་ཙང་དེ་ཡིས་མི་དགེ་བའི་ལས་ཀྱི་འབྱུང་ཁུངས་བཀག་པ་ལྟ་བུ་རེད། མེ་ནང་ལ་ཆུ་བླུག་པ་བཞིན་རེད། ཁྱེད་ཀྱིས་མེ་ནང་ལ་ཆུ་བླུག་པའི་སྐབས་ལ་མེ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་དེ་ལ་ཆུ་བླུག་གི་ཡོད། དཔེར་ན་སྡོད་གུར་ནང་ལ་མེ་ཤོར་བ་དང་། དེའི་ཉེ་འགྲམ་ལ་ཤིང་དང་། ལོ་མ་སོགས་ཡོད་པ་རེད། འོན་ཀྱང་ཁྱེད་ཀྱིས་ཆུ་ལོ་མའི་སྒང་ལ་བླུག་པ་ཡིན་པའི་དབང་དུ་བཏང་ན་དེ་ཡིས་ཕན་ཐོགས་ཡོང་བར་དཀའ། མེ་འབར་བ་དེ་ཡི་ཐོག་ལ་ཐད་ཀར་བླུག་དགོས་ཀྱི་ཡོད།
དེ་འདྲ་སོང་ཙང་། སྟོང་ཉིད་ཐོག་སྒོམ་བརྒྱབ་པ་དང་། སྟོང་ཉིད་ཐོག་སློབ་གཉེར་བྱེད་པ་། སྟོང་ཉིད་ཐོག་ཉམས་ལེན་བྱེད་པ། སྟོང་ཉིད་ཐོག་དེབ་ཀློག་པ་སོགས་ནི་ཤིན་ཏུ་ནུས་པ་ཆེ་བའི་སྡིག་བཤག་གི་བྱེད་ལས་ཤིག་རེད། གལ་ཏེ་རྒྱ་ཡིག་ཤེས་མཁན་ཡོད་ཚེ། ངས་བརྗོད་འདོད་ལ་རྒྱ་ཡིག་ནང་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་དེབ་འགྱུར་ཡོད་པ་ཡག་པོ་འགའ་ཡོད་རེད། ཁྱེད་ཀྱིས་དེབ་དེ་ཉོ་ནས་ཀློག་རྗེས་ཡ་མཚན་ཆེ་བའི་གནད་དོན་དེ་ནི་ཁྱེད་ཀྱིས་གོ་བ་ཕྲན་བུ་ཙམ་ཡང་ལེན་ཐུབ་ཀྱི་མ་རེད། དེ་རྗེས་ལ་དགེ་བའི་ལས་གནང་ཞོར་དེབ་ཀློག་པ་ཡིན་ན་གོ་བ་སྟབས་བདེ་པོ་ཆག་པ་དང་། གཏིང་ཟབ་ལེན་ཐུབ།
དགོན་པའི་ནང་ལ་དབུ་མའི་སློབ་གཉེར་ནི་མཐའ་འཇུག་ལ་བྱེད་ཀྱི་ཡོད། བསོད་ནམས་ཆེ་བའི་མི་འགའ་ཡིས་ལོ་བདུན་བརྒྱད་ལྷག་སྔོན་ནས་བྱེད་པའི་གོ་སྐབས་ཐོབ་ཀྱི་ཡོད། ང་ཚོས་དབུ་མའི་སྐོར་ལ་སློབ་གཉེར་དང་། དེའི་ཐོག་ལ་གསུང་ཆོས་ཐོབ་པ་སོགས་བྱུང་གི་ཡོད། འོན་ཀྱང་འགྲོ་སྟངས་བཞིན་བྱེད་པ་ཡིན་ན་མཐའ་འཇུག་གི་སློབ་གཉེར་དེ་ཡག་ཤོས་ལྟ་བུ་རེད། ལོ་ཉི་ཤུ་དང་། སུམ་ཅུ་ལྷག་སློབ་གཉེར་རྫོགས་རྗེས་ལ་དབུ་མའི་འཛིན་གྲྭ་འགོ་བཙུག་སྲོལ་ཡོད། སྟོང་ཉིད་ཐོག་སློབ་སྦྱོང་མ་བྱེད་པའི་ལོ་སྔོན་དེ་ལ་སྤྱི་བཏང་དགེ་འདུན་པ་མང་པོ་རྡོ་རྗེ་གདན་ལ་ཕྱག་འཚལ་དུ་འགྲོ་བ་དང་། འབུམ་ཕྱག་འཚལ་བ། དེ་ཙམ་མ་ཟད་རྡོ་རྗེ་གདན་ལ་གསང་སྔགས་ཀྱི་ཉམས་ལེན་ལ་བསྐྱོད་པ། ཁོང་ཚོས་རྡོ་རྗེ་འཇིགས་བྱེད་ཀྱི་ཉམས་ལེན་དང་། ཕྱག་ཤིན་ཏུ་མང་པོ་འཚལ་བ། སྒོམ་སྒྲུབ་བྱེད་པ། དགོན་པ་བསྐོར་བ་བརྒྱབ་པ་སོགས་བྱེད་ཀྱི་ཡོད།
དབུ་མའི་འཛིན་གྲྭ་འགོ་མ་བཙུག་སྔོན་ལ་དེ་འདྲ་ཅིའི་ཕྱིར་བྱེད་ཀྱི་ཡོད། གང་ལ་ཞེ་ན་འཛིན་གྲྭ་འོག་མའི་སྐབས་ལ་འཛིན་གྲྭ་གཅིག་གི་ནང་ལ་གྲྭ་པ་ལྔ་བཅུ་ནས་དྲུག་ཅུ་ལྷག་ཡོད། དེ་འདྲ་སོང་ཙང་གྲྭ་པ་རྣམས་མཉམ་རུབ་ངང་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ནས་དབུ་མའི་འཛིན་གྲྭ་ལ་སླེབས་དུས་གྲྭ་པ་བཞི་ལྔ་ལས་ལྷག་མེད་པ་རེད། ལ་ལ་གྲྭ་བ་ལོག་པ་དང་། ལ་ལ་ནད་ན་ཚ་བྱུང་བ། ལ་ལ་ཤེས་ཡོན་མུ་མཐུད་མི་ཐུབ་པ། ལ་ལ་ལས་གཞི་གཞན་བྱེད་དགོས་པ། ལ་ལ་རྣམ་གཡེང་བྱུང་བ་སོགས་དེ་ལ་རྒྱུ་མཚན་ཤིན་ཏུ་མང་། གྲྭ་བ་མང་པོ་འཛིན་གྲྭ་མཐོན་པ་དེ་འདྲ་ནང་ལ་འགྲོ་ཐུབ་ཀྱི་མེད། གང་ལ་ཞེ་ན་ངའི་རྩ་བའི་བླ་མ་མཁན་ཟུར་རིན་པོ་ཆེས་བརྗོད་དོན་ལ་དབུ་མའི་སྐོར་སྦྱོང་བ་ལ་བསོད་ནམས་ཀྱི་རྒྱབ་བརྟེན་དགོས་ཀྱི་ཡོད་པ་བརྗོད་སོང་། ང་ཚོས་བསོད་ནམས་དེ་བསག་དགོས་ཀྱི་ཡོད། གལ་ཏེ་མ་བསག་པ་ཡིན་ན་འབྲས་བུ་བཟང་པོ་ཞིག་བྱུང་མ་སྲིད།
གྲྭ་པ་མང་པོ་རང་ཉིད་མཁས་པ་དང་། སློབ་དཔོན། དགེ་རྒན་བཟང་པོ་ཞིག་ཆག་པའི་ཆེད་དུ་འབད་བརྩོན་མི་གནང་མཁན་ཡོད། འོན་ཀྱང་ཁོང་ཚོ་གྲྭ་པ་བཟང་པོ་ཤ་སྟག་རེད། ཁོང་ཚོ་ནི་གྲྭ་པ་བཟང་པོ་གཅིག་དང་། ཡ་རབས་ལྡན་པ། ཕན་སེམས་ཅན། མཛེས་སྡུག་ལྡན་པ་ཤ་སྟག་ཡིན། གནས་སྟངས་དེ་ནི་ཁོང་ཚོས་སློབ་ཁྲིད་བྱེད་པའི་ལེགས་བཤད་རྣམས་ཉམས་ལེན་མི་བྱེད་པའི་རྒྱུ་མཚན་གྱི་བྱུང་བ་ཞིག་རེད། དེ་འདྲ་སོང་ཙང་། གྲྭ་པ་རང་ཉིད་ཀྱི་མི་ཚེ་གཙང་མ་དང་། གང་ཐུབ་ཅི་ཐུབ་མི་དགེ་བའི་ལས་མི་བྱེད་པ་རྣམས་ལ་དབུ་མའི་སྐོར་སྦྱོང་བ་ལ་བསོད་ནམས་བསག་དགོས་ཀྱི་ཡོད་ན། ང་ཚོ་ལྟ་བུ་ལ་བརྗོད་ག་ལ་དགོས། བརྗོད་ཚུལ་ཞིག་ལ་སྟོང་ཉིད་སྐོར་གོ་བ་དང་། སྟོང་ཉིད་སྐོར་ཤེས་པ། སྟོང་ཉིད་ལ་བསྟོད་བསྔགས་གཏང་བ། སྟོང་ཉིད་ཐོག་སྨོན་ལམ་བརྒྱབ་པ། སྟོང་ཉིད་ཀྱི་གནད་དོན་ཤེས་པ་ནི་བྱེ་ཐང་ཚ་དྲོད་ཆེན་པོ་ཞིག་གི་ནང་ལ་ཆར་པ་འབབ་པ་བཞིན་རེད། ཆར་པ་དེ་ཡིས་ཚ་དྲོད་སྙོམས་པོ་བཟོ་པ་བཞིན་བྱེ་ཐང་ཚ་པོ་དེ་ང་ཚོའི་སེམས་རེད། བྱེ་ཐང་ཚ་པོ་དེ་ང་ཚོའི་འདོད་ཆགས་རེད། དེ་ང་ཚོའི་ཁོང་ཁྲོ་རེད། དེ་ང་ཚོའི་ལས་འབྲས་རེད། ཆར་པ་གྲང་མོའི་བདེ་སྐྱིད་དང་། ལྷོད་ལྷོད་བཟོས་པ་དེ་ནི་སྟོང་ཉིད་ཀྱི་ལྟ་བ་རེད།
ཤིན་ཏུ་རྩ་ཆེན་པོ་དེ་ནི་ང་ཚོ་ལ་ཆོས་ཚོགས་ཡོད། དངུལ་མང་པོ་བདེ་སྤྱོད་བྱེད་ཡོད། དུས་ཚོད་དང་ནུས་པ་མང་པོ་བཏང་ཡོད། ཆོས་ཚོགས་དེ་བཙུག་པའི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་ཡོད། དེ་འདྲ་སོང་ཙང་ང་ཚོས་ཉིན་གཅིག་ཀྱང་འཕྲོ་བརླག་མི་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ། ངས་ཀེ་ཆ་རའི་ཆོས་ཚོགས་ནང་ལ་འཛུལ་བཞུགས་གནང་མཁན་མང་དུ་འགྲོ་ཡོད་པ་མཐོང་དུས་དགའ་ཚོར་ཞིག་ཡོང་གི་འདུག ངས་མི་མང་པོ་བསྐོར་བ་ལ་འགྲོ་བ་མཐོང་གི་འདུག ངས་མི་མང་པོ་དགོན་པ་བསྐོར་བ་དུས་རྒྱུན་ནས་འགྲོ་བ་མ་གཏོགས་ཚེས་བཟང་དུས་བཟང་ལ་འགྲོ་བ་མཐོང་གི་མི་འདུག ངས་མི་མང་པོས་མཆེད་མེ་སྒྲོན་པ་དང་། གཙང་བཟོ་ཡི་ལས་བྱེད་པ་མཐོང་གི་འདུག དེ་རྣམས་ནི་ཡིད་དུ་འོང་བ་ཞིག་རེད།
ང་ཚོའི་ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཡོད་མཁན་ཚང་མས་རང་ཉིད་ཀྱི་ས་གནས་ཤིག་དང་། སྲུང་མ་གཅིག རྗེ་བཙུན་སྒྲོལ་མ་ཡང་ན། ལྷ་མོ་ལོ་མ་གྱོན་མ་སོགས་གཅིག་བདམ་དགོས། ཕྱག་བཅོ་བརྒྱད་ཅན་གྱི་རྗེ་བཙུན་འཇམ་དཔལ་དབྱངས། ཕྱག་གཉིས་རྨི་ལམ་གྱི་འཇམ་དཔལ་དབྱངས། ཕྱག་བཞི་འཇམ་དཔལ་དབྱངས། མགོན་པོ་ཀླུ་སྒྲུབ་སོགས་སུ་འདྲ་ཡིན་ནའང་འགྲིགས། ང་ཚོས་སངས་རྒྱས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འདྲ། རྗེ་ཙོང་ཁ་པ་སོགས་གཅིག་བདམ་དགོས། དེ་ཙམ་མ་ཟད་ང་ཚོས་རང་ཉིད་ཀྱི་ས་གནས་ཀྱང་གཙང་མ་ཉར་དགོས། གནས་ཚུལ་དེ་ནི་རྒྱས་དོན་ཆེད་དང་། སྤྱི་ཚོགས་ཀྱི་ཆེད་མི་ཡིན་པར་རང་ཉིད་ཀྱི་ཆེད་དུ་ཡིན།
ངས་དེ་སྔོན་ནས་བརྗོད་ཟིན་པ་བཞིན་སངས་རྒྱས་ཀྱི་དུས་ན་གྲྭ་པ་རྒས་འཁོགས་སྤྱང་གྲུང་མི་ལྡན་པ་ཞིག་མཆིས། གྲྭ་པ་རྒས་འཁོགས་དེ་ཡིས་ཚིག་དང་པོ་བློ་ལ་འཛིན་རྗེས་ཚིག་གཉིས་པ་བློ་འཛིན་བྱེད་སྐབས་དང་པོ་དེ་དྲན་པ་ལ་མེད་པ་ཆག་གི་ཡོད། ཁོང་ཉིད་ཤིན་ཏུ་སྲུན་སྣང་ཤུགས་ཆེན་སྐྱེས་ནས་སངས་རྒྱས་ལ་ངས་ཆོས་སློབ་སྦྱོང་བྱེད་སྐབས་མི་ཤེས་པ་དང་། དྲན་ཤེས་སྐྱོ་བའི་རྐྱེན་གྱིས་དཀའ་ངལ་ཚབས་ཆེན་ཡོང་གི་ཡོད་པ་ཞུས། སངས་རྒྱས་ཀྱིས་དགོན་པ་ཞིག་བློ་ལ་ཤར་ཆུག གྲྭ་བའི་ལྷམ། ཉེ་ཁོར་གྱི་ས་ཞིང་། ལྡུམ་རྭ། ཤིང་ལྡོང་དང་བཅས་དེ་དག་ཐམས་ཅད་ནི་ཁྱེད་ཀྱི་བསམ་བློ་རེད། ལོ་མ་ཟག་པ་ཡོད་དོ་ཅོག་ཁྱེད་ཀྱི་ལས་འབྲས་དང་། ཁྱེད་ཀྱི་མ་རིག་པ། ཁྱེད་ཀྱི་དཀའ་ངལ། ཁྱེད་ཀྱི་ལས་ངན་དག་རེད། གད་སྙིགས་བསམ་བློ་གཏོང་དང་། དེ་བཞིན་ཐལ་བ། མ་རིག་པ། དཀའ་ངལ། ལས་ངན་དེ་དག་ཐམས་ཅད་ཉིན་རྟག་ཏུ་གཙང་བཟོ་བྱེད་དགོས། ཁྱེད་ཀྱིས་ཞལ་ནས་རྡུལ་སྤོང་དྲི་མ་སྤོང་། རྡུལ་སྤོང་དྲི་མ་སྤོང་། རྡུལ་སྤོང་དྲི་མ་སྤོང་ཞེས་འདོན་དགོས། དེ་ཡིས་ཁྱེད་ཉིད་ཀྱི་བཙོག་པ་དང་། བར་ཆད། དཀའ་ཁག་མེད་པ་བཟོ་ངེས། དེ་འདྲ་སོང་ཙང་ཉིན་ལྟར་བསམ་བློ་གཏོང་ཞོར་འདོན་དགོས་ཀྱི་ཡོད།
དེ་རྗེས་ལ་གྲྭ་པ་དེ་ཡིས་ཇི་བཞིན་གསུངས་པ་བཞིན་གནང་པ་རེད། གྲྭ་པ་གཞན་གསུང་ཆོས་ལ་འགྲོ་དུས་དང་། གྲྭ་པ་གཞན་འཛིན་གྲྭ་ལ་འགྲོ་དུས། དེ་བཞིན་གྲྭ་པ་ཁ་ཤས་སངས་རྒྱས་མདུན་ནས་གསུང་ཆོས་ལ་འགྲོ་ཡི་ཡོད། ཁ་ཤས་དགེ་ཕྲུག་གནས་ཚད་མཐོན་པོ་ཡིན་མཁན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་མདུན་ལ་འགྲོ་བ། གྲྭ་པ་ཡོད་དོ་ཅོག་ཤིན་ཏུ་བྲེལ་བ་ཚ་པོ་ཆག་པ་རེད། ཁོ་ཡིས་དགོན་པ་གཙང་བཟོ་བྱེད་པ་དང་། གྲྭ་པའི་གནས་ས་རྣམས་གཙང་བཟོ་གནང་བ། གྲྭ་པའི་ཐབ་ཚང་གཙང་བཟོ་བྱེད་པ། གྲྭ་པའི་ལྷམ་གཙང་མ་བཅས་བཟོ་ཡི་ཡོད། ལྷམ་ཁ་ཤས་ནི་དགྲ་བཅོམ་པའི་ཡིན། ཁོང་ཚོའི་ལྷམ་གཙང་བཟོ་བྱེད་པའི་རྒྱུ་མཚན་གྱིས་ལས་བཟང་མང་པོ་ཞིག་བསགས་ཐུབ་ཡོད། དེ་ཙམ་མ་ཟད་ཁོ་ཡིས་སངས་རྒྱས་ཆིབས་བསྒྱུར་གནང་ས་དང་། གསུང་ཆོས་གནང་ས། མེ་ཏོག་ལྡུམ་རྭ་སོགས་ཀྱང་གཙང་མ་བཟོ་གནང་གི་ཡོད། གཙང་མ་བཟོ་པའི་སྐབས་ལ་སངས་རྒྱས་ཀྱིས་གསུངས་པའི་མན་ངག་འདོན་པ་བསམ་བློའང་གཅིག་མཚུངས་བཏང་གི་ཡོད། དེ་དག་རྐྱེན་པས་ཁོང་ཉིད་ཀྱིས་མི་ཚེ་གཅིག་གི་ནང་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་གནང་བ་རེད།
དགྲ་བཅོམ་པ་ཞེས་པ་དེ་ཅི་ལ་ཟེར། དགྲ་བཅོམ་པ་ཞེས་པ་འཁོར་བའི་ནང་ལ་ཐེངས་གཅིག་ཡང་ན་ཐེངས་གཉིས་གསུམ་ལས་མི་འཁོར་མཁན་ཉོན་མོངས་སྤངས་ཚར་མཁན་ཞིག་ལ་གོ་ན་འགྲིགས། དགྲ་དེ་ཉོན་མོངས་དང་དེ་བཅོམ་མཁན་ལ་ཟེར་གྱི་ཡོད། ཁོང་ཚོའི་ལས་ངན་རྫོགས་ཀྱི་ཡོད། དེ་འདྲ་སོང་ཙང་ཚེ་གཅིག་གི་ནང་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཡོང་བ་རེད། སྡིག་བཤག་གི་ནུས་པ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རེད། སྡིག་བཤག་གི་ཉམས་ལེན་དེ་ནི་སངས་རྒྱས་རང་གིས་གསུངས་པ་ཞིག་རེད། དེ་བཀའ་འགྱུར་ནང་ལ་ཡོད། སངས་རྒྱས་ཀྱིས་གསུངས་པ་ངོ་མ་ཡིན། དེ་ང་ཚོ་ལ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལོས་སེ་ཨན་ཇི་ལས་ནས་གསོ་ལེན་གནང་ཡོད།
དེ་འདྲ་སོང་ཙང་སྡིག་བཤག་གི་ཉམས་ལེན་ནི་ཤིན་ཏུ་རྩ་ཆེན་པོ་རེད། ང་ཚོ་ལ་སངས་རྒྱས་ཀྱི་སྐུ་མཚོན་པའི་དངོས་པོ་ཡོད། ང་ཚོ་ལ་སངས་རྒྱས་ཀྱི་གསུང་མཚོན་པའི་དངོས་པོ་ཡོད། ང་ཚོ་ལ་སངས་རྒྱས་ཀྱི་ཐུགས་མཚོན་པའི་དངོས་པོ་ཡོད། ང་ཚོ་ལ་སངས་རྒྱས་ཀྱི་སྐུ་དང་། གསུང་ཐུགས་ཐམས་ཅད་མཚོན་པའི་དངོས་པོ་ཡོད། ཡུལ་སྐོར་སྤྲོ་འཆམ་པ་ཞིག་དང་མཚུངས་པར་ངོ་མ་སྙིང་རྗེ་བ་ལགས་དེ་ཙམ་བརྗོད་པ་མ་ཡིན་པར་ང་ཚོས་དོན་ལ་འཐུག་པའི་ཉམས་ལེན་གནང་དགོས། ང་ཚོས་ཉམས་ལེན་ཚད་ལྡན་གནང་དགོས་གལ་ཏེ་ང་ཚོ་གཞོན་ནུ་ཡིན་ན། གང་ལ་ཞེ་ན་རྟོགས་དཀའ་བ་དེ་ནི་རྒས་དུས་ཀྱི་ཉིན་ཞིག་ཤར་མིན་སུས་ཤེས། ང་ཚོས་ཉམས་ལེན་ཚད་ལྡན་གནང་དགོས་གལ་ཏེ་ང་ཚོ་རྒས་འཁོགས་ཡིན་ན། གང་ལ་ཞེ་ན་རྟོགས་དཀའ་བ་དེ་ནི་སླར་ཡང་མི་ཚེའི་དུས་ཡུན་ལྷག་ཡོད་མེད་སུས་ཤེས། ང་ཚོས་ཉམས་ལེན་ཚད་ལྡན་གནང་དགོས་གལ་ཏེ་ང་ཚོ་ནད་པ་ཡིན་ཚེ། གང་ལ་ཞེ་ན་དེ་ཡིས་ཐབས་སྐྱོ་བའི་ཕུང་པོའི་རང་བཞིན་མངོན་གྱི་ཡོད། ང་ཚོས་ཉམས་ལེན་ཚད་ལྡན་གནང་དགོས་གལ་ཏེ་ང་ཚོའི་འཕྲོད་བསྟེན་ཡག་པོ་ཡོད་ཚེ། གང་ལ་ཞེ་ན་རྟོགས་དཀའ་བ་དེ་ནི་ནད་གཞི་ཚབས་ཆེན་ཞིག་བྱུང་མིན་སུས་ཤེས། ང་ཚོས་ཕོ་མོ་དང་། རིང་ཐུང་། དཀར་ནག་ལ་མ་ལྟོས་པར་ཉམས་ལེན་ཚད་ལྡན་གནང་དགོས། གང་ལ་ཞེ་ན་ང་ཚོ་ཚང་མ་འཁོར་བའི་སྐྱེ་འགྲོ་རེད། འཁོར་བ་པ་ནི་ལས་འབྲས་ལས་བྱུང་བ་དང་། ལས་འབྲས་ནི་རང་གཅེས་འཛིན་གྱི་བློ་ནས་ཡོང་གི་ཡོད།
དེ་དག་རྐྱེན་པས་ཉམས་ལེན་དེ་རྣམས་ལ་མཐོང་ཆུང་མ་གནང་བར་ཚད་ལྡན་ཉམས་ལེན་བྱེད་དགོས། དེ་ལ་སྡིག་བཤག་གི་ཉམས་ལེན་འདྲ་མིན་སྣ་ཚོགས་ཡོད་པ་རེད། དེ་དག་ཐམས་ཅད་ནས་ཤིན་ཏུ་ལེགས་ཤོས་ཀྱི་ཉམས་ལེན་ནི་ལྟུང་བཤགས་ལྷ་སོ་ལྔ་ཡིན། ལྟུང་བཤགས་ཀྱི་ལྷ་སོ་ལྔའི་མཚན་བློ་འཛིན་བྱེད་རྒྱུ་ཁྱེད་རྣམས་ནས་ཁ་ཤས་ཀྱི་བདུན་ཕྲག་གཅིག་དང་། ཟླ་བ་གཅིག ཟླ་བ་གཉིས་ལྷག་འགོར་སྲིད། འོན་ཀྱང་ཁྱད་པར་དམིགས་བསལ་མེད། གལ་གནད་ཆེ་བ་དེ་ནི་ཁོང་རྣམས་ཀྱི་མཚན་འདོན་རྒྱུ་དེ་རེད། གལ་ཏེ་ཁྱེད་ཀྱིས་བློ་འཛིན་གནང་བ་ཡིན་ན། མཚན་གཅིག་འདོན་པའི་རྗེས་ལ་ཕྱག་གཅིག་འཚལ་ལ་ལེགས། ཁྱེད་ཀྱིས་མཚན་དང་པོ་སངས་རྒྱས་ཤཱཀྱ་མུ་ནི་འདོན་རྗེས་ཕྱག་གཅིག་འཚལ་དགོས། དེ་རྗེས་ལ་མཚན་གཉིས་པ་འདོན་ནས་ཕྱག་ཀྱང་ཡང་བསྐྱར་འཚལ་དགོས།
ལྟུང་བཤགས་ལྷ་སོ་ལྔའི་ཉམས་ལེན་བྱེད་ཚེ། ཁྱེད་ཀྱི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ཆོག གང་ལ་ཞེ་ན་ཁོང་ཉིད་ལྟུང་བཤགས་ལྷ་སོ་ལྔའི་ཁྲོད་ནས་གཅིག་རེད། ཁྱེད་ཀྱི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འདྲ་དང་། རྗེ་བཙུན་འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ། ལྷ་མོ་ལོ་མ་གྱོན་མ་སོགས་ལ་ཕྱག་འཚལ་ན་འགྲིགས། རང་ཉིད་ཀྱིས་ཕྱག་འཚལ་ཡུལ་དེ་སངས་རྒྱས་ཤིག་དང་། ཆོས་ཀྱི་དཔེ་ཆ། བླ་མའི་སྐུ་པར། དགེ་འདུན་པ། དགྲ་བཅོམ་པ་སོགས་སུ་འདྲ་ཞིག་ཡིན་ན་འགྲིགས་ཀྱི་ཡོད། ང་ཚོས་ཞལ་འདོན་གནང་ཞོར་དུ་ཕྱག་འཚལ་ཡང་ཆོག ཁྱེད་ཀྱི་བསམ་བློ་རྩེ་གཅིག་ཏུ་འཇོག་ནས་ཞལ་འདོན་གནང་ཞོར་དུ་ཕྱག་འཚལ་བྱེད་པ་ཡིན་ན་སྡིག་པ་མང་པོ་བཤགས་ཐུབ།
ཉིན་ལྟར་ལྟུང་བཤགས་ཀྱི་ལྷ་སོ་ལྔ་ལ་བརྟེན་ནས་སྡིག་བཤགས་གི་ཉམས་ལེན་བྱེད་ན་ནུས་པ་ཤིན་ཏུ་ཆེ། གལ་ཏེ་ཁྱེད་ཀྱིས་བློ་འཛིན་བྱེད་རྒྱུ་ལ་དཀའ་ངལ་བྱུང་བ་དང་། གཟུགས་པོའི་དཀའ་ངལ་ལ་བརྟེན་ནས་ཕྱག་འཚལ་བ་ལ་རྙོག་དྲ་བྱུང་བ། ལྗིད་ཚད་ཆེ་བ། འཕྲོད་བསྟེན་ཞན་པ། སྙིང་གི་ནད་གཞི་ཡོད་པ་སོགས་ཡིན་ན་ཅོག་ཙེ་ཐོག་བསྡད་ནས་བྱེད་ནའང་བཟང་། ལྟུང་བཤགས་ཀྱི་ལྷ་སོ་ལྔའི་མན་ངག་ཞལ་འདོན་བྱེད་པ་ཙམ་གྱིས་ཕན་ནུས་ལྷག་པར་ཆེ། དང་ཐོག་ང་ཚོས་བྱེད་དགོས་པའི་ལས་དོན་དེ་ནི་སྐྱབས་སུ་འགྲོ་དགོས། སྐྱབས་སུ་འགྲོ་རྗེས་ང་ཚོས་ངེས་པར་དུ་ཚད་མེད་བཞི་ཡི་ཉམས་ལེན་གནང་དགོས། ཚད་མེད་བཞི་ཡི་ཉམས་ལེན་གནང་ཞོར་དུ་ང་ཚོས་ངེས་པར་དུ་བློ་སྦྱོང་ཚིག་བརྒྱད་མ་འདོན་དགོས་ཀྱི་ཡོད། ཞལ་འདོན་དེ་ནི་ཆེས་ནུས་པ་གདའ་བ་དང་། མཛེས་སྡུག་ལྡན་པ། འཁོར་བའི་ནང་གི་མྱོང་བ་ཞེ་སྡང་དང་། རང་གཅེས་འཛིན་གྱི་བློ་ཡི་གཉེན་པར་བྱེད་པར་ཕན་ནུས་ཆེ། ང་ཚོའི་བསམ་བློའི་ནང་ལ་ཞལ་འདོན་བྱེད་པ་ལས་ཉམས་ལེན་བྱེད་ཀྱི་མེད་འདུག་ཅེས་བསམ་སྲིད། འོན་ཀྱང་ཞལ་འདོན་བྱེད་པའི་རྗེས་ལ་ཉམས་ལེན་བྱེད་ན་སྟབས་བདེ་བ་ཞིག་རེད།
བློ་སྦྱོང་ཚིག་བརྒྱད་མ་འདོན་པའི་རྗེས་ལ་ཉིན་ལྟར་ལྟུང་བཤགས་ལྷ་སོ་ལྔའི་མཚན་འདོན་དགོས།དེ་རྗེས་ལ་དགོང་མོ་ཆོས་བསྐོར་འགྲོ་བའི་དུས་ལ་སངས་རྒྱས་ལྷ་སོ་ལྔའི་མཚན་འདོན་ན་ལེགས།གང་ལ་ཞེ་ན་ཆོས་བསྐོར་འགྲོ་བ་ནི་ཕྱག་འཚལ་བ་ལྟ་བུ་ཞིག་རེད།ཁྱེད་སངས་རྒྱས་ཀྱི་མདུན་ལ་དད་པ་དང་ལྡན་པའི་ཐོག་ནས་ཕྱག་འཚལ་བ་ལས་བསྐོར་བ་བརྒྱབ་པ་ཙམ་མ་རེད།ཡིན་དང་ཡིན།དེ་རྒྱ་གར་གྱི་ལུགས་སྲོལ་ཞིག་རེད།རྒྱ་གར་བ་རྣམས་ཀྱིས་རང་ཉིད་ཀྱི་དགེ་རྒན་ཐེངས་དང་པོ་མཐོང་དུས་བསྐོར་བ་ཐེངས་གསུམ་གནང་གི་ཡོད། རང་ཉིད་ཀྱི་དགེ་རྒན་གྱི་རྐང་པ་ལ་མགོ་བཞག་པ་དང་འགྲམ་ལ་བསྡད་ནས་ཆོས་ཞུ་ཡི་ཡོད།དེ་ཙམ་མ་ཟད་ཁོང་ཚོས་དགོན་པ་དང་།སྐུ་འདྲ་སོགས་ཀྱི་མདུན་དུ་འགྲོ་དུས་ཐེངས་གསུམ་བསྐོར་བ་གནང་གི་ཡོད།ལུགས་སྲོལ་དེ་ནི་རྒྱ་གར་བའི་རེད།འོན་ཀྱང་ནང་ཆོས་རྒྱ་གར་ནས་དར་བ་ཞིག་ཡོང་བ་སོང་ཙང་ནང་ཆོས་ནང་ལའང་ཡོད།
དེ་འདྲ་སོང་ཙང་རྒྱ་གར་མ་ཡིན་མཁན་གྱི་མི་ལ་དགོན་པར་བསྐོར་བ་ནི་དམིགས་བསལ་འབྲེལ་བ་མེད་པ་རེད། འོན་ཀྱང་ཁོང་ཉིད་ཀྱིས་བསྐོར་བ་གནང་བའི་སྐབས་ལ་སངས་རྒྱས་ལ་དད་པ་ཆེན་པོའི་ངང་གནང་བ་ཡིན་ན་ཕན་ནུས་ཤིན་ཏུ་ཆེ།ང་ཚོས་སངས་རྒྱས་ཀྱི་སྐུ་འདྲའི་མདུན་ལ་བསྐོར་བ་གནང་སྐབས་སངས་རྒྱས་ཀྱི་སྐུ་དང་།གསུང་ཐུགས་གསུམ་ལ་སྐྱབས་སུ་འགྲོ་ཡི་ཡོད། དེ་ཙམ་མ་ཟད་རང་རང་སོ་སོའི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་སྡིག་བཤག་བྱེད་ཀྱི་ཡོད།དེ་འདྲ་སོང་ཙང་བསྐོར་བ་གནང་བའི་སྐབས་ལ་ཀུ་ཅོ་མེད་པར་ལྟུང་བཤགས་ལྷ་སོ་ལྔའི་མཚན་འདོན་ནས་འགྲོ་རྒྱུ་ཤིན་ཏུ་རྩ་ཆེ།རང་ཉིད་ཀྱི་བློ་འཛིན་བྱེད་ཟིན་པའི་དཔེ་ཆ་རྣམས་འདོན་པ་དང་།བློ་ལ་མེད་པ་རྣམས་བློ་འཛིན་བྱེད་ཐབས་གནང་དགོས།
གལ་ཏེ་ཁྱེད་ལ་བློ་འཛིན་བྱེད་པར་དཀའ་ལས་ཡོད་ན། ཁྱེད་ཀྱིས་ལྟུང་བཤགས་ལྷ་སོ་ལྔའི་མཚན་བསྐོར་བ་མ་འགྲོ་སྔོན་ནས་འདོན་ཆོག བསྐོར་བའི་སྐབས་ལ་སངས་རྒྱས་ཤཱཀྱ་མུ་ནི་ཡི་མཚན་འདོན་དགོས། ཁྱེད་ཀྱིས་ལྟུང་བཤགས་ལྷ་སོ་ལྔ་ཐམས་ཅད་སངས་རྒྱས་ཤཱཀྱ་མུ་ནི་དང་། སངས་རྒྱས་ཤཱཀྱ་མུ་ནི་ལྟུང་བཤགས་ལྷ་དེ་དག་དང་ངོ་བོ་གཅིག་ཡིན་པ་དེ་བསམ་བློ་གཏོང་དགོས། ཁྱེད་ཀྱིས་སངས་རྒྱས་ཤཱཀྱ་མུ་ནི་ལ་དད་པ་ཡོད་ཚད་གནང་ནས་མཚན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་ནའང་ཁྱེད་ཀྱིས་འདོན་ནས་བསྐོར་བ་འགྲོ་ཆོག་གི་ཡོད།
གལ་ཏེ་ཁྱེད་ཀྱིས་རྡོ་རྗེ་སེམས་དཔའི་མཚན་སྔགས་འདོན་ན་བཟང་། རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་སྒྲིལ་ནས་ང་ཚོའི་ཉོན་མོངས་ཀྱི་སེམས་དང་། འདོད་ཆགས་སོགས་མེད་པ་བཟོ་ཆེད་དུ་ཡིན། དེ་འདྲ་སོང་ཙང་རྡོ་རྗེ་སེམས་པའི་མཚན་སྔགས་འདོན་དགོས། དེ་ཙམ་མ་ཟད་ཡི་དམ་གྱི་སྔགས་དང་། འཇམ་དཔལ་དབྱངས་ཀྱི་སྔགས། རྗེ་བཙུན་སྒྲོལ་མའི་སྔགས། འཕགས་པ་སྤྱན་རས་གཟིགས་ཀྱི་སྔགས། རྡོ་རྗེ་ཤུགས་ལྡན་གྱི་སྔགས་བཅས་འདོན་དགོས། ཁྱེད་ཀྱིས་བྱང་ཆུབ་སེམས་པ་གསུམ་གྱི་སྔགས་དང་རྗེ་རིན་པོ་ཆེའི་མཚན་སྔགས་དམིགས་བརྩེ་མ་འདོན་ནའང་འགྲིགས། ཉིན་མ་རྟག་པར་ཁྱེད་ཀྱིས་ཉུང་མཐའ་ལའང་ཕྱག་སོ་ལྔ་འཚལ་དགོས། ཁྱེད་ཀྱིས་ཕྱག་འཚལ་བའི་རྗེས་ལ་ལུས་འཁྲུས་ནའང་ཆོག ཁྱེད་ཕྱག་འཚལ་བའི་རྒྱུ་མཚན་གྱི་རྔུལ་ཆུ་དང་། བཙོག་པ། ཞག་ཙི་བཅས་བྱུང་སྲིད། འོན་ཀྱང་དེ་ནི་བདེ་སྤྱོད་ཡོད་པའི་ལས་ཀ་ཞིག་བྱེད་པའི་རྒྱུ་མཚན་གྱི་བྱུང་བ་རེད། དེ་འདྲ་སོང་ཙང་ཁྱེད་ཀྱིས་དུས་རྟག་ཏུ་ཕྱག་འཚལ་བའི་གོམས་གཤིས་ཤིག་ངེས་པར་དུ་འཇག་ཐབས་གནང་དགོས། དེ་རྫོགས་པའི་རྗེས་ལ་སྨོན་ལམ་སོགས་བརྒྱབ་ཆོག
ངས་ཁྱེད་ལ་བསྐོར་བ་གནང་བའི་སྐབས་ལ་སྡིག་བཤག་གི་ཐབས་ཤེས་ཤིག་བསླབ་ཀྱི་ཡོད། དེ་ཁྱེད་ཀྱི་ཉམས་ལེན་གཙོ་བོ་མ་རེད། དེ་ནི་ཁྱེད་བསྐོར་བ་གནང་བའི་སྐབས་ལ་སྡིག་བཤག་འཕར་མ་ཞིག་རེད། དེ་ཡིས་ཁྱེད་ནད་དང་། ཤི་སྔ་བ། གཞོན་དུས་ཀྱི་འཆི་རྐྱེན། ཞེད་སྣང་། བར་ཆད། ཁོང་ཁྲོ། གཞན་གནད་དོན་མང་པོ་ལས་ཁྱེད་སྲུང་ནུས། ཁྱེད་ཀྱིས་མི་ཚེ་ནང་ལ་སྟབས་མི་བདེ་བའི་གནས་སྟངས་ཡོད་ཚད་དྲན་པ་གཅིག་གསོ་དང་། ཁྱེད་སླར་ཡང་དེ་དག་མྱོང་འདོད་དམ། མི་འདོད་ན། ཁྱེད་ཀྱིས་ཆོས་གླིང་གི་ཞིང་ཁམས་ཤིག་གི་ནང་ལ་ཡོད་པ་ནི་སྐལ་བཟང་ཞིག་ཡིན་པ་དགོངས་དགོས།
ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། ཀེ་ཆ་རའི་ཆོས་ཚོགས་དེ་བཞིན་ཆོས་གླིང་ཞིག་ཆག་པ་ནི་ངས་བཟོས་པ་ཞིག་མིན། དེ་ནི་བླ་མ་རྙིང་པ་མཁན་ཟུར་རིན་པོ་ཆེ་སོགས་ཀྱི་བྱིན་རླབས་གདའ། དེ་ནི་སངས་རྒྱས་ཟིན་པའི་སྲུང་མ་རྡོ་རྗེ་ཤུགས་ལྡན་སོགས་ཀྱི་བྱིན་རླབས་ཡོད། དེ་ནི་ནུས་པ་ཆེ་བའི་ཙེའུ་དམར་པོ་ཡིས་བྱིན་རླབས་ཡོད། དེ་འདྲ་སོང་ཙང་གནས་དེ་ནི་བྱིན་གྱིས་རླབས་པའི་གནས་ཁྱད་པར་བ་ཞིག་རེད། དེ་འདྲ་སོང་ཙང་གནས་དེ་ན་དངོས་པོ་ཡོད་དོ་ཅོག་བྱིན་རླབས་འཇུག་པ་ཁོ་ན་འདོད། དེ་ནི་རང་ཉིད་ཀྱི་བསམ་བློས་བཟོས་པ་ཞིག་དང་། རང་ཐག་གཅོད་པ་ཞིག་མིན། གནས་དེ་བཞིན་བྱིན་རླབས་ཅན་ཞིག་དང་། ཆོས་གླིང་ཞིག་རེད། དེ་འདྲ་སོང་ཙང་ཁྱེད་བསོད་ནམས་ཆེན་པོ་རེད་འདུག་བསམ་ན་འགྲིགས།
ཀེ་ཆ་རའི་ཆོས་ཚོགས་ནང་ལ་ཡོད་མཁན་ཚང་མའི་རང་ཉིད་ཀྱི་སྡིག་བཤགས་ཀྱི་ཆེད་དུ་ལྷ་གཅིག་བདམ་དགོས། དཔེར་ན་ཁྱེད་ཀྱིས་རྗེ་བཙུན་སྒྲོལ་དཀར་བདམས་པ་ཡིན་ན། སྒྲོལ་དཀར་བཙོག་པ་བྱུང་ཐབས་བྲལ། སྒྲོལ་དཀར་གྱི་སྐུ་འདྲ་བཙོག་པ་ཆག་པ་ནི་ཁྱེད་ལ་ལས་འབྲས་ངན་པ་ཞིག་གིས་མཐོང་དུ་ཆུག་པ་རེད། དེ་འདྲ་སོང་ཙང་ཁྱེད་ཀྱིས་སྡིག་བཤགས་ཀྱི་ཉམས་ལེན་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་ལས་འབྲས་ངན་པ་བསག་མེད་ཚེ། ཁྱེད་ཀྱིས་སྒྲོལ་མའི་སྐུ་འདྲ་མཐོང་དུས་ཆེས་མཚར་སྡུག་ལྡན་པ་དང་། འོད་མདངས་ཅན། རིན་ཆེན་ནོར་བུ་བཞིན་མཇལ་ངེས་ཡིན། འོན་ཀྱང་ཁྱེད་ལ་འཁོར་བའི་ལས་ཀྱི་བཟུང་ཡོད་པ་སོང་ཙང་སྒྲོལ་མའི་སྐུ་འདྲ་དེ་བཙོག་པ་མཐོང་བ་རེད། སྒྲོལ་མ་ཡི་བཙོག་པ་གཙང་མ་བཟོ་སྐབས་ང་ཚོས་སྒྲོལ་མ་ཡི་བཙོག་པ་གཙང་མ་བཟོ་ཡི་མེད། ང་ཚོས་རང་ཉིད་ཀྱི་སེམས་ནང་གི་ཉོན་མོངས་བཅོམ་གྱི་ཡོད། རང་བཞིན་སྒྲོལ་མ་ལྟ་བུ་དེ་སླར་ཡང་བླང་གི་ཡོད། ང་ཚོའི་སེམས་ཀྱི་རང་བཞིན་ལ་སངས་རྒྱས་པའི་ནུས་པ་ཡོད་པ་ཞིག་རེད། ང་ཚོའི་རང་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་ལྟ་བུ་རེད། ང་ཚོའི་རང་བཞིན་མགོན་པོ་ཀླུ་སྒྲུབ་ལྟ་བུ་རེད། ང་ཚོའི་རང་བཞིན་ཙོང་ཁ་པ་ལྟ་བུ་རེད། དེ་འདྲ་སོང་ཙང་ང་ཚོས་ཁོང་རྣམ་པའི་སྐུ་འདྲ་གཙང་མ་བཟོ་སྐབས་རང་ཉིད་ཀྱི་མ་དུལ་བའི་སེམས་དེ་བཅོས་ཀྱི་ཡོད་པ་མཁྱེན་དགོས། དེ་ནས་དལ་པོར་རང་ཉིད་ཀྱང་ཙོང་ཁ་པ་དང་། མགོན་པོ་ཀླུ་སྒྲུབ། སྒྲོལ་མ་ལྟ་བུའི་སྐྱེས་བུ་ཆག་ཐུབ། དེ་ནི་ནུས་པ་ཤིན་ཏུ་ཆེ་བ་ཞིག་རེད།
དེ་འདྲ་སོང་ཙང་ཉིན་མ་རྟག་པ་ང་ཚོས་ངེས་པར་བསྐོར་བ་ལ་འགྲོ་དགོས་ཀྱི་ཡོད། གལ་ཏེ་ཁྱེད་དཀའ་ལས་བྱུང་བ་དང་། ཐང་ཆད་པ། ལས་ཀ་མང་པོ་ཡོད་པ། ཀེ་ཆ་རའི་དགེ་རྒན་གྱི་ལས་ཀ་སྤྲད་པ་སོགས་གནང་གི་ཡོད་ན་ཁྱེད་ཀྱི་མགྱོགས་མྱུར་སྡིག་བཤག་གཅིག་བྱེད་ཐུབ། ཁྱེད་ལ་མགྱོགས་མྱུར་ཉིན་ཟས་དང་། མགྱོགས་མྱུར་གཉེན་སྒྲིག་གུང་སེང་། མགྱོགས་མྱུར་གཉེན་སྒྲིག མགྱོགས་མྱུར་བཟའ་ཟླ་ཁ་བྲལ་སོགས་ཡོང་གི་ཡོད་པ་བཞིན་ཁྱེད་ཀྱིས་མགྱོགས་མྱུར་སྡིག་བཤག་ཤིག་ག་ལ་བྱེད་མི་ཆོག
ཁྱེད་ཀྱིས་རྡོ་རྗེ་སེམས་དཔའི་སྐུ་འདྲ་ཡི་འགྲམ་ལ་ཕྱིན་ནས་མགྱོགས་མྱུར་བསྐོར་བ་བྱེད་ནས་མགྱོགས་མྱུར་ཕྱག་གསུམ་འཚལ་དགོས། དེ་རྗེས་ལ་མགྱོགས་མྱུར་ཕྱིར་ལོག་སླེབས་ནས་གཉིད་ཁུག་ན་འགྲིགས། མགྱོགས་མྱུར་བྱེད་དགོས་པའི་རྒྱུ་མཚན་ནི་རང་ཉིད་ཀྱི་སེམས་དུལ་བ་དང་། གོམས་གཤིས་སྦྱར་བའི་ཆེད་དུ་རེད། གལ་ཏེ་ཁྱེད་ལ་གཅེས་ཉེར་སྲོག་ཆགས་ཡོད་ཚེ་ཁྱེད་ཀྱི་མཉམ་དུ་ཁྲིད་ནའང་ཆོག ཁོང་ཚོས་ཡིན་ནའང་མཉམ་དུ་དགེ་བ་བསག་གི་རེད། ཁོང་ཚོ་ལ་ཁྱེད་དང་ལྷན་དུ་བསྡད་པའི་ལས་བྱུང་བ་དང་། ཆོས་དང་ཁ་མི་བྲལ་བའི་ལས་ཀྱང་བསག་ཐུབ། དེ་འདྲ་སོང་ཙང་བསྐོར་བ་འཁྲིད་ན་ཤིན་ཏུ་ལེགས། གལ་ཏེ་ཉིན་རྟག་པ་ཁྲིད་མ་ཐུབ་ཚེ། མཚམས་རེ་ཁྲིད་ནའང་འགྲིགས། སྐེ་ཐག་ཤིག་ཉོ་ནས་བསྐོར་བ་འཁྲིད་བཞིན་སྔགས་འདོན་དགོས། དེ་ནི་ཁྱེད་ཀྱིས་སེམས་ཅན་ཆེད་དུ་ལས་ཀ་ཡག་ཤོས་དེ་བྱེད་ཀྱི་ཡོད།
དེ་འདྲ་སོང་ཙང་ང་ཚོས་དུས་རྟག་ཏུ་སྐྱབས་སུ་འགྲོ་དགོས་པ་དང་། ཚད་མེད་བཞིའི་ཉམས་ལེན། ལྟུང་བཤགས་ཀྱི་ལྷ་སོ་ལྔའི་མཚན་འདོན་དགོས། དུས་ཚོད་མང་ཉུང་གང་འདྲ་ཞིག་གཏོང་མིན་ཁྱེད་ལ་མཐུག་ཡོད། དེ་ནི་ཡིད་དུ་འོང་བ་ཞིག་དང་། སྟབས་བདེ། དལ་པོ་ཡོད་པའི་མན་ངག་ཤིག་རེད། རང་ཉིད་ཀྱི་མིང་ཡང་བཅུག་དགོས་ཀྱི་ཡོད། ཁྱེད་ཀྱིས་རང་ཉིད་ཀྱི་མིང་བཅུག་རྒྱུ་དྲན་པ་བརྗེད་ནའང་ལྟུང་བཤགས་ལྷ་སོ་ལྔའི་ནང་ནས་གཅིག་གིས་ཤེས་ངེས། མན་ངག་འདོན་པའི་རྗེས་ལ་སྨོན་ལམ་ཞིག་ཀྱང་བྱེད་ན་ཤིན་ཏུ་ལེགས།
ཁྱེད་ཀྱིས་ལྟུང་བཤགས་ལྷ་སོ་ལྔའི་མཚན་འདོན་པའི་སྐབས་ལ་ཁྱེད་ཀྱིས་ཕྱག་འཚལ་བའམ། བསྐོར་བ་བརྒྱབ་པ། གཙང་བཟོ་བཅས་ཀྱི་ལས་ཀ་བྱེད་ན་ལེགས། དེ་ནི་ཤིན་ཏུ་ནུས་པ་ཆེན་པོ་ཡོད་པ་དང་། ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་བཤག་མཛད་ཐུབ། དེ་ལས་རྒྱ་ཆེ་བ་ཁྱེད་ཀྱིས་བསམ་བློ་གཏོང་ཐུབ་ན་ཁྱེད་ཀྱིས་རང་ཉིད་ཀྱི་མ་གཡོན་དང་། ཕ་གཡས། མི་གཞན་རང་ཉིད་ཀྱི་གཅེན་པོ་ཡིན་པ། རང་ཉིད་ལ་གནོད་པ་བྱེད་མཁན། ཁྱེད་ལ་གཏོར་བཤིག་གནང་མཁན། ཁྱེད་ལ་ཕན་ཐོགས་ཡོད་མཁན། བརྩེ་བ་གནང་མཁན་ཡོད་དོ་ཅོག་རང་ཉིད་ཀྱི་རྒྱབ་ལ་ཡོད་པ་བསམ་དགོས། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་དང་། དུད་འགྲོ། དམྱལ་བ། བདུད། ལྷ། དྲེ། དམ་སྲི་ཐམས་ཅད་མིའི་རྣམ་པ་ཤར་བ་དགོངས་དགོས། མིའི་རྣམ་པ་ལ་ཅིའི་ཕྱིར་ཤར་དགོས་ཀྱི་ཡོད་དམ་ཞེས་ན་མིའི་ལུས་པོ་ཁོ་ན་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་ལེན་རྒྱ་ཆེན་དང་། སངས་རྒྱས་ཐུབ་ཀྱི་ཡོད། ཁྱེད་ཀྱིས་བསམ་བློ་མང་པོ་གཏོང་མི་དགོས། ཁོ་ཚོ་རང་ཉིད་ཀྱི་མདུན་ལ་ཡོད་པ་བསམ་ནས་སྒོམ་བརྒྱབ་པའི་སྐབས་ལ་སེམས་ཅན་ཡོད་ཚད་ཁྱེད་ཀྱི་འགྲམ་ལ་མི་སླེབས་ནའང་ཁྱེད་ཀྱི་བསམ་བློ་ནང་ལ་ཡོད་ངེས།
དེ་འདྲ་སོང་ཙང་ཚད་མེད་བཞི་དང་། ལྟུང་བཤགས་ལྷ་སོ་ལྔའི་མཚན་གཉིས་མ་ཡིན་པར་ཁྱེད་ལ་དུས་ཚོད་ཡོད་ན་ཁྱེད་ཀྱིས་བློ་སྦྱོང་ཚིག་བརྒྱད་མ་འདོན་ཆོག ཉམས་ལེན་དེ་ནི་ངའི་ཆེས་དགའ་མོས་འོས་པ་ཞིག་དང་། གྲྭ་བཙུན་ལ་ཕན་པོ་ཡོད། མི་སྐྱ་ལའང་ཕན་ཐོགས་ཆེ། མི་རྒས་འཁོགས་ལའང་ཕན་ཐོགས་ཡོད། གཞོན་སྐྱེས་ལའང་ཕན་པ་མཆིས། དེ་ནི་ཉམས་ལེན་ཡག་པོ་ཞིག་རེད། དེ་ཡི་སྙིང་པོ་ནི་སྙིང་རྗེ་རེད། སྙིང་རྗེ་ནི་ཆོས་ཀྱི་གཙོ་བོ་དེ་རེད། ཆོས་ལུགས་ཐམས་ཅད་ཀྱི་དོན་སྙིང་ནི་སྙིང་རྗེ་གོང་འཕེལ་འགྲོ་བའི་ཆེད་དུ་རེད། ཆོས་ཉམས་ལེན་བྱེད་མཁན་སྙིང་རྗེ་མེད་མཁན་མེད་པ་ཞིག་ཡིན་ན་ཆོས་ལ་དད་པ་བྱེད་པའི་དགོས་པ་མེད་པ་ལྟ་བུ་འདོད། འོན་ཀྱང་མི་གཞན་ཞིག་གིས་རང་ཉིད་ལ་འཐུབ་རྩོད་དང་། གཉའ་གནོན་བྱེད་པ་ཡིན་ན་ཉེས་རྟོགས་པ་ལ་མི་ལབ་པར་སྙིང་རྗེ་དགོངས་ཀྱི་ཡོད་ཞེ་ལ་གླེན་པ་རེད། དེ་ག་ལ་སྙིང་རྗེ་མ་རེད་ཞེ་ན་དེའི་སྐབས་ཁྱེད་ཀྱིས་མི་དགེ་བའི་ལས་བསག་གིི་ཡོད།
དེ་འདྲ་སོང་ཙང་དུས་རྟག་པར་ཁྱེད་ཀྱིས་ཕྱག་འཚལ་བ་དང་། ཁྱེད་ཀྱིས་བསྐོར་བ་འགྲོ་བའི་སྐབས་ལ་དེ་བློ་གཅིག་སེམས་གཅིག་གི་གནང་དགོས། ང་ཚོས་ཆོས་གྲོགས་དང་ལྷན་དུ་འགྲོ་ནའང་ཆོག རང་ཉིད་གཅིག་པུ་འགྲོ་ནའང་ཆོག ཡིན་ནའང་བློ་གཅིག་སེམས་གཅིག་གིས་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ཁྱེད་ཀྱིས་ཉམས་ལེན་དང་། ཞལ་འདོན་ཁྱེད་ཀྱིས་འགྲོ་བཞིན་པའི་སྐབས་ཡང་ན་སྔོན་ལ་བྱེད་ན་འགྲིགས། ཉམས་ལེན་ཞེས་པ་ཅི་རེད། ཞལ་འདོན་ཞེས་ན་ཅི་རེད། ལྟུང་བཤགས་ལྷ་སོ་ལྔའི་ནང་ལ་དད་པ་དགོས་རྒྱུ་རྩ་ཆེ། གང་ལ་ཞེ་ན་ཁོང་ཚོ་ལ་སྡིག་པ་བཤགས་ཐུབ་པའི་ནུས་པ་ལྡན། དེ་ལས་གལ་གནད་ཆེ་བ་དེ་ནི་ཁྱེད་ཀྱིས་ཉམས་ཞིབ་ཕྲན་བུ་བྱེད་ནའང་བཟང་། ཁྱེད་ཀྱིས་རྒྱ་དབྱིན་གྱི་སྐད་ཡིག་ནང་ལ་ལྟུང་བཤགས་ལྷ་སོ་ལྔའི་སྐོར་ཉམས་ཞིབ་བྱེད་ནས་ཁོང་ཚོ་སུ་ཡིན་མིན། སྡིག་བཤག་གི་ནུས་པ་ཅིའི་ཕྱིར་ཡོད་མིན། འབྱུང་ཁུངས་གང་ནས་ཡིན་མིན་སོགས་ལྟ་ཆོག ཆོས་བརྒྱུད་དགེ་ལུགས་པ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད་སོགས་ཡོད་དོ་ཅོག་གི་ཉམས་ལེན་གནང་གི་ཡོད། དེ་ནི་བོད་ཁོ་ནའི་ནང་ནས་བྱུང་བའི་ཉམས་ལེན་ཞིག་མིན། དེ་རྒྱ་གར་ནས་དར་བ་དང་། རྒྱ་ནག་ནའང་ཉམས་ལེན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་དེ་མན་ངག་ཡག་པོ་ཞིག་རེད།
ང་སྒེར་གྱིས་ངོས་ནས་མན་ངག་དེ་ལ་ཤིན་ཏུ་བརྩེ། དེ་འདྲ་སོང་ཙང་ཁྱེད་ཀྱིས་བློ་འཛིན་གནང་ཐུབ་ན་ལེགས། འོན་ཀྱང་བྱེད་མ་ཐུབ་ཚེ་པར་བཤུས་ཤིག་བཟུང་ནས་མཉམ་དུ་འཁྱེར་ནས་འགྲོ་དགོས། ཁྱེད་ཉིད་དགོན་པའི་འགྲམ་ལ་ཡོད་ཚེ་དེ་འདོན་དགོས། ཁྱེད་ཉིད་དགོན་པའི་ནང་ལ་བསྐོར་བ་བྱེད་པའི་སྐབས་ལ་འདོན་ཆོག ཁྱེད་ཉིད་ཀྱི་འགྲོ་ཕྱོགས་ལྟ་བཞིན་དུ་ཞལ་འདོན་གནང་ཆོག ཡང་མིན་ན་དགོན་པའི་མདུན་དང་། སྒྲོལ་མའི་མདུན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མདུན་ལ་འདོན་ན་འགྲིགས། དེ་རྗེས་ལ་བསྐོར་བ་བྱེད་ཆོག ཁྱེད་ཉིད་ཀྱིས་རང་ཉིད་ཀྱི་དམིགས་བསལ་བྱེད་ཕྱོགས་དེ་བདམ་ཆོག འོན་ཀྱང་རྩ་ཆེ་བ་དེ་ནི་གནང་རྒྱུ་དེ་རེད། ང་ཚོ་གནས་མཆོག་དེ་ལ་ཡོད་པ་སོང་ཙང་གལ་གནད་ཆེ་བ་གནད་དོན་དེ་རང་ཉིད་ཀྱི་ནུས་པ་ཅི་ཡོད་ཐོག་དུས་ཚོད་འཕྲོ་བརླག་མི་གཏོང་རྒྱུ་དེ་རེད། དེ་ནི་ང་ཚོའི་ལུས་པོ་གསོ་བའི་ཆེད་དུའང་ཕན་པ་ཡོད། ང་ཚོའི་མི་ཚེ་རིང་དུའང་གཏོང་ཐུབ། ང་ཚོའི་སེམས་ནང་གི་དཀའ་ངལ་ཡིན་ནའང་སེལ་ཐུབ། ང་ཚོའི་སེམས་ནང་ལ་དགེ་བའི་བློ་བསྐྱེད་དུ་ཆུག་ནས་ཆོས་ཉམས་ལེན་གྱི་གོམས་གཤིས་སྦྱར་ཐུབ་ངེས། དེ་ཚང་མ་ལ་ཕན་ཐོགས་ཆེ།
ངས་མི་ལ་དམིགས་སུ་བཀར་ནས་ཉམས་ལེན་གནང་རྒྱུ་ཅི་ཞིག་རེད་ཞུ་པ་ཡིན་ན། དེ་དག་ནི་སྐྱབས་འགྲོ་དང་། ཚད་མེད་བཞི། བློ་སྦྱོང་ཚིག་བརྒྱད་མ། ལྟུང་བཤགས་ལྷ་སོ་ལྔའི་མཚན་དང་སྨོན་ལམ་བཅས་རེད། ཁྱེད་བསྐོར་བའམ་ཕྱག་འཚལ་བྱེད་བཞིན་པའི་སྐབས་ལ་ཁྱེད་ཀྱིས་ལྟུང་བཤགས་ལྷ་སོ་ལྔའི་མཚན་དང་། ཤཱཀྱ་མུ་ནའི་མཚན་སྔགས། རྡོ་རྗེ་སེམས་དཔའི་སྔགས། རྡོ་རྗེ་རྣམ་འཇོམས། ཁྲོ་མོ་སྨེ་བརྩེགས་ཀྱི་སྔགས། འཇམ་དཔལ་དབྱངས་ནག་པོའི་སྔགས། སྒྲོལ་དཀར་གྱི་སྔགས་སོགས་སྡིག་བཤག་གི་ཐོག་ལ་ཕན་ནུས་ཆེན་པོ་ཡོད་མཁན་ཞིག་བཟུང་དགོས། མཐའ་མ་དེ་ལ་བདེན་པ་བཞིའི་ཐོག་ལ་བསམ་བློ་གཏོང་དགོས། ཁྱེད་ཀྱིས་བདེན་པ་བཞི་ཐོག་ལ་ཉམས་ཞིབ་གནང་དགོས།
ཁྱེད་ཀྱིས་བསྐོར་བ་དང་། ཕྱག་འཚལ་ཚར་བའི་རྗེས་ལ་སངས་རྒྱས་ཤཱཀྱ་མུ་ནི་མཆོག་ལ་སྐྱབས་སུ་འགྲོ་ན་འགྲིགས། ཁྱེད་ཀྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། སྨོན་ལམ་བརྒྱབ་པ། ཞི་བདེ། བདེ་སྐྱིད་སོགས་ཡོང་བར་སྨོན་དགོས། ཁྱེད་ཉིན་གཅིག་གྲོངས་པའི་དུས་ཚོད་ལ་དེ་ལྟར་བྱེད་བཞིན་འདས་པ་ཡིན་ན་ཤིན་ཏུ་བཟང་བའི་གནད་དོན་ཞིག་རེད། མི་རེ་བཟུང་གི་མཐའ་འཇུག་གི་བྱེད་ལས་དེ་ནི་ཨ་རག་འཐུང་རྒྱུ་དང་། ཕྱི་ལ་འགྲོ་ནས་སྤྲོ་སྐྱིད་གཏོང་བ། གཉེན་གྱི་ལག་བཟུང་བ། དེ་ལྟ་བུ་དོན་སྙིང་ཅན་གྱི་ལས་རྣམས་བྱེད་སྲིད། འོན་ཀྱང་ཕན་ནུས་ཅི་འདྲ་ཞིག་བྱུང་མིན་མི་ཤེས། མཐའ་འཇུག་དེ་ལ་ཁྱེད་ཀྱི་ལྟུང་བཤགས་ལྷ་སོ་ལྔའི་མན་ངག་འདོན་བཞིན་གྲོངས་ཐུབ་ན། ཁྱེད་དེ་རིང་དང་། སང་ཉིན་ག་དུས་ཤི་མིན་སུས་ཀྱང་མི་ཤེས། དེའི་གནད་དོན་གཙོ་བོ་དེ་ནི་ཁྱེད་ལ་འཆི་རྒྱུའི་གྲ་སྒྲིག་ཆེད་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། དེ་ནི་སྙིང་རྗེ་མོ་ཞིག་རེད། གལ་ཏེ་ཁྱེད་མི་གཅིག་ལ་བསམ་བློ་གཏོང་གི་ཡོད་ན། མི་གཅིག་ལ་སེམས་ཁྲལ་ཡོད་ན། ཁྱེད་བསྐོར་བ་འགྲོ་བའི་སྐབས་ལ་སྒྲོན་མེ་ཞིག་འབུལ་དགོས། རང་ཉིད་ཀྱི་དངུལ་འཕྲོ་བརླག་གཏོང་བ་ལས་བདེ་སྤྱོད་དེ་ལྟར་གཏོང་ན་ཡག སངས་རྒྱས་ལ་མཆོད་པ་འབུལ་བ་ཡིན་ན་འཕྲོ་བརླག་གཅིག་ཀྱང་འགྲོ་མེད། དེ་ནི་ཤིན་ཏུ་རྩ་ཆེན་པོ་རེད།
ངས་ཀེ་ཆ་རའི་ཤིང་ནགས་ཆོས་ཚོགས་ནང་ལ་ཆོས་ཉམས་ལེན་བྱེད་ན་བསམ། གོ་སྐབས་དེ་བདེ་སྤྱོད་གནང་དགོས། ང་ཚོས་ནུས་པ་མང་པོ་ཞིག་སྟོན་པ་རེད། དེ་ཙམ་མ་ཟད་ང་ཚོ་གནས་དེ་ལ་ཡོད་པ་སོང་ཙང་ཆོས་ཉམས་ལེན་བྱེད་རྒྱུ་དེ་ཤིན་ཏུ་རྩ་ཆེན་པོ་ཆག་ཡོད། ང་ཚོས་ནུས་ན་རང་ཉིད་ཀྱི་ཕྲུ་གུ་ཡིན་ནའང་ཉམས་དུ་ཁྲིད་ཡོང་ན་བཟང་། ཕྲུ་གུ་རྣམས་ཀྱིས་ཤེས་རྟོགས་མི་ཐུབ་ནའང་ཁོང་ཚོ་ཆན་པོ་ཆག་སྐབས་རང་ཉིད་ཀྱི་ཕ་མའམ་གྲོགས་པོ་ཡིས་གནང་བ་དེ་ལ་རྗེས་སུ་ཡི་རངས་བྱེད་ངེས། གནས་དེ་ལ་ཁྱེད་ཀྱི་གཅེས་སྐྱོང་སེམས་ཅན་དང་། ཕྲུ་གུ། རང་ཉིད་ཡོང་དགོས། རང་ནུས་ཅི་ཡོད་ཀྱིས་ཉམས་ལེན་བྱེད་པར་མ་བརྗེད་པར་གནང་དགོས། ཁྱེད་གནས་དེ་ལ་ཡོད་པ་ཙམ་གྱི་འགྲིགས་པ་ཞིག་རེད། བྱས་ཙང་གང་ཐུབ་དགེ་བའི་ལས་བྱེད་དགོས། ཁྱེད་རྡོ་རྗེ་གདན་དེ་གནས་ཡིད་དུ་འོང་བ་ཞིག་དང་། ཕན་ནུས་ཆེན་པོ་ཡོད་མཁན་ཞིག་ཡིན་ནའང་དེ་ལ་དགེ་བ་བསག་པའི་ཆེད་དུ་བསྐྱོད་ག་ལ་དགོས། ང་ཚོས་ཡུ་ཏཱ་ཤཱན་སོགས་ཀྱི་གནས་མཆོག་ལ་བསྐྱོད་མི་དགོས། རང་ཉིད་ཀྱི་གནས་དེ་ལ་བྱེད་ནའང་འགྲིགས་པ་ཞིག་རེད།
མི་ལ་རས་པའི་དགེ་ཕྲུག་རས་ཆུང་པ་ཡིས་ཉིན་གཅིག་མི་ལ་ལ་རང་ཉིད་རྒྱ་གར་ལ་འགྲོ་ནས་གནས་མཆོག་སངས་རྒྱས་ཀྱིས་འཁྲུངས་ཡུལ་དང་། སངས་རྒྱས་ཐོབ་གནས། ཆོས་གསུང་ཡུལ། མྱ་ངན་འདས་ཡུལ་བཅས་ལ་གནས་མཇལ་འགྲོ་བའི་ཆོག་མཆན་ཞུས་པ་རེད། དེའི་སྐབས་རྗེ་བཙུན་མི་ལས་བརྗོད་གསལ་ལ་གནས་མཆོག་ངོ་མ་དེ་ནི་ཁྱེད་ཀྱི་བླ་མ་ཡོད་ས་དེ་རེད། གནས་མཇལ་བཟང་ཤོས་དེ་ནི་ཕྱག་འཚལ་བའི་ཡུལ་དང་། གསོལ་འདེབས་ཕུལ་བའི་གནས། རང་ནུས་སྟོན་པའི་ཡུལ་དེ་རེད་ཞེས་བརྗོད་པ་རེད། གནས་སྟངས་དེ་མི་ཚང་མ་ལ་ཁྱབ་སྤེལ་མི་ཐུབ། གང་ལ་ཞེ་ན་མི་ཡོངས་རྫོགས་ལ་དམ་ཚིགས་དེ་ལྟ་བུ་ཞིག་མེད། དེ་འདྲ་སོང་ཙང་མི་ཚང་མ་རྡོ་རྗེ་གདན་ལ་འགྲོ་རྒྱུ་དེ་རྩ་ཆེན་པོ་ཆག་མི་སྲིད ཚང་མས་མཁྱེན་གསལ་ལྟར་མི་རེ་བཟུང་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་ལ་འགྲོ་རྒྱུ་དེ་རྩ་ཆེ་བ་ཡོད་སྲིད།
ང་ཚོས་གསུང་ཆོས་དེ་ཀེ་ཆ་རའི་ཆོས་ཚོགས་ཀྱི་མི་སྣ་ཡོད་དོ་ཅོག་ལ་ཁྱབ་སྤེལ་དང་། གོ་རྟོགས་ཡོང་བར་བཟོ་དགོས། ང་ཚོས་ཉམས་ལེན་དེ་མི་གཞན་ལ་བརྗེ་རེས་བྱེད་དགོས། གང་ལ་ཞེ་ན་ཉམས་ལེན་དེ་ང་ཚོས་ཀེ་ཆ་རའི་ཆོས་ཚོགས་ནང་ལ་བྱེད་རྒྱུ་དེ་རེད། སྲུང་མ་བསྟེན་གསོལ་ནི་ཁྱབ་ཆུང་རེད། འོན་ཀྱང་ཉམས་ལེན་དེ་ལྟ་བུ་ནི་ངས་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
དེ་ནི་ཀཱན་ཀོཀ་ཙམ་མ་ཟད་ང་ཚོ་ལའང་ཤིན་ཏུ་ཕན་ཐོགས་ཆེ། ཀཱན་ཀོཀ་མཆོག་གིས་རང་ཉིད་ལ་མཚན་སྔགས་ཅི་ལེགས་ཞེ་ན། རྡོ་རྗེ་ཤུགས་ལྡན་གླང་ཆེན་སྒང་ལ་བསྡད་པ་དེ་ནི་ཁོང་ཉིད་ལ་ཕན་ཐོགས་ཆེན་པོ་བྱུང་མི་འདུག འོན་ཀྱང་ཁོང་ཉིད་རྡོ་རྗེ་ཤུགས་ལྡན་ལ་དད་པ་ཆེན་པོ་ཡོད། དེ་འདྲ་སོང་ཙང་རྡོ་རྗེ་ཤུགས་ལྡན་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་རེད། རྗེ་བཙུན་འཇམ་དཔལ་དབྱངས་ནི་ཤིན་ཏུ་ནུས་པ་ཆེ་བའི་སྡིག་པ་བཤགས་ཡུལ་གྱི་སངས་རྒྱས་ཤིག་རེད། དེ་འདྲ་སོང་ཙང་ཁོང་ཉིད་ལ་ཉམས་ལེན་དེ་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་འདུག
ང་ཚོ་གཞན་རྣམས་ལ་ཁྱེད་ཀྱིས་ཤཱཀྱ་མུ་ནིའི་མཚན་སྔགས་དང་། དམིགས་བརྩེ་མ། སྒྲོལ་མའི་སྔགས། རྡོ་རྗེ་རྣམ་འཇོམས་ཀྱི་སྔགས། ཁྲོ་མོ་སྨེ་བརྩེགས་ཀྱི་སྔགས། སྒྲོལ་དཀར་གྱི་སྔགས། རྣམ་རྒྱལ་མའི་སྔགས། འོད་དཔག་མེད་ཀྱི་སྔགས་བཅས་འདོན་ན་འགྲིགས། སྔགས་ནི་རྩ་ཆེན་ཡིན། འོན་ཀྱང་དེ་ལས་གལ་གནད་ཆེ་བ་ནི་ཁྱེད་ཀྱིས་སྔགས་ཀྱི་ཕན་ནུས་ཤེས་པ་དང་། མུ་མཐུད་ནས་འདོན་པ། སྨོན་ལམ་སོགས་གནང་བ་དེ་རེད། ངས་རེ་བ་ལ་ཁྱེད་རྣམས་གང་མང་བསྐོར་བ་འགྲོ་བ་དང་། ང་ཚོའི་ནང་ཆུང་ཆུང་དེ་གང་ཐུབ་ཅི་ཐུབ་ཀྱི་ལེགས་ཤོས་དེ་བཟོ་པར་སྨོན།
ཁྱེད་ཀྱིས་མི་སུ་འདྲ་ཞིག་ལ་བར་ཆད་དང་། སྟབས་མི་བདེ་ཡོད་ཚེ་དེ་བརྗེ་སྤེལ་གནང་དགོས། སེམས་བཟང་པོའི་ངང་ནས་ཆོས་མི་གཞན་ལ་སྤེལ་རེས་གནང་དགོས། གལ་ཏེ་མི་གཞན་གྱིས་རང་ལ་མི་དགའ་བ་བྱེད་ནའང་དེ་ཁོང་ཚོའི་རང་གཅེས་འཛིན་གྱི་བློའི་རྒྱུ་མཚན་གྱི་རེད། ཕྱོགས་གཞན་ཞིག་ནས་ཁྱེད་རང་ཡིན་ནའང་མི་དགའ་བྱེད་དོན་ནི་རང་གཅེས་འཛིན་གྱི་རྒྱུ་མཚན་གྱི་རེད། མི་སུ་འདྲ་ཞིག་ཀྱང་སྐྱོན་མེད་མིན། མི་སུ་འདྲ་ཞིག་ལའང་ནོར་འཁྲུལ་མེད་པ་མེད། དེ་དག་ཚང་མ་གཅིག་མཚུངས་རེད།
ཁམས་བཟང་། དགོང་མོ་བདེ་ལེགས།
ལྟུང་བཤགས་ལྷ་སོ་ལྔ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་གིས་ལྟུང་བཤགས་ལྷ་སོ་ལྔའི་མཚན་སྔགས་ཀྱི་ནུས་པ་ཤིན་ཏུ་ཆེན་པོ་ཡོད་པ་གསུངས་ཡོད། འདས་ཟིན་པའི་དུས་ཚོད་ནང་ལ་ལྟུང་བཤགས་ལྷ་སོ་ལྔ་རྣམས་ནི་བྱང་ཆུབ་སེམས་ཤུགས་ཆེན་པོ་ཡོད་པར་འདོད། ཁོང་རྣམས་ཀྱིས་འགྲོ་བའི་དོན་དུ་སྨོན་ལམ་མང་པོ་འདེབས་ཡོད། དེའི་རྐྱེན་པས་ང་ཚོས་ལས་ངན་རྣམས་ལས་སླ་པོའི་ཐོག་ནས་སྡིག་པ་དག་གི་ཡོད་པ་རེད།
ཁོང་རྣམས་ཀྱིས་རྣམ་མཁྱེན་གོ་འཕང་ཐོབ་ཟིན་པས་སངས་རྒྱས་ཀྱི་ཁྱད་ཆོས་སམ་ནུས་པ་བཅུ་བྱུང་གི་ཡོད། དེ་དག་ལས་གཅིག་ནི་གཞན་དོན་གྱི་སྨོན་ལམ་སྒྲུབ་པས་ཡིན། དེ་ཡིས་ཁོང་རྣམས་ཀྱི་མཚན་ཞལ་འདོན་བྱེད་པ་ལ་བརྟེན་ནས་ནུས་པ་ཤིན་ཏུ་ཆེ། ཁོང་རྣམས་ཀྱི་མཚན་ཞལ་འདོན་གནང་བའི་སྐབས་ལ་རང་ཉིད་ཀྱི་མི་དགེ་བའི་ལས་མང་པོ་ཞིག་དག་འགྲོ་ཡི་ཡོད།
གཤམ་ལ་ལྟུང་བཤགས་ལྷ་སོ་ལྔའི་མཚན་དང་། པར་རིས་ལྷན་སོ་སོའི་འགྲེལ་བཤད་དང་ཕན་ཡོན་མདོར་བསྡུས།
༡ ༽ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ།
༡ ༽ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ།
བོད་ཡིག : ཤཱཀྱ་ཐུབ་པ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེ་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན། སྒོམ་བརྒྱབ་པའི་ལུས་བཟོ་ཐོག་བཞུགས་ཡོད་པ་དང་། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་སྟེང་ལྷུང་བཟེད་བསྣམས་པ། ཁོང་ཉིད་ཀྱི་མཚན་ལ་འཇིགས་སྣང་གདའ་བ་ཞིག་དང་། ཆེ་མཐོང་ཡོད་པ་ཞིག་གཉིས་འབོད་ཚུལ་ཡོད། ཁོང་ཉིད་ཀྱི་ཁྱད་ཆོས་རྣམས་ནི་ཁོང་ཉིད་ཀྱི་སངས་རྒྱས་རང་བཞིན་གྱི་ཁྱད་ཆོས་ལས་བྱུང་བ་ཞིག་རེད།
སྡིག་བཤག : བསྐལ་པ་ཁྲི་ཕྲག་བཅུ་གཅིག་གི་ལས་ངན་གྱི་སྡིག་སྒྲིབ་འདག་གོ།
༢ ༽ དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ།
༢ ༽ དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ།
བོད་ཡིག : རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་གི་སྐུ་མདོག་སྔོན་པོ། ཕྱག་གཉིས་ཀྱིས་གསེར་གྱི་རྡོ་རྗེ་བཟུང་ནས་ཡོད། རྡོ་རྗེ་ཡིས་རང་ཉིད་ཀྱི་ཡ་མཚན་ཅན་གྱི་རང་བཞིན་མངོན་པ་དང་། རྟོགས་དཀའ་བའི་རྣམ་དཔྱོད་ཀྱང་མཚོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ཐོག་ལ་གནས་མཁའ་དབྱིངས་ཀྱི་རིན་ཆེན་ཞེས་པ་ན་གནས་ཡོད།
སྡིག་བཤགས། : ཉོན་མོངས་པའི་བློ་དང་། བསྐལ་བ་ཁྲི་ཕྲག་བཅུ་གཅིག་གི་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་དག
༣ ༽ དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ།
༣ ༽ དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ།
བོད་ཡིག : རིན་ཆེན་འོད་འཕྲོ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ། ཕྱག་གཡས་ལ་གསེར་གྱི་རྡོ་རྗེ་དང་། གཡོན་ན་ཉི་མ་བསྣམས་ནས་ཡོད། ཉི་མས་རྩ་ཆེན་ཡིན་པའི་རང་ཉིད་ཀྱི་ཁྱད་ཆོས་དང་། མཁྱེན་རྒྱ་མཚོན་གྱི་ཡོད། གཏི་མུག་གི་མུན་ནག་བཅོམ་པའི་སྒྲོན་མེ་ལྟ་བུ་རེད་ཞེས་ནའང་འགྲིགས། འོད་འཕྲོ་བའི་སྒྲོན་མེ་ཡིས་འགྲོ་བའི་མི་ཤེས་པའི་སྒྲིབ་པ་སེལ་བའི་ནུས་པ་ཡོད་པ་མངོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ཤར་ཕྱོགས་ལ་གནས་རིན་ཆེན་གྱི་སྒང་ཞེས་པ་ན་ཡོད།
སྡིག་བཤག : བསྐལ་པ་ཉི་ཁྲི་ལྔ་སྟོང་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༤ ༽ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ།
༤ ༽ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ།
བོད་ཡིག : ཀླུ་དབང་གི་རྒྱལ་པོ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ཁོང་གི་སྐུ་མདོག་སྔོན་པོ། ཕྱག་གཡས་ལ་ཀླུ་ཤིང་དང་། གཡོན་ན་སྦྲུལ་ཞགས་སྔོན་པོ་ཞིག་བཟུང་ནས་ཡོད། ཀླུ་ཡིས་ཐུགས་ཀྱི་མཁྱེན་པ་དང་། ཀླུ་ལྟ་བུའི་རྒྱུད་ཀྱི་ཉོན་མོངས་ཀྱི་བློ་ཡོད་ཚད་བཅོམ་པའི་ནུས་པ་ཡོད་པ་མཚོན་གྱི་ཡོད། ཁོང་ཉིད་ནི་ཕུལ་དུ་བྱུང་བའི་སངས་རྒྱས་ཤིག་དང་། སེམས་ནང་ལ་མི་དགེ་བའི་བློ་གཅིག་ཀྱང་མེད་པ་རེད། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ཤར་ལྷོ་ཕྱོགས་ཀྱི་གནས་ཀླུ་ཡི་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : བསྐལ་པ་བརྒྱད་ཀྱི་ནང་ལ་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༥ ༽ དེ་བཞིན་གཤེགས་པ་དཔའ་བོའི་སྡེ།
༥ ༽ དེ་བཞིན་གཤེགས་པ་དཔའ་བོའི་སྡེ།
བོད་ཡིག : དཔའ་བོའི་སྡེ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སེར་པོ། ཕྱག་གཡས་ལ་པོ་ཏི་དང་། གཡོན་ལ་རལ་གྲི་བཟུང་ནས་ཡོད། དཔའ་བོ་ཞེས་པ་ཡིས་ཐུགས་ཀྱི་མཁྱེན་པ་དང་། འཁོར་བའི་བར་ཆད། རྙོག་འཛིང་ཡོད་དོ་ཅོག་ལས་རྣམ་པར་རྒྱལ་བར་མཚོན། དབུ་ཁྲིད་ཞེས་པ་དེ་ཡིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོད་པ་མངོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ཤར་ཕྱོགས་ཀྱི་གནས་དཔའ་བོའི་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : ངག་གི་སྒོ་ནས་བསགས་པའི་མི་དགེ་བའི་སྡིག་སྒྲིབ་དག་པར་གསུངས།
༦ ༽ དེ་བཞིན་གཤེགས་པ་དཔལ་དགྱེས།
༦ ༽ དེ་བཞིན་གཤེགས་པ་དཔལ་དགྱེས།
བོད་ཡིག : དཔལ་དགྱེས།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་སེར། ཕྱག་གཡས་ལ་ཉི་མ་དང་། གཡོན་ན་མེ་ཏོག་པདྨ་དམར་པོ་ཞིག་བསྣམས་ཡོད། བདེ་སྐྱིད་ཞེས་པའི་མིང་གི་ནང་ལ་ཡོད་པ་དེ་ཡིས་འགྲོ་བ་རྣམས་ལ་བྱམས་སྙིང་རྗེ་མཚོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ལྷོ་ནུབ་ཕྱོགས་ཀྱི་གནས་དགའ་བ་དང་ལྡན་པའི་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : ཡིད་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་ཀྱི་སྡིག་སྒྲིབ་འདག
༧ ༽ དེ་བཞིན་གཤེགས་པ་རིན་ཆེན་མེ།
༧ ༽ དེ་བཞིན་གཤེགས་པ་རིན་ཆེན་མེ།
བོད་ཡིག : རིན་ཆེན་མེ།
གཙོ་འཁོར། : མི་བསྐྱོད་རྡོ་རྗེའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་པོ། ཕྱག་གཡས་ལ་རིན་ཆེན་ནོར་བུ་དང་། གཡོན་ན་མེའི་དཀྱིལ་ཞིག་བཟུང་ནས་ཡོད། རིན་ཆེན་ཞེས་པའི་ཚིག་གིས་ཐུགས་ཀྱི་མཁྱེན་པ་དང་། ཉོན་མོངས་པའི་བློ་མེད་པ་མཚོན། ཁོང་ཉིད་ཀྱི་ཁྱད་ཆོས་ཕུལ་དུ་བྱུང་བ་རྣམས་ནི་སྒོམ་སྒྲུབ་དང་། དགེ་བའི་བློ་ཉམས་ལེན་བྱེད་པའི་རྐྱེན་གྱི་བྱུང་བ་ཞིག་རེད། མེ་ཞེས་པ་དེ་ཡིས་འགྲོ་བ་རྣམས་ལ་རང་ཉིད་ཀྱི་བློ་གྲོས་ཀྱི་སྟོབས་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་བྱེད་ཐུབ་ཀྱི་ཡོད་པ་མངོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ནུབ་ཕྱོགས་ཀྱི་གནས་འདོ་འཕྲོ་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : དགེ་འདུན་གྱི་དཀོར་ལ་འབགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག
༨ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད།
༨ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད།
བོད་ཡིག : རིན་ཆེན་ཟླ་འོད།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ། ཕྱག་གཡས་ལ་རིན་པོ་ཆེ་དང་། གཡོན་ན་ཟླ་བ་ཞིག་བཟུང་ནས་ཡོད། ཁོང་ཉིད་ཀྱི་མཚན་གྱིས་ཐུགས་ཀྱི་མཁྱེན་པ་དང་། མི་དགེ་བའི་བློ་མེད་པའང་མཚོན། ཟླ་བ་ཞེས་པ་དེ་ཡིས་ཁོང་ཉིད་ཀྱི་ཐུགས་གང་བ་དང་། འོད་ཟེར། གཟི་བརྗིད་ལྡན་པ་ཞིག་ཡིན་པ་མངོན། སྒྲོན་མེ་ཡིས་ཉོན་མོངས་བཅོམ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཁྲིད་པར་མཛད། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ནུབ་བྱང་ཕྱོགས་ཀྱི་གནས་རྩེ་ཕུད་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : བསྐལ་པ་གཅིག་གི་ནང་ལ་བསགས་པའི་འཕགས་པ་ལ་སྐུར་བ་བཏབ་པའི་ལས་ངན་གྱི་སྡིག་སྒྲིབ་འདག
༩ ༽ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད།
༩ ༽ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད།
བོད་ཡིག : མཐོང་བ་དོན་ཡོད།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་ལྗང་ཁུ་དང་། ཕྱག་གཉིས་ཀྱིས་སངས་རྒྱས་ཀྱི་སྤྱན་གཉིས་བསྣམས་ནས་ཡོད། ཁོང་ཉིད་ཀྱི་མཁྱེན་རྒྱ་ཡངས་ཞིང་། སྤྱན་གྱིས་ཤེས་རབ་རྣོན་པོ་ཡོད་པ་མཚོན། དེ་ཙམ་མ་ཟད་འགྲོ་བའི་ལས་འབྲས་དང་། བདེན་པ་ལ་སྙིང་རྗེ་ཆེན་པོ་ཡོད་པ་མངོན། ཁོང་བྱང་ཕྱོགས་ཀྱི་གནས་རྔ་སྒྲ་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤག : རང་ཉིད་ལས་ཆེ་བ་ལ་མ་གུས་པ་སོགས་བསྐལ་པ་གཉིས་ཀྱི་སྡིག་སྒྲིབ་འདག
༡༠ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ།
༡༠ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ།
བོད་ཡིག : རིན་ཆེན་ཟླ་བ།
ནང་མི། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ནང་མི།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་ལྗང་། ཕྱག་གཡས་ན་རིན་ཆེན་ནོར་བུ། གཡོན་ན་ཟླ་བ་སོགས་བཟུང་ཡོད། ནོར་བུ་ཡི་དོན་ནི་ཁོང་ཉིད་ཀྱི་མཁྱེན་པའི་ནུས་པ་མཚོན་པ་དང་། བར་ཆད་དང་བྲལ་བ་ཡིན་པའང་མངོན། ཟླ་བས་ཁོང་ཉིད་ཀྱི་རྒྱ་ཆེ་བའི་སྙིང་རྗེ་མཚོན། ཁོང་ཉིད་འཛམ་གླིང་གི་བྱང་ཤར་གྱི་ཕྱོགས་གྱི་གནས་འོད་གླིང་ལ་སྟོན་ནས་བཞུགས་ཡོད།
སྡིག་བཤག : རང་ཉིད་ཀྱི་མ་བསད་པའི་སྡིག་སྒྲིབ་འདག་པར་གསུངས།
༡༡ ༽ དེ་བཞིན་གཤེགས་པ་དྲི་མ་མེད་པ།
༡༡ ༽ དེ་བཞིན་གཤེགས་པ་དྲི་མ་མེད་པ།
བོད་ཡིག : དྲི་མ་མེད་པ།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། ཁོང་སྐུ་དུད་ཁ་ཡིན་པ་དང་། ཕྱག་གཉིས་ཀྱིས་དྭངས་གསལ་དྲི་མེད་ཀྱི་མེ་ལོང་བཟུང་ཡོད། མེ་ལོང་གིས་ཁོང་ཉིད་ཀྱི་ཐུགས་ཀྱི་མཁྱེན་པ་མཚོན་གྱི་ཡོད། དེ་བཞིན་བར་ཆད་བྱུང་གི་མེད་པའང་མཚོན། ཁོང་ཉིད་ཀྱིས་འགྲོ་བའི་ལས་འབྲས་སྡིག་བཤག་མཛད་པ་ལ་བརྟེན་དྭངས་ལྕགས་ལྷད་མེད་ཀྱི་གནས་ཤིག་ཐོབ་ཏུ་ཆུག ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནིའི་འོག་ལ་ཐལ་མེད་ཀྱི་ཞིང་ཁམས་ཞེས་པ་ན་གནས་ཡོད།
སྡིག་བཤག : རང་ཉིད་ཀྱི་ཕ་བསད་པའི་སྡིག་སྒྲིབ་དག་པར་གསུངས།
༡༢ ༽ དེ་བཞིན་གཤེགས་པ་དཔལ་བྱིན།
༡༢ ༽ དེ་བཞིན་གཤེགས་པ་དཔལ་བྱིན།
བོད་ཡིག : དཔལ་བྱིན།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ་ཡིན། ཕྱག་གཉིས་ཀྱིས་དཔལ་འབྲས་ཀྱི་སྡོང་པོ་ཡལ་ག་དང་། ལོ་མ། ཤིང་འབྲས་སོགས་བཟུང་ཡོད། དཔལ་ཞེས་པའི་མཚན་ཐོབ་དོན་ནི་སྤྱི་བཏང་མིན་པའི་མཁྱེན་པ་མཚོན་གྱི་ཡོད། ཁོང་ཉིད་ཀྱིས་འགྲོ་བ་རྣམས་ལ་དགེ་བའི་ལས་བསག་ཏུ་ཆུག་པ་དང་། བདེ་སྐྱིད་སྦྱིན་གྱི་ཡོད། དེ་ཙམ་མ་ཟད་ཁོང་ཉིད་ནི་བདེ་སྐྱིད་སྦྱིན་མཁན་ཞིག་དང་། འགྲོ་བའི་སྨོན་འདེབས་སྒྲུབ་མཁན་ཞིག་ཀྱང་རེད། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་གོང་ལ་དཔལ་ཡོན་གྱི་གནས་ན་ཡོད།
སྡིག་བཤག : དགྲ་བཅོམ་པའི་བསད་པའི་སྡིག་སྒྲིབ་འདག་པར་གསུངས།
༡༣ ༽ དེ་བཞིན་གཤེགས་པ་ཚངས་པ།
༡༣ ༽ དེ་བཞིན་གཤེགས་པ་ཚངས་པ།
བོད་ཡིག : ཚངས་པ།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་སེར། ཕྱག་གཉིས་ཀྱིས་མེ་ཏོག་པདྨ་བསྣམས་ནས་ཡོད། ཁོང་གི་ལྷད་མེད་དྭངས་གཙང་གི་མཁྱེན་པ་ལ་གནོད་པ་ཕྲ་མོའང་བྱུང་གི་མེད་པ་མཚོན། ཁོང་ཉིད་ཤར་ཕྱོགས་སུ་བར་ཆད་མེད་པའི་ཞིང་ཁམས་ན་འཁོར་ནས་ཡོད།
སྡིག་བཤག : སྐྱེ་འཆི་ཡི་ལས་ངན་དང་། སངས་རྒྱས་པ་ལ་བར་དུ་གཅོད་པ་དགེ་འདུན་གྱི་དབྱེན་བྱེད་པའི་ལས་ཀྱི་སྡིག་སྒྲིབ་དག་པར་བྱེད།
༡༤ ༽ དེ་བཞིན་གཤེགས་པ་ཚངས་པས་བྱིན།
༡༤ ༽ དེ་བཞིན་གཤེགས་པ་ཚངས་པས་བྱིན།
བོད་ཡིག : ཚངས་པས་བྱིན།
གཙོ་འཁོར། : དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་འཁོར།
འགྲེལ་བརྗོད། : ཁོངདཀར་པོ་དང་། ཕྱག་གཡས་ལ་ཟླ་བ་དང་། གཡོན་ན་མེ་ཏོག་པདྨ་བཟུང་ཡོད། ཁོང་ཉིད་ཀྱི་མཚན་གྱིས་རིན་ཐང་ཆེ་བའི་བློ་གྲོས་མཚོན་གྱི་ཡོད། འགྲོ་བའི་ལས་ངན་སྡིག་བཤག་བྱེད་པ་ཙམ་མ་ཡིན་པར་གཞན་ལ་བདེ་སྐྱིད་སྦྱིན་པའི་ནུས་པའང་ཡོད། སྡུག་བསྔལ་དང་བྲལ་བའི་ཞིང་ཁམས་ན་ཁོང་ཉིད་གནས་ཡོད།
སྡིག་བཤག : དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་བསྐལ་བ་གྲངས་མེད་ཀྱི་ལས་ངན་གྱི་སྡིག་སྒྲིབ་འདག་པ།
༡༥ ༽ དེ་བཞིན་གཤེགས་པ་ཆུ་ལྷ།
༡༥ ༽ དེ་བཞིན་གཤེགས་པ་ཆུ་ལྷ།
བོད་ཡིག : ཆུ་ལྷ།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སྔོན་པོ་ཡིན་པ་དང་། ཕྱག་གཡས་ལ་ཆུའི་དཀྱིལ་འཁོར་དང་། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྐུ་ལུས་ཆོས་ལ་གུས་ཞབས་བྱེད་བཞིན་པའི་རྣམ་པའི་ཐོག་བཞུགས་ཡོད། ཆུ་ཡིས་ཁོང་ཉིད་ཀྱི་མཁྱེན་པ་མཚོན་གྱི་ཡོད། དེ་ནི་དྭངས་གཙང་དང་། བར་ཆད་བྱུང་གི་མེད་པ་མཚོན་གྱི་ཡོད། ལྷད་མེད་པའི་ཆུ་ཡིས་ཁོང་ཉིད་ལ་འགྲོ་བའི་ལམ་བུ་འདྲ་མིན་ཡོད་ནའང་ཆོས་ཕྱོགས་ཀྱི་ལམ་ལ་འཁྲིད་ཐུབ་པའི་ནུས་པ་ཡོད་པ་མཚོན། སྲུང་མ་ཞེས་པའི་ཁོང་ཉིད་ཀྱི་མཚན་ལ་ཡོད་པ་ནི་བསྐལ་བ་མང་པོ་གཞན་དོན་ཆེད་དུ་ཡང་སྲིད་ཡོང་གི་ཡོད་པ་མངོན། ཁོང་ཉིད་ལྷོ་ཕྱོགས་ཀྱི་གནས་དྭངས་གཙང་ཞིང་ཁམས་ཞེས་པ་དེ་ལ་གནས་ཡོད།
སྡིག་བཤག : བཙུན་མ་དང་། དགྲ་བཅོམ་མ་ལ་སུན་འབྱིན་པའམ་བཙན་གཡེམ་བཏང་བའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༡༦ ༽ དེ་བཞིན་གཤེགས་པ་ཆུ་ལྷ་ཡི་ལྷ།
༡༦ ༽ དེ་བཞིན་གཤེགས་པ་ཆུ་ལྷ་ཡི་ལྷ།
བོད་ཡིག: ཆུ་ལྷའི་ལྷ།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ་རེད། ཕྱག་གཡས་ལ་འཁོར་ལོ་དང་། གཡོན་ན་མེ་ལོང་བསྣམས་ཡོད། སྔོན་གྱི་སངས་རྒྱས་བཞིན་ཆུ་ཡིས་ཁོང་ཉིད་ཀྱི་མཁྱེན་པ་དྭངས་གཙང་ལྷད་མེད་མཚོན་གྱི་ཡོད། དེ་བཞིན་ཡང་སྲིད་གཞན་ཕན་གྱི་ཆེད་དུ་བླང་གི་ཡོད་པའང་མངོན་གྱི་ཡོད། ཁོང་ཉིད་ལྷོ་ནུབ་ཁུལ་གྱི་ཞིང་ཁམས་དྭངས་གཙང་འོད་སྣང་ཞེས་པ་ན་གནས་ཡོད།
སྡིག་བཤག : བྱང་ཆུབ་སེམས་པ་བསད་པའི་ལས་ངན་གྱི་སྡིག་སྒྲིབ་འདག
༡༧ ༽ དེ་བཞིན་དཔལ་བཟང་པོ།
༡༧ ༽ དེ་བཞིན་དཔལ་བཟང་པོ།
བོད་ཡིག : དཔལ་བཟང་།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་པོ། ཕྱག་གཡས་ལ་མེ་ཏོག་པདྨ་དང་། གཡོན་ན་དཔག་བསམ་གྱི་ཤིང་བསྣམས་པ། མཚན་ནང་ལ་གཟི་བརྗིད་ཅན་ཞེས་པ་དེ་ཡིས་འགྲོ་བའི་དོན་དུ་ལྷད་མེད་པའི་བློ་ཡོད་པ་མཚོན། ཕུལ་དུ་བྱུང་བའི་དྭངས་གཙང་གི་མཁྱེན་པ་མཚོན་གྱི་ཡོད། ཁོང་ནུབ་ཕྱོགས་ཀྱི་ཡུལ་བདེ་ཞིང་ཞེས་པ་ན་གནས་ཡོད།
སྡིག་བཤག : འཕགས་པ་དང་སློབ་དཔོན་བསད་པའི་སྡིག་སྒྲིབ་འདག འགྲོ་བ་རྣམས་སངས་རྒྱས་ཀྱི་ས་ལ་འཁྲིད་ཀྱི་ཡོད།
༡༨ ༽ དེ་བཞིན་གཤེགས་པ་ཙནྡན་དཔལ།
༡༨ ༽ དེ་བཞིན་གཤེགས་པ་ཙནྡན་དཔལ།
བོད་ཡིག : བཙན་དན་དཔལ།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་སེར། ཕྱག་གཡས་ལ་ཙན་དན་གྱི་སྡོང་པོ་དང་། གཡོན་ན་དཔལ་འབྲས་བསྣམས་པ། ཙན་དན་གྱིས་ཁོང་ཉིད་ཀྱི་ཞི་འཇམ་རང་བཞིན་ཅན་མཚོན་ཞིང་ཞེ་སྡང་དང་། གཏི་མུག་ལས་རྣམ་པར་རྒྱལ་བའང་མཚོན། ཙན་དན་དྲི་མས་ཕྱོགས་ཡོངས་སུ་ཁྱབ་པ་དང་། འགྲོ་བ་རྣམས་རྣམ་མཁྱེན་གྱི་གནས་སུ་གཏོང་བར་མཚོན། ཁོང་ཉིད་བྱང་ནུབ་ཀྱི་གནས་དྲི་ཞིམ་གྱི་ཞིང་ཁམས་ན་གནས་ཡོད།
སྡིག་བཤག : དགེ་འདུན་གྱི་ཞལ་སྒོར་འདུ་བ་འཕྲོག་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༡༩ ༽ དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས།
༡༩ ༽ དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས།
བོད་ཡིག : གཟི་བརྗིད་མཐའ་ཡས།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་ལྗང་། ཕྱག་གཉིས་ཀྱིས་ཉི་མ་བསྣམས་པ། མཚར་སྡུག་ཅེས་པའི་མིང་གིས་ཐུགས་ཀྱི་བློ་གྲོས་མཚོན་གྱི་ཡོད། ཁོང་ལ་འགྲོ་བ་རྣམས་དྭངས་གཙང་གི་གནས་ལ་འཁྱེར་བའི་ནུས་པ་ཡོད། རྫོགས་ཐབས་མེད་པ་ཞེས་པ་དེ་ཡིས་ཁོང་ཉིད་ཀྱི་འགྲོ་བ་བ་རྣམས་ལ་ཐར་པའི་ལམ་སྟོན་པའི་ནུས་པ་ཡོད་པ་མཚོན། ཁོང་ཉིད་ནུབ་ཕྱོགས་ཀྱི་ཞིང་ཁམས་མཚར་སྡུག་གི་རང་བཞིན་ཞེས་པ་ན་གནས་ཡོད།
སྡིག་བཤག : མཆོད་རྟེན་བཤིག་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༢༠ ༽ དེ་བཞིན་གཤེགས་པ་འོད་དཔལ།
༢༠ ༽ དེ་བཞིན་གཤེགས་པ་འོད་དཔལ།
བོད་ཡིག : འོད་དཔལ།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ་རེད། ཕྱག་གཉིས་ཀྱིས་འོད་དཀར་པོའི་དཀྱིལ་འཁོར་བསྣམས་ཡོད། འོད་དཀྱིལ་གྱིས་ཉི་མ་ལྟ་བུའི་ཁོང་ཉིད་ཀྱི་མཁྱེན་པ་མཚོན་གྱི་ཡོད། ཐར་པའི་གོ་འཕང་དང་དྲི་མེད་སྐྱེས་བུའང་མཚོན། བརྗིད་ཉམས་ཞེས་པ་དེ་ཡིས་ཕུན་སུམ་ཚོགས་པ་དང་། ལྷད་མེད་པའི་ཁྱད་ཆོས་རྣམས་མངོན། ཁོང་ཉིད་བྱང་ཤར་ཁུལ་གྱི་གནས་དོན་སྙིང་ཅན་ཞེས་པ་ན་གནས་ཡོད།
སྡིག་བཤག : ཞེ་སྡང་གིས་ཀུན་ནས་བསླངས་པས་ལས་ངན་གྱི་སྡིག་སྒྲིབ་དག་པར་བྱེད།
༢༡ ༽ དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ།
༢༡ ༽ དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ།
བོད་ཡིག : མྱ་ངན་མེད་པའི་དཔལ།
གཙོ་འཁོར།: རིན་ཆེན་འབྱུང་གནས་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སྔོན་སྐྱ། ཕྱག་གཉིས་ཀྱིས་མྱ་ངན་མེད་ཀྱི་ཤིང་གི་སྡོང་པོ་བསྣམས་པ། སྡུག་བསྔལ་མེད་པ་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་མཁྱེན་པ་མཚོན་གྱི་ཡོད། འཁོར་བའི་དྲི་མ་དང་རྒྱལ་བ་མཚོན། དེ་ཙམ་མ་ཟད་འགྲོ་བ་རྣམས་ལ་ཐར་པའི་གོ་འཕང་སྟོན་པའི་ནུས་པ་ཡོད་པ་མཚོན། བརྗིད་ཉམས་ཞེས་པ་དེ་ཡིས་ལྷད་མེད་པའི་ཁྱད་ཆོས་རྣམས་མངོན། ཁོང་ཉིད་དྭངས་གཙང་ཁུལ་གྱི་འོག་ལ་གནས་བར་མེད་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ངན་གྱི་སྡིག་སྒྲིབ་དག་པར་བྱེད།
༢༢ ༽ དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ།
༢༢ ༽ དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ།
བོད་ཡིག : སྲེད་མེད་ཀྱི་བུ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨའི་གཙོ་འཁོར།
འགྲེལ་བརྗོད།: ཁོང་སྐུ་མདོག་སྔོན་པོ། ཕྱག་གཡས་ན་རིའི་རྒྱལ་པོ་རི་རབ་དང་། གཡོན་ན་མེ་ཏོག་པདྨ་བཟུང་ནས་ཡོད། འདོད་ཆགས་མེད་པ་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་མཁྱེན་པ་མཚོན་པ་དང་། ཉོན་མོངས་ཀྱི་སེམས་དང་བྲལ་བའང་མཚོན། དེ་ཙམ་མ་ཟད་འགྲོ་བ་རྣམས་འཁོར་བ་ལས་ཐར་པ་སྟོན་ཐུབ་པའི་ནུས་པ་ཡོད་པ་སྣང་། གཅེས་ཕྲུག་ཞེས་པ་དེ་ཡིས་ཁོང་ཉིད་ཀྱི་དྭངས་གཙང་སེམས་པ་དང་། བྱམས་པ། བརྩེ་བ་སོགས་མཚོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་གོང་གི་གནས་འདོད་ཆགས་དང་བྲལ་བའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : བསྐལ་བ་ཁྲི་ལ་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༢༣ ༽ དེ་བཞིན་གཤེགས་པ་མེ་ཏོག་དཔལ།
༢༣ ༽ དེ་བཞིན་གཤེགས་པ་མེ་ཏོག་དཔལ།
བོད་ཡིག : མེ་ཏོག་དཔལ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨ་ཡི་གཙོ་འཁོར།
འགྲེལ་བརྗོད།: ཁོང་སྐུ་མདོག་སེར་པོ། ཕྱག་གཡས་ལ་མེ་ཏོག་སེར་པོ་དང་། གཡོན་ན་ཤིང་ཐོག་དཔལ་འབྲས་བསྣམས་ནས་ཡོད། མེ་ཏོག་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་མེ་ཏོག་ལྟ་བུའི་མཁྱེན་པ་མཚོན་པ་དང་། འགྲོ་བའི་ཉོན་མོངས་ཀྱི་སེམས་དང་བྲལ་བའང་མཚོན། བརྗིད་ཉམས་ཞེས་པ་དེ་ཡིས་འགྲོ་བ་རྣམས་ལ་ཆེས་རྩ་ཆེན་གྱི་མཁྱེན་པ་སྐྲུན་ཐུབ་པ་མཚོན། ཁོང་ཉིད་འཛམ་གླིང་གི་གནས་ཤར་ཕྱོགས་མེ་ཏོག་འཕེལ་བའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : བསྐལ་པ་འབུམ་དུ་བསགས་པའི་ལས་ངན་གྱི་སྡིག་སགྲིབ་འདག་པར་གསུངས།
༢༤ ༽ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
༢༤ ༽ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
བོད་ཡིག : དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨ་ཡི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ། ཕྱག་གཡས་ལ་མེ་ཏོག་པདྨ་དང་། གཡོན་ན་འོད་ཀྱི་ཕུང་པོ་བསྣམས་ནས་ཡོད། དེ་བཞིན་གཤེགས་པ་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་སངས་རྒྱས་ལྟ་བུའི་མཁྱེན་པ་མཚོན་པ་དང་། དྭངས་གཙང་གིས་དྲི་མ་མེད་པའི་འོད་ཟེར་མཚོན། བདེ་སྐྱིད་ཞེས་པ་དེ་ཡིས་ནུས་པ་ཆེ་བའི་སེམས་ཅན་མཚོན། ཁོང་ཉིད་འཛམ་གླིང་གི་ཤར་ལྷོ་ཕྱོགས་ཀྱི་མེ་ཏོག་འཕེལ་བའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : བསྐལ་བ་སྟོང་དུ་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༢༥ ༽ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
༢༥ ༽ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
བོད་ཡིག : དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་ཉིད་ཀྱི་སྐུ་མདོག་དམར་པོ། ཕྱག་གཡས་ལ་མེ་ཏོག་པདྨ་དང་། གཡོན་ཉི་མའི་ཕྱག་རྒྱ་ཅན། མེ་ཏོག་པདྨ་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་མེ་ཏོག་ལྟ་བུའི་མཁྱེན་པ་མཚོན་པ་དང་། འཁོར་བ་པའི་སྐྱོན་དང་བྲལ་བ་མཚོན། དྭངས་གཙང་ཤེས་རྒྱ་ནི་སྒྲོན་མེའི་འོད་ཟེར་ལས་བྱུང་བ་རེད་ཞེས་པ་དེ་ཡིས་ཁོང་ཉིད་ཀྱི་སངས་རྒྱས་ཀྱི་ཁྱད་ཆོས་རྣམས་མངོན། ཁོང་ཉིད་འཛམ་གླིང་གི་ལྷོ་ཕྱོགས་ཀྱི་མེ་ཏོག་པདྨ་འཕེལ་བའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : བསྐལ་བ་བདུན་གྱི་ནང་ལ་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༢༦ ༽ དེ་བཞིན་གཤེགས་པ་ནོར་དཔལ།
༢༦ ༽ དེ་བཞིན་གཤེགས་པ་ནོར་དཔལ།
བོད་ཡིག : ནོར་དཔལ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཕྱག་གཉིས་ཀྱིས་ནོར་བུ་བསྣམས་ནས་ཡོད། རིན་པོ་ཆེ་ཡིས་མཁྱེན་པ་མཚོན་པ་དང་། ཉམས་རྒྱུད་མེད་པའི་ཁྱད་ཆོས་བཟང་པོ་རྣམས་མཚོན། བརྗིད་ཉམས་ཞེས་པ་དེ་ཡིས་ཁོང་ཉིད་ལ་འགྲོ་བ་རྣམས་ལ་རྣམ་མཁྱེན་ཕྱོགས་སུ་བསྐྱོད་ཆུག་པའི་ནུས་པ་ཡོད་པ་མཚོན། ཁོང་ཉིད་འཛམ་གླིང་གི་ལྷོ་ནུབ་ཕྱོགས་ཀྱི་ཞིང་ཁམས་རིན་ཆེན་གླིང་ན་གནས་ཡོད།
སྡིག་བཤགས། : བག་ཆགས་ངན་པའམ་གོམས་གཤིས་ངན་པའི་སྡིག་སྒྲིབ་འདག་པར་གསུངས།
༢༧ ༽ དེ་བཞིན་གཤེགས་པ་དྲན་པའི་དཔལ།
༢༧ ༽ དེ་བཞིན་གཤེགས་པ་དྲན་པའི་དཔལ།
བོད་ཡིག : དྲན་པའི་དཔལ།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨ་ཡི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སེར་པོ། ཕྱག་གཡས་ལ་རལ་གྲི་དང་། གཡོན་ན་པོ་ཏི་བསྣམས་ནས་ཡོད། དྲན་པ་གཉེར་བཞག་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་མཁྱེན་པ་མཚོན་པ་དང་། འཁོར་བ་པའི་སྐྱོན་དང་བྲལ་བ་མཚོན། བརྗིད་ཉམས་ཞེས་པ་དེ་ཡིས་འགྲོ་བ་རྣམས་ལ་རྣམ་མཁྱེན་གྱི་ཕྱོགས་སུ་འཁྲིད་པའི་ནུས་པ་ཡོད་པ་མཚོན། ཁོང་ཉིད་འཛམ་གླིང་གི་ནུབ་ཕྱོགས་ཀྱི་ལྷད་མེད་དྭངས་གཙང་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་འདག་པར་གསུངས།
༢༨ ༽ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས།
༢༨ ༽ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས།
བོད་ཡིག : མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས།
གཙོ་འཁོར། : འོད་དཔག་མེད་ཀྱི་པདྨ་ཡི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་ལྗང་ཁུ། ཕྱག་གཉིས་ཀྱི་དེ་བཞིན་གཤེགས་པའི་གཙུག་གཏོར་དབུའི་སྟེང་དུ་འདེགས་པའི་ཚུལ་དུ་བསྣམས་པ། ཁོང་ཉིད་མཚན་དེ་ཡིས་མཁྱེན་པ་དང་། བདེན་པ་མཚོན། ནོར་འཁྲུལ་དང་བྲལ་བ་ཞེས་པ་དེ་ཡིས་ཁོང་ཉིད་ཁམས་གསུམ་སྟེ། གཟུགས་ཁམས་དང་། གཟུགས་མེད་ཁམས། འདོད་ཁམས་བཅས་ལས་ཐར་པ་མཚོན། ཁོང་ཉིད་འཛམ་གླིང་གི་ནུབ་བྱང་མཚམས་ཀྱི་རྟགས་མེད་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : སངས་རྒྱས་འབྱུང་བ་ལ་མཉེས་པར་མ་གྱུར་པའི་ལས་ངན་གྱི་སྡིག་སྒྲིབ་དག་པའི་ནུས་པ་ཁྱད་པར་ཅན་ཡོད།
༢༩ ༽ དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ།
༢༩ ༽ དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ།
བོད་ཡིག : དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ།
གཙོ་འཁོར། : དོན་ཡོད་གྲུབ་པ་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་སེར་པོ། ཕྱག་གཡས་ན་རིན་པོ་ཆེའི་ཏོག་དང་། གཡོན་ན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྣམས་ནས་ཡོད། ཁོང་ཉིད་ནི་ལུས་དབང་གི་ནུས་པ་རྩེ་ཏོག་ཡོད་པ་མཚོན་གྱི་ཡོད། དེ་ཡིས་ནུས་པ་ཆེ་བའི་མཁྱེན་པ་དང་། བདེན་པ་མཚོན་གྱི་ཡོད། དེ་ནི་ཆེས་མཐོ་ཤོས་ཀྱི་ཤེས་རབ་ཡིན་པ་དང་། དེ་ཡིས་སྟོང་ཉིད་ཀྱི་གོ་རྟོགས་ལེན་ཐུབ། རྒྱལ་མཚན་ནི་འཁོར་བའི་སྡུག་བསྔལ་ལས་རྣམ་པར་རྒྱལ་བ་མཚོན། ཁོང་ཉིད་འཛམ་གླིང་གི་བྱང་ཕྱོགས་ཀྱི་དྭངས་གཙང་ལུས་དབང་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : ཕྲག་དོགས་རྐྱེན་པས་ལས་ངན་གྱི་སྡིག་བཤགས།
༣༠ ༽ དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ།
༣༠ ༽ དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ།
བོད་ཡིག : ཤིན་ཏུ་རྣམ་པར་གནོན་པའི་དཔལ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་གཙོ་འཁོར།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ་རེད། ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱ། ས་ལ་མཐུག་པའི་རྣམ་པ་བཞིན་གནས་ཡོད། ཁོང་ཉིད་ནི་ཉོན་མོངས་ཀྱི་བསམ་བློ་དང་། གནོད་པ་ཅན་གྱི་བྱེད་ལས་ཚང་མ་མེད་པ་བཟོ་མཁན་རེད། ཁོང་ཉིད་འཛམ་གླིང་གི་ཕྱོགས་བྱང་ཤར་ཁུལ་གྱི་གནས་བདེ་སྐྱིད་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : གཞན་ལ་མི་དགེ་བའི་ལས་བྱེད་དུ་ཆུག་པའི་སྡིག་སྒྲིབ་འདག་པར་བྱེད།
༣༡ ༽ དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ།
༣༡ ༽ དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ།
བོད་ཡིག : གཡུལ་ལས་རྣམ་པར་རྒྱལ་བ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་འཁོར་ཚོགས།
འགྲེལ་བརྗོད། : ཁོང་སྐུ་མདོག་ནག་པོ། ཕྱག་གཡས་ལ་རལ་གྲི་དང་། གཡོན་ན་ཁྲབ་བསྣམས་པ། གཡུལ་ན་རྒྱལ་ཁ་ཞེས་ཁོང་ཉིད་མཚན་ལ་ཡོད་པ་དེ་ཡིས་སེམས་ནང་གི་ཉོན་མོངས་དང་། འཁོར་བ་པའི་སྐྱོན་དང་བྲལ་ཡོད་པ་མཚོན། ཁོང་ཉིད་འཁོར་བ་ནས་ཐར་ཟིན་པ་དང་འགྲོ་བ་རྣམས་ཀྱང་ཐར་པའི་གནས་ལ་འཁྲིད་ཐུབ་པ་མཚོན། ཁོང་ཉིད་འཛམ་གླིང་གི་འོག་ལ་དྲི་མ་མེད་པའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : ང་རྒྱལ་གྱིས་རྐྱེན་པས་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༣༢ ༽ དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ།
༣༢ ༽ དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ།
བོད་ཡིག : རྣམ་པར་གནོན་པས་གཤེགས་པའི་དཔལ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་འཁོར་ཚོགས།
འགྲེལ་བརྗོད། : ཁོང་སྐུ་མདོག་དཀར་པོ། ཕྱག་གཡས་ས་གནོན་དང་། གཡོན་མི་འཇིགས་པའི་ཕྱག་རྒྱ་ཅན། ཁོང་ཉིད་ནི་ཉོན་མོངས་ཀྱི་བསམ་པ་བཅོམ་མཁན་ཞིག་ལ་བརྩི་བ་དང་། འཁོར་བ་པའི་སྐྱོན་དང་བྲལ་བ་མཚོན། བརྗིད་ཉམས་ཞེས་པ་དེ་ཁོང་ཉིད་ཀྱི་མཚན་ལ་ཡོད་པ་དེ་ཡིས་འགྲོ་བ་རྣམས་འཁོར་བ་ལས་ཐར་ཆུག་པའི་ནུས་པ་ཡོད་པ་མཚོན། ཁོང་ཉིད་སངས་རྒྱས་ཤཱཀྱ་མུ་ནི་ཡི་ཤར་ཕྱོགས་ཀྱི་བརྗིད་ཉམས་ཀྱི་ཁེངས་པའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : ཕྲ་མ་བྱས་པའི་སྡིག་སྒྲིབ་འདག་པའི་ནུས་པ་ཡོད།
༣༣ ༽ དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ།
༣༣ ༽ དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ།
བོད་ཡིག : ཀུན་ནས་སྣང་བ་བཀོད་པའི་དཔལ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་འཁོར་ཚོགས།
འགྲེལ་བརྗོད། : ཁོང་སྐུ་མདོག་སེར་པོ། ཕྱག་གཡས་ལ་ཉི་མ་དང་། གཡོན་ན་རིན་པོ་ཆེའི་གང་བུས་བསྣམས་པ། རྣམ་པར་རྒྱལ་བ་ཞེས་ཁོང་ཉིད་ཀྱི་མཚན་ལ་ཡོད་པ་དེ་ཡིས་མཁྱེན་པ་མཚོན་པ་དང་། འགྲོ་བ་རྣམས་ཀྱི་གཏི་མུག་སེལ་བའི་ནུས་པ་ཡོད་པ་མཚོན། ཁོང་ཉིད་ལ་བརྗིད་ཉམས་ཞེས་པའི་མིང་གིས་རྣམ་མཁྱེན་ཐོབ་ཡོད་པ་མཚོན། ཁོང་ཉིད་འཛམ་གླིང་གི་ལྷོ་ཕྱོགས་འོད་ཟེར་འཕྲོ་བའི་ཞིང་ཁམས་ན་གནས་ཡོད།
སྡིག་བཤགས། : གཞན་གྱིས་བྱས་པའི་ལས་ངན་གྱི་སྡིག་སྒྲིབ་དག་པའི་ནུས་པ་ཡོད།
༣༤ ༽ དེ་བཞིན་གཤེགས་པ་རིན་ཆེན་པདྨས་རྣམ་པར་གནོན་པ།
༣༤ ༽ དེ་བཞིན་གཤེགས་པ་རིན་ཆེན་པདྨས་རྣམ་པར་གནོན་པ།
བོད་ཡིག : རིན་ཆེན་པདྨས་རྣམ་པར་གནོན་པ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་འཁོར་ཚོགས།
འགྲེལ་བརྗོད། : ཁོང་སྐུ་མདོག་དམར་པོ། ཕྱག་གཡས་ལ་རིན་པོ་ཆེ་དང་། གཡོན་ན་མེ་ཏོག་པདྨ་བསྣམས་ནས་ཡོད། རིན་པོ་ཆེ་ཡིས་ཐུགས་ཀྱི་མཁྱེན་པ་དང་། སངས་རྒྱས་གོ་འཕང་ཐོབ་པ་མཚོན། མེ་ཏོག་པདྨས་དྲི་མ་མེད་པའི་སེམས་མཚོན། ཁོང་ཉིད་འགྲོ་བའི་ཉོན་མོངས་ཀྱི་བློ་དང་། མི་དགེ་བའི་ལས་བཅོམ་མཁན་ཞིག་ཀྱང་རེད། ཁོང་ཉིད་ནུབ་ཕྱོགས་ཀྱི་གནས་མཚར་སྡུག་གི་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤགས། : དམ་པའི་ཆོས་སྤངས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
༣༥ ༽ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ།
༣༥ ༽ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ།
བོད་ཡིག : དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ།
འཁོར་ཚོགས། : དོན་ཡོད་གྲུབ་པའི་འཁོར་ཚོགས།
འགྲེལ་བརྗོད། : ཁོང་སྐུ་མདོག་ནི་ནམ་མཁའི་མདོག་བཞིན་སྔོན་པོ་རེད། ཕྱག་གཉིས་ཀྱིས་རིའི་རྒྱལ་པོ་རི་རབ་འདེགས་པ། དེ་བཞིན་ཁོང་ཉིད་ཁྲི་ཐོག་ལ་མེ་ཏོག་པདྨ་དང་། ཟླ་བ། སེང་གེ །རིན་པོ་ཆེ་ནོར་བུ་བཟུང་ཡོད། རིན་ཆེན་ནོར་བུ་དང་། མེ་ཏོག་པདྨ་ཡིས་སངས་རྒྱས་གཞན་རྣམས་མཚོན་གྱི་ཡོད། དེ་ཙམ་མ་ཟད་ནོར་བུ་ཡིས་ཁོང་ཉིད་ཀྱི་བློ་གྲོས་ཀྱང་མཚོན། རིའི་རྒྱལ་པོ་རི་རབ་ཀྱིས་གཡོ་ཐབས་བྲལ་བའི་རང་བཞིན་མཚོན། ཁོང་ཉིད་ནི་ནུབ་ཕྱོགས་ཀྱི་གླིང་རིན་ཆེན་ཞིང་ཁམས་ཞེས་པ་ན་ཡོད།
སྡིག་བཤགས། : རང་ཉིད་ཀྱིས་དམ་ཚིག་ཉམས་པའི་ལས་ངན་གྱི་སྡིག་སྒྲིབ་འདག་པར་གསུངས།
པར་རིས་ཀྱི་སྡེ།
འབྱུང་ཁུངས།
- https://buddhaweekly.com/35-confessional-buddhas-practice-bodhisattvas-confession-moral-downfalls-critical-purifying-practice-buddhists/
- https://www.lamayeshe.com/advice/thirty-five-buddhas-practice
- https://thubtenchodron.org/2000/01/purification-visualization-prostration-thirty-five-buddhas/
- https://en.wikipedia.org/wiki/Thirty-five_Confession_Buddhas
- http://www.tonglen.oceandrop.org/35_Buddhas.htm
- http://www.religionfacts.com/35-buddhas-confession
- http://tsony.com/video/35-buddhas-sutra-soutra-des-35-bouddhas//li>
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།