འབྲུག་གི་ཞབས་དྲུང་བཞི་པ་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན།
འབྲུག་ཞེས་པའི་མིང་སྟོན་པ་ཙམ་གྱིས་མི་ཚོས་ས་ཐག་རིང་པོ་ཡིན་པ་དང་། ཧི་མ་ལ་ཡའི་ནང་ཚན་ཞིག་ཡིན་པ། རྫོང་ཆེན་པོ་རྙིང་པ་དཀར་པོ་ཡོད་པ། ཤིང་ནགས་གཙང་མ་སུ་ཞིག་ཀྱང་འགྲོ་མ་མྱོང་བའི་འཁོར་གཡུག་ཡག་པོ་ཡོད་པ། རི་མང་པོ་ཡོད་ས། ནང་པའི་ཐུན་མོང་མ་ཡིན་པའི་སྒྱུ་འཕྲུལ་ཅན་གྱི་རིག་གཞུང་ཡོད་པ། ཡུལ་མི་ཚོ་སམས་པ་བཟང་པོ་དང་གཞན་ལ་རོགས་པ་ཕན་ཐོགས་བྱེད་མཁན། དྲང་པོ། ཞི་བདེ་དང་བདེ་སྐྱིད་དེ་ཚོ་གལ་ཆེན་པོ་འཛིན་ཅིང་། རྒྱུ་དཔལ་འབྱོར་ལ་དེ་ཙམ་དོ་སྣང་མ་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
འབྲུག་ནང་གི་མི་མང་ཆེ་བ་ནང་པ་ཡིན་པ་དང་། ཧི་མ་ལ་ཡའི་རྒྱལ་ཁབ་ཀྱི་ནང་ནས་འབྲུག་རྒྱལ་ཁབ་ནི་ཐོག་མ་ནས་རང་དབང་གཙང་མ་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པས་སྤོབས་པ་ཆེན་པོ་བྱེད། རྒྱ་ནག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ལ་གནས་ཀྱང་རང་དབང་གི་ཐོག་ནས་གནས་ཡོད་པ་དང་། ད་དུང་རྒྱལ་ཁབ་དེ་དང་རྒྱ་ནག་གཉིས་ཀྱི་བར་ལ་ས་མཚམས་ཀྱི་སྐོར་རྩོད་རྙོག་བྱུང་ཀྱང་དེ་ཚོས་ས་མཚམས་མཐུན་ལམ་གྱི་ཐོག་ནས་མཉམ་དུ་སྤྱོད་ཡོད་པ་རེད། རྒྱལ་ཁབ་དེ་ད་དུང་ཡང་རྒྱལ་ཁབ་གཞན་སུ་ཞིག་གིས་ཀྱང་དབང་དུ་བསྒྱུར་མེད་ཅིང་། མི་འགས་བཤད་སྲོལ་ལ་གང་ཡོད་ཅེ་ན། འབྲུག་རྒྱལ་ཁབ་དེ་ཡར་རྒྱས་གོང་འཕེལ་ཅན་གྱི་རྒྱལ་ཁབ་ཞིག་རེད་གང་ཡིན་ཞེ་ན། རྒྱལ་པོས་འཆར་གཞི་གདིང་མཁས་པ་དང་རྒྱལ་ཁབ་དེ་ནང་པའི་ལྟ་གྲུབ་དྲི་མ་མེད་པ་ཞིག་ཡོད་པ་དང་། ཆབ་ཅིག་ཏུ་ཆོས་ཀྱི་དབུ་ཁྲིད་མཁས་པ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་དུས་ཡུན་རིང་པོ་ཉམས་ལེན་ཆ་ཚང་ཞིག་གནས་ཡོད་པའི་གོང་འཕེལ་ཅན་གྱི་རྒྱལ་ཁབ་ཞིག་ཏུ་གྲགས་སོ།།
ཐོག་མར་འབྲུག་རྒྱལ་ཁབ་ནང་ནང་པའི་ལྟ་གྲུབ་དེ་གུ་རུ་རིན་པོ་ཆེའམ་སློབ་དཔོན་པདྨ་སཾ་བྷ་བས་དུས་རབས་བརྒྱད་པའི་ནང་ལ་དབུ་བཙུགས་པ་རེད། དུས་རབས་སྔ་མ་དེར་རྙིང་མའི་ལུགས་ཡོངས་གྲགས་སུ་དར་སྲོལ་ཡོད་ཀྱང་ད་ལྟ་ཕལ་ཆེར་འབྲུག་པ་བཀའ་བརྒྱུད་མང་བ་དར་བ་ནི་གཤམ་གསལ་བླ་མ་སྐྱེས་ཆེན་དམ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་།
- དུས་རབས་བཅུ་གསུམ་གྱི་ནང་ཕ་ཇོ་འབྲུག་སྒོམ་ཞིག་པོ་ནས་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དེ་འབྲུག་ནང་ལ་སྲོལ་གཏོད་པ་རེད།
- དུས་རབ་བཅོ་ལྔའི་ནང་བྱུང་བའི་འབྲུག་པ་ཀུན་ལེགས་ནི་སྒོ་གསུམ་གྱི་སྤྱོད་ཚུལ་གཞན་དང་མི་མཐུན་པའི་སྙན་གྲགས་ཅན་གྱི་གྲུབ་ཆེན་ཞིག་རེད། ཚང་མས་དགའ་མོས་ཆེན་པོ་བྱེད་སའི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཞིག་རེད།
- དུས་རབས་བཅུ་བདུན་ནང་ལ་ཞབས་དྲུང་ངག་དབང་རྣམ་རྒྱལ་ནས་འབྲུག་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་འབྲུག་པ་ཡོངས་རྫོགས་འབྲུག་ཞེས་རྒྱལ་ཁབ་གཅིག་གི་ངོ་བོར་བསྒྱུར་བ་རེད།
འབྲུག་པ་བཀའ་བརྒྱུད་ནི་བཀའ་བརྒྱུད་ཆེ་བཞིའི་ནང་ནས་གཅིག་ཡིན་པ་དང་། ད་བར་དུ་འབྲུག་པ་བཀའ་བརྒྱུད་ནི་འབྲུག་གི་གཞུང་གི་ཆོས་ལུགས་དེ་ཡིན་པ་དང་། དེ་སང་འབྲུག་རྒྱལ་ཁབ་ཀྱི་ཆེ་མཐོང་གཙོ་བོ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ཧ་ཅང་གི་བརྟན་པོ་ཡོད་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
འབྲུག་པ་བཀའ་བརྒྱུད་ནི་བཀའ་བརྒྱུད་པ་ཆེ་བཞིའི་ནང་ནས་གཅིག་རེད། ལོ་མང་པོའི་རྗེས་ལ་འབྲུག་པ་བཀའ་བརྒྱུད་ནི་གཞུང་དེའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཞིག་ཆགས་ནས། རྒྱལ་ཁབ་དེ་ནི་དེང་གི་སྐབས་སུ་ཡུལ་དེར་རྡོ་རྗེ་ཐེག་པའི་ལུགས་སྲུང་སྐྱོབ་བྱེད་ཡུལ་ཆགས་པ་རེད། གནས་ཚུལ་བདེན་པ་ཆུང་ཆུང་ཞིག་ཡོད་པ་དེ་མི་ཚོས་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྙན་གྲགས་ཆེན་པོ་དེ་ཚོས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དང་། ཁྱབ་སྤེལ་བྱེད་མཁན་ཡོད་པ་ནི་མང་པོས་ཤེས་ཀྱི་མེད་པ་རེད། འབྲུག་པའི་བླ་མ་ཆེན་པོ་སོ་སོའི་གསུང་འབུམ་ནང་ལ་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་དང་། འཕྲིན་བཅོལ་མཇལ་རྒྱུ་ཡོད་པ་རེད། ཆོས་སྐྱོང་གི་བསྐང་གསོ་དང་འཕྲིན་བཅོལ་བརྩམས་གནང་མཁན་གྱི་བླ་མ་དེ་ཚོ་ནི་འབྲུག་པའི་རྒྱལ་རབས་དང་ལོ་རྒྱུས་ནང་ཆུ་དང་འོ་མ་བཞིན་ཁ་བྲལ་མི་ཐུབ་པ་ཞིག་རེད། དེ་ནས་གྲུབ་དབང་སྐུ་ཕྲེང་གསུམ་པ་བསྟན་འཛིན་བཟང་པོ་ནི་དྲེའུ་ལྷས་ཡང་སྲིད་ཡིན་པ་དང་། དེ་དང་ལྷན་དུ་བླ་མ་གཞན་ཞིག་གིས་བརྩམས་པའི་རྡོ་རྗེ་ཤུགས་ལྡན་གྱི་བསྐངས་གསོ་ཡོད། དེའི་མཚན་ལ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསོལ་ཁ་འཕྲིན་ལས་འདོད་འཇོ། ཅེས་གསལ་ཡོད། ཕྱག་དཔེ་དེ་ནི་རྡོ་རྗེ་ཤུགས་ལྡན་གྱི་བེའུ་འབུམ་ནང་བཞུགས་ཡོད།
དེ་ག་ནང་བཞིན་ཞབས་དྲུང་སྐུ་ཕྲེང་བཞི་པ་འཇིགས་མེད་ནོར་བུ་ནི། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་སྐྱེ་ཡིན་པ་དང་། ཁོང་གི་གསུང་འབུམ་ནང་བསྐང་གསོ་དང་འཕྲིན་བཅོལ་ཁག་གཉིས་ཡོད།
- བཀའ་གཏེར་བསྲུང་མ་རྣམས་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་རིམ་པ་ཁྲག་འཐུང་ཁྲོས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ་ཞེས་ཁྱོན་བསྡོམས་ཤོག་གྲངས་ལྔ་བཅུ་ཡོད།
- རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསོལ་ཁ་འཕྲིན་ལས་མྱུར་གྲུབ་ཞེས་བྱ་བ་བཞུགས་སོ་ཞེས་པ་ཁྱོན་བསྡོམས་ཤོག་གྲངས་ཉི་ཤུ་རྩ་གཅིག་ཡོད།
ལོ་རྒྱུས་ཀྱི་ཕྱག་དཔེ་དེས་འབྲུག་པའི་མི་མང་དང་མི་གཞན་རྣམས། དེང་སང་རྡོ་རྗེ་ཤུགས་ལྡན་གྱི་ཐོག་ལ་བྱུང་བའི་རྩོད་པའི་རྩ་བར་གྱུར་བའི་ལོ་རྒྱུས་ལོག་བཤད་དེ་ཚོ་རྣམས་མི་འོས་ཤིང་ནོར་བ་དང་། དེ་བྱེད་མཁན་དེ་ཚོ་ལ་དམིགས་བསལ་གྱི་གལ་ཆེན་པོ་ཡིན། འདི་ལ་རྟེན་ནས་ལོག་བཤད་དེ་ཚོ་བསལ་ཐུབ་ཀྱི་ཡོད། ཁ་ཤས་ཀྱིས་རྡོ་རྗེ་ཤུགས་ལྡན་ནི་དགེ་ལུགས་པ་ཁོ་ནའི་སྲུང་མ་རེད་ཟེར་བ་དེ་ཚོ་བདེན་པ་མིན་པར་ཤེས་ཐུབ། ཕྱག་དཔེ་དེ་ཚོ་དང་། བསྐང་གསོ་དེ་དག་གིས་ཆོས་ལུགས་བཀའ་བརྒྱུད་དང་ས་སྐྱ་རྙིང་མ་སོགས་ཀྱི་ནང་དུའང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡོད་པ་ཤེས་ཐུབ་ཀྱི་ཡོད།
གཞན་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་འབྲུག་པ་ཀུན་ལེགས་ལྟ་བུ་བླ་མ་ཡང་སྲིད་རྩ་ཆེན་དེ་དག་གི་སྐུ་སྐྱེས་ཚོས་བསྟེན་གསོལ་གནང་བས་དེ་ལ་ཕན་ཐོགས་ཆེན་པོ་དང་ཆོས་སྐྱོང་སྲུང་མ་དེ་ཉིད་ངེས་དོན་དུ་རྡོ་རྗེ་ཤུགས་ལྡན་ནི་ངོ་བོ་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་ཡིན་པ་ལ་ང་ཚོས་དོགས་པ་བྱེད་དགོས་མེད་པ་དང་དེ་ཚོ་ནི་བོད་གཞུང་གིས་གང་བཤད་པ་དེ་ལས་ལྡོག་པའོ།། དེ་བསྟེན་གསོལ་བྱེད་པ་ནི་ཁུངས་ལུང་ལྡན་པ་དང་ཕན་ཐོགས་ཅན་ཞིག་ཡིན་པ་རེད། དེ་འདྲ་སོང་ཙང་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཚོས་བསྟེན་གསོལ་གནང་བ་རེད། དེ་བཞིན་ཆེ་མཐོང་ཅན་གྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་སྐྱེ་ཞབས་དྲུང་འཇིགས་མེད་ནོར་བུ་དང་། འབྲུག་པ་ཀུན་ལེགས་ཀྱི་རྣམ་སྤྲུལ་གྲུབ་དབང་བསྟན་འཛིན་བཟང་པོ་གཉིས་ལ་སོགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྟེན་པ་ལྟར་རེད། དེ་ལྟ་བུའི་བཀའ་བརྒྱུད་ཀྱི་སྐྱེ་ཆེན་དམ་པ་དེ་དག་ནས་ངོས་འཛིན་ཇི་ལྟར་ཞུས་པ་དེ་ཚོས་བཙན་འབྱོལ་བོད་གཞུང་གི་མཛད་གཙོ་ཚོས་མཁྱེན་པ་བྱེད་རྒྱུ་གལ་ཆེན་པོ་རེད།
བོད་པའི་དབུ་འཁྲིད་ཚོས་འགྲེལ་བཤད་ལོག་པ་དང་ནོར་བ་ཆེན་པོ་བྱེད་ཀྱི་ཡོད། དཔེར་ན། ཁོང་ཚོས་དངོས་སུ་བཤད་ཡ་ལ་དམངས་གཙོ་ཡིན་ཟེར་གྱི་ཡོད་པ་རེད་དེ། དེ་ཚོ་བདེན་པ་མ་རེད། ༧གོང་ས་མཆོག་ནས་ངས་བོད་པའི་ཆབ་སྲིད་ཀྱི་འགན་དེ་མེད་གསུང་གི་ཡོད་ཀྱང་། རྒྱབ་ནས་དབང་ཆ་ཆ་ཚང་དང་སྟངས་འཛིན་གནང་གི་ཡོད།
འབྲུག་གཞུང་ལ་ཆ་བཞག་ན་བོད་གཞུང་གི་བྱེད་སྟངས་དང་འགལ་བ་རྟག་རྟག་རེད་དེ་ཡོད་པ་རེད། འབྲུག་རྒྱལ་པོས་ག་དུས་ཡིན་ནའང་མི་དམངས་ལ་རོགས་རམ་བྱེད་རྒྱུའི་ལས་ཀ་བྱེད་ཀྱི་ཡོད་པ་དང་། བོད་པའི་དབུ་ཁྲིད་ཚོས་དེ་ལས་ལྡོག་སྟེ་བྱེད་ཀྱི་ཡོད། ཕྱི་ལོ་༢༠༠༨ལོར་འབྲུག་རྒྱལ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་དྭང་བླངས་ཀྱི་སྒོ་ནས་གཞུང་གི་རྩ་ཁྲིམས་འགྱུར་བ་བཏང་ནས་འོས་བསྡུས་ལམ་ནས་མི་དམངས་ནས་བདམ་པའི་སྲིད་བློན་ཡོད་པ་དམངས་གཙོའི་ལམ་ལུགས་དེ་སྤྲད་ཡོད་པ་དང་། བོད་གཞུང་དེ་དང་རྟག་རྟག་འགལ་བ་རེད། མི་དམངས་སོ་སོས་ལྷ་གང་བསྟེན་རང་དབང་མེད།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་སྐུ་ཕྲེང་བཞི་པས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་པས། དེང་སང་འབྲུག་པའི་རྒྱལ་ཁབ་དེ་དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་པས། ཁ་ཤས་ནས་སྲུང་མ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཆོག་གི་མ་རེད་ཟེར་བ་དེའི་ལན་ལས་སླ་པོ་རེད། གང་ཡིན་ཟེར་ན་དེ་ཚོ་བོད་གཞུང་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། བོད་གཞུང་ནས་སྔ་ཕྱི་མང་པོར་འབྲུག་གཞུང་དང་མི་མང་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད།
འབྲུག་གི་དབུ་ཁྲིད་ཚོས། བོད་གཞུང་ནས་ག་དུས་ཡིན་ནའང་ཁོང་ཚོའི་ལུང་པའི་ནང་ལ་དཀའ་ངལ་ཞིག་སྤྲོད་ཀྱི་རེད་བསམ་པའི་ཞེ་སྣང་བྱེད་ཀྱི་ཡོད་པ་རེད། ཕལ་ཆེར་ཕྱི་ལོ་ ༡༩༧༠ ལོར་ཡིན་པ་འདྲ། ༧རྒྱལ་བ་རིན་པོ་ཆེའི་སྐུ་མཆེད་ཞིག་དང་མཉམ་དུ་གྲོས་ངན་བྱེད་ནས་འབྲུག་གི་རྒྱལ་པོ་བསད་རྒྱུའི་འཆར་གཞི་བྱེད་པ་རེད། དེ་ཚོའི་གནས་ཚུལ་འབྲུག་གཞུང་དང་མི་མང་ནས་འབྲུག་པའི་སྤྱི་ཚོགས་ཁྲུག་ཟིང་ལངས་ནས་དེ་ཚོའི་དབང་ཆ་ཕྲོག་རྒྱུའི་ལས་འཆར་བྱས་པ་དེ། ག་ལེར་དེ་གསལ་པོ་ཧ་གོ་ནས་བོད་པ་མང་པོ་ཞིག་འབྲུག་ནས་ཕྱིར་འབུད་བཏང་དགོས་བྱུང་བ་རེད།
དེ་ཙམ་མ་ཟད། བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུའི་སྐོར་གྱི་རྙོག་ཁྲ་དེ་བོད་པའི་སྤྱི་ཚོགས་དེ་དུམ་བུ་གཉིས་སུ་བཏང་བ་ནང་བཞིན། འབྲུག་རྒྱལ་ཁབ་ནང་དུའང་དེ་འདྲ་བྱེད་རྩིས་ཀྱི་འཆར་གཞི་བྱེད་ཀྱི་ཡོད་པ་འབྲུག་པས་ཤེས་ནས་ཆོས་ཀྱི་གནད་དོན་དེ་དག་ཆབ་སྲིད་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་པར་ཞེ་སྣང་ཡོང་གི་ཡོད་པ་རེད། དངོས་གནས་བྱེད་ན་འབྲུག་པའི་མི་དམངས་དང་། རྡོ་རྗེ་ཤུགས་ལྡན་བར་ལ་འབྲེལ་བ་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་ཧ་ཅང་གི་ཡག་པོ་ཡོད་རེད། བཙན་བྱོལ་བོད་གཞུང་གིས་བོད་པའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་ལ་རྡོ་རྗེ་ཤུགས་ལྡན་གྱི་ཐོག་ལ་རྙོག་ཁྲ་བཟོས་ཀྱི་ཡོད་པ་འབྲུག་པས་ཤེས་ཞིང་དེའི་ཐོག་ལ་ལག་པ་འཆང་འདོད་བྱེད་ཀྱི་ཡོད་པ་མ་རེད།
བོད་གཞུང་གི་ལས་ཁུངས་གཙོ་བོ་དེ་རྡ་རམ་ས་ལར་ཡོད་པ་དང་། རྡ་རམ་ས་ལ་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུའི་རྙོག་ཁྲ་དེ་བོད་ནང་དུའང་བཟོས་བཞིན་ཡོད་པ་དེ་མང་པོས་མཐོང་གི་ཡོད་པ་དང་འབྲུག་པའི་སྤྱི་ཚོགས་ནང་དུའང་བཟོ་ཡོང་བསམ་ནས་ཧ་ཅང་གི་བོད་པར་ཟབ་ཟབ་བྱེད་ཀྱི་ཡོད་པ་རེད།
དངོས་ཡོད་གནས་ཚུལ་བྱས་ན། བོད་གཞུང་གི་དབུ་ཁྲིད་ཚོས་ག་བ་ཡིན་ནའང་དཀའ་ངལ་བཟོས་བཞིན་ཡོད། དེ་ཚོ་རྡོ་རྗེ་ཤུགས་ལྡན་གྱིས་བཟོས་པ་མ་རེད། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་དང་འབྲུག་རྒྱལ་ཁབ་གཉིས་བསྡུར་བ་ཡིན་ན། འབྲུག་རྒྱལ་ཁབ་ཧ་ཅང་གི་ཡར་རྒྱས་ཆེ་བ་དང་། མི་མང་རྣམས་མཐུན་ལམ་ཡག་པོ་ཡོད་པ་རེད། བོད་པའི་སྤྱི་ཚོགས་དེ་དེ་ལས་ལྡོག་ཏེ་མི་མང་ནས་དབུ་ཁྲིད་ལ་ངོ་རྒོལ་དང་འཐབ་རྩོད་སྐྱོན་བརྗོད་བྱེད་དགོས་བྱུང་ཡོད་པ་རེད། དེ་ཚོ་ཚང་མ་འགོ་ཁྲིད་ནས་མི་དམངས་ལ་བལྟ་སྐྱོངས་ཡག་པོ་བྱེད་ཐུབ་མེད་པའི་རྟགས་མཚན་གསལ་པོ་རེད།
བོད་དེ་ག་འདྲ་བྱས་ནས་ཤོར་བ་རེད། ད་ལྟ་བོད་དེ་སོ་སོའི་ལག་པར་མ་རག་པར་བྱས་ནས་བསྡད་དེ་ཡོད་པ་རེད། བཤད་ཡ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་བཞག་པ་ཡིན་ན་བོད་རང་བཙན་ཐོབ་ཀྱི་ཡོད་རེད་ཅེས་ཟེར་གྱི་ཡོད་ཀྱང་། ད་ག་རེ་བྱས་པ་རེད། བོད་དེ་དབུ་ཁྲིད་སྐྱོ་དྲགས་ནས་སོ་སོའི་ལུང་པ་ཤོར་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནས་བོད་ཀྱི་ལུང་པ་ཤོར་བ་མ་རེད། འགན་འཛིན་བྱེད་མཁན་སྐྱོ་དྲག་ནས་ཤོར་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་གཞག་བྱེད་པ་དེས་ཀྱང་བོད་རང་བཙན་ཐོབ་རྒྱུ་ལ་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ཡང་མི་ཁ་ཤས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་པ་དེས་ཆོས་ལུགས་ཕྱོགས་རིས་ཡིན་པར་བཤད་པ་ནི་ཧ་ཅང་གི་ཧམ་པ་དང་གནོད་འཚེ་ཅན་གྱིས་སྐད་ཆ་ཞིག་རེད། བོད་གཞུང་ནས་རྟག་པར་རྡོ་རྗེ་ཤུགས་ལྡན་གྱི་ཁ་གཏད་དུ་ལོག་བཤད་ཤ་རྟག་ཁྱབ་སྤེལ་བྱེད་བཞིན་ཡོད། ངས་འོག་ཏུ་རྣམ་པ་ཚོར་དཔང་རྟགས་དེ་ཚོ་སྤྱན་འབུལ་ཞུ་རྒྱུ་ཡོད། རྡོ་རྗེ་ཤུགས་ལྡན་དང་འབྲུག་པའི་བར་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དེ་བསྟན་གྱི་ཡིན།
བོད་པའི་དབུ་ཁྲིད་ཚོས་རྡོ་རྗེ་ཤུགས་ལྡན་དེ་དགེ་ལུགས་པ་གཅིག་པུའི་སྲུང་མ་རེད་ཟེར་བ་དེ་རྫུན་བཤད་ཀྱི་ཡོད་པའི་དཔང་རྟགས་གཅིག་རེད། དགེ་ལུགས་པ་ཁོ་ནའི་སྲུང་མ་རེད་ཟེར་བ་དང་། ཁོས་ཆོས་བརྒྱུད་གཞན་ལ་གནོད་ཀྱི་ཡོད་པ་རེད་ཟེར་བ་དེ་བདེན་པ་མིན་པ་གསལ་པོ་རེད། འབྲུག་པ་བཀའ་བརྒྱུད་ཀྱི་ནང་ལའང་བསྟེན་མཁན་ཡོད་པ་དེས་ཁོང་ཚོས་བཤད་པའི་སྐད་ཆ་དེ་རྫུན་མ་ཡིན་པའི་དཔང་རྟགས་རེད། རྡོ་རྗེ་ཤུགས་ལྡན་དེ་ཕྱོགས་རིས་ཅན་གྱི་སྲུང་མ་ཡིན་ན་འབྲུག་པ་བཀའ་བརྒྱུད་པ་ཚོས་གང་བྱས་ནས་བསྟེན་གྱི་ཡོད་རེད། གང་བྱས་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད། གང་བྱས་ནས་བསྐང་གསོ་དང་འཕྲིན་བཅོལ་བརྩམས་གནང་གི་ཡོད་པ་རེད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཚོ་ལ་གནོད་ཀྱི་ཡོད་ན་ཁོང་ཚོས་ནམ་ཡང་ཁྱབ་སྤེལ་བྱེད་ཀྱི་མ་རེད། ཞབས་དྲུང་སྐུ་ཕྲེང་བཞི་པ་འཇིགས་མེད་ནོར་བུས་རྡོ་རྗེ་ཤུགས་ལྡན་ཁྱབ་སྤེལ་བྱེད་དུས་གནོད་པ་ཅན་ཞིག་མིན་པ་གསལ་པོ་ཤེས་ཐུབ། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་བ་བཏབ་ན་སོ་སོ་ཆོས་བརྒྱུད་དང་མི་རིགས་གང་འདྲ་ཞིག་ཡིན་ན་ཡང་དེ་ལ་མ་ལྟོས་པར་གྲོགས་འཕྲིན་ལས་གནང་གི་ཡོད་པ་དེ་ཞབས་དྲུང་འཇིགས་མེད་ནོར་བུས་མཁྱེན་གྱི་ཡོད་པ་རེད།
དེ་ནས་བོད་གཞུང་ནས་འབྲུག་ནང་ལ་ལོ་རྒྱུས་ཡོད་པའི་སྲུང་མ་ཞིག་ལ་ཁ་བཏང་ནས་སྐྱོན་བརྗོད་བྱེད་པ་དེ་འབྲུག་པ་མི་མང་ལ་དམའ་འབེབས་བྱེད་པ་རེད། བོད་གཞུང་ནས་རྡོ་རྗེ་ཤུགས་ལྡན་ལ་སྐྱོན་བརྗོད་བྱེད་པ་ནི། ཞབས་དྲུང་འཇིགས་མེད་ནོར་བུ་འབྲུག་པའི་བླ་མ་ཆེན་པོ་ཞིག་ལ་དམའ་འབེབས་དང་ཐུབ་ཚོད་བཏང་བ་རེད། བོད་གཞུང་གཅིག་པུ་ཞིག་འགྲིགས་བསྡད་པ་དང་གཞན་པ་ཚོ་ནོར་བ་རེད་ཟེར་བ་ནི། ཧ་ཅང་གི་ནོར་འཁྲུལ་ཆེན་པོ་རེད། ཞབས་དྲུང་འཇིགས་མེད་ནོར་བུ་ནི་འབྲུག་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་ཞིག་གི་སྐུ་སྐྱེ་ཡིན་པ་དང་། དེས་བསྟེན་པའི་སྲུང་མ་ཞིག་ལ་ལྡོག་ཕྱོགས་ནས་ཚིག་ངན་སྣ་ཚོགས་ཟེར་བ་ནི་ཤིན་ཏུ་ནས་མི་འོས་པའི་གཏམ་ཆེན་པོ་ཞིག་རེད།
ངས་ད་ལྟ་ཁྱེད་རྣམ་པར་འབྲུག་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་ཞབས་དྲུང་ཆེན་པོ་ངག་དབང་རྣམ་རྒྱལ་གྱི་ཐུགས་སྤྲུལ་བཞི་པ་ཞབས་དྲུང་འཇིགས་མེད་ནོར་བུས་བརྩམས་པའི་རྩོམས་དེ་སྤྱན་འབུལ་ཞུ་ཐུབ་པར་ཧ་ཅང་གི་དགའ་པོ་བྱུང་། གང་ཡིན་ཞེ་ན། འབྲུག་ནང་གི་བླ་མ་ཆེ་ཤོས་ཡིན་པ་དང་། འབྲུག་ནང་གི་མི་མང་ཚང་མས་ནང་ཞབས་དྲུང་གི་སྐུ་དང་སྐུ་དཔར་ཐང་ཀ་སོ་སོའི་ནང་ལ་ཡོད་པས་ཧ་ཅང་གི་དད་མོས་ཆེན་པོ་ཞུས་ཀྱི་ཡོད། ཞབས་དྲུང་འཇིགས་མེད་ནོར་བུས་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་དང་འཕྲིན་བཅོལ་བརྩམས་པ་དེ་ལ་བརྟེན་ནས་རྡོ་རྗེ་ཤུགས་ལྡན་ཕྱོགས་རིས་ཅན་མིན་པ་དང་། བསྟེན་གསོལ་བྱེད་པ་ལ་ནོར་འཁྲུལ་མེད་པ་དེ་གསལ་པོ་ཆགས་པ་རེད། མི་དབང་ཞབས་དྲུང་ཐུགས་སྤྲུལ་སྐུ་ཕྲེང་བཞི་པ་འཇིགས་མེད་ནོར་བུ་མཆོག་ནི་རྟོགས་པ་མཐོ་པོ་ཡིན་པ་དང་། ཁོང་ལ་རྡོ་རྗེ་ཤུགས་ལྡན་ཐོག་ལ་ནོར་འཁྲུལ་དེ་དག་བྱུང་མི་སྲིད། ཁོང་གིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་རང་བཞིན་དེ་རྗེ་བཙུན་འཇམ་དཔལ་དབྱངས་ངོ་བོ་གཅིག་ཡིན་པ་ངོས་འཛིན་གནང་བ་ནི་མ་འོངས་མངོན་མཁྱེན་གྱིས་ད་ལྟའི་དུས་སུ་དཀའ་ངལ་དེ་དག་བསལ་ཆེད་གསུངས་པ་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད།
མི་མང་པོ་ཞིག་གིས་ཧ་མ་གོ་བའི་འབྲུག་གི་རིག་གཞུང་དང་འབྲེལ་བའི་རིགས་གཞུང་དེ་དག་གསལ་པོ་བཟོ་ཐུབ་པས་ང་རང་ཞེ་དྲགས་དགའ་པོ་བྱུང་དང་དེ་ལ་བརྟེན་བོད་གཞུང་གི་འགྲེལ་བཤད་ལོག་པ་བྱེད་པ་དེ་ཚོ་བྱ་མ་རླུང་གིས་འཁྱེར་བ་བཞིན་ཆགས་འགྲོ་གི་ཡོད་པ་བཞིན་འབྲུག་གི་རིག་གཞུང་དེ་དག་འབྲེལ་བ་སྐྱར་གསོ་བྱེད་པའི་གོ་སྐབས་ཐོབ་པ་རེད། ངས་འབྲུག་གི་རྒྱལ་པོ་ཆེན་པོ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་མཆོག་གི་རྒྱལ་བརྒྱུད་ཉེ་འབྲེལ་རྣམས་དང་། གང་གི་རྒྱལ་ཁབ་དང་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མི་དབང་མཆོག་གིས་ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། འབངས་མི་སེར་རྣམས་ཀྱང་བདེ་དགའ་རྒྱ་མཚོའི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་ལམ་དུས་རྟག་ཏུ་ཞུ་བཞིན་ཡོད།
ཚེམས་རིན་པོ་ཆེ་ནས།
འབྲུག་རྒྱལ་ཁབ། ཕྱོགས་ཡོངས་ནས་བལྟ་བ།
འབྲུག་རྒྱལ་ཁབ་ནི་ལུང་པ་ཡོངས་རྫོགས་ནགས་ཚལ་དང་སྐམ་ས་ཆེན་པོས་བསྐོར་ནས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། འདི་ཧི་མ་ལ་ཡ་ཤར་ཕྱོགས་སུ་ཡོད་པ་དང་། ཕྱོགས་དེ་ལ་ལྷོ་ཨེ་ཤི་ཡ་ཡང་ཟེར། འདིའི་ས་མཚམས་བྱང་ཕྱོགས་སུ་བོད་ཀྱི་ས་མཚམས་འཁེལ་བ་དང་། རྒྱ་གར་བྱང་ཕྱོགས་མངའ་སྡེ་སི་ཀིམ་མམ་སྒང་ཏོག་དང་། བོད་ཀྱི་ཆུ་འབི་ལུང་པའི་ནུབ་ཕྱོགས་སུ་འཁེལ། དེར་རྒྱ་གར་མངའ་སྡེ་ཨ་རུ་ན་ཅལ་དང་ཨ་སམ་གཉིས་ཀྱི་བྱང་ཕྱོགས་སུ་འཁེལ་ཅིང་། བྱང་བེང་གལ་དེ་ཉིད་ལྷོ་ཕྱོགས་སུ་འཁེལ། ཐིམ་པུ་ནི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཤོས་དེ་ཡིན། ཕུན་ཚོགས་གླིང་ནི་དངུལ་འབབ་ཀྱི་བསྟི་གནས་ཆེ་ཤོས་དེ་ཆག་གི་ཡོད།
དུས་རབས་བཅུ་བདུན་པའི་ནང་། འབྲུག་རྒྱལ་ཁབ་དེ་ཉིད་འབྲུག་ཡུལ་ཞེས་གཞུང་ནས་ངོས་འཛིན་གནང་། འབྲུག་ཡུལ་ཞེས་པའི་དོན་ནི། འབྲུག་རྒྱལ་པོའི་ས་ཆ་དང་འབྲུག་པ་རིགས་བརྒྱུད་ཀྱི་རྒྱལ་ཁབ་ཡིན་པས་དེ་ལྟར་བརྗོད། ལུང་པ་དེའི་ཆོས་དང་སྲིད་གཉིས་ཀྱི་དབུ་ཁྲིད་དང་པོ་དེ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡིན་པས། ཁོང་གིས་སྡང་ཟུག་ཅན་གྱི་ས་བདག་སོགས་གཅིག་ཏུ་སྒྲིལ་བ་དང་། གཅིག་སྒྲིལ་གྱི་ནུས་པ་དང་ལྡན་པ། རྒྱལ་ཁབ་དེ་ཉིད་དབང་དུ་བསྒྱུར་མཁན་དེ་ནང་པའི་སློབ་དཔོན་ཞིག་ཀྱང་ཡིན་པས་དེ་ལྟར་བརྗོད།
ཞབས་དྲུང་ངག་དབང་རྣམ་རྒྱལ་ཚེ་ལས་འདས་རྗེས་ཁོང་གི་དབང་བསྒྱུར་ལམ་ལུགས་དེ་ཉིད་ཉམས་ནས་དུས་རབས་བཅུ་དགུར་རྒྱབ་ཁབ་ནང་འཁྲུག་བྱུང་། མངའ་རིས་དེ་དག་ནང་ནས་ཨོ་རྒྱན་དབང་ཕྱུག་དེ་དབང་ཤུགས་ཆེ་ཤོས་དང་ལྡན་མཁན་གྱི་དབུ་ཁྲིད་ཆགས་ནས། ཕྱི་ལོ་༡༩༠༧ནང་དབང་ཕྱུག་རྒྱལ་བརྒྱུད་ཀྱིས་གཞུང་འཛིན་པ་འགོ་འཛུགས་པ་ཡིན་པས་ད་བར་རྒྱལ་བརྒྱུད་འདིའི་གཞུང་འཛིན་གནང་གི་ཡོད་པ་རེད། འབྲུག་རྒྱལ་པོ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་ཨིན་ཇི་རྒྱལ་ཁབ་དང་འབྲེལ་བ་ཉེ་པོ་བཟོས་པ་ཡིན་པས་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་ནས་རྒྱལ་ཁབ་འདི་ཉིད་ཡང་ཨིན་ཡུལ་རྒྱ་གར་དང་བོད་བར་གྱི་བར་གནས་ཀྱི་རྒྱལ་ཁབ་ཞིག་ཡོང་བ་ཞེས་རེ་འདུན་འཆར་འགོད་མཛད་དོ།།
འབྲུག་རྒྱལ་པོ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་གསར་དུ་བཞེས་པའི་རྒྱ་གར་དམངས་གཙོ་རྒྱལ་ཁབ་དང་འབྲེལ་བ་སོར་གནས་བྱས་པ་དང་། རྒྱལ་སྤྱིའི་འབྲེལ་བའི་ཆེད་དུ་ཁོང་རྒྱ་གར་རྒྱལ་ཁབ་ལ་རག་ལུས་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་རང་བཙན་ཡང་མུ་མཐུད་ནས་བདག་ཏུ་བཟུང་། འབྲུག་རྒྱལ་པོ་གསུམ་པ་རྡོ་རྗེ་དབང་ཕྱུག་མཆོག་གིས་རྒྱ་གར་གཞུང་དང་དོན་གཅོད་ཀྱི་འབྲེལ་བ་ཟབ་པར་བཏང་པས། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་སྐབས་ད་དུང་དམིགས་བསལ་གྱི་ཁོང་ཚོས་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་བརྟན་ཚུགས་ནས་འབྲུག་རྒྱལ་ཁབ་འདི་ཉིད་རྒྱལ་ཁབ་གཞན་དང་འབྲེལ་བའི་སྲིད་ཇུས་དེ་དང་འབྲེལ།
འབྲུག་རྒྱལ་པོ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་སྲིད་སྐབས་རྒྱལ་ཁབ་གཞན་དང་འབྲེལ་བའི་སྲིད་ཇུས་ཐོག་འགྱུར་བ་ཐེབས། རྒྱལ་ཁམས་ནང་དེང་རབས་ཅན་དུ་བསྒྱུར་བའི་བྱ་སྤྱོད་ལ་འབད་བརྩོན་བྱེད་པ་སོགས་འབྱུང་བ་དང་། དམངས་གཙོ་གཞུང་གཏན་འབེབས་བྱེད་པ་སོགས་བྱུང་། འབྲུག་རྒྱལ་པོ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་གི་རྒྱལ་སྲིད་སྐྱོང་སྐབས་ཕྱི་ལོ་ ༢༠༠༨ ནང་རྒྱལ་པོའི་སྲིད་དབང་ནས་རྒྱལ་ཁབ་མང་གཙོ་ཅན་དུ་བསྒྱུར་བས་ལོ་འདིའི་ནང་ཁོང་ཚོས་མི་མང་འོས་བསྡུའི་ལས་དོན་དང་པོ་འཚོག་པ་རེད།
འབྲུག་རྒྱལ་ཁབ་ནང་ལ་ནང་པའི་ཆོས་དང་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་བྱུང་ཚུལ།
རྒྱལ་རབས་ལོ་རྒྱུས་ཀྱི་དེབ་གཞིར་བཟུང་བྱེད་ན། དུས་རབས་བདུན་པར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འབྲུག་པའི་ཡུལ་དུ་ནང་ཆོས་འགོ་ཚུགས་པ་དང་། ཁོང་གིས་འབྲུག་ནང་ནང་པའི་ལྷ་ཁང་དང་པོ་དེ་བཞེངས།
འབྲུག་བུམ་ཐང་ཀྱི་རྒྱལ་པོ་སི་དྷུ་ར་ཇ་རྒྱལ་སྲིད་སྐྱོངས་སྐབས་ནང་ཆོས་དར་ཞིང་ཡར་རྒྱས་སུ་འགྲོ་བ་དང་། ས་གནས་ཀྱི་གཞི་བདག་མ་དགའ་བ་བྱེད་པ་ལ་རྟེན་ནས་རྒྱལ་པོ་འདི་ཉིད་སྐུ་སྙུང་བས། ཁོང་གི་ཆེད་དུ་ཞབས་བརྟན་སྒྲུབ་པར་ནང་པའི་བླ་མ་ཨོ་རྒྱན་རིན་པོ་ཆེ་འབྲུག་རྒྱལ་དུ་གདན་འདྲེན་ཞུས། སྐབས་དེ་དུས་དང་ཕྱིས་སུ་ཐེངས་གཉིས་འབྲུག་རྒྱལ་དུ་ཕེབས་པས། ཨོ་རྒྱན་རིན་པོ་ཆེས་ཡུལ་གནས་ས་ཆ་མང་པོར་མཚམས་དུ་བཞུགས་པ་དང་། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བའི་རྗེས་སུ་ནང་ཆོས་རྙིང་མ་རུ་གྲགས། དེང་དུས་རྙིང་ལུགས་དེ་ལུང་པ་གང་སར་ཆོས་ལུགས་ཁྱབ་ཆེ་བ་ཆགས།
དུས་རབས་བཅུ་གཉིས་པའི་ནང་འགྲོ་མགོན་གཙང་པ་རྒྱ་རེ་ཡེ་ཤེས་རྡོ་རྗེ་ནི། བོད་ནུབ་ཕྱོགས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དེ་སྲོལ་གཏོད་མཁན་ཡིན་པ་དང་། ཁོང་གིས་བོད་རྭ་ལུང་དུ་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་ཞིག་འཛུགས་སྐྲུན་གནང་བ་དང་། གདན་ས་དེ་ཉིད་རྒྱལ་དབང་འབྲུག་པ་རྣམས་ཀྱི་གཏན་གནས་ཆགས་ཡོད་པ་དང་། གཙང་པ་རྒྱ་རེ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཀྱི་བདག་པོ་དང་པོ་ཡིན།
དུས་རབས་བཅུ་དྲུག་པའི་མཐར། ༧རྒྱལ་དབང་འབྲུག་པ་བཞི་པ་ཀུན་མཁན་པདྨ་དཀར་པོ་དགོངས་པ་རྫོགས་པའི་རྗེས་སུ། ཁོང་གི་གོ་གནས་ལ་ཐོབ་དབང་རྩོད་ལེན་བྱེད་མཁན་ཁག་གཉིས་བྱུང་། གཙང་པ་རྒྱལ་པོས་མི་དབང་དཔག་བསམ་དབང་པོ་ལ་རྒྱབ་སྐྱོར་བྱས་པས། ཐ་མར་ཁོང་རྒྱལ་དབང་འབྲུག་པ་ལྔ་པར་ཁྲི་འདོན་ཞུས། གཙང་གི་རྒྱལ་པོས་དབང་འཛིན་གྱིས་སྡུག་སྦྱོང་ལས་ཐར་བའི་ཆེད་དུ་ཞབས་དྲུང་ངག་དབང་རྣམ་རྒྱལ་དེ་ནས་བྲོས་བྱོལ་དུ་ཕེབས་དགོས་བྱུང་། ཁོང་འབྲུག་ཡུལ་དུ་ཕེབས་རྒྱུའི་རྟགས་མཚན་བྱུང་བ་ལ་བརྟེན་ནས་ལྷོ་འབྲུག་ཕྱོགས་སུ་ཕེབས། དེར་ཁོང་གིས་ལུང་པ་མང་པོ་དབང་དུ་འདུས་ནས་རྒྱལ་ཁབ་གཅིག་ཏུ་སྒྲིལ་བ་དང་། འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་རྩ་འཛུགས་བྱས་པས་དེ་ནས་བཟུང་ནང་ཆོས་ཁྱད་པར་དུ་འཕགས་པ་ཞིག་ཡུལ་འདིར་ཆགས།
དུས་དེ་ནས་བཟུང་འབྲུག་པའི་ཆོས་བརྒྱུད་དེ་ཕྱོགས་གཉིས་སུ་གྱེས་བས། བྱང་འབྲུག་སྡེ་ཚན་དེ་རྒྱལ་དབང་འབྲུག་པའི་བོད་དུ་འགོ་འཁྲིད་གནང་གི་ཡོད་པ་དང་། འབྲུག་ནང་དུ་ཡོད་པའི་ལྷོ་འབྲུག་སྡེ་ཚན་དེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་བརྒྱུད་ཀྱིས་འགོ་འཁྲིད་བྱས། ཞབས་དྲུང་ངག་དབང་རྣམ་རྒྱལ་ནས་འབྲུག་རྒྱལ་ཁབ་ཀྱི་ཆོས་ཕྱོགས་ཀྱི་འགན་དེ་རྗེ་མཁན་པོས་གནང་རྒྱུའི་ལུགས་སྲོལ་གཏན་འབེབས་གནང་།
སྔོན་གྱི་ལོ་བརྒྱ་ཕྲག་མང་པོ་ལ་ལྟ་བ་ཡིན་ན། ད་ལྟའི་དུས་ཀྱི་འབྲུག་རྒྱལ་ཁབ་དང་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་དེ་ཉིད་བར་འབྲེལ་བ་ཟབ་པོ་ཡོད་པ་ཤེས་ཐུབ། དེ་ལྟར་བྱུང་རབས་ཀྱི་འགོ་ནས་མཇུག་བར་འབྲུག་རྒྱལ་ཁབ་དེ་ཉིད་སོ་སོའི་ཆོས་སྲིད་ཀྱི་དབུ་ཁྲིད་རྣམས་ལ་རག་ལས་པ་དང་། རྒྱལ་ཁབ་ནས་འདི་གཉིས་ལ་ཁྱད་མེད་ཀྱི་ཆེ་མཐོང་ཡོད། དེ་འདྲ་སོང་ཙང་། ཞབས་དྲུང་སྐུ་ཕྲེང་རྣམས་ཆོས་ཕྱོགས་ཀྱི་ཉམས་ལེན་ཁྱད་དུ་འཕགས་པ་ཡོད་མཁན་ཡིན་པས། དེ་དག་གིས་བརྩོམ་གནང་བའི་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་རྣམས་ལ་ཡང་གུས་བཀུར་བྱེད་ཀྱི་ཡོད།
ཞབས་དྲུང་སྐུ་སྐྱེ་རིམ་པ།
- ཞབས་དྲུང་ངག་དབང་རྣམ་རྒྱལ།
- ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་སྤྲུལ་༡་ནས་༣་བར།
- ཞབས་དྲུང་བཞི་པ་འཇིགས་མེད་ནོར་བུ།
- རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་ཆོ་ག
- གསུང་རབ་དཔེ་ཆ།
- པར་མཛོད།
ཞབས་དྲུང་ངག་དབང་རྣམ་རྒྱལ། ༼༡༥༩༤ – ༡༦༥༡༽
འབྲུག་རྒྱལ་ཁབ་དེ་སྲོལ་གཏོད་མཁན་གྱི་མེས་པོ།
འབྲུག་ཡུལ་གྱི་གནད་ཆེའི་སྤྲུལ་སྐུའི་སྐུ་སྐྱེ་རིམ་པའི་སྐོར་བཤད་པ་ཡིན་ན། ཞབས་དྲུང་སྤྲུལ་སྐུ་རྣམས་ཆག་གི་ཡོད་པ་དང་། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་མ་བརྗོད་པར་འབྲུག་ཡུལ་གྱི་བྱུང་རབས་གསལ་བཤད་བྱེད་ཁག་པོ་ཡིན། ཡབ་ཀྱི་ཕྱོགས་ནས་བརྩི་བའི་རྭ་ལུང་ཁྲི་འཛིན་ ༡༨ པ་བརྒྱུད་འཛིན་རྒྱལ་སྲས་ནི། ༧རྒྱལ་དབང་འབྲུག་པ་དང་པོ་གཙང་པ་རྒྱ་རེ་དེའི་རྒྱལ་པོ་སྐྱོང་བའི་རིགས་བརྒྱུད་ནས་ཕེབས་པ་ཡིན། ༧རྒྱལ་དབང་འབྲུག་པ་དང་པོ་དེ་ཉིད་སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཞིག་ཡིན་པར་བདེན་པར་འཛིན་གྱི་ཡོད་པ་དང་། ཁོང་གི་སྐུ་སྐྱེ་གོང་མ་གྲགས་ཅན་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྗེ་བཙུན་མི་ལ་རལ་པའི་ཐུགས་སྲས་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་སོགས་བྱུང་ཡོད།
སྔོན་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་༧རྒྱལ་དབང་འབྲུག་པ་སྐུ་ཕྲེང་ལྔ་པའི་ཁྲི་འཛིན་གྱི་འོས་དམིགས་དུ་ཞུགས་ཡོད་པས། གཙང་རྒྱལ་པོས་ཁོང་འཇུ་བར་སླེབས་སྐབས་ཆོས་སྐྱོང་མ་ཧ་ཀ་ལ་བྱ་རོག་གི་རྣམ་པར་སྤྲུལ་ནས་འབྲུག་གི་ཕྱོགས་སུ་ཕེབས་དགོས་པར་རྟགས་མཚན་སྟོན་ནས་ཁོང་འབྲུག་ཡུལ་དུ་བྲོས་བྱོལ་དུ་ཕེབས། ཁོང་དུས་དེ་འདྲ་ཞིག་ན་ཕེབས་ཞེས་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ཡང་བྱུང་བ་རེད། ཁོང་ནི་འབྲུག་ཡུལ་ནང་ཁུལ་གཅིག་གྱུར་བཟོས་མཁན་དང་པོ་ཡིན་པ་དང་། ཁོང་ནི་དེང་རབས་ཀྱི་འབྲུག་པའི་ཡུལ་གྱི་སྲོལ་འབྱེད་ཡིན་པ་ཚང་མས་བསམ་ཞིབ་བྱེད་ཀྱི་ཡོད། ཁོང་གིས་ལོ་༣༥རིང་གར་འབྲུག་ནང་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་འགན་འཁུར་བཞེས་པ་དང་། འབྲུག་ནང་ཁོང་གི་གོ་གནས་དང་དབང་ཆ་ནི་བོད་དུ་༧གོང་ས་མཆོག་གི་གོ་གནས་དབང་ཆ་དང་འདྲ་བ་ཡོད།
གཙང་གི་རྒྱལ་པོས་འབྲུག་ཡུལ་གློ་བུར་དུ་བཙན་རྒོལ་བྱེད་པར་བོད་པའི་དམག་མི་གཏོང་བ་དང་། འབྲུག་ཡུལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁོང་ནས་འབྲུག་པའི་ས་ཕྱོགས་གང་སར་གཏོར་བཅོམ་མི་ཡོང་བའི་དོན་དུ་རྫོངས་གང་མང་བཞེངས་ཡོད་པ་རེད། རྗེས་སུ་༧རྒྱལ་བ་ལྔ་པའི་སྐབས་སུ་ཡང་དམག་མི་བཏང་ཡོད་པ་རེད། རྫོངས་དེ་དག་ད་ལྟའི་དུས་ན་ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་བསྟི་གནས་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།
དེ་བཞིན་ཁོང་གིས་འབྲུག་རྒྱལ་ཁབ་གྱི་བཅའ་ཡིག་ཆེན་མོ་གསར་གཏོད་བྱེད་ནས་ཡུལ་ལྗོངས་གང་སར་ཁྱབ་བསྒྲགས་བྱེད་ནས། ས་གནས་ཁག་གི་དམག་དཔོན་སོགས་གཞུང་འཛིན་གྱི་འོག་ཏུ་སླེབས་པ་དང་། དེ་ནས་གཞུང་གི་དབང་ཆ་དེ་ཕྱོགས་གཉིས་སུ་དབྱེ་བས། གཞུང་གི་ལས་དོན་སྒྲུབ་མཁན་སྡེ་སྲིད་དང་། དགོན་པ་དང་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་དེ་རྗེ་མཁན་པོ་སོགས་གཞུང་གི་སྒྲིག་འཛུགས་མཚུངས་པ་མེད་པ་ཞིག་འགོ་འཛུགས་གནང་། དེ་བཞིན་ཕྱི་ལོ་ ༡༩༠༧ ན་སྡེ་སྲིད་བཀོད་ཁྱབ་བྱེད་རྒྱུ་དེ་ནི་འབྲུག་རྒྱལ་པོའི་སྲིད་དབང་དུ་འགྱུར་བ་རེད།
ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་འབྲུག་མི་མང་གི་ངོར་སྙན་གྲགས་ཅན་ཡིན་པས། ཁོང་སྐུ་འདས་པའི་གནས་ཚུལ་དེ་གསང་བ་བྱས་ནས་ཉར་བ་རེད། ཁོང་ནི་ཕྱི་ལོ་ ༡༦༥༡ ལོར་དགོངས་པ་རྫོགས་པའི་རྗེས་སུ། ཁོང་གསང་བའི་སྒོ་ནས་མཚམས་བཞུགས་ཡོད་ཅེས་གསལ་བསྒྲགས་བྱེད་ཅིང་། འབྲུག་པའི་དབུ་ཁྲིད་ཚོས་བཀའ་ཤོག་གནང་བ་དེ་དག་ཁོང་གི་མིང་བེད་སྤྱོད་བཏང་ནས་ཕྱི་ལོ་ ༡༧༠༥ བར་སྟངས་འཛིན་བྱས། ད་ལྟ་ཞབས་དྲུང་ངག་དབང་རྣམ་རྒྱལ་དགོངས་པ་རྫོགས་པའི་ཉིན་དེར་རྒྱལ་ཁབ་ཆ་ཚང་གུང་སེང་བཏང་གི་ཡོད་པ་དང་། དུས་ཆེན་དེ་འབྲུག་ཟླ་གསུམ་པའི་ཚེས་བཅུ་ལ་ཁེལ་གྱི་ཡོད་པ་རེད།
རྣམ་ཐར་མདོར་བསྡུད།
ཞབས་དྲུང་གི་ཡང་སྲིད་དེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཕེབས་ཡོད་པ་ཡོངས་གྲགས་རེད། སྔར་གྱི་ལུགས་སྲོལ་གཞིར་བཟུང་བྱེད་པ་ཡིན་ན། ཐུགས་ཀྱི་སྤྲུལ་པའི་སྐུ་དེ་ཉིད་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ངོ་མ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།
ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་ཡང་སྲིད་གཙོ་བོ་དང་སྤྲུལ་སྐུ་གཙོ་བོ་རུ་ངོས་འཛིན་ཅིང་། ཡིན་ན་ཡང་ཞབས་དྲུང་སྐུ་ཕྲེང་ནང་ཁོང་སྐུ་ཕྲེང་དང་པོར་མི་བརྩི་ཞིང་། ཞབས་དྲུང་སྐུ་ཕྲེང་དང་པོ། གཉིས་པ། གསུམ་པ་ཞེས་པའི་བརྩི་ཚུལ་ནི། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྗེས་ཀྱི་ཡང་སྲིད་ནས་འགོ་འཛུགས་ཀྱི་ཡོད།
ཞབས་དྲུང་དང་པོ་འཇིགས་མེད་གྲགས་པ། ༼༡༧༢༤ – ༡༧༦༡༽
ཞབས་དྲུང་ཐུགས་སྤྲུལ་དང་པོ།
རྣམ་ཐར་མདོར་བསྡུད།
ཞབས་དྲུང་ཆོས་ཀྱི་རྒྱལ་མཚན། ༼༡༧༦༢ – ༡༧༨༨༽
ཞབས་དྲུང་ཐུགས་སྤྲུལ་གཉིས་པ།
རྣམ་ཐར་མདོར་བསྡུད།
ཞབས་དྲུང་གསུམ་པ་འཇིགས་མེད་གྲགས་པ་།
ཞབས་དྲུང་ཐུགས་སྤྲུལ་གསུམ་པ།
རྣམ་ཐར་མདོར་བསྡུད།
ཞབས་དྲུང་འཇིགས་མེད་ནོར་བུ། ༼༡༨༣༡–༡༨༦༡༽
ཞབས་དྲུང་ཐུགས་ཀྱི་སྤྲུལ་སྐུ་སྐུ་ཕྲེང་བཞི་པ།
སྤྱི་ལོ་ ༡༨༣༡ ལྕགས་ཡོས་ལོར་ཤར་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་སྦྲ་མིའི་རྩེརུ་ཞབས་དྲུང་འཇིགས་མེད་ནོར་བུ་ཡབ་བསྟན་འཛིན་ཆོས་རྒྱལ་དང་ཡུམ་འབྲུག་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཀྱི་སྐུ་བརྒྱུད་ནས་བྱེད་ན། ཁོང་སྔོན་སྙིང་མའི་གཏེར་སྟོན་ཆེན་པོ་པདྨ་གླིང་པའི་ཐུགས་ཀྱི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གདུང་སྲས་རིན་པ་ལས་བྱོན།
གཞོན་ནུ་སྐབས་ཁོང་ཞབས་དྲུང་འཇིགས་མེད་ནོར་བུའི་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ཡིན་པ་ངོས་འཛིན་པ་དང་། ཁོང་ཞབས་དྲུང་ཆེན་པོ་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་བཞི་པར་ངོས་འཛིན་ཞུ། ཁོང་རྒྱལ་སར་གདན་དྲངས་ཏེ་ཁྲིར་འདོན་གནང་།
རྗེ་མཁན་པོ་༢༥འཇམ་དཔལ་ཤེས་རབ་རྒྱལ་མཚན་དང་རྗེ་མཁན་པོ་ ༣༡ ཡོན་ཏན་རྒྱལ་མཚན་རྣམ་གཉིས་ནས་སྨིན་གྲོལ་གྱི་ལམ་དུ་འགོད་པར་བྱེད་པའི་སློབ་ཁྲིད་ཞུས། འཇམ་དཔལ་ཤེས་རབ་རྒྱལ་མཚན་གྱི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་ཞུས། པདྨ་བཟང་པོ་དང་རྗེ་འཇམ་དཔལ་རྒྱ་མཚོ་ལ་སོགས་པ་རྣམས་སོ་སོའི་དགེ་བའི་བཤེས་གཉེན་དུ་བསྟེན། པདྨ་མ་བཟང་པོ་ནི། རྗེ་མཁན་པོ་༢༧དང་༢༩ཁྲིད་འཛིན་པ་ཡིན་ཅིང་། རྗེ་འཇམ་དཔལ་རྒྱ་མཚོས་རྗེ་མཁན་པོ་༣༠ཁྲིད་འཛིན་གནང་།
གཞུང་གྲྭ་ཚང་ནས་ངོ་སྤྲོད་གནང་བ་ལྟར་ ༡༨༥༠ དབྱར་ཁར་ཐིམ་ཕུར་ཞབས་དྲུང་འཇིགས་མེད་ནོར་བུ་སྡེ་སྲིད་ཀྱི་ཁྲིར་བཀོད། ཁོང་ནས་རའི་རྫི་བོ་མི་འོངས་བཞིན་དུ་རྟ་རྫི་བྱེད་པ་གཉིས་མེད་སེངྒེའི་དཔེ་ལྟར་གསུངས་ཀྱང་གོ་ས་དེ་ཉིད་བདག་ཏུ་འཛིན་པར་བྱས་སོ།།
ཁོང་སྡེ་སྲིད་གོ་གནས་འཛིན་པའི་སྐབས་ཞིག་ལ་ཁོང་གི་གཏོར་སྒྲུབ་ཀྱི་ཆོ་ག་སྒྲུབ་པའི་རྗེས་སུ། ཞབས་དྲུང་འཇིགས་མེད་ནོར་བུ་འབྲུམ་ནད་ཀྱི་འཁོན་པའི་ཚབས་ཆེན་པོ་ན་བ་རེད། གང་ལྟར་ཡང་། ཁོང་གི་ཆེད་དུ་ཆོ་ག་སྣ་ཚོགས་སྒྲུབ་ནས་གེགས་ལས་གྲོལ། མི་རིང་བར་བཀྲས་རྫོང་གི་གཟིམ་ཁང་ཐོག་གི་རྡོ་གཞོང་ཆེན་པོ་གཅིག་དང་མཉམ་དུ་ཟགས་པའི། དེ་རིང་ནི་འཇིག་རྟེན་གྱི་སྣང་བ་ནུབ་པ་ཡིན་སྙམ་དུ་བླ་མ་ཡིད་ལ་དྲན་པར་བྱས། གང་ལྟར་ཁོང་གིས་ང་གསོན་པོར་གནས་པ་ནི་ཡ་མཚན་དགོས་པ་དང་རྐང་པ་གཡས་ཀྱི་སྤྱི་མགོ་བརྡུང་ཙམ་ལས་རྐྱེན་གཞན་མ་བྱུང་།
གནས་ཚུལ་དེ་དག་གིས་གཞོན་ནུ་ཞབས་དྲུང་འཇིགས་མེད་ནོར་བུའི་སེམས་ཤིན་ཏུ་དཀྲོག་ཡོད་པས། དགུང་ལོ་༢༡ཙམ་ལ་ཕེབས་སྐབས་ཁོང་གི་ཕ་མ་གཉིས་ཀ་སྐུ་གཤེགས་པ་དང་། དེ་བཞིན་སོ་སོའི་དགེ་བའི་བཤེས་གཉེན་གཉིས་དང་སྦྱིན་བདག་ལྔ་ལ་སོགས་པ་མང་པོ་སྐུ་གཤེགས་ཡོད། རྒྱལ་ཁབ་ཀྱི་འགན་འཛིན་དང་སེམས་ངལ་དེ་དག་ལ་རྟེན་ནས་ཁོང་འཇིག་རྟེན་གྱི་བྱ་བ་དེ་དག་ལས་བྲལ་ནས་ཆོས་ཕྱོགས་ཀྱི་ལམ་ཁོ་ནར་བཞུགས་པར་འདོད། ཁོང་གི་སྙན་རྩོམ་ཞིག་གི་ནང་འདི་ལྟར་བྲིས་ཡོད།
ང་སྐྱེས་ནས་བཟུང་ད་བར་དུ་ལོ་ཉི་ཤུ་ཕྱིན་པས།།
གཞན་གྱི་དཀའ་ངལ་བརྒྱ་དང་ངའི་དཀའ་ངལ་གཅིག་འགྲན་ཟླ་མི་ཐུབ།།
ང་ལ་བྱུང་བའི་བྱུས་ངན་དེ་དག་གཞན་ལ་བྱུང་བ་ཡིན་ན།།
ལུས་དེ་ཉིད་ཐལ་བའི་ངོ་བོ་འགྱུར་གྱི་རེད།།
གང་ལྟར་ཡང་། ཞབས་དྲུང་འཇིགས་མེད་ནོར་བུ་སྡེ་སྲིད་ཀྱི་གོ་གནས་ཡུན་རིང་དུ་མི་འཛིན་པ་གང་ཡིན་ཟེར་ན། སྐབས་དེ་དུས་འབྲུག་ནང་ཐིམ་ཕུ་དང་སྤུངས་ཁའི་ཤོག་ཁག་གཉིས་བར་ནང་འཁྲུག་ཤོར་བའི་རྐྱེན་གྱི་ཡིན། ལོ་གཅིག་རྗེས་ ༡༨༥༢ ནང་དམག་མིའི་གྱེན་ལངས་ཏེ་ཁོང་ལ་སྡེ་སྲིད་རྩ་དགོངས་ཞུ་བར་བཙན་བསྐུལ་བྱས།
ཁོང་རང་སྤྱིར་མི་སྐྱ་བོ་བྱེད་ནས་ཆོས་བྱེད་འདོད་པ་དང་ཕྱག་རྒྱ་ཆེན་པོའི་ལམ་ཉམས་སུ་ལེན་པར། ཞབས་དྲུང་འཇིགས་མེད་ནོར་བུས་དགེ་བསྙེན་གྱི་སྡོམ་པ་བཞག་རྒྱུ་ཐག་གཅོད་དེ་གསང་ཡུམ་བླངས། ཁོང་གི་ཆུང་མ་བདེ་ཆེན་འཚོ་མོ་དང་བུ་མོ་རིན་ཆེན་འཚོ་མོ་ཡོད་པ་རེད། བློ་ཕམ་པ་ཞིག་ལ་དེང་དུས་ཀྱི་འབྲུག་མི་རྣམས་ཀྱིས་ཁོང་ལ་མི་དགའ་བ་བྱས།
ཁོང་གི་ཆོས་སྲིད་གཉིས་ཀའི་གོ་གནས་ཉམས་པར་གྱུར་བ་དང་དངུལ་རྩིས་རྒྱབ་སྐྱོར་སོགས་མེད་པར་གྱུར་ཏེ། ཁོང་སོ་སོའི་གདན་ས་རྟ་ལོ་གསང་སྔགས་ཆོས་གླིང་དེ་ནས་ཐོན་འགྲོ་བ་ཐག་གཅོད་གནང་སྟེ་བོད་དུ་གནས་མཇལ་དུ་ཕེབས། ཁོང་གི་བྲིས་པ་ནི།
གཡོ་སྒྱུའི་ངག་གིས་ཐོག་ནས་ཐབས་སྣ་ཚོགས་ཀྱིས།།
བདག་ལ་དབང་བའི་ས་ཞིང་མཁར་དབང་དེ་དག །
ཁྲེལ་མེད་ཅན་གྱིས་དབང་མེད་དུ་འཕྲོག་ནས།
ང་གྲུབ་ཐོབ་དམའ་ས་འཛིན་མཁན།
ངོ་ཚ་ཁྲེལ་མེད་ཅན་གྱི་གང་བའི་གནས་དེར་སྡོད་པ་ལས།
ས་གནས་རྩ་ཆེན་གཞན་དུ་འགྲོ་ན་མི་དགའ་སམ།
ཞབས་དྲུང་འཇིགས་མེད་ནོར་བུ་ལྷ་སར་ཉིན་འགའ་ཤས་གནས་པས་རེ་སྒྲེང་རིན་པོ་ཆེ་ངག་དབང་ཡེ་ཤེས་མཆོག་ནས་མགྲོན་བསུ་ཧ་ལས་པ་ཡག་པོ་གནང་། ཁོང་ནི་༧གོང་ས་སྐུ་ཕྲེང་༡༢པ་ཆེན་པོ་གཞོན་ནུའི་སྐབས་རྒྱལ་ཚབ་ཏུ་བཞེངས། ཁོང་ལ་སྨན་ཆུའི་བཙན་པོ་སེང་ཕེང་ནས་འབྲུག་པ་ཨིར་ཏི་ནི་ཞེས་གོ་གནས་ཡང་ཐོབ།
བཙན་བྱོལ་དུ་གནས་སྐབས་ཞབས་དྲུང་འཇིགས་མེད་ནོར་བུས་སོ་སོའི་ཇ་ཕོར་ནང་དུ་རྩམ་པའི་སྤུ་ན་ཁ་རྫོངས་འདྲ་བ་ཞིག་བཞེངས་ནས་ཕྱོགས་གཅིག་ནས་འདིར་ཇ་སྲུབ་མ་བླུག་སྟེ། བདག་གིས་འདོད་ན་སྤུ་ན་ཁ་རྫོངས་འདི་ལྟར་ཆུས་འདེད་ཐུབ་ཞེས་རྟགས་མཚན་སྟོན། ཕྱི་ལོ་ ༡༨༦༣ ནང་སྤུ་ན་ཁ་རྫོངས་ཆ་ཙམ་ཆུ་ལོག་ཆེན་པོའི་འདེད་འཁྱེར་བ་རེད།
རྗེས་སུ་ཞབས་དྲུང་འཇིགས་མེད་ནོར་བུ་རང་གི་ཡོངས་འཛིན་འཇམ་དཔལ་ཤེས་རབ་རྒྱལ་མཚན་གྱི་གདན་ས་སྤ་རོ་གོ་རི་ན་རུ་ལོག དེར་ཁོང་༡༨༦༡ལྕགས་བྱ་ལོར་འཆི་བོ་འོད་གསལ་མངོན་དུ་འགྱུར་བ་རེད། དེ་དུས་ཁོང་དགུང་ལོ་སུམ་བཅུ་ཙམ་རེད།
རྣམ་ཐར་མདོར་བསྡུད།
ཞབས་དྲུང་འཇིགས་མེད་ནོར་བུའི་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་སྤྲུལ་ཞབས་དྲུང་བཞི་པ་འཇིགས་མེད་ནོར་བུ་མཆོག་གི་གསུང་འབུམ་ཁྱོན་སྡོམ་ཤོག་གྲངས་ ༡༠༧༡ ཡོད་པ་དེ་དག་འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས་ཡོད། གསུང་འབུམ་འདིའི་ནང་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་བསྐང་གསོ་དང་འཕྲིན་བཅོལ་ཁག་གཉིས་ཡོད།
ཆོ་ག་དང་པོ་དེ་གསུང་འབུམ་༼ ན ༽པའི་ཤོག་གྲངས་ ༧༣༥ ནས་ ༧༨༥ བར་ལ་ཡོད། འདིའི་མཚན་བྱང་དུ་”བཀའ་གཏེར་སྲུང་མ་རྣམས་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་རིམ་པ་ཁྲག་འཐུང་ཁྲོས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།།” ཞེས་གསལ་ཡོད། བསྐང་གསོ་རྒྱས་པ་འདིའི་ནང་གྱི་ལེའུ་དང་པོ་ཤོག་གྲངས་ལྔ་བཅུ་ནང་།
དེ་ཁྱོན་སྡོམ་ཤོག་གྲངས་ ༥༠ ལྷག་ཡོད་པ་དང་འདིའི་ནང་། ཆོས་སྐྱོང་མི་འདྲ་བ་མགོན་པོ། དཔལ་ལྡན་ལྷ་མོ། ཚེ་རིང་མཆེད་ལྔ། གཟའ་བདུད་ཆེན་པོ། ཞིང་སྐྱོང་མ། ཕ་མ་བུ་གསུམ། ཙིའུ་དམར་པོ། བྱ་ཁྲིད་བཙན་རྒོད། རྡོ་རྗེ་ཤུགས་ལྡན། ཇག་པ་མེ་ལེན་བཅས་ཆོས་སྐྱོང་དེ་ཚོའི་གསོལ་མཆོད་བཞུགས་ཡོད།
མཇུག་བྱང་དུ་མི་ཕམ་འཆི་མེད་དབང་ཕྱུག་ཟིལ་གནོན་པདྨ་དབང་དྲག་རྩལ་ཞེས་པ་ཞབས་དྲུང་འཇིགས་མེད་ནོར་བུའི་མཚན་གྱི་རྣམ་གྲངས་ཞིག་བཀོད་ཡོད་པ་དང་། བསྡུས་ན། (འཆི་མེད་དབང་ཕྱུག་) ཞེས་པས། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་ནས་མཚན་འདི་འཇིགས་མེད་ནོར་བུའི་མཚན་གྱི་རྣམ་གྲངས་དུ་བཀོད་འདུག ། ཁོང་གིས་རང་ལོ་ཉེར་བདུན་ཕེབས་སྐབས་སྔན་ལུང་གསང་བ་ཆེན་པོའི་གཞལ་མེད་ཁང་གི་མཆོད་ཁང་ཆེན་པོ་ཕུན་ཚོགས་བདེ་འཁྱིལ་དུ་བྲིས་པའོ།
ཕྱག་དཔེ་དེའི་འཇུག་བྱང་དུ་སྔགས་འཆང་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་པ་དེ་ཡང་ཞབས་དྲུང་འཇིགས་མེད་ནོར་བུའི་མཚན་གྱི་རྣམ་གྲངས་ཡིན་པ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་ནས་མཚན་འདི་འཇིགས་མེད་ནོར་བུའི་མཚན་གྱི་རྣམ་གྲངས་དུ་བཀོད་འདུག བདག་མོ་སྐལ་བཟང་ཀརྨ་མཚོ་མོས་ཆོས་སྐྱོང་དེ་དག་ལ་དད་ཅིང་འཕྲིན་བཅོལ་བྱེད་ཀྱི་ཡོད་པས་བསྐང་གསོ་བསྡུས་པ་འདི་འདྲ་ཞིག་བརྩོམས་རོགས་གནང་ཞེས་ཞབས་དྲུང་འཇིགས་མེད་ནོར་བུ་ལ་བཀའ་རྩོམ་གནང་དགོས་རེ་བསྐུལ་ཞུས་པ་ལྟར་མཛད།
པོད་ ༼ ན ༽ ནང་ལོར་དོ་སྣང་བྱེད་དགོས་པ་དོན་ཚན་ཞིག་དེ། རྡོ་རྗེ་ཤུགས་ལྡན་ནི་ལངྐའི་གྲོང་དང་ལྷ་ལྡན་(ལྷ་ས་)ནས་སྤྱན་འདྲེན་བྱས་པ་དང་། ཟུར་དུ་ལངྐ་ཞེས་པ་མཚན་འབོད་དུས་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་གཞན་ཞིག་ནས་གྲུབ་དབང་བསྟན་འཛིན་བཟང་པོས་བརྩམས་པའི་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་དེ་གཞིར་བྱས་ནས་ཁུངས་གཏུགས་པ་གནང་། ངོ་སྤྲོད་ནང་པདྨ་སམྦྷ་ཝའི་རྣམ་རོལ་པདྨ་ཐོད་ཕྲེང་། རྙིང་མའི་གཏེར་སྟོན་པདྨ་གླིང་པ། དེའི་ལུགས་ཀྱི་རྗེས་འཇུག་གཞན་དང་དེ་ཚོའི་སྲུང་མའི་སྐོར་ལ་བཤད་འདུག །
ཞབས་དྲུང་འཇིགས་མེད་ནོར་བུའི་གསུང་འབུམ་ནང་ཡོད་པའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་གཞན་ཞིག་ནི་དེའི་གསུང་འབུམ་པོད་༼ ཕ ༽པའི་ཤོག་གྲངས་ ༩༡༠–༩༣༠ ནང་མཇལ་རྒྱུ་ཡོད། ཕྱག་དཔེ་དེའི་མཚན་ལ་ “རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསོལ་ཁ་འཕྲིན་ལས་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ།།” ཞེས་པ་དང་། དེའི་ནང་ལ་བསྐང་གསོ་སྤྱི་འགྲོ་ལྟར། མངོན་རྟོགས་སྤྱན་འདྲེན། གཏོར་འབུལ། བཤགས་པ། བསྐང་བ། བསྟོད་པ། མངའ་གསོལ་རྣམས་ཡོད།
གཞན་ཡང་བསྐྱར་དུ་ཞུ་རྒྱུ་ལ། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསོལ་ཁ་འཕྲིན་ལས་མྱུར་འགྲུབ་ཀྱི་ནང་། ཤློཀ་དང་པོ་དེ་མ་ཧཱ་གུ་རུ་པདྨ་སམ་བྷ་བའི་བསྟོད་ཕྱག་ཡིན་པ་དང་། དེ་ནི་འདི་ལྟར། “དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཞབས་ལ་བྱང་ཆུབ་སྙིང་པོའི་བར་དུ་ཕྱག་འཚལ་ལོ།” ཞེས་བྱུང་། དེའི་ནང་མ་ཧཱ་གུ་རུ་པདྨ་སམ་བྷ་བའི་མཚན་ཚར་ཁ་ཤས་ཞིག་ཐོན་གྱི་འདུག སྤྱིར་སྟངས་གུ་རུ་རིན་པོ་ཆེ་དེ་བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་ནས་རྙིང་མ་དང་འབྲུག་པ་བཀའ་བརྒྱུད་ཀྱི་གཙོ་བོ་བསྟེན་གྱི་ཡོད་པ་རེད། རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་དང་འཕྲིན་བཅོལ་ནང་སློབ་དཔོན་པདྨ་སམ་བྷ་བའི་མཚན་ཐོན་པ་དེས། གལ་ཏེ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནི་ཕྱོགས་རིས་ཅན་གྱི་སྲུང་མ་ཡིན་པ་དང་རྙིང་མ་དང་རྒྱབ་འགལ་ཅན་རེད་ཅེས་ན་དེ་དག་ཐམས་ཅད་བདེན་མིན་དང་རྫུན་མ་ཡིན་པ་གསལ་པོ་རེད།
གལ་སྲིད་རྡོ་རྗེ་ཤུགས་ལྡན་ཕྱོགས་རིས་ཅན་དང་གནོད་པ་ཅན་གདོན་འདྲེ་དེ་འདྲ་ཡིན་ན། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཆེན་པོ་འབྲུག་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་དེ་ཚོའི་གསུང་འབུམ་ཁག་ནང་གསོལ་འདེབས་ཐོན་གྱི་ཡོད་པ་དེ་ཇི་ལྟར་ཡིན་ནམ་སྙམ་པས་ཁོ་བོ་ནི་ཐེ་ཚོམ་དུ་གྱུར་ཏོ།། བསྟོད་པ་གཅིག་གི་ནང་དུ་སློབ་དཔོན་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན་གཉིས་ཀ་ལ་བསྟོད་པ་ཕུལ་ནས། སློབ་དཔོན་རིན་པོ་ཆེའི་བསྟན་པ་དེ་སྲུང་སྐྱོབ་བྱེད་དགོས་འཁོད་འདུག་པ་དེ་གང་ཡིན་ནམ། སློབ་དཔོན་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན་གྱི་འབྲེལ་བ་དེ་མིག་ཕྱེ་སྟེ་ཟབ་ཟབ་བྱེད་ནས་བལྟས་པ་ཡིན་ན་ཧ་ཅང་གི་འབྲེལ་བ་ཡག་པོ་ཡོད་པ་གསལ་པོ་མཐོང་ཐུབ་པ་དང་དེ་ལ་དགོས་དོན་ཆེན་པོ་ཡོད་པ་གསལ་ལོ།།
དཔེར་མཚོན་ན།
ཀྱེ༑ ཁྲག་འཐུང་ཧེ་རུ་ཀ་དང་ཐོད་འཕྲེང་རྩལ།།
པདྨ་དབང་དང་འཇམ་དབྱངས་ཡབ་སྲས་ཀྱིས།།
སྙིང་པོའི་བསྟན་པ་བསྲུང་བར་བཀའ་སྒོས་པ།།
རྡོ་རྗེ་ཤུགས་ལྡན་འཁོར་བཅས་བདག་ལ་དགོངས།།
ཞེས་དང་།
འཆི་མེད་རིག་འཛིན་པདྨ་ཐོད་འཕྲེང་གིས།།
བཀའ་རྟགས་རྡོ་རྗེ་མངོན་པར་དབང་སྐུར་བས།།
སྤྱི་དང་བྱེ་བྲག་བསྟན་པ་བསྲུང་མཛད་པའི།།
ཆོས་སྐྱོང་རྒྱལ་པོ་ཆེན་པོར་མངའ་གསོལ་ལོ།།
ཞེས་གསུང་ངོ་།།
གཞན་ཡང་ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་གིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་སྐོར་གསུངས་ཡོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ནུས་མཐུ་དང་ལྡན་པ་དེ་མཚོན་གྱི་ཡོད་པ་མ་ཟད། རྡོ་རྗེ་ཤུགས་ལྡན་ནི་ངོ་བོ་འཇིག་རྟེན་ལས་འདས་པ་ཡིན་པ་ལ་རྩོད་པ་མེད་པ་ཡིན་པར་བཞེད། བོད་གཞུང་ནས་གདོན་འདྲེ་ཡིན་པར་འགྲེལ་བཤད་ལོག་པ་རྒྱབ་པ་དེ་དག་རྫུན་བཤད་ཀྱི་ཡོད་པ་གོང་གི་ཚིག་འདི་དག་ལས་ཤེས་ཐུབ།
ཞབས་དྲུང་རིན་པོ་ཆེའི་སྐུ་སྐྱེ་འམ་ཡང་སྲིད་དེ་ཚོ་ནི་འབྲུག་ནང་སྙན་གྲགས་ཆེན་པོ་ཡིན་པ་ནི། ཁོང་རྣམས་ཀྱི་སྐུ་དང་སྐུ་པར་ཞལ་ཐང་སོགས་འབྲུག་པའི་མི་ཚང་ཚང་མའི་ནང་ལ་མཇལ་རྒྱུ་ཡོད་པ་རེད། ཞབས་དྲུང་རིན་པོ་ཆེའི་སྐུ་ཕྲེང་དེ་དག་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཡོངས་གྲགས་ཡིན་པས། ཞབས་དྲུང་རིན་པོ་ཆེ་རྡོ་རྗེ་ཤུགས་ལྡན་སྐོར་ལ་ནོར་སྲིད་ཀྱི་མ་རེད། བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་ནི་དགེ་ལུགས་ཁོ་ན་སྲུང་སྐྱོབ་བྱེད་ཀྱི་རེད་ཟེར་དུས། འདི་ལ་ཁོང་གིས་འབྲུག་ནང་དེའི་མི་མང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ཁྱབ་སྤེལ་གནང་ནས་བསྟེན་གསོལ་བྱེད་དགོས་རེད་ཅེས་བཀའ་གནང་བ་ནོར་འཁྲུལ་གནང་སྲིད་ཀྱི་མ་རེད། འདིས་གང་བཤད་ཀྱི་ཡོད་ཅེས་ན། རྡོ་རྗེ་ཤུགས་ལྡན་ནི་གང་ཟག་སོ་སོ་ཆོས་བརྒྱུད་དང་མི་རིགས་སོགས་གང་ཡིན་ན་ཡང་ཁྱད་པར་ཅུང་ཟད་ཀྱང་མེད་པར་གསོལ་བ་བཏབ་ན་གྲོགས་འཕྲིན་ལས་གནང་གི་ཡོད་པ་དེ་ཤེས་ཐུབ།
བཤད་དགོས་རྒྱུའི་གནད་དོན་གཞན་འགའ་ཞིག་ནི། ཞབས་དྲུང་འཇིགས་མེད་ནོར་བུའི་མཛད་པའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོའི་དབུ་ལ་བལྟས་པ་ཡིན་ན་གྲུབ་དབང་བསྟན་འཛིན་བཟང་པོའི་གསུང་ལ་ཁུངས་གཏུགས་ཤིང་ཁ་བསྒྱུར་བ་ཉུང་ཙམ་ཡོད་པ་མཐོང་། གོང་གི་གསོལ་འདེབས་དེ་ཚོ་འབྲུག་པའི་བླ་མ་ཕན་ཚུན་གཅིག་གི་བརྒྱུད་ནས་གཅིག་ལ་ཁྱབ་ཡོད་པ་ལྟ་བུ་གསལ་པོར་སྟོན།
དེ་ག་ནང་བཞིན་བདག་མོ་སྐལ་བཟང་ཀརྨ་མཚོ་མོ་ནི། ཕྱིའི་སྣང་ཚུལ་ལྟར་ན་མི་སྐྱུ་མ་ཞིག་ལྟ་བུ་ཡོད་ན་ཡང་། དོན་ལ་རྡོ་རྗེ་ཤུགས་ལྡན་གྱི་གསོལ་མཆོད་བརྩོམས་པར་བསྐུལ་བས་འབྲུག་པ་བཀའ་བརྒྱུད་ཀྱི་མི་མང་དང་བླ་ཆེན་མང་པོས་རྡོ་རྗེ་ཤུགས་ལྡན་གཏིང་ཚུགས་པ་ཞིག་བསྟེན་གསོལ་གནང་གི་ཡོད་པའི་དཔང་རྟགས་གསལ་པོ་འདུག་དེ་འདྲ་སོང་ཙང་། དགེ་ལུགས་པ་གཅིག་པུས་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད་ཟེར་བ་དེ་དག་ནི་རྫུན་འབའ་ཞིག་ཡིན་པ་མཁྱེན་དགོས། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཚོ་དང་མི་མང་ཚང་མའི་ནང་དུ་བསྟེན་གསོལ་དེ་སིམ་ནས་ཁྱབ་བསྡད་ཡོད་པ་རེད།
ཞབས་དྲུང་འཇིགས་མེད་ནོར་བུའི་གསུང་འབུམ་ནས་ལུང་འདྲེན་པ།
པོད། ༼ ན ༽
གསུང་འབུམ་པོད་ ༼ ན ༽ ནང་། མགོན་པོ། དཔལ་ལྡན་ལྷ་མོ། ཚེ་རིང་མཆེད་ལྔ་ལ་སོགས་པའི་དཔལ་མགོན་སྡེ་བརྒྱད་ཀྱི་སྲུང་མ་རྣམས་ཀྱི་བསྐང་གསོའི་ཆོ་ག ། ཞེས་ཞབས་དྲུང་བཞི་པ་འཇིགས་མེད་ནོར་བུས་མཛད་པ་དང་། ཆོ་ག་འདིའི་ནང་རྡོ་རྗེ་ཤུགས་ལྡན་ཡང་སྲུང་མ་དེ་དག་གི་ནང་བཅུག་ཡོད། ཞབས་དྲུང་བཞི་པ་འཇིགས་མེད་ནོར་བུའི་མཛད་པའི་ཤོག་གྲངས་ ༥༠ ཙམ་ཡོད་པའི་བསྐང་གསོ།
པོད་ ༼ ན ༽ འཐེན་པར་འདིར་གནན་རོགས།
པོད་ ༼ ན ༽ འཐེན་པར་འདིར་གནན་རོགས།
པོད། ༼ ཕ ༽
གསུང་འབུམ་པོད་ ༼ ཕ ༽ པའི་ནང་ཞབས་དྲུང་འཇིགས་མེད་ནོར་བུས་ཆོས་སྐྱོང་སྲུང་མ་ ༢༥ ལས་ལྷག་པ་དེ་དག་ལ་གསོལ་མཆོད་ཀྱི་ཆོ་ག་ཕྱོགས་བསྡུས་ཞིག་མཛད་ཡོད་པ་དང་། འཕྲིན་བཅོལ་གྱི་ཆོ་ག་འདི་དག་ནང་། ཞབས་དྲུང་བཞི་པ་འཇིགས་མེད་ནོར་བུ་རང་ཉིད་ནས་རྡོ་རྗེ་ཤུགས་ལྡན་གཅིག་པུའི་བསྐང་གསོ་ཞིག་ཀྱང་དམིགས་བསལ་གྱི་མཛད་ཡོད།
པོད་ ༼ ཕ ༽ འཐེན་པར་འདིར་གནན་རོགས།
པོད་ ༼ ཕ ༽ འཐེན་པར་འདིར་གནན་རོགས།
ཐོན་ཁུངས། ནང་བསྟན་དཔེ་ཚོགས་ལྟེ་གནས།
ཐོན་ཁུངས། དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།། སྟོད་ཆ།
གུ་རུ་རིན་པོ་ཆེ། ༼གཙོ་ཐང་།༽
༼གཡོན་དུ།༽ སྒྲོལ་ལྗང་། ༼གཡས་སུ།༽ རྡོ་རྗེ་ཤུགས་ལྡན་དྲག་པོ། ༼འོག་གི་གཡོན་མར།༽ གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད། ༼འོག་གི་གཡས་ཕྱོགས།༽ བྱ་ཁྱུང་།
གུ་རུ་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན་གཉིས་ཀྱི་སྐོར་དེའི་དུས་ཀྱི་བསམ་ཤེས་ལོག་པ་ལ་མ་ལྟོས་པར་ཁོང་རྣམ་གཉིས་མཉམ་དུ་ཡོད་པའི་ཞལ་ཐང་རྩ་ཆེན་པོ་མང་པོ་ཡོད་པ་རེད། བསོད་ནམས་དམན་པའི་རྐྱེན་གྱིས་ཉེ་ཆར་མཐོང་རྒྱུ་ལ། གུ་རུ་རིན་པོ་ཆེའི་རྣམ་རོལ་རྡོ་རྗེ་གྲོ་ལོད་ཀྱིས་ཞབས་འོག་ཏུ་དབུ་ཞ་སྒོར་སྒོར་བཞེས་པའི་གྲྭ་པ་ཞིག་ཞབས་ཀྱིས་གནན་ནས་ཡོད་པ་དེ། མི་ཤེས་འཁྲུལ་པའི་དབང་གིས་གྲྭ་པའི་བཟོ་འདྲ་པོ་ཡོད་པ་དེ་རྡོ་རྗེ་ཤུགས་ལྡན་ཡིན་ཞེས་འཛིན་ནས་ཁོང་གདོན་འདྲེ་ཞིག་རེད་ཞེས་བསམ་བློ་ལོག་པ་འཛིན་གྱི་ཡོད། ཡིན་ན་ཡང་། ཞལ་ཐང་རྩ་ཆེན་པོ་དེས་རྡོ་རྗེ་ཤུགས་ལྡན་ནི་ངེས་དོན་ལ་ཐར་པ་ཐོབ་ཟིན་པའི་ཆོས་སྐྱོང་སྲུང་མ་ཞིག་ཡིན་པས། དེ་ལྟ་བུ་བསམ་བློ་ལོག་པ་ཡིས་དོན་དངོས་དེ་མེད་པ་བཟོ་མི་ཐུབ།
རྒྱལ་བ་འོད་དཔག་མེད། ༼ དཀྱིལ་དུ་ཡོད་པའི་ཞལ་ཐང་ཆེན་པོ།༽
༼རྩེག་རིམ་དང་པོ།༽ གུ་རུ་རིན་པོ་ཆེ། ༼རྩེག་རིམ་གཉིས་པ།༽ སྤྱན་རས་གཟིགས་ཕྱག་བཞི་པ། ༼རྩེག་རིམ་གསུམ་པ། སྒྲོལ་དཀར། ༼རྩེག་རིམ་བཞི་པ།༽ རྡོ་རྗེ་གྲོ་ལོད། ༼རྩེག་རིམ་ལྔ་པ།༽ མགོན་པོ་ཕྱག་བཞི་པ། ༼རྩེག་རིམ་དྲུག་པ་གཡོན་དུ།༽ དཔལ་ལྡན་ལྷ་མོ། ༼རྩེག་རིམ་དྲུག་པ་གཡས་སུ།༽ རྡོ་རྗེ་ཤུགས་ལྡན།
འདིར་རྡོ་རྗེ་ཤུགས་ལྡན་ནི་དགེ་ལུགས་པའི་ཆོས་སྐྱོང་སྲུང་མ་ཞིག་ཡིན་པས། ཆོས་ལུགས་གཞན་གྱི་རྗེས་སུ་བཟུང་མཁན་གྱི་ཆོས་དད་པ་དང་། གུ་རུ་རིན་པོ་ཆེ་ལ་ཕྱག་མཆོད་གནང་མཁན་རྣམས་ལ་རྡོ་རྗེ་ཤུགས་ལྡན་གྱིས་སྲུང་སྐྱོབ་བྱེད་ཀྱི་མ་རེད་ཅེས་པའི་ཉེས་འཛུགས་དེ་འདྲ་མང་ཡོད་པ་རེད། དེ་དྲང་པོ་དང་བདེན་པ་མ་རེད། རྡོ་རྗེ་ཤུགས་ལྡན་ནི་ངེས་པ་དོན་ལ་ཐར་པ་ཐོབ་ཟིན་པའི་སྐྱེས་བུ་ཞིག་ཡིན་པས། གལ་ཏེ་ཁྱོད་རང་གིས་གུ་རུ་རིན་པོ་ཆེ་ལ་ཕྱག་མཆོད་བྱེད་མི་བྱེད་ལ་མ་ལྟོས་པར་ཁོང་གིས་སེམས་ཅན་ཐམས་ཅད་ལ་སྲུང་སྐྱོབ་གནང་གི་རེད།
སངས་རྒྱས་ཤཱཀྱ་ཐུབ་པ། ༼དཀྱིལ་ཐང་།༽
༼གཡོན་རྩེར།༽ གུ་རུ་རིན་པོ་ཆེ། ༼གཡས་རྩེར།༽ རྗེ་ཙོང་ཁ་པ་ཆེན་པོ། ༼གཡོན་མཐིལ་ནས་དང་པོར།༽ མགོན་པོ་ཞལ་བཞི། ༼གཡོན་མཐིལ་ནས་གཉིས་པར།༽ རྡོ་རྗེ་ཤུགས་ལྡན། ༼གཡོན་མཐིལ་ནས་གསུམ་པར།༽ དཔལ་ལྡན་ལྷ་མོ། ༼གཡོན་མཐིལ་ནས་བཞི་པར།༽ རྡོ་རྗེ་གྲོ་ལོད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དེ་ཆོས་ཀྱི་སྙོང་པོ་ཡིན་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་ལྟ་བ་དེ་འཛིན་སྐྱོང་སྤེལ་གསུམ་གནང་དང་། ལྟ་བ་དེ་སྲུང་གནང་མཁན་གཙོ་བོ་དེ་དམ་ཅན་ཆོས་རྒྱལ་དང་རྡོ་རྗེ་ཤུགས་ལྡན་ཕེབས་པ་ཡིིན། གང་ལྟར་ཡང་། རྡོ་རྗེ་ཤུགས་ལྡན་ནི་ངེས་པ་དོན་ལ་ཐར་པ་ཐོབ་ཟིན་པའི་གང་ཟག་ཞིག་ཡིན་པ་དང་། ང་ཚོ་ཆོས་ལུགས་དང་ཆོས་རྒྱུན་གང་ནས་ཡིན་ཀྱང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཐུབ། ཐར་པ་ཐོབ་པའི་གང་ཟག་རྣམས་ཀྱི་བྱམས་སྙིང་རྗེ་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྲོགས་འཕྲིན་ལས་ཤིན་ཏུ་སྦྱིན་པ་ཡིན།
རྡོ་རྗེ་ཕག་མོ། ༼སྐུ་བརྙན་ཆེན་པོ།༽
རྒྱལ་བ་རྡོ་རྗེ་འཆང་། ༼སྟེང་གཡས།༽ དཔལ་གུར་གྱི་མགོན་པོ། ༼བར་གྲལ་གཡས་སུ།༽ མགོན་པོ་བེར་ནག་ཅན། ༼འོག་གཡོན།༽ རྡོ་རྗེ་ཤུགས་ལྡན། ༼འོག་གཡས་སུ།༽
ནང་པ་སངས་རྒྱས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ནང་།
རྡོ་རྗེ་རྣལ་འབྱོར་མ་དང་རྡོ་རྗེ་ཕག་མོ་ཞེས་པ་ནི་ཡི་དམ་དྲག་མོའི་སྐུར་བཞེངས་པ་རྡོ་རྗེ་རྣལ་འབྱོར་མ་བདེ་མཆོག་རྒྱུད་དང་འབྲེལ་བའི་ཡུམ་བཀའི་ལྷ་མོ་རེད། སྐུ་འདྲའི་བཟོ་བཀོད་ཀྱི་རྒྱུ་རྩལ་ལྟར། ཁོང་ནི་འཁོར་ལོ་བདེ་མཆོག་གི་ཡུམ་བཀའི་ལྷ་མོ་ཡིན་ཞིང་བོད་ཀྱི་ནང་བསྟན་མོང་པོའི་ནང་ཉམས་ལེན་བྱེད་ཀྱི་ཡོད། དམིགས་བསལ་བཀའ་བརྒྱུད་པའི་ནང་ཉམས་ལེན་གཙོ་བོར་བྱས་ཡོད། བཀའ་བརྒྱུད་པའི་གསུང་གཞི་བཟུང་བྱས་ན། སྟོན་པ་བཅོམ་ལྡན་འདས་ནི་གངས་སྔགས་ཀྱི་བསྟན་པ་དར་བར་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མའི་སྐུར་བཞེངས་ཡོད་ཅེས་ཡོངས་སུ་གྲགས། དེར་མ་ཟད། ཀརྨ་པ་དང་པོ་དུས་གསུམ་མཁྱེན་པས། ༼༡༡༡༠-༡༡༩༣༽ རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་གནང་ནས་རྟོགས་པ་མཐོན་པོ་བསྐྱེད་ཡོད་ཅེས་གསུངས། མགོན་པོ་བེར་ནག་ནི་ཀརྨ་བཀའ་བརྒྱུད་པའི་ནང་གི་སྲུང་མ་གཙོ་བོ་རེད།
དཔལ་དུས་ཀྱི་འཁོར་ལོ། ༼དབུས་ཀྱི་སྐུ་ཐང་།༽
༼སྟེང་གཡོན་དུ།༽ སྟོན་པ་སངས་རྒྱས་བཅོམ་ལྡན་འདས། ༼འོག་གི་གཡོན་དུ།༽ རྡོ་རྗེ་ཤུགས་ལྡན། ༼འོག་དཀྱིལ་དུ།༽ རྡོ་རྗེ་ཤུགས་ལྡན། ༼འོག་གི་གཡས་སུ།༽ སྒྲོལ་དཀར།
དུས་འཁོར་ཞེས་པའི་དོན་ནི་ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོ་ལ་ཟེར། དུས་འཁོར་ནི་ནང་པ་སངས་རྒྱས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མེད་རྒྱུད་ཀྱི་ཡི་དམ་ཞིག་རེད། གསང་སྔགས་བླ་མེད་ཀྱི་ལམ་ཉམས་ལེན་བྱེད་ཚུལ་ལ་གསང་འདུས་ལ་སོགས་པའི་སྒོ་ནས་ཉམས་ལེན་རིམ་པ་ཞིག་དང་། དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་སྒྲུབ་ཚུལ་གྱི་ལམ་གྱི་རིམ་པ་ཞིག་ཡོད་པ་དེའི་རྩ་བའི་རྒྱུད་ནང་གསུང་ཡོད་པ་རེད། དུས་འཁོར་གྱི་ལུགས་གཞི་བཟུང་བྱས་ན། དུས་འཁོར་རྩ་རྒྱུད་དེ་ནི་ལྷོ་ཕྱོགས་ཀྱི་གྲོང་ཁྱེན་དེང་སང་ཨམ་ར་ཝར་ཏི་ཞེས་པའི་ཤམ་བྷ་ལའི་རྒྱལ་པོ་དང་པོ་དེ་ལ་སངས་རྒྱས་རང་གིས་གསུངས་པ་ཡིན་པ་འདོད་ཀྱི་ཡོད་པ་རེད།
དེར་མ་ཟད། ངོ་བོ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ཡིན་པ་རྒྱ་བོད་ཀྱི་སྐྱེ་ཆེན་དམ་པ་དང་ལོ་ཙཱ་བ་ཆེན་པོ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོས་བོད་ནང་དུ་དུས་ཀྱི་འཁོར་ལོའི་རྒྱུད་ཁྱབ་གདལ་དུ་གཏོང་ཞིང་མི་ཉམས་བརྒྱུད་འཛིན་བྱེད་པར་ཐུགས་འཁུར་གནང་ཡོད། ཆོས་སྐྱོང་གི་བསྐང་གསོའི་དཔེ་ཆ་ལ་གཞི་བཟུང་བྱས་ན། ཆོ་ག་འགོ་འཛུགས་དུས་སུ་རྡོ་རྗེ་ཤུགས་ལྡན་ནི་འཛམ་བུ་གླིང་གི་གནས་རྩ་ཆེན་ཁག་དང་དུས་འཁོར་གྱི་རྒྱུད་དང་ཉམས་ལེན་གནས་ས་ཤམྦྷ་ལའི་གནས་ནས་སྤྱན་དྲངས་ཀྱི་ཡོད་པ་རེད།
འབྲུག་པ་ཀུན་ལེགས་༼ མཚན་གཞན་དྲེའུ་ལྷས ༽་སྐུ་ཕྲེང་རིམ་པ།
- གྲུབ་ཆེན་འབྲུག་པ་ཀུན་ལེགས།
- གྲུབ་དབང་བསྟན་འཛིན་བཟང་པོ། སྐུ་ཕྲེང་གསུམ་པ།
- གྲུབ་དབང་བསྟན་འཛིན་བཟང་པོ་ནས་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་གསོལ་འདེབས།
- ཐོན་ཁུངས། གསུང་རབ་དཔེ་ཆ།
འབྲུག་པ་ཀུན་ལེགས་༼༡༤༥༥ – ༡༥༢༩༽
ལྷ་བཙུན་གྱི་ཐུགས་སྲས་འབྲུག་སྨྱོན་ཀུན་དགའ་ལེགས་པ།
འབྲུག་པ་ཀུན་ལེགས་ནི་གྲུབ་ཐོབ་ཁྱད་དུ་འཕགས་པའི་རང་བཞིན་ཅན་གྱི་སྐྱེས་བུ་དམ་པ་ཞིག་དང་། འབྲུག་རྒྱལ་ཁབ་ནང་ཚང་མས་དགའ་མོས་བྱེད་སའི་ནང་པའི་སློབ་དཔོན་ཞིག་ཡིན། ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་ནི། བུད་མེད་སྐྱེས་འཕེལ་གྱི་ནུས་པ་མེད་པ་དེ་དག་ལ་ཕན་ཐོགས་ཆེན་པོ་ཡོད། ཁོང་ནི་ཡ་མཚན་པོ་ཆོས་པ་ཀུན་ཏུ་རྒྱུ་བ་ཞིག་ཡིན་པ་དང་། ཁོང་ནི་གྲུབ་ཐོབ་ཤཱ་ཝ་རི་པའི་སྐུ་སྐྱེ་ཞིག་ཡིན་པར་གྲགས།
ཆོས་པ་སྨྱོན་པ་ལྟ་བུ་འདི་ཉིད་ཀྱི་དཀྲོག་གཏམ་ཚ་པོ་བྱས་རྗེས་ལ་མི་ཚངས་པར་སྤྱོད་པ་དང་ར་བཟིའི་སྐོར་ཡོང་གི་ཡོད་པས། ཁོང་གི་ལོ་རྒྱུས་དེ་དར་ཁྱབ་ཆེན་པོ་དང་ཚང་མས་མོས་པོ་ཡང་བྱེད། ཁོང་གི་ཆོ་ག་མང་པོའི་ནང་མི་ཚངས་སྤྱོད་སྐོར་དང་འཇིག་རྟེན་ཡོངས་གྲགས་ཀྱི་ཚིག་བཙོག་པའི་རིགས་དེ་ཚོ་བད་སྤྱོད་བཏང་གནང་གི་ཡོད་པ་དང་། སྤྱིར་ལྷ་ཁང་སོགས་ནང་ཡང་དེ་འདྲ་མཇལ་རྒྱུ་ཡོད་པ་རེད། སྤུ་ན་ཁ་ལུང་པའི་འཆི་མེད་ལྷ་ཁང་ནི་སྐྱེ་འཕེལ་གྱི་ནུས་པ་མེད་པའི་བུད་མེད་རྣམས་ཀྱི་ཆེད་དུ་གནས་ཁྱད་པར་ཅན་ཞིག་ཡིན་པར་ཡོངས་སུ་གྲགས་ཀྱི་ཡོད།
ཁོང་གིས་འདྲེ་དང་འདྲེ་མོ་སོགས་དབང་དུ་འདུས་བ་དང་། དེ་དག་ཆོས་སྐྱོང་སྲུང་མའི་རྣམ་པར་བསྒྱུར་བ་དང་། བུད་མེད་ཡིད་དུ་འོང་བ་རྣམས་དང་མཉམ་དུ་འདོད་པ་སྤྱོད་དེ་ཁོང་ཚོ་ཆོས་ཀྱི་ལམ་དུ་བཞུགས་པ་བྱེད་པ་དང་། བཟའ་ཆས་ཆེད་དུ་སེམས་ཅན་སོགས་གསོད་ནས་ཡང་སླར་གསོ་བྱེད་པ་དང་། མི་ཚང་གི་བྱ་སྤྱོད་བཟང་ངན་དེ་དང་བསྟུན་ནས་བྱིན་རླབས་དང་སྐྱོན་བརྗོད་བྱེད་པ་དང་། མཚན་མའི་རི་མོ་དང་སྣང་བརྙན་སོགས་བཟོ་བར་འཛུགས་སྐྲུན་གནང་། ཁོང་གི་བརྩོམ་པའི་སྔགས་དེ་འདྲ་ནང་ཚིག་ཐ་མལ་ཡོད་པས། དེས་ལག་ལེན་པ་རྣམས་ལ་འཐོབ་བྱ་མཐོ་བོ་ཐོབ་པར་བྱེད་པ་དང་། གཙེར་བུའི་ངང་ཚུལ་དང་ཞལ་ཐང་སོགས་ལ་གཅིན་པ་གཏོང་བ་སོགས་ཡང་བྱེད་ཡོད་པའི་ཁོང་གི་རྩོད་རྙོག་དང་སྐད་གྲགས་ཅན་གྱི་བྱ་སྤྱོད་དེ་དག་ཡོད། མཐར་ཐུག་ཁོང་དང་འཕྲད་པའི་ཆོས་པ་ཚོས་ཁོང་ལ་དད་པ་ཆེན་པོ་བྱེད་ཀྱི་ཡོད།
སྤྱིར་འབྲུག་པ་ཀུན་ལེགས་ནི་ད་ལྟའང་བཞུགས་ཡོད་པ་དང་། སོ་སོའི་རྣམ་ཤེས་དེ་ཉིད་ལྷ་ས་ཇོ་ཁང་དུ་ཇོ་བོ་རིན་པོ་ཆེའི་སྐུ་འདྲའི་ནང་བཞག་ཡོད་པ་རེད་ཅེས་བཤད་སྲོལ་ཡོད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་དུས་ལ་བབས་པར་སྒུག་བཞིན་ཡོད་པར་ཚང་མས་ཡིད་ཆེས་བྱེད་ཀྱི་ཡོད།
རྣམ་ཐར་མདོར་བསྡུད།
གྲུབ་དབང་བསྟན་འཛིན་བཟང་པོ།
འབྲུག་པ་ཀུན་ལེགས་ ༼དྲེའུ་ལྷས༽ སྐུ་ཕྲེང་གསུམ་པ།
རྣམ་ཐར་མདོར་བསྡུད།
གྲུབ་དབང་བསྟན་འཛིན་བཟང་པོས་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ།
གྲུབ་དབང་བསྟན་འཛིན་བཟང་པོས་མཛད་པའི་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསོལ་ཁ་འཕྲིན་ལས་འདོད་འཇོ་ཞེས་པ་འདི། རྡོ་རྗེ་ཤུགས་ལྡན་གྱི་བེའུ་འབུམ་པོད་ཀ་པའི་༼ཤོ་གྲངས་ ༢༨༣ ནས་ ༢༩༦༽ནང་བཞུགས་ཡོད། འཕྲིན་བཅོལ་འདི་སྔ་ཤོས་གྲགས་ཞིག་ཡིན་པ་དང་། བླ་མ་རྩ་ཆེན་གཉིས་ཏེ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་གྲུབ་དབང་བསྟན་འཛིན་བཟང་པོ་དང་། ས་སྐྱའི་བླ་མ་སྐྱེས་ཆེན་དམ་པ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་གཉིས་ནས་རྩོམས་གནང་བ་ཞིག་ཡིན།
གྲུབ་དབང་བསྟན་འཛིན་བཟང་པོས་མཛད་པའི་འཕྲིན་བཅོལ་དེའི་ནང་ལ་རྡོ་རྗེ་ཤུགས་ལྡན་གྱི་ངོ་བོ་འམ་ངེས་པའི་དོན་ལ་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་ཡིན་པར་གསུངས་ཡོད། ཆོ་ག་དེ་འགོ་བཙུགས་དུས་དེ་ལྟར་གསུངས་ཡོད། དཔེར་ན།
དེ་དང་དེའི་སྣང་བ་ལྟར་འཆར་བའི་གནས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཙ་ལས་ཆོས་ཀྱི་རྒྱལ་པོ་མཐུ་དང་རྩལ་གྱི་དབང་ཕྱུག་རྡོ་རྗེ་ཤུགས་ལྡན་རབ་ཏུ་བྱུང་བའི་ཆ་བྱད་ཅན།
ཞེས་སོགས་དང་།
དེ་ནས་སྤྱན་འདྲེན་སྐབས་སུ་འདི་ལྟར་གསུངས་ཡོད།
ཀྱེེ༑ ངོས་གཟུང་བྲལ་བ་ཀ་དག་གདོད་མའི་གཤིས།།
འགག་མེད་ལྷུན་གྲུབ་ཡེ་ནས་མ་བཅོས་པར།།
མཉམ་ཉིད་བདེ་ཆེན་ཡངས་པའི་ཀློང་ཡངས་ནས།།
གཅིག་ཉིད་ཆུ་ཟླའི་གར་གྱིས་གཤེགས་སུ་གསོལ།།འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གདུལ་བྱའི་ཞིང་།།
འཇིགས་རུང་གདོང་དམར་ལངྒ་སྲིན་པའི་ཡུལ།།
གནས་དང་ཆོས་འཁོར་གཙུག་ལག་སྐྱོང་མཛད་པའི།།
སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་གཤེགས་སུ་གསོལ།།མཐུ་རྩལ་སྟོབས་ཀྱིས་དགྲ་བགེགས་དཔུང་འཇོམས་ཤིང་།།
སངས་རྒྱས་བསྟན་དང་དེ་འཛིན་སྐྱེས་བུ་དང་།།
ལྷག་པར་གསང་ཆེན་རྒྱུད་སྡེ་འཛིན་པའི་སྡེ།།
ཆོས་སྲིད་མངའ་ཐང་སྤེལ་ཕྱིར་གཤེགས་སུ་གསོལ།།ས་ཆེན་རྡུལ་དང་རབ་ཏུ་མཉམ་པ་ཡི།།
རུ་འདྲེན་ཆེན་པོ་སྡེ་བཞིའི་སྤྲུལ་པ་དང་།།
ཡང་སྤྲུལ་མི་སྡུག་གཟུགས་དགུར་བསྒྱུར་བ་ཡི།།
སྣང་སྲིད་ལྷ་སྲིན་འཁོར་བཅས་གཤེགས་སུ་གསོལ།།ཞེས་དང་།
དེ་ག་ནང་བཞིན་བསྟོད་པའི་སྐབས་སུ་འདི་ལྟར་ཡོད།
ཀྱེེ༑ མཐུ་རྩལ་མྱུར་མགྱོགས་སངས་རྒྱས་བསྟན་བསྲུང་ཆེ།།
རབ་འཇིགས་ལྟ་བར་མི་བཟོད་སྐུའི་དཀྱིལ་འཁོར།།
བྱུ་རུའི་ལྷུན་པོར་བཅུ་གཉིས་བདག་པོ་ཡིས།།
འཁྱུད་འདྲའི་གཟི་འབར་རབ་བྱུང་ཆ་ལུགས་ཅན།།
ཞལ་གཅིག་ཁྲོ་ལ་རབ་ཏུ་དཀར་བ་ཡི།།ཞེས་སོགས་གསུངས་པ་ལྟར་ཡིན།།
འདི་ང་ཚོས་ཤེས་དགོས་པ་ནི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཉིས་ཀྱི་བླ་མ་རྩ་ཆེན་གཉིས་ནས་མཉམ་དུ་མཛད་པའི་དམིགས་བསལ་ཅན་གྱི་བསྐང་གསོ་འམ་འཕྲིན་བཅོལ་ཞིག་ཡིན། འདི་ནི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཞིག་གིས་རྡོ་རྗེ་ཤུགས་ལྡན་གྱི་གསོལ་ཁ་བརྩམས་པ་དང་པོ་རེད། ཕྱོགས་གཞན་ནི་དེ་སྐབས་སུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་དག་ས་སྐྱར་སྔ་མ་ནས་ཡོད་པ་རེད། དེའི་སྐབས་སུ་ས་སྐྱའི་རྒྱལ་པོ་གསུམ་ཞེས་རྡོ་རྗེ་ཤུགས་ལྡན། ཆོས་སྐྱོང་ཆེན་པོ་བསེ་ཁྲབ། ཙིའུ་དམར་པོ་དེ་གསུམ་ལ་རྒྱལ་པོ་གསུམ་ཞེས་གསོལ་མཆོད་གནང་གི་ཡོད།
དེ་ནས་དགེ་ལུགས་པའི་བླ་མ་ཆེན་པོ་གསེར་སྐོང་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་གོང་གི་བླ་ཆེན་གཉིས་ཀྱི་ལྗགས་བརྩོམ་གནང་བའི་ཡ་མཚན་ཅན་གྱི་འཕྲིན་བཅོལ་ལ་གཞི་བཟུང་ནས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བསྐང་གསོ་རྒྱས་པ་ཞིག་མཛད་པ་དང་བླ་མ་གཉིས་པོ་དེའི་མཚན་དང་གསོལ་ཁའི་སྐོར་གསུངས་ཡོད་པ་རེད། བླ་ཆེན་དེ་གཉིས་ནི་ཧ་ཅང་རྟོགས་པ་ཆེན་པོ་ཡོད་པ་དང་སུ་ཞིག་གིས་སྐྱོན་བརྗོད་བྱེད་མི་རུང་བ་ཞིག་རེད། ཕྱག་དཔེ་དེའི་ནང་ངོ་བོ་དང་བྱིན་རླབས་ཁྱད་པར་ཅན་ལྡན་པ། ཕྱག་དཔེ་དེའི་མཚན་ལ་ཆོས་སྐྱོང་ཤུགས་ལྡན་གྱི་བསྐང་ཆོག་རྒྱས་པ་ཞེས་ཟེར་གྱི་ཡོད།
གྲུབ་དབང་བསྟན་འཛིན་བཟང་པོས་མཛད་པའི་འཕྲིན་བཅོལ་དེ་ལྷ་སར་༧རྒྱལ་བ་ལྔ་པས་མཛད་པའི་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་ཁང་ཐོག་མ་སྤྲོ་བདེ་ཁང་གསར་ལ་འདོན་གྱི་ཡོད་པ་རེད། དེ་ག་ནང་བཞིན་ཡར་ཀླུང་རི་བོ་ཆོས་གླིང་བཅས་སུ་འདོན་གྱི་ཡོད།
སོག་ཡུལ་དུ་ཆོས་སྐྱོང་བསེ་ཁྲབ་ཀྱིས་སྐུ་གསོལ་ཞིག་གི་སྐབས་སུ་གྲུབ་དབང་བསྟན་འཛིན་བཟང་པོས་མཛད་པའི་འཕྲིན་བཅོལ་དེ་འདོན་དགོས་ཚུལ་གྲྭ་བ་ཞིག་ལ་བཀའ་གནང་བ་རེད་གསུང་བ་དང་། དེ་ནས་བཟུང་སོག་ཡུལ་དུ་རྡོ་རྗེ་ཤུགས་ལྡན་ཁྱབ་སྤེལ་དེ་དག་བྱུང་བ་རེད། དེ་རྗེས་སོག་པོའི་བླ་མ་བློ་བཟང་རྟ་མགྲིན་ནས་དེའི་སྐབས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་གསོལ་མཆོད་ཀྱི་ཆོ་ག་གང་ཡོད་པ་རྣམས་ཕྱོགས་བསྒྲིགས་ཞུ་ནས་བེའུ་འབུམ་དེ་བཟོ་བ་གནང་རེད།
གྲུབ་དབང་བསྟན་འཛིན་བཟང་པོའི་མཛད་པའི་འཕྲིན་བཅོལ་དེ་མཇལ་དུས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ཕན་ཐོག་ཅན་ཞིག་ཡིན་པ་ཚོར་གྱི་ཡོད། འཕྲིན་བཅོལ་དེ་བོད། སོག་པོ། འབྲུག་ཡུལ་སོགས་ཡུལ་གྲུ་ཚང་མར་ཁྱབ་པ་རེད། འཔྲིན་བཅོལ་དེ་བླ་མ་སྐྱེས་ཆེན་དམ་པ་མང་པོས་ཚད་ལྡན་དུ་ངོས་འཛིན་གྱི་ཡོད་པ་རེད། དཔེར་ན། ༧རྒྱལ་བ་ལྔ་པ་ཆེན་པོས་སྤྲོ་བདེ་ཁང་གསར་ལ་འཕྲིན་བཅོལ་དེ་འདོན་བཅུག་པ་རེད། ཆོས་སྐྱོང་བསེ་ཁྲབ་ནས་ཀྱང་འཕྲིན་བཅོལ་དེ་ཁྱབ་སྤེལ་གནང་གི་ཡོད་པ་རེད། བཀའ་བརྒྱུད། ས་སྐྱ་དང་དགེ་ལུགས་ནས་ཡིན་པའི་བླ་མ་སྐྱེས་ཆེན་དམ་པ་དེ་ཚོས་རྡོ་རྗེ་ཤུགས་ལྡན་གྱི་ངོ་བོ་ལ་ནོར་འཁྲུལ་བྱུང་བ་སྲིད་ཀྱི་མ་རེད། བླ་མ་རྩ་ཆེན་གྲུབ་དབང་བསྟན་འཛིན་བཟང་པོ་ལྟ་བུ་ཆོས་ཕྱོགས་ཆོས་བརྒྱུད་ཚད་མཐོ་ཡིན་པས་བླ་མས་རྡོ་རྗེ་ཤུགས་ལྡན་བསྟེན་ནས་འདི་འདྲ་བ་ནོར་འཁྲུལ་བྱུང་སྲིད་ཀྱི་མ་རེད། ས་སྐྱའི་བླ་ཆེན་རྨོར་ཆེན་ཀུན་དགའ་ལྷུན་འགྲུབ་དང་གསེར་ཀོང་རྡོ་རྗེ་འཆང་སོགས་དེ་ཚོ་ཚང་མ་ག་འདྲ་སེ་ནོར་སྲིད་ཀྱི་རེད། ངེས་དོན་གྱིས་དབང་དུ་བྱས་ན། ངོ་བོ་འཇིག་རྟེན་འདས་པའི་སྲུང་མ་མགོན་པོ་ཞལ་བཞི་དང་། བསེ་ཁྲབ་སོགས་ཀྱིས་མ་གཟིགས་པ་ཞིག་བོད་གཞུང་གིས་སྡུག་ཅག་ཡིན་པ་ག་འདྲ་བཤད་ཐུབ་ཀྱི་རེད། རྟེན་རྟེན་རྡོ་རྗེ་ཤུགས་ལྡན་ལ་སྐྱོན་བརྗོད་བྱེད་པ་ནི། དམིགས་ཡུལ་ཞིག་དང་གསང་བའི་ལས་འཆར་ཞིག་གི་ཐོག་ལ་འགྲེལ་བཤད་ལོག་པ་སོགས་རྒྱབ་པ་ནི་ཧ་ཅང་གི་སྤྱི་ཚོགས་དང་མི་མང་ལ་གནོད་འཚེ་ཅན་ཞིག་རེད།
དེར་མ་ཟད། དེ་རྗེས་ཀྱི་བླ་མ་གསེར་ཀོང་རྡོ་རྗེ་འཆང་དང་སོག་པོ་བློ་བཟང་རྟ་མགྲིན་དང་ཛ་ཡ་པཎྜིཏ་སོགས་ཀྱིས་གྲུབ་དབང་བསྟན་འཛིན་བཟང་པོས་བརྩམས་པའི་འཔྲིན་བཅོལ་གྱི་ཕྱག་དཔེ་དེ་དེའི་སྐབས་ཀྱི་གྲྭ་ཚང་དང་། བླ་མ་སྐྱེས་ཆེན་དམ་པ། དགེ་འདུན་པ་རྣམས་དང་། སེར་སྐྱ་མི་མང་སོགས་ཀྱི་བསྟེན་གསོལ་དང་དངོས་དང་བརྒྱུད་པའི་སྒོ་ནས་འདོན་གྱི་ཡོད་པ་མཁྱེན་གསལ་རེད། དེ་ནས་སྐུ་ཉིད་ཀྱིས་བལྟ་དུས། རྡོ་རྗེ་ཤུགས་བསྟེན་གསོལ་དེ་ཁྱབ་ཚད་གང་འདྲ་ཡོད་པ་དང་བསྟེན་གསོལ་དེ་ཡོངས་གྲགས་སུ་ཇི་ལྟར་ཆགས་ཡོད་མེད། གལ་སྲིད་ཁྱོད་ཀྱིས་རྡོ་རྗེ་ཤུགས་ལྡན་ལ་སྐྱོན་བརྗོད་བྱེད་པ་ཡིན་ན། ཁྱོད་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ཁོ་ནར་སྐྱོན་བརྗོད་བྱེད་པ་མ་རེད། ཡིན་ནའང་ཁྱོད་ཀྱིས་ད་དུང་བླ་མ་སྐྱེས་ཆེན་དམ་དེ་དག་དང་བསྟེན་གསོལ་དེ་ཁྱབ་སྤེལ་བྱེད་མཁན་དང་། ཕྱོགས་སྒྲིག་གནང་མཁན། གསུང་ཆོས་གནང་མཁན། བློ་སྟོབས་སྤེལ་མཁན་བླ་ཆེན་རྣམས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
དེ་ག་ནང་བཞིན་རྡོ་རྗེ་ཤུགས་ལྡན་ལ་སྐྱོན་བརྗོད་བྱེད་པ་ནི། ས་སྐྱ་བཀའ་བརྒྱུད་དགེ་ལུགས་སོགས་ཀྱི་བླ་མ་སྐྱེས་ཆེན་དམ་པ་ཚང་མ་ལ་སྐྱོན་བརྗོད་བྱེད་པ་རེད། དེ་ཙམ་མ་ཟད་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྐྱེས་ཆེན་དམ་པའི་བརྒྱུད་རིམ་ནང་། དཔེར་ན་གྲུབ་དབང་བསྟན་འཛིན་བཟང་པོ་དང་། ཞབས་དྲུང་འཇིགས་མེད་ནོར་བུ་སོགས་མི་རབས་སྔ་མ་རྣམས་ལ་སྐྱོན་བརྗོད་བྱེད་པ་རེད། རྡོ་རྗེ་ཤུགས་ལྡན་ཕྱོགས་རིས་ཅན་ཞིག་ཡིན་ན་འབྲུག་པ་ཀུན་ལེགས་ཀྱི་སྐྱེ་ཕྲེང་གྲུབ་དབང་བསྟན་འཛིན་བཟང་པོས་འཕྲིན་བཅོལ་དེ་འདྲ་ཞིག་བརྩམས་སྲིད་ཀྱི་རེད། གྲུབ་ཆེན་དེའི་ཡང་སྲིད་དེ་ཉིད་ལྟ་བུས་འབྲུག་མི་མང་ལ་འདི་འདྲ་བ་གནོད་པ་ཅན་གྱི་གདོན་འདྲེ་ལ་གསོལ་མཆོད་བྱེད་དུ་བཅུག་པ་དེ་ཇིལྟར་ཡོང་སྲིད་དམ། འདི་ཡོང་སྲིད་ཀྱི་མ་རེད།
གྲུབ་དབང་བསྟན་འཛིན་བཟང་པོ་དང་ཞབས་དྲུང་འཇིགས་མེད་ནོར་བུའི་བསྐང་འཕྲིན་དེ་དཔང་རྟགས་ཡག་ཤོས་ཞིག་རེད། དེ་ཚོ་དངོས་སུ་མཐོང་ཡོང་དུས་ཁྱེད་རང་ཚོས་བཤད་ཡ་གཅིག་མ་གཏོགས་ཡོད་པ་མ་རེད། བཤད་རྒྱུ་གཅིག་དེ་ནི་སྐྱག་རྫུན་བཤད་རྒྱུ་རེད། རྡོ་རྗེ་ཤགས་ལྡན་ནི་ངོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་པ་ལ་རྩོད་པ་མེད་པ་རེད། ཁོང་གིས་ཆོས་བརྒྱུད་དང་རིགས་རུས་སོགས་གང་ལ་ཡང་མ་གཟིགས་པར་སོ་སོས་ཀུན་སློང་བཟང་པོའི་ཐོག་ནས་འཕྲིན་ལས་བཅོལ་ཐུབ་ན་གྲོགས་འཕྲིན་ལས་གནང་བ་ལ་ཐེ་ཚོམ་བྱེད་དགོས་པ་མ་རེད། གནང་གི་རེད་དོ།
རྡོ་རྗེ་ཤུགས་ལྡན་གྱི་བེའུ་འབུམ་ནས་དྲངས།
པོད། ༼ ཀ ༽
ཕབ་ལེན་དུ་འདིར་ནོན་ཞིག །
དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།། སྟོད་ཆ།
དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།། སྨད་ཆ།
ལོ་རྒྱུས་རྒྱས་པ་ཤེས་དགོས་ན།
དཀར་ཆག་རེའུ་མིག
(རིན་མེད་འཕྲུལ་དེབ་ཕབ་ལེན་བྱེད་ཆོག)
༼ ཀ ༽ རིག་པ་འཛིན་པ་རང་ཉིད་ཀྱི་ཚུལ་གསལ་བར་བརྗོད་པའི་གཏམ་ཐར་འདོད་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགསོ།། ཨེ་ཝཾ་ཤུ་བྷཾ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཀ ༽
༼ ཁ ༽ དཔལ་འབྲུག་པའི་གདམས་ངག་སྡོང་པོ་གསུམ་འདྲིལ་གྱིས་གཙོས་པའི་ཟབ་ཆོས་རྣམས་ཇི་ཞུས་ཀྱི་ཐོ་ཡིག་གསལ་བའི་སྒྲིན་མེ་ཞེས་བྱ་བ་བཞུགསོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཁ ༽
༼ ག ༽ ཞབས་བརྟན་གསོལ་འདེབས་ཀྱི་རིམ་པ་འཐོར་བུ་རྣམས་གཆིག་ཏུ་སྒྲིགས་པ་ཞེས་བྱ་བ་བཞུགས་སོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ག ༽
༼ ང ༽ ཆབ་ཤོག་ཞལ་གདམས་སྣ་ཚོགས་དང་གསུང་མགུར་ཟབ་མོ་ཆབ་ཅིག་ཏུ་བསྒྲིགས་པ་ཞེས་བྱ་བ་བཞུགས་སོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ང ༽
༼ ཅ ༽ སྐྱབས་གནས་ཀུན་འདུས་མཚོ་སྐྱེས་རྡོ་རྗེར་བརྟེན་པའི་བླ་མའི་རྣལ་འབྱོར་ཀུན་བཟང་གྲོང་དུ་བགྲོད་པའི་ཉེ་ལམ་ཞེས་བྱ་བ་བཞུགས་སོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཅ ༽
༼ ཆ ༽ བླ་མ་ནོར་བུ་རྒྱ་མཚོའི་ཆ་ལག་རབ་གནས་དོན་གསལ་མེ་ལོང་གི་ཆོག་ཁྲིགས་བཀླགས་ཆོག་ཏུ་བཀོད་པ་རབ་གསལ་སྣང་བའི་མུ་ཁྱུད་ཞེས་བྱ་བ་བཞུགས་སོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཆ ༽
༼ ཇ ༽ རྗེ་བླ་མ་རང་གྲོལ་བློ་བདེའི་དག་སྣང་གཉིས་པ་སྐུ་གསུམ་རིགས་འདུས་ལ་བརྟེན་ནས་ཚེ་དབང་བསྐུར་ཚུལ་བཀླགས་ཆོག་ཏུ་བཀོད་པ་འཆི་མེད་བཅུད་བུམ་ཞེས་བྱ་བ་བཞུགས་སོ།། ཤུ་བྷཾ་མེསྟུ་ཛཱ་གཏཱཾ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཇ ༽
༼ ཉ ༽ ཀློང་གསལ་ཌཱཀྐི་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་སྒོ་ནས་དཔལ་ལྡན་བླ་མ་རྣམས་ལ་ཞབས་བརྟན་ཚེ་དབང་འབུལ་བའི་རིམ་པ་འཆི་མེད་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ།། ཤུ་བྷཾ་མསྟུ་སརྦ་ཛཱ་ག་ཏཱཾ།། ཧེ་ཧེ་འཕེལ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཉ ༽
༼ ཏ ༽ པད་གླིང་གཏེར་བྱོན་གུར་དྲག་དམར་ཆེན་མེ་ལྕེའི་འཕྲེང་བའི་དྲག་པོ་ཟོར་གྱི་ལས་མཐའི་མན་ངག་ཐུན་མོང་བ་རྡོ་རྗེའི་མེ་ཆར་བཞུགས་སོ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཏ ༽
༼ ད ༽ ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་རིང་མའི་མདོས་ཀྱི་ཆོ་ག་བསམ་འཕེལ་འདོད་འཇོའི་སྙིང་པོ་བཞུགས།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ད ༽
༼ ན ༽ བཀའ་གཏེར་བསྲུང་མ་རྣམས་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་རིམ་པ་ཁྲག་འཐུང་ཁྲོས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།།
དཀར་ཆག་སྙིང་བསྡུས། བཀའ་གཏེར་སྲུང་མ་རྣམས་དང་རྡོ་རྗེ་ཤུགས་ལྡན་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་ཆོ་ག་བཞུགས་སོ།།
- ཤོག་གྲངས། ༧༣༨ – ༧༤༡: མངོན་རྟོགས།
- ཤོག་གྲངས། ༧༤༢ – ༧༤༧: སྤྱན་འདྲེན།
- ཤོག་གྲངས། ༧༤༨ – ༧༥༢: མཆོད་པ་འབུལ་བ།
- ཤོག་གྲངས། ༧༥༢ – ༧༥༧: གཏོར་མ་བསྔོ་བ།
- ཤོག་གྲངས། ༧༥༧ – ༧༦༥: བསྟོད་པ།
- ཤོག་གྲངས། ༧༦༥ – ༧༧༢: བསྐང་བ།
- ཤོག་གྲངས། ༧༧༢ – ༧༧༤: བཤགས་པ།
- ཤོག་གྲངས། ༧༧༦ – ༧༨༥: དམ་ཅན་རྒྱ་མཚོ་རྣམས་ལ་རྒྱུན་གཏོར་བསྔོ་བའི་ཆོ་ག་མཛད་མེད་ཀུན་བཟང་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ན ༽
༼ པ ༽ རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་རྒྱུན་གཏོར་འབུལ་ཚུལ་ཁྱེར་བདེར་བཀོད་པ་ནམ་མཁའ་མཛོད་ཀྱི་སྤྲིན་ཞེས་བྱ་བ།།
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ པ ༽
༼ ཕ ༽ དཔལ་ལས་ཀྱི་མགོན་པོ་སྲོག་བདུད་ནག་པོ་མཆོད་པའི་ཆོ་ག་ཉམས་པ་ཚར་གཅོད་དཔའ་བོའི་འཇིགས་གླུ་ཞེས་བྱ་བ་བཞུགས་སོ།།
དཀར་ཆག་སྙིང་བསྡུས། བཀའ་གཏེར་སྲུང་མ་རྣམས་དང་དཔའ་བོ་འཇིགས་ཀླུ་དང་རྡོ་རྗེ་ཤུགས་ལྡན་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་ཆོ་ག་བཞུགས་སོ།།
- ཤོག་གྲངས། ༨༠༧-༨༣༠ ༼ལས་ཀྱི་མགོན་པོ་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༣༠-༨༥༡ ༼དམ་ཅན་སྡེ་གསུམ་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༥༣-༨༦༧ ༼བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༦༨-༨༧༧ ༼བསྟན་བསྲུང་བྱ་རོ་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༧༧-༨༨༥ ༼ལས་མཁན་ཙི་མ་ར་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༨༥-༨༨༨ ༼རྡོ་རྗེ་གཟི་ལྡན་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༨༩-༨༩༧ ༼ལྷ་བཙན་ཞི་དྲག་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༨༩༧-༩༠༣ ༼དྲག་པོ་མེ་ལྕེ་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༩༠༣-༩༠༨ ༼གསེར་སྐྱེམས་མཆོད་པ།༽
- ཤོག་གྲངས། ༩༠༨-༩༡༠ ༼རྡོ་རྗེ་དྲག་རྩལ་གྱི་མངའ་གསོལ།༽
- ཤོག་གྲངས། ༩༡༠-༩༣༠ ༼རྡོ་རྗེ་ཤུགས་ལྡན་ལ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༩༣༠-༩༣༨ ༼དགོན་སྡེ་མ་ལག་གི་ཆོ་ག །༽
- ཤོག་གྲངས། ༩༣༩-༩༤༤ གཞི་བདག་ཕ་རིའི་བྲག་བཙན་དང་ཤིང་དཀར་བཙན་གྱི་ཆོ་ག །༽
- ཤོག་གྲངས། ༩༤༤-༩༤༩ ༼ཇོ་བོ་རི་བསྲུང་འཁོར་བཅས་ལ་མཆོད་འབུལ་ཆོ་ག །༽
- ཤོག་གྲངས། ༩༥༠-༩༥༤ ༼གཞི་བདག་ཆེན་པོ་འཁོར་བཅས་ལ་མཆོད་འབུལ་ཆོ་ག །༽
- ཤོག་གྲངས། ༩༥༤-༩༥༧ ༼ལྷ་བཙན་རྡོ་རྗེ་གཟི་འབར་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༩༥༨-༩༦༢ ༼མཙོ་སྨན་བདུད་སྡེ་མཆོད་པའི་ཆོ་ག །༽
- ཤོག་གྲངས། ༩༦༤-༩༦༩ ༼རྡོ་རྗེ་བྲག་བཙན་མངའ་གསོལ་གྱི་ཆོ་ག །༽
- ཤོག་གྲངས། ༩༦༩-༩༧༣ ༼དགེ་བསྙེན་ཆེན་པོ་པདྨ་དོན་གྲུབ་ཀྱི་ཆོ་ག །༽
- ཤོག་གྲངས། ༩༧༤-༩༨༠ ༼དགྲ་ལྷའི་རྒྱལ་པོ་གེ་སར་གྱི་མཆོད་འབུལ་གྱི་ཆོ་ག །༽
- ཤོག་གྲངས། ༩༨༡-༩༨༥ ༼དབྱར་སའི་གཞི་བདག་གི་ཆོ་ག །༽
- ཤོག་གྲངས། ༩༨༥-༩༩༢ ༼སྒྲུབ་སྡེ་གསར་འདེབས་ལ་མཆོད་ཅིང་འཕྲིན་ལས་བཅོལ་བའི་ཆོ་ག །༽
- ཤོག་གྲངས། ༩༩༣-༡༠༠༤ ༼ཀླུ་སྨན་བདེ་ཆེན་བཟང་མོའི་མཆོག་འབུལ་གྱི་ཆོ་ག །
- ཤོག་གྲངས། ༡༠༠༥-༡༠༡༨ ༼གཞི་བདག་དམ་ཆོས་ལྷུན་གྲུབ་ཀྱི་ཆོ་ག །༽
- ཤོག་གྲངས། ༡༠༡༩-༡༠༢༩ ༼གསང་སྔགས་རིག་འཛིན་དགའ་ཚལ་གྱི་གཞིའི་བདག་གི་ཆོ་ག །༽
- ཤོག་གྲངས། ༡༠༣༡-༡༠༣༨ ༼ཝང་འདུལ་དགྲ་ལྷའི་མཆོད་འབུལ་གྱི་ཆོ་ག །༽
- ཤོག་གྲངས། ༡༠༣༩-༡༠༤༦ ༼གཞི་བདག་སྒང་བཙན་བཀྲ་ཤིས་རབ་བརྟན་གྱི་མཆོད་འབུལ་གྱི་ཆོ་ག །༽
- ཤོག་གྲངས། ༡༠༤༧-༡༠༥༨ ༼བསྟན་བསྲུང་སྨན་མོ་རི་བཙན་གྱི་ཆོ་ག །༽
ཕབ་ལེན་དུ་འདིར་ནོན་ཞིག པོད། ༼ ཕ ༽
༼ བ ༽ འཁྲུལ་ཉམས་རྨི་ལམ་སྣང་བར་ཅི་ཤར་དྲན་གསོར་འགོད་པ་ལྗོན་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ཤུ་བྷཾ་མསྟུ་ཛ་ག་ཏཾ།།
ཞབས་དྲུང་བཞི་པ་ངག་དབང་འཇིགས་མེད་ནོར་བུ་ཕྱོག་ལས་རྣམ་པར་རྒྱལ་བའི་དཔལ་བཟང་པོ་མཆོག་གི་རང་རྣམ་བཞུགས་སོ།
པོད། ཀ
པོད་ ༼ ཀ ༽ འཐེན་པར་འདིར་གནན་རོགས།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།