ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནི་རྒྱུ་ནོར་ལོངས་སྤྱོད་དང་། འཕྲོད་བསྟེན། ཤེས་ཡོན་ནམ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཅས་ཀྱི་སྲུང་མ་རེད།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་སུ་རེད།
ལོ་ ༢༥༠༠ སྔ་རོལ་ན་རྒྱལ་སྲས་གཞོན་ནུ་དོན་གྲུབ་དེ་ཉིད་རྒྱ་གར་རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་གི་འོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། མཐར་ཐུག་གི་བདེ་སྐྱིད་དང་། དེ་གང་ལ་བརྟེན་ནས་བྱུང་བའི་གཞི་དེ་དག་གསལ་པོ་མཁྱེན་པའི་ཐོག་ནས་སེམས་ཅན་རྣམས་ལ་ལམ་སྟོན་གནང་ནས། ཁོང་ལ་སྟོན་པ་ཤཱཀྱ་ཐུབ་པ་ཞེས་ངོས་འཛིན་ཞུས། ཁོང་གི་ལམ་སྟོན་གནང་བའི་ཆོས་དེ་དག་རིམ་གྱིས་རྒྱ་གར་ལས་གཞན་པའི་ཡུལ་གྲུ་མང་པོ་ཞིག་ལ་ཁྱབ་སྤེལ་བྱུང་།
དེ་ནས་ལོ་མང་རྗེས་དུས་རབས་བདུན་པའི་ནང་དུ་བོད་ལ་ནང་ཆོས་དར་བ་རེད། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐོག་མར་ནང་ཆོས་དབུ་བརྙེས། དེ་རྗེས་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་མཁན་སློབ་ཆོས་གསུམ་སྟེ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མ་སམ་བྷ་བ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེ་དག་གི་སྐབས་དར་ཞིང་རྒྱས་པ་དང་། མངའ་བདག་ཁྲི་རལ་པ་ཅན། དུས་རབས་བཅུ་གཅིག་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་དུས་སུ་ཧ་ཅང་གི་སྤུས་ཚད་མཐོ་རུ་ཕྱིན་པ་རེད། བླ་མ་དང་ཆོས་རྒྱལ་དེ་ཚོས་རྒྱ་གར་གྱི་ནང་པའི་ཆོས་དེ་བོད་གངས་ཅན་ནང་བསྟན་པ་དར་བར་བཀའ་དྲིན་ཆེན་པོ་གནང་ཡོད། ད་ལྟ་ནང་པ་སངས་རྒྱས་ཀྱི་ཆོས་ཚུལ་དེ་དག་ནི་འཛམ་གླིང་ཤར་ཕྱོགས་ནང་ཆོས་ལུགས་གཙོ་བོར་གྱུར་ཡོད། དེ་ག་ནང་བཞིན་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་། མཁས་དབང་དགེ་བཤེས་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་གང་སར་དེང་སང་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་དང་བྱུང་བཞིན་པ་ཡིན།
སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་དམ་པའི་ཆོས་དེའི་བརྒྱུད་པའི་དབང་དུ་བྱས་ན། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནས་བརྒྱུད་དེ་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་བཅས་གསུམ་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཟབ་མོ་ལྟ་བརྒྱུད་ཀྱི་བརྒྱུད་འཛིན་གཙོ་བོ་དེ་ཡིན་པ་དང་། ཁོང་གིས་སེམས་ཅན་གྱི་དོན་དུ་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པ་ཞིག་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་བཞིན་ཡོད། དམིགས་བསལ་སྙིགས་མའི་དུས་སུ་རྗེ་བླ་མ་ཙོང་ཁ་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་གྱི་ཡང་ཞུན་ལྟ་བུ་དེ་ཉིད་སྲུང་ཕྱིར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་རིགས་ལྔ་འཁོར་དང་བཅས་པའི་རྣམ་པར་སེམས་ཅན་གྱི་དོན་དང་བསྟན་པ་རིན་པོ་ཆེ་དེ་ཉིད་སྲུང་བཞིན་ཡོད་པ་མ་ཟད། སོ་སོས་དད་པ་དང་དམ་ཚིག་ཡིད་ཆེས་ཡོད་ན་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་ཞིག་རྣམ་འགྱུར་འདྲ་མི་འདྲའི་ཐོག་ནས་འདོད་དོན་དེ་དག་འབད་པ་ཆེན་པོ་ལ་ལྟོས་མི་དགོས་པར་གདུལ་བྱའི་རེ་བ་སྐོང་བཞིན་ཡོད།
བོད་ཁོ་ནར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་རྩིས་ན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། དེ་བཞིན་དུ་རྙིང་མ་པའི་བླ་ཆེན་རྒྱལ་བ་ཀློང་ཆེན་པ། འབྲི་གུང་བཀའ་བརྒྱུད་ཀྱི་ཁྲི་འཛནའབྲི་གུང་སྐྱབས་མགོན་ཆེ་ཆུང་དང་། རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་འབྱེད་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལྟ་བུ་སོགས་སྤྲུལ་པ་གྲངས་མེད་བྱུང་ཡོད། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ཁོང་ནི་གསང་སྔགས་ཐེག་པའི་ལུགས་སུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། རྒྱུ་ནོར་ལོངས་སྤྱོད། ལུས་སེམས་བདེ་ཐང་། ཤེས་རབ་དང་ཡེ་ཤེས་སོགས་གང་ལ་གང་འདོད་ཀྱི་ཡི་དམ་དང་སྲུང་མའི་རྣམ་པར་ཡང་སྐུར་བཞེངས་ཡོད།།
སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་རྡོ་རྗེ་ཤུགས་ལྡན་གྱི་རྣམ་པ་བསྟན་པ་ཡིན་པ་ཚད་ལྡན་མཁས་གྲུབ་མང་པོས་གསུངས་པ་རེད། རྡོ་རྗེ་ཤུགས་ལྡན་ལ་རྒྱལ་ཆེན་ཤུགས་ལྡན་ཡང་ཟེར། དཔེར་ན་དཔལ་ལྡན་ལྷ་མོ་ལ་མཚན་མང་པོ་ཡོད་པ་ནང་བཞིན། ཆོས་སྐྱོང་རྡོ་རྗེ་ཤུགས་ལའང་མཚན་མང་པོ་ཡོད་རེད། ཁོང་གི་རྣམ་པ་ནི། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། རབ་བྱུང་དགེ་སློང་ཞིག་གི་རྣམ་པར་བཞུགས་ཡོད་པ་དང་། དབུ་ལ་འཛམ་བུ་ཆུ་བོའི་གསེར་གྱི་མདངས་ཅན་གྱི་ཐང་ཞུ་བཞེས་ཡོད། ཕྱག་ན་འཇམ་དཔལ་དབྱངས་ལྟར་ཤེས་རབ་ཀྱི་ངོ་བོ་རལ་གྲི་ཞིག་སྣམ་ཡོད་པས་དེའི་གེགས་བར་ཆད་ཐམས་ཅད་ཚར་བཅད་དགོས་པར་མཚོན་གྱི་ཡོད། ཁོང་གིས་ཕྱག་གཡོན་ན་དགྲ་བགེགས་ཀྱི་དོན་སྙིང་རྩ་བ་ཐུགས་ཀར་བསྣམས་ཡོད་པས། བདེ་ཆེན་ཙིཏྟ་ཞི་མཐའི་གཤེད་དུ་བཟུང་། ཞེས་གསུངས་པ་ལྟར་སྔགས་དང་འབྲེལ་བའི་ཐོག་ནས་འབྲེལ་བཤད་རྒྱ་ཆེན་ཞུ་རྒྱུ་ཡོད་པ་རེད། ཁོང་གིས་རབ་བྱུང་གི་ཆ་བྱད་འཆང་ཡོད་པས། རབ་བྱུང་གི་རྟེན་ལ་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཉམས་ལེན་བྱེད་དགོས་པར་མཚོན་པ་དང་། གཞན་སེམས་ཅན་ཐམས་ཅད་ལ་བྱ མས་པ་སྙིང་རྗེ་བྱེད་དགོས་ཡོད་པར་མཚོན། རི་དྭགས་རྒྱལ་པོ་སེང་གེ་ལ་བཞོན་པ་ནི་ཆོས་སྐྱོང་སྲུང་མའི་ནང་ནས་ནུས་སྟོབས་ཆེན་པོ་ཡོད་པ་མཚོན། གཞན་ཡང་ཁོང་ནི་ཤེས་རབ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་བཞུགས་ཡོད་པས། དེས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སྲེག་པ་མཚོན། སེམས་ཅན་གྱི་རྒྱུ ད་ལ་ཡོད་པའི་མ་རིག་པའི་མུན་པ་དེ་དག་སེལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟེར་བར་མཚོན་གྱི་ཡོད་པ་མཁས་གྲུབ་མང་པོའི་གསུང་གི་ནང་གསལ་ཡོད་པ་རེད། དེ་ཕྱིར་ཤེས་རབ་ཀྱི་རང་བཞིན་དེ་ཉིད་ང་ཚོའི་རྒྱུད་ལའང་ཡོད་པ་ཡིན་པ་རེད།
དེ་ལྟར་ང་རང་ཚོ་ཆོས་ལུགས་གང་ཡིན་ཡང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་བ་འདེབས་ཆོག ། ང་ཚོ་སོ་སོའི་ཆོས་དང་རིག་གཞུང་འགྱུར་བ་བཏོང་དགོས་ཀྱི་མེད། བླ་ན་མེད་པ་དེ་ལ་མིང་དང་ཆོས་ལུགས། གཟུགས། རྣམ་པ། དེ་བཞིན་ཐོག་མཐའ་གཉིས་ཀ་མེད། འདི་ནི་སྐྱེ་བུའི་བཏགས་པའི་མིང་དང་ཕྱོགས་ཙམ་རེད། དེར་ཆོས་ལུགས་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཡེ་ཤུ། ཁ་ཆེ། སིག་ལ་སོགས་པའི་ཆོས་ལུགས་གང་ཡིན་ཡང་ཆོས་སྐྱོང་རྡོ་རྗེ་ཤུ གས་ལྡན་ལ་གསོལ་བ་འདེབས་ཆོག གང་ལྟར་ང་ཚོ་གཞན་ལ་སྙིང་རྗེ་དང་། ཕན་སེམས། གཡོ་ཟོལ་མེད་པའི་བསམ་པ་འཁྱེར་ན་ཁོང་གི་དུས་རྟག་ཏུ་ང་ཚོ་ལ་གྲོགས་འཕྲིན་ལས་གནང་བ་གསལ་པོ་རེད།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པས་ཕན་ཡོན།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གྲོགས་བྱེད་ཐུབ། དེར་ཁོང་གིས་ཚོང་པ་ཕོ་མོ་དང་། སློབ་ཕྲུག སྨན་པ། ནང་མི། ཞིང་པ་ལ་སོགས་པའི་གང་ཟག་གཞན་གྱིས་བཟོས་པའི་དཀའ་ངལ་འཕྲད་སྡོད་མཁན་རྣམས་དང་། དེ་བཞིན་གདོན་འདྲེ་དང་སེམས་འཕྲལ་ཡོད་སྡད་མཁན་རྣམས་ལའང་གྲོགས་བྱེད་ཐུབ་པ་དང་། དེ་ཙམ་མ་ཟད་རྒྱུ་ནོར་དང་ཀླུང་རྟ། ཤེས་རབ་འཕེལ་བའི་ཆེད་དུའང་ཤིན་ཏུ་ནས་གྲོགས་འཕྲིན་ལས་སྩོལ་བར་མཛད།
༡༽མི་ཚེའི་བྱ་གཞག་དང་ཚོང་ལས་ཆེད་དུ།
སོ་སོའི་ནང་མི་ལ་སེམས་ཁུར་བྱེད་པའི་དོན་དུ་ང་ཚོ་མི་ཚེའི་བྱ་གཞག་དང་ཚོང་ལས་སོགས་ཧུར་ཐག་གནང་མཁན་ཡོད་པ་མ་ཟད་ཁོང་རྣམས་ཀྱི་ནང་གི་འགན་ཡང་འཁུར། ཡིན་ཡང་། ང་ཚོ་དང་ནང་མི་ཚོ་ལ་ཕྱོགས་མང་པོ་ནས་མི་ཚེའི་ནང་བགེགས་བར་ཆད་དང་དཀའ་ངལ་འཕྲད་སྐབས། དེ་དག་སེལ་བའི་ཕྱིར་དུ་བསམ་པ་ལྷག་བསམ་རྣམ་དག་པའི་ཐོག་ནས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནས་མེ་ཏོག་དང་། ཡོན་ཆབ། སྤོས། མཆོད་མེ་སོགས་ཉིན་ལྟར་འབུལ་ནས་རྡོ་རྗེ་ཤུགས་ལྡན་གྱི་མཚན་སྔགས་བསག་ན། ཁོང་གིས་དུས་རྟག་ཏུ་གྲོགས་འཕྲིན་ལས་སྩོལ་བ་མ་ཟད་ཁྱེད་ཀྱི་མེ་ཚེའི་བྱ་གཞག་དང་ཚོང་ལས་བྱ་བ་ལམ་འགྲོ་གྱུར་བར་བྱེད་ཐུབ།
༢༽མི་ཚང་གི་ཆེད་དུ།
དེང་སང་འཛམ་གླིང་ནང་བཟའ་ཚང་ནང་མིའི་ནང་བསམ་ཚུལ་མཐུན་མ་མཐུན་གྱི་དཀའ་རྙོག་དང་། དེས་རྐྱེན་གྱི་ཕན་ཚུན་མི་འཆམ་པ། མི་ཚང་བར་བསམ་ཚུལ་གོ་ནོར་ཤོར་བ་དང་། རྩོད་པ་ཤོར་བ་སོགས་ཀྱིས་ནང་མི་ཁ་བྲལ་འགྲོ་བ་ཡང་ཡོང་གི་ཡོད། མི་ཚང་ནང་དཀའ་རྙོག་ཕྲད་ན། མི་ཚང་ན་སྐྱིད་པོ་མི་ཡོང་། ནང་མི་བར་ལ་མཐུན་སྒྲིལ་ཡོང་བར་ནང་མི་ཆ་ཚང་ལྷན་དུ་འཛོམས་ནས་བསམ་ཤེས་ཀྱི་ཐོག་ནས་བགྲོས་བསྡུར་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན། དེར་རྡོ་རྗེ་ཤུགས་ལྡན་ལ་ཉིན་ལྟར་གསོལ་བ་འདེབས་པ་ཡིན་ན། མི་ཚང་ནང་མཐུན་སྒྲིལ་དང་ནང་མི་ཚང་མ་བདེ་སྐྱིད་ཡོང་བར་རྡོ་རྗེ་ཤུགས་ལྡན་གྱི་བྱིན་རླབས་སྩོལ་གྱི་རེད།
༣༽སློབ་ཕྲུག་གི་ཆེད་དུ།
སློབ་ཕྲུག་ཚོས་ཀྱང་སློབ་གྲྭར་བརྒྱ་ཆ་ཡག་པོ་ཐོབ་འདོད་ཡོད་མཁན་རྣམས་དང་། དེ་བཞིན་རང་གི་ཤེས་རབ་ཡར་རྒྱས་གཏོང་སྟེ་ཤེས་ཡོན་མང་པོ་དང་ལྡན་ནས་མ་འོངས་པ་ན་གྲུབ་འབྲས་དང་ལྡན་པ་འོངས་འདོད་རྣམས་ཀྱིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་ཤིན་ཏུ་ཕན། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་མཚན་སྔགས་བཟླས་བརྗོད་བྱེད་ནས་དེས་ཤེས་རབ་གོང་འཕེལ་དུ་འགྲོ་བ་དང་རིག་པ་གསང་པོ་ཡོང་བར་ཕན་ཐོགས་ཡོད།
༤༽སྨན་པའི་ཆེད་དུ།
སྨན་པ་ཟེར་བ་ནི་མིའི་གཟུགས་པོའི་ནད་ན་ཚ་དང་དེའི་དཀའ་ངལ་བསལ་མཁན་དེ་ཡིན། སྨན་པ་ལའང་རིགས་མང་པོ་ཡོད་རེད། སྨན་པ་རིགས་གང་འདྲ་ཡིན་ཡང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་བ་འདེབས་ཏེ་ཁོང་གི་མཚན་སྔགས་ཉིན་རྟག་པར་བཟླས་བརྗོད་བྱེད་ན་སྨན་པའི་ནུས་པ་དེ་དག་གོང་འཕེལ་དུ་འགྲོ་བ་ཐེ་ཚོམ་མེད། དེར་ཆོས་སྐྱོང་གི་མཚན་སྔགས་འདི་ནད་པའི་གཟུགས་པོ་ནང་སྨན་པའི་རྒྱུད་ནས་འཇུག་ཏེ་མྱུར་དུ་ནད་དྲག་ཐུབ། དེ་ལྟར་མི་གཞན་གྱི་དོན་དུ་སྨན་པའི་ཉིན་ལྟར་མཚན་སྔགས་འདི་བསག་ན་ནད་དྲག་པར་ཕན་ཡོན་ཆེན་པོ་ཡོང་། ཆོས་སྐྱོང་གི་ཕྱག་ནས་དེ་ཚོ་ནད་པས་ཟ་བ་ཡིན་ན་ནད་མགྱོགས་པོ་དྲག་ཐུབ་པ་བྱེད་ཀྱི་ཡོད།
༥༽ཞིང་པའི་ཆེད་དུ།
ཞིང་པའི་མི་ཚེ་ནི་སོ་སོའི་ཞིང་ཁ་དང་། ཞིང་ཁའི་ནང་བཏབ་པའི་སྔོ་ཚལ་དང་ཤིང་ཏོག་སོགས་ལ་རག་ལས། གལ་ཏེ་ལོ་ཏོག་ཡག་པོ་མ་སྐྱེས་ན་ཁོང་རྣམས་ལ་ཤིན་ཏུ་དཀའ་ངལ་འཕྲད་ཀྱིན་ཡོད། དེ་ལྟར་ཞིང་པ་རྣམས་ཀྱི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་མཆོད་པ་འབུལ་ནས་བསྟེན་གསོལ་བྱེད་ན་གནམ་གཤིས་ངན་པའི་རྐྱེན་གྱིས་བྱུང་བའི་བར་ཆད་དེ་དག་བསལ་ཐུབ། ཆོས་སྐྱོང་ཆེན་པོ་དེ་ཉིད་ལ་ཡོན་ཆབ་དང་། སྤོས། མེ་ཏོག མཆོད་མེ་སོགས་མཆོད་པ་འབུལ་ནས་ལོ ཏོག་ཡག་པོ་སྐྱེས་པའི་ཆེད་དུ་མཚན་སྔགས་དེ་བཟླས་བརྗོད་བྱེད་དགོས། མཚན་སྔགས་དེ་བཟླས་བརྗོད་བྱེད་ན་ཞིང་ཁ་དང་སྒོ་ཕྱུགས་སོགས་ཆ་ཚང་ལ་བྱིན་གྱིས་རློབས་ཀྱི་ཡོད་པའི་ཤིན་ཏུ་གལ་ཆེ། ཞིང་པའི་ནང་མི་དང་ཞིང་ཁ་སོགས་ལ་ཕན་པར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་བ་འདེབས་དགོས།
༦༽མཐུའི་དཀའ་ངལ་འཕྲད་མཁན་རྣམ་ཀྱི་ཆེད་དུ།
མི་འགའ་ཤས་གཞན་གྱི་ལས་དོན་གྲུབ་འབྲས་དང་ལྡན་པ་དེ་དག་ལ་མ་དགའ་ཕྲག་དོག་བྱེད་མཁན་མང་པོ་ཡོང་། འགའ་ཤས་རྒྱུ་མཚན་འདྲ་མིན་རྐྱེན་གྱི་རང་ལ་མ་དགའ་ནས་ཁོང་ཁྲོ་བྱེད་པ་དང་། རྩོད་པ་རྒྱག་པ་དང་། བསམ་བློ་མི་མཐུན་པ་ཡོང་གི་ཡོད། དེ་ལྟར་འགའ་ཤས་ཀྱི་ནུས་མཐུ་དང་ལྡན་པའི་སྔགས་པ་སོགས་ལ་འབྲེལ་བ་བྱེད་ནས་མི་གཞན་ལ་གནོད་པའི་དོན་དུ། མཐུ་དང་། ངན་སྔགས། ཆོ་ག་བྱེད་མཁན་ཡང་ཡོད་སྲིད། འགའ་ཤས་མཐུ་ལ་ཡིད་ཆེས་བྱེད་མཁན་ཡོད་ལ། ཡིད་ཆེས་མི་བྱེད་མཁན་ཡང་ཡོད། ཡིད་ཆེས་བྱེེད་ན་མི་བྱེད་ན། མཐུ་རྒྱག་པ་ཡོད་པ་མ་ཟད་སྐབས་རེ་དེའི་གནོད་ཡང་སྲིད།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནི་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བླ་ན་མེད་པའི་རྣམ་སྤྲུལ་ཡིན་པས། ཁོང་ནི་སྔགས་དང་མཐུ་འགོག་པར་བྱེད་པའི་ཤུགས་དང་ལྡན། དེ་བཞིན་མཐུའི་གནོད་པའི་གང་ཟག་ལ་ཡང་སྐྱོབ་ཐུབ་པ་དང་མཐུའི་གནོད་མི་ཐུབ་པ་ཡང་བཟོ་ཐུབ། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་ཉིན་ལྟར་གསོལ་བ་འདེབས་པ་ཡིན་ན། ཁོང་གིས་ང་ཚོ་ལ་སྲུང་སྐྱོབ་བྱེད་དེ་མཐུའི་གནོད་མི་ཐུབ། རྡོ་རྗེ་ཤུགས་ལྡན་གྱིས་མཐུ་རྒྱག་མཁན་གང་ཟག་ལ་ཡང་གནོད་ཀྱི་མ་རེད། ཡིན་ཡང་། ང་ཚོ་ལ་སྲུང་སྐྱོབ་གནང་གི་རེད།
༧༽རྣམ་ཤེས་ཀྱི་གནོད་པ་ཡོད་མཁན་རྣམས་ཀྱི་ཆེད་དུ།
ཁང་པ་འགའ་ཤས་དང་། ལམ་ཕྱོགས་དང་། བྲག་རི་ཆེན་པོ། ཤིང་ནག་ཆེན་པོ། དུར་འཁྲོད་སོགས་ལ་ནུས་ཤུགས་ཆེན་པོ་དང་ལྡན་པའི་གདོན་འདྲེ་སོགས་གནས་ཡོད་སྲིད། དེ་དག་ནི་ཤི་བའི་རྗེས་སུ་ཡང་སྐྱེ་བ་ལེན་མི་ཐུབ་པ་རྣམ་རེད། དེར་རྣམ་ཤེས་དེ་དག་བློ་ཕམ་པོ། མ་སྐྱིད་པ་ཆགས་པའི་རྐྱེན་གྱིས་སྐྱེ་བ་གཞན་ལེན་མི་ཐུབ་པ་རེད། སྐབས་རེ་རྣམ་ཤེས་དེ་དག་གི་གཞན་ལ་འཇིགས་སྣང་སྐུལ་བ་དང་། ནད་པ་བཟོས་པ་སོགས་བྱེད་སྲིད།
རྣམ་ཤེས་དེ་དག་སྒྲོལ་བར་བྱེད་དགོས་ཀྱི་ཡོད། ང་ཚོ་དེ་དག་ལས་ཞེད་སྣང་བྱེད་དགོས་ཀྱི་མིན་པས། དེའི་ཚབ་ཏུ་རྣམ་ཤེས་དེ་དག་ལ་སྙིང་རྗེ་སྒོམ་དགོས། དེ་དག་སྒྲོལ་བར་བྱེད་དགོས་ཞེས་བསམ་པ་འཁྱེར་ཏེ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་མཚན་སྔགས་བཟླས་བརྗོད་བྱེད། དེར་རྣམ་ཤེས་དེ་དག་སྒྲོལ་བ་ཡིན་ན་ང་ཚོ་ལ་གནོད་ཀྱི་མ་རེད།
༨༽སེམས་ངལ་མྱོང་མཁན་རྣམ་ཀྱི་ཆེད་དུ།
སེམས་ངལ་ཟེར་བ་ནི། གང་ཟག་ཞིག་བློ་ཕམ་པོ་བྱུང་བ་དང་རེ་མེད་ཀྱི་བློའི་གནས་སྟངས་ལ་སླེབ་དུས་སེམས་ངལ་མྱོང་གི་ཡོད། དེ་ལྟར་ང་ཚོ་ལས་ཀ་བྱེད་མི་འདོད། སེམས་ཤུགས་ཆག་ནས་ཡང་སྐྱར་འགན་མི་འཁྲི་པའི་བསམ་པ་སླེབ། ང་རང་ཚོ་ཚང་མས་ཉིན་གཅིག་སེམས་ངལ་དེ་འདྲ་མྱོང་དགོས་པ་སྲིད་ཀྱི་རེད། སེམས་ངལ་དེ་བཅོས་པ་ལས་སླ་པོ་མེད། སྐབས་རེ་གཟུགས་དང་འབྲེལ་བའི་སེམས་ངལ་དང་། སྐབས་རེ་བློ་དང་འབྲེལ་བའི་སེམས་ངལ། སྐབས་རེ་བསམ་བློ་ངན་པའི་རྐྱེན་གྱི་སེམས་ངལ་ཡོང་གི་ཡོད།
འགལ་ཏེ་གཟུགས་དང་འབྲེལ་བའི་སེམས་ངལ་ཡིན་ན། སྨན་པ་མཚན་ཉིད་དང་ལྡན་པ་ཞིག་ནས་བཅོས་ཐབས་བྱེད་ཐུབ། དེ་མིན་བསམ་བློ་ངན་པ་དང་ལམ་ལོག་པ་རྐྱེན་གྱི་སྒོ་ནས་འབྱུང་བའི་སེམས་ངལ་དེ་བཅོས་པ་ལ། ཆོས་སྐྱོང་ཆེན་པོའི་མཚན་སྔགས་བསགས་དགོས་ཀྱི་ཡོད། དེར་བརྟེན་རྡོ་རྗེ་ཤུགས་ལྡན་གྱི་བྱིན་རླབས་ལ་རྟེན་ནས་སེམས་ངལ་དེ་རྩ་བ་ནས་བཅོས་ཐུབ། གལ་ཆེ་བ་ནི། རྡོ་རྗེ་ཤུགས་ལྡན་གཅིག་པུ་ལ་མི་བསྟོད་པར་སྨན་པ་མཚན་ཉིད་དང་ལྡན་པ་ཞིག་ལའང་སྟོན་དགོས་ཀྱི་ཡོད།
༩༽སྲུང་སྐྱོབ་དགོས་མཁན་རྣམ་ཀྱི་ཆེད་དུ།
ས་ཁུལ་གཅིག་ནས་ས་ཕྱོགས་གཞན་ལ་འགྲིམ་འགྲུལ་བྱེད་དུས་སྐབས་རེ་ནག་ཉེས་ས་ཁུལ་དང་འཕྲོད་སྦྱོར་ངན་པ་ནས་འགྲིམ་འགྲུལ་བྱེད་དགོས་བྱུང་། ས་ཁུལ་དེ་འདྲ་ནས་འགྲིམ་འགྲུལ་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་ཡིན། ང་ཚོ་ལ་བཀྲ་མི་ཤིས་པ་བྱུང་ན་ང་ཚོའི་ནང་མི་ཚོ་སྡུག་བསྔལ་མྱོང་དགོས་ཡོང་གི་རེད། ཡར་མར་མ་ཕེབས་གོང་དུ་རྡོ་རྗེ་ཤུགས་ལྡན་ལ་མཆོད་པ་འབུལ་ཏེ་ཆོས་སྐྱོང་གི་མཚན་སྔགས་བསགས་པ་དང་། འགྲིམ་འགྲུལ་གྱི་སྐབས་ཡང་མཚན་སྔགས་དེ་བསགས་པ་ཡིན་ན་ཆོས་སྐྱོང་གིས་སྲུང་སྐྱོབ་གནང་།
༡༠༽རྒྱུ་ནོར། ཀླུང་རྟ། ལམ་འགྲོའི་འཚོལ་ཞིབ་བྱེད་མཁན་རྣམས་ཀྱི་ཆེད་དུ།
སྐབས་རེ་ང་ཚོ་འབད་བརྩོན་གང་མང་ག་ཚོད་བྱེད་ཀྱང་ལམ་འགྲོ་མེད་པར་ལས་དོན་སྒྲུབ་མ་ཐུབ་པ་སོགས་མང་པོ་ཡོང་སྲིད་ཀྱི་རེད། དེར་སེམས་ཤུགས་མ་ཆགས་ནས་རྡོ་རྗེ་ཤུགས་ལྡན་ལ་གསོལ་བ་འདེབས་ཏེ་རང་གི་ལས་དོན་དེ་བྱེད་ན་ངེས་པར་དུ་སྒྲུབ་ཐུབ། ཁོང་ནི་རྒྱུ་ནོར་གྱི་སྲུང་མ་ཡིན་པས་དེ་བསྟེན་གསོལ་བྱེད་ན་ཕན་ཡོན་ཆེན་པོ་ཡོང་།
རྡོ་རྗེ་ཤུགས་ལྡན་གྱིས་ང་ཚོའི་མི་ཚེ་ནང་རྒྱུ་ནོར་འཕེལ་བ་དང་། ཁམས་བཟང་པོ་ཡོང་བ། སོ་སོའི་ཕྲུག་གུ་དང་ཕ་མའི་བར་གྱི་འབྲེལ་བ་དེ་བཞིན་ཡག་པོ་གནས་ཐུ བ་པ། གཞན་དང་འབྲེལ་བ་བཟང་པོ་ཡང་གནས་པར་བྱེད་ཐུབ། དེ་བཞིན་ང་ཚོ་སྙིང་རྗེ་དང་གཏོང་ཕོད་སྦྱོང་བརྡར་བྱེད་ན་བསོད་རྣམས་གང་མང་བསགས་ཐུབ། དེར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་ང་ཚོའི་བར་ཆད་ཐམས་ཅད་བསལ་ནས་བསམ་དོན་སྒྲུབ་པར་ཤིན་ཏུ་གྲོགས་འཕྲིན་ལས་སྩོལ།
༡༡༽ཤེས་རབ་དང་ཞི་བདེ། བདེ་སྐྱིད་འཚོལ་ཞིབ་བྱེད་མཁན་རྣམས་ཀྱི་ཆེད་དུ།
ང་ཚོའི་མི་ཚེའི་ནང་དཀའ་ངལ་ཆེ་ཆུང་མང་པོ་འཕྲད་ཀྱི་རེད། མི་འགའ་ཤས་ལ་གནས་སྟངས་ཕུན་སུམ་ཚོགས་པ་ཡོད་ཀྱང་དེ་དག་ཁོང་ཁྲོ་ཚ་པོ། ཕྲག་དོག་ཅན། འཇིགས་སྣང་། རླག་པའི་བསམ་པ་དང་སྲུང་ཆ་མེད་པ་དྲན་ཞིང་སྐབས་རེ་གནས་སྟངས་གལ་ཆེའི་སྐབས་ཐག་གཅོད་དགོས་དུས་དཀའ་ལས་ཁག་པོ་ཡོང་།
རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱིས་ང་རང་ཚོ་ཚང་མའི་དཀའ་ངལ་འདི་འདྲ་ཕྲད་སྐབས་དཀའ་ངལ་དེ་དག་བསལ་བར་གྲོགས་འཕྲིན་སྩོལ། ཆོས་སྐྱོང་འདི་ཉིད་ཀྱི་ཡེ་ཤེས་ཀྱི་བྱིན་རླབས་ལ་བརྟེན་ནས་གང་བྱེད་ན་དགའ་བ་དང་། མི་བྱེད་ན་དགའ་ཞེས་ཐག་གཅོད་པར་གྲོགས་བྱེད། དེ་ལྟར་ང་ཚོ་སོ་སོའི་འཇིགས་སྐྲག་དང་། ཁོང་ཁྲོ། འགྱོད་སེམས་ལས་གྲོལ་ཏེ་ཤེས་རབ་དང་བདེ་བ་ཐོབ།
ཕན་ཐོག་ཅན་གྱི་འབོད་བསྐུལ།
རྒྱུ་ནོར་ལོངས་སྤྱོད་དང་། ཞི་བདེ། སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་རྟག་པར་བྱ་དགོས་པའི་གསོལ་འདེབས་བཞུགས་སོ།། ཞེས་པའི་ཆོས་སྐྱོང་རྡོ་རྗེ་ཤུ གས་ལྡན་གྱི་གསོལ་འདེབས་འདི་ཉིན་ལྟར་བཟླས་པར་བྱོས། རྡོ་རྗེ་ཤུགས་ལྡན་གྱི་གསོལ་འདེབས་དེ། བླ་མ་མཆོད་པ། སྒྲོལ་མ། སྨན་བླ་ཆོ་ག ཚེ་ལྷའི་ཆོ་ག་མཉམ་དུ་བྱེད་ཆོག སོ་སོའི་ཡི་དམ་ག་རེ་སྟོན་གྱི་ཡོད་ཡང་དེའི་ཆོ་ག་མཉམ་དུ་རྡོ་རྗེ་ཤུགས་ལྡན་གྱི་གསོལ་འདེབས་ཡང་འདོན་ཆོག
ཆོས་སྐྱོང་ལ་ཤ་དང་སེམས་ཅན་གྱི་ཁྲག་སོགས་འབུལ་མི་ཆོག་པ་དང་། དེའི་ཚབ་ཏུ། ཆུ་དང་། ཇ་ཁུ། འོ་མ། མེ་ཏོག ། སྤོས། མཆོད་མེ་སོགས་ཕུལ་དགོས། ཆོས་དང་མཐུན་པའི་མཆོད་པ་གང་ཡིན་ནའང་འབུལ་ཆོག ། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནི་སངས་རྒྱས་དང་ངོ་བོ་གཅིག་རེད། སངས་རྒྱས་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་གཅོད་པ་དང་དམར་མཆོད་ནི་རྩ་བ་ནས་འབུལ་མི་རུང་། སེམས་ཅན་གཞན་ལ་ཕན་པ་སྒྲུབ་པ་ལས། གནོད་པ་བྱེད་པ་ནི་ནང་པའི་ཆོས་དང་མི་མཐུན་ནོ།།
འཇུག་བསྡོམས།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱིས་མི་ཚང་མའི་བརྒྱབ་ལྗོངས་ལ་མི་ལྟོས་པར་གྲོགས་འཕྲིན་ལས་གནང་། སྙིགས་མའི་དུས་འདིར་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་གྲུབ་པར་བྱེད་ནས་ཆོས་ཀྱི་ལམ་དུ་འཁྲིད་པར་ཁྱད་པར་ཅན་གྱི་སྲུང་མར་སྐུར་བཞེངས་པ་ཡིན།ཆོས་སྐྱོང་དེ་ཉིད་དུས་རྟག་ཏུ་གསོལ་བ་འདེབས་པ་ཡིན་ན། རྒྱུ་ནོར་དང་། བདེ་ཐང་། ཤེས་རབ་འཕེལ་བ་སོགས་བྱུང་།།
ལྷན་རྒྱས་ཚང་མར་བྱམས་བརྩེ་དང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
ཚེམས་སྤྲུལ་སྐུས།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས་ཕྱོགས་བསྡུས།
རྒྱུ་ནོར། ཞི་བདེ། སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་ལྟར་གསོལ་འདེབས་བཞུགས་སོ།།
དག་ཞིང་ན་སངས་རྒྱས་གྲངས་མེད་བཞུགས་ཡོད་རེད། སངས་རྒྱས་གྲངས་མེད་དེ་དག་གི་རྣམ་པ་འདྲ་མིན་བསྟོན་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་ཡིན། སངས་རྒྱས་ཀྱི་རྣམ་པ་དེ་དག་ཐམས་ཅད་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། རྩལ་ལག་ཅན་དང་ཤེས་རབ་ཆེན་པོ་དང་ལྡན་པ་ཡིན། ང་ཚོ་ཚོར་བ་སྐྱིད་པོ་མྱོང་དུས་དང་། བློ་ཕམ་དུས། སེམས་ཤུགས་ཆགས་དུས། དེ་བཞིན་སེམས་ཀྱི་དཀའ་གནད་གང་མང་ཕྲད་པ་ནི། སོ་སོའི་ཆོས་མི་ཤེས་པའི་རྐྱེན་གི་ཡིན་པས། སངས་རྒྱས་དེ་དག་ལ་དུས་རྟག་ཏུ་གསོལ་བ་འདེབས་ཀྱིན་ཡིན།
རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་ལྷ་རྡོ་རྗེ་ཤུགས་ལྡན། ང་ཚོའི་དངོས་ཡོད་ཀྱི་གནས་སྟངས་མཁྱེན་ནས། ཕ་མས་བུ་ཕྲུག་ལ་བརྩེ་བས་སྐྱོང་བ་བཞིན། ང་ཚོ་ལའང་ཁྱེད་ཀྱི་ཐུགས་རྗེ་གནང་རོགས་གནང་།
སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་ལ་མཆོད་པ་སྣ་ཚོགས་མི་དགོས་ཀྱང་། ང་ཚོའི་གང་འབུལ་བ་འདི་ཚོ་ནི་རང་ཉིད་སོ་སོར་བསོད་ནམས་བསགས་པའི་ཕྱིར་དུ་ལྷ་ཆོས་སྐྱོང་ཆེན་པོ་འཇམ་དཔལ་རྣམ་སྤྲུལ་ཉིད་ལ་གསེར་སྐྱེམས། སྤོས། སོགས་མཆོད་པ་སྣ་ཚོགས་འབུལ་བ་དེ་དག་ཇི་སྲིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འཇིག་རྟེན་འདི་དང་འཇིག་རྟེན་ཕྱི་མའི་དོན་ལ་གྲོགས་འཕྲིན་ལས་གནང་ནས་དུས་རྟག་ཏུ་སྲུང་སྐྱོབ་གནང་བ་དང་། ང་ཚོ་གང་དུ་གནས་ཀྱང་དེར་ཕེབས་ནས་བཟང་ངན་གྱི་རྟགས་མཚན་སྟོན་རོགས་གནང་། མི་སྡུག་པ་དང་ལྟས་ངན་ཐམས་ཅད་གསལ་བར་ཤོག ། བདག་གིས་ཉོན་མོངས་པའི་སེམས་འདི་ཉིད་ཁྱེད་རང་གི་འགྱུར་གཏོང་ཐུབ་ཞེས་བདག་གིས་རེ་བ་ཁྱེད་ལ་ཡོད།
ང་ཚོ་ལ་དཀའ་ངལ་དང་། རྐྱེན་ངན། སེམས་འཁྲུག་སོགས་ཕྲད་དུས་ཁྱེད་རང་ལ་གསོལ་བ་འདེབས་ཀྱི་ཡོད། ཁྱེད་ནི་ཐམས་ཅད་མཁྱེན་པ་ཡིན་པས། བདག་དང་། བདག་དང་འབྲེལ་བའི་སྤུན་གྲོགས། བདག་གི་གཅེས་ཉར་སྲོག་ཆག ། འཁོར་གཡུག་རྣམས་ལ་བྱིན་གྱི་བརླབས་ཏུ་གསོལ། བདག་གི་བསམ་པ་གྲུབ་པར་ཤོག བདག་གི་ཞི་བདེ་གྲུབ་པར་ཤོག ། བདག་རྒྱལ་བའི་གོ་འཕང་ཐོབ་པར་ཤོག
ངའི་འབོད་བསྐུལ། ཀྱེེ། ལྷ་མཆོག་སྤྲུལ་པའི་ཆོས་སྐྱོང་ཆེན་པོ། དབུ་ལ་འཛམ་བུ་ཆུ་བོ་གསེར་གྱི་མདངས་ཅན་གྱི་ཐང་ཞུ་དར་གྱི་རྒྱན་ཅན་གསོལ་བ། རབ་འབྱུང་གི་ཆ་བྱད་ཅན་ཆོས་གོས་རྣམ་གསུམ་ལྷབ་ལྷབ་ཏུ་འཆང་བ། ཕྱག་གཡས་གསེར་གྱི་སྤུ་གྲི་ནམ་མཁའ་ལ་འཕྱར་ཞིང་། མཚན་ཁུང་གཡོན་ན་དགོས་འདོད་ལྷུག་པར་སྩོལ་བའི་གཏེར་གྱི་ནེའུ་ལེ་དང་། དགོས་དོན་སྒྲུབ་པར་དགྲ་གེགས་ཐམས་ཅད་དབང་དུ་སྡུད་པའི་སེང་གེ་བཞོན་པ། བདག་གིས་སེམས་ཀྱི་འདོད་དོན་འདི་ལེགས་ཤོས་མིན་པ་བདག་གིས་ཤེས། དེ་ལྟར་སེམས་ནང་གི་འདོད་དོན་གང་གྲུབ་ཀྱང་བདག་ཁྱེད་རང་གི་ཡིད་ཤེས་ལ་མགོ་སྒུར་གྱི་ཡིན། བདག་དང་འབྲེལ་བའི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ།
བདག་དང་བདག་གི་ནང་ལ་བྱིན་གྱིས་བརླབས་ཤིང་། བདག་ལ་ཤེས་རབ་དང་སེམས་གསོ་བྱིན་པར་ཤོག དེ་ལྟར་བདག་གིས་རང་དོན་བཞག་ནས་གཞན་དོན་གྲུབ་པར་བྱེད་པ་དང་། གཞན་གྱི་དཀའ་ངལ་ཐམས་ཅད་བདག་གིས་གསལ་བར་ཤོག ཞེས་ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་ལ་བདག་གི་སེམས་གཏིང་ནས་གསོལ་བ་འདེབས་ཀྱི་ཡིན།
བདག་སེམས་བཟང་པོ་ཡོང་བ་དང་། བློ་གྲོས་ཅན། འདི་ལས་ལྷག་པ་སྙིང་རྗེ་ཅན་དང་། བཟོད་སྲན་ཆེན་པོ། བདག་ལ་གནོད་སྐྱེལ་མཁན་རྣམས་ལ་བཟོད་པ་བཞེས་ནས་དགའ་བར་བྱེད་པར་བྱིན་གྱིས་བརློབས་ཏུ་གསོལ། ལྷ་མཆོག་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་རང་དང་ཉེ་འབྲེལ་ཡོང་བར་སྤྱོད་པ་དེ་དག་དུས་རྟག་ཏུ་བཟུང་གྱིན་ཡིན། འཇིག་རྟེན་པའི་བྱ་བ་ཐམས་ཅད་སྤོང་དགོས། མཐར་རང་ཉིད་འཆིས་བའི་དུས་སླེབས་པ་ན། བདག་གིས་བསགས་པའི་དགེ་བ་གཅིག་པུ་གནད་འགག་ཆག་པས་དེ་མིན་ཐམས་ཅད་འཁྱེར་མི་ཐུབ། དུས་འདིར་ད་ལྟ་རང་ཆོས་ཀྱི་སྙིང་པོ་འདི་རྟོགས་ནས་ཉམས་སུ་བླང་ཐུབ་པར་འགྱུར་གཅིག །། མཐུ་སྟོབས་དང་སྙིང་རྗེ་ཅན་གྱི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན། སྙིགས་མའི་དུས་འདི་ན་ཁྱེད་རང་དངོས་སུ་མཇལ་བ་དང་དེ་ནས་བདག་ལ་ཁྱེད་ཀྱི་དག་པའི་ཞིང་ལ་འཁྲིད་རོགས་གནང་།
བདག་གི་བསམ་དོན་གྲུབ་པ་དང་གྲུབ་པ་ཐོབ་པར་བདག་གི་གསེར་སྐྱེམས་འདི་འབུལ། ཁྱེད་ཀྱི་མཚན་སྔགས་འདི་བཟླས་པ་ཙམ་གྱིས་རྐྱེན་ངན་ཐམས་ཅད་གསལ་བ་དང་། ཞི་བདེ། བྱམས་སྙིང་རྗེ། སྲུང་སྐྱོབ། སྟོང་ཉིད་ཀྱི་དོན་རྟོགས་པར་གྱུར་གཅིག །།
འདོད་དོན་གྲུབ་པར་བྱེད་པ་དང་། ཞི་བདེ། བློ་གྲོས་སོགས་ཀྱི་ཆེད་དུ་མཚན་སྔགས།
ཨོཾ་བཛྲ་བི་ཀི་བིཊྞསྭཱ་ཧྭ།
མཚན་སྔགས་འདི་ཉིན་ལྟར་འཕྲེང་འཁོར་གཅིག་བསགས་ཐུབ་ན་ཤིན་ཏུ་ཕན། བྱུང་ན་ལོ་རེར་མཚན་སྔགས་འབུམ་གཅིག་བསགས་ནས་ལས་རུང་ཞིག་སྐྱེལ་ཐུབ་ན་ཤིན་ཏུ་ཕན་ཡོན་ཆེན་པོ་ཡོད།
ཉིན་རྟག་པར་བྱ་དགོས་པའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་གསོལ་འདེབས་འདི་ནི་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པའི་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༢ ཚེས་ ༢༦ གཟའ་ཕུར་བུ་ཉིན་སྔ་དྲོ་ཆུ་ཚོད་༢:༠༣་རྩོམ་གནང་པའོ།།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།