༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
༧གོང་ས་མཆོག་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་ཡིན་པར་རྩི་ཡིས་ཡོད། དེ་བརྟེན་༧གོང་ས་མཆོག་ནི་སངས་རྒྱས་ཟིན་པའི་གང་ཟག་ཞིག་ཡིན་ཚེ་ཁོང་དགུང་ལོ་ ༡༠ ཡིན་ནའང་འདྲ། དགུང་ལོ་ ༧༠ ཡིན་ནའང་འདྲ་ཁོང་ཉིད་ཀྱི་ནང་གི་རྟོགས་པ་ལ་འགྱུར་བ་མེད་པ་གཅིག་དགོས། ཁོང་གི་སྐུ་ཚེ་སྟོད་སྨད་དང་སྐུ་ཚེ་སྔ་ཕྱི་གང་ལ་ཡང་ཐུགས་རྒྱུད་ཀྱི་ཉམས་རྟོགས་ཀྱི་རྟོགས་པ་དང་སངས་རྒྱས་ཀྱི་གོ་འཕང་སོགས་ལ་ཉམས་ཆག་འགྲོ་མི་སྲིད། དེའི་ཕྱིར་ན་སྤྱི་ནོར༧གོང་ས་མཆོག་ཡང་ཚད་མའི་སྐྱེ་བུ་ཡིན་པ་དངོས་ར་ཕྲོད།
ལོ་མང་པོའི་སྔོན་དུ་༧གོང་ས་མཆོག་གིས་འཕྲིན་བཅོལ་གསོལ་འདེབས་རྩོམ་གནང་། དེའི་ཕྱིར་༧གོང་ས་ལྔ་པའི་ཆོས་གྲོགས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་༼ཕྱིས་སུ་སྐུ་དཀྲོངས་རྗེས་སྲུང་མ་རྡོ་རྗེ་ཤུགས་ལྡན་དུ་སྐུ་བཞེངས༽དང་མཐུན་མོང་མ་ཡིན་པའི་འབྲེལ་བ་དེ་གསལ་པོར་སྟོན། ལོ་བཅུ་ཕྲག་མང་པོའི་སྔོན་ནས་༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་གྱིས་ཡོད་པས་རྡོ་རྗེ་ཤུགས་ལྡན་སྐུ་ཕེབས་སྐབས་བཀའ་ལུང་ཡང་ཞུས་ཡོད། ༧གོང་ས་མཆོག་གི་རྡོ་རྗེ་ཤུགས་ལྡན་ལ་འཕྲིན་བཅོལ་གསོལ་འདེབས་རྩོམ་གནང་།དེར་བརྟེན་ཁོང་གཉིས་བར་གྱི་དམ་ཚིག་ཡང་གཙང་མ་ཡོད་པ་གོ་ཐུབ།
དེར་བརྟེན་༧གོང་ས་མཆོག་ནི་ཐམས་ཅད་མཁྱེན་པ་ཡིན་པས་སྲུང་མ་རྡོ་རྗེ་ཤུགས་ལྡན་ལྟ་བུ་སྲུང་མ་ཚད་ལྡན་ཡིན་དང་མིན་ནི་ཐོག་མར་འཕྲད་དུས་ནས་དངོས་སུ་མཁྱེན་ཐུབ་པ་དགོས། རྡོ་རྗེ་ཤུགས་ལྡན་ནི་ཁྱད་པར་དུ་འཕགས་པའི་སྲུང་མ་ཚད་ལྡན་ཞིག་ཡིན་པར་ངོས་འཛིན་གནང་། གལ་ཏེ་སྲུང་མ་ཚད་ལྡན་ཞིག་མིན་པ་ཞིག་ལ་ཚད་ལྡན་ཞིག་ཏུ་ངོས་འཛིན་གནང་བ་ཡིན་ན་༧གོང་ས་མཆོག་ཐམས་ཅད་མཁྱེན་པ་མ་ཡིན་པ་ཐལ་བར་འགྱུར། ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་མི་མངའ་བ་སོ།
དེ་འདྲ་ཁྱད་ཆོས་དེ་༧གོང་ས་མཆོག་མ་ཟད་གཞན་སྐྱེ་བུ་དམ་པ་མང་པོ་ལའང་དེ་ཡོད་པས་ཁོང་རྣམས་ཀྱིའང་གང་ཟག་གཟུགས་ཅན་དང་གཟུགས་མེད་དེ་ཚོ་དངོས་སུ་ངོས་བཟུང་ཐུབ་ཞིང་ཁྱད་ཆོས་དེ་འཁྲུལ་པ་ཅན་ག་ལ་ཡིན།
ཕྱི་ལོ་ ༡༩༥༡ ལོར་སྐབས་དེར༧གོང་ས་མཆོག་ཡུལ་གྱར་དུ་མ་ཕེབས་སྔོན་དུ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་དུང་དཀར་དགོན་པར་བཞུགས། དགོན་པ་དེ་ཆུ་སྦིག་གྲོང་རྡལ་ནས་ཡོད། དེ་བོད་ཀྱི་ལྷོ་ཕྱོགས་འབྲུག་ཡུལ་དང་སི་ཀིམ་གཉིས་ཀྱི་ས་མཚམས་སུ་གནས། གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གིས་རྩ་སྒོ་ཕྱེ་གནང་བའི་རྡོ་རྗེ་ཤུགས་ལྡན་གྱི་སྐུ་རྟེན་ལགས་དང་མཇལ་གནང་བ་རེད། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་གྲོ་མོ་དགེ་བཤེས་རིན་པོ་ཆེ་ལ་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་དང་མཛད་པ་འཕྲིན་ལས་རྣམས་རྗེ་ཙོང་ཁ་པ་དང་འདྲ་གསུངས། སྐྱེ་བུ་དམ་པ་དེའི་རྩ་སྒོ་ཕྱེ་གནང་བའི་ སྐུ་རྟེན་ལགས་ལ་འདུ་ཚོགས་སུ་འཇལ་བའི་གོ་སྐབས་ཐོབ།
སྐྱབས་མཆོག་དྲོ་མོ་དགེ་བཤེས་རིན་པོ་ཆེན་མཆོག་གི་རྣམ་ཐར་ལྟ་ན། སྐྱབས་མཆོག་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་ནས་རྡོ་རྗེ་ཤུགས་ལྡན་སྐུ་ཕྲེང་མང་པོའི་རིང་བསྟེན་གསོལ་གནང་བ་རེད། བླ་མའི་ཡང་སྲིད་དེ་དུས་ནམ་ཡང་ནོར་མེད་པ་དང་ངན་སོང་གསུམ་དུ་མ་སྐྱེ་བ་མ་ཟད་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་ཉམས་རྟོགས་རྣམས་གོང་ནས་གོང་དུ་ཕེབས་ཡོད། ཁོང་གིས་གདུལ་བྱ་གྲངས་མེད་པ་ལ་སྲུང་མ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་ན་འཕྲིན་ལས་ཆེ་སྐོར་བཀའ་སློབ་མང་པོ་གསུངས་གནང་ཡོད།
ཐམས་ཅད་མཁྱེན་པ་དང་སྐྱེ་བུ་དམ་པ་མང་པོས་རྡོ་རྗེ་ཤུགས་ལྡན་བསྩལ་ལ་གསོལ་བསྟོད་གནང་བས་སྲུང་མ་འདི་དང་མཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་གསལ་པོར་གོ་ཐུབ། ཐམས་ཅད་མཁྱེན་པ་དང་སྐྱེ་བུ་དམ་པ་དེ་དག་ནི་མངོན་ཤེས་ཐོབ་པའི་གང་ཟག་ཡིན་པས་ཁོང་རྣམས་ཀྱིས་གང་ཡིན་མཁྱེན་ཐུབ། ཁོང་རྣམས་ཀྱིས་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་བསྩལ་འདི་ཉིད་ནང་པ་སངས་རྒྱས་པའི་བསྟན་སྲུང་ཚད་ལྡན་ཞིག་ལ་ངོས་འཛིན་གནང་འདུག དུང་དཀར་དགོན་པ་ནང་བཞུགས་སྐབས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་བཀོད་གནང་བའི་སྐུ་རྟེན་ལགས་ལ་སྐུ་ཕེབས་སྐབས་དང་འབྲེལ་བ་ཡག་པོ་བྱུང་ཡོད། དེར་༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་ལ་བསྟོད་པ་རྩོམ་གནང་ཡོད། རྡོ་རྗེ་ཤུགས་ལྡན་སྐུ་ཕེབས་སྐབས་མ་འོངས་མངོན་གྱི་གསུང་ལེན་དང་ལུང་བསྟན་གནང་བས་དེས་ཐུགས་ཡིད་སྤྲོས་པའི་རྒྱུ་མཚན་གྱི་བསྟོད་པ་རྩོམ་པ་ཡིན། བསྟོད་པ་དེ་དེང་སང་དགོན་པ་ཁག་ལ་དགེ་འདུན་པ་རྣམས་ཀྱིས་ཚོགས་ཚོགས་པའི་སྐབས་འདོན་གི་ཡོད།
བསྟོད་པ་དེའི་ནང་༧གོང་ས་མཆོག་གི་ཆོས་སྐྱོང་ལ་འདི་ལྟར་བསྟོད་པ་གནང་ཡོད།
མདོར་ན་ལྷ་ཁྱོད་བླ་མ་ལྷ་སྲུང་ཀུན།།
འདུས་པའི་བདག་ཉིད་མཆོག་ཏུ་མངའ་གསོལ་ན།།
ཞེས་གསུངས་པས་དཀྱུས་མ་ཞིག་ཡིན་ན་དངོས་གྲུབ་གཉིས་གནང་མི་ཐུབ་པ་དེའི་ཕྱིར་༧གོང་ས་མཆོག་གིས་འཕྲིན་བཅོལ་དེའི་ནང་ཆོས་སྐྱོང་ནི་དངོས་གྲུབ་གཉིས་ཐོབ་ཟིན་པ་ཞིག་ངོས་འཛིན་གསལ་པོ་གནང་ཡོད། དངོས་གྲུབ་གཉིས་ནི། མཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་གཉིས་ཡིན། འདྲེ་ཞིག་གིས་སྐུ་ཉིད་ལ་དབུ་བསྐོར་ནམ་ཡང་བཏང་མི་ཐུབ།།
༧གོང་ས་སྐྱབས་མགོན་ཆེན་པོའི་རྡོ་རྗེ་ཤུགས་ལྡན་ལ་འཕྲིན་བཅོལ་རྩོམ་གནང་སའི་དགོན་པ་དེའི་བདག་པོ་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་ནི་བོད་ཀྱི་བྱུང་རབས་ནང་གྲུབ་ཐོབ་ཆེན་པོ་ཞིག་རེད། སྐྱེས་བུ་དམ་པའི་སྤྱོད་ཚུལ་དང་ལྡན་པ་རིས་མེད་གནང་མཁན་ཞིག་ཡིན། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་ཆང་མཆོག་གིས་རིན་པོ་ཆེ་དང་ང་གཉིས་གཅིག་པ་ཡིན་ཞེས་གསུངས་ཀྱི་ཡོད། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་མྱང་ངན་ལས་མ་འདས་སྔོན་དུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་ལ་དགོན་པ་དེ་ལྟ་སྐྱོང་གནང་རོགས་ཞེས་ཞུས། ༧རྒྱལ་བ་སྐུ་འཕྲེང་བཅུ་སུམ་པས་རིན་པོ་ཆེ་ལ་རྗེ་རིན་པོ་ཆེ་རྣམ་སྤྲུལ་ཡིན་པ་གསུངས་ཡོད་པ་དང་དེ་བཞིན་༧གོང་ས་སྐུ་འཕྲེང་༡༣དང་༡༤གཉིས་ཀས་དུང་དཀར་དགོན་པའི་སྐུ་རྟེན་ལ་དཀའ་ངལ་འཕྲད་དུས་ལམ་སྟོན་ཡག་པོ་བྱེད་མྱོང་ཞེས་བསྟོད་བསྔགས་གནང་གི་ཡོད།
འཕྲིན་བཅོལ་དེར་༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་ནི་ས་མཐོན་པོ་ལ་གནས་པའི་ཡེ་ཤེས་པ་རྒྱུད་ལ་ལྡན་པ་མདོ་སྔགས་ཀྱི་མཁྱེན་པ་ཡག་པོ་ཡོད་པ་གསུངས་ཡོད། འདྲེ་ཞིག་ཡིན་རྗེ་བཙུན་འཇམ་པ་མགོན་པོའི་གནས་དགའ་ལྡན་ལྷ་ཡུལ་དང་རྣལ་འབྱོར་མའི་མཁའ་སྤྱོད་ཤིང་ནས་སླེབས་མ་ཐུབ་པ་དང་འདྲེ་ཞིག་ཡིན་ན་འཕྲིན་བཅོལ་དེ་ལ།
མདོ་སྔགས་ལམ་གྱི་གཤོག་རླབས་ཟུང་འཇུག་པས།
རྣམ་གྲོལ་འཆི་མེད་ལམ་ལ་རྩེན་པར་མཛོད།
གསུངས་པ་ལྟར་ས་མཐོན་པོ་གཤེགས་ཐུབ་ཀྱི་མ་རེད།
༧གོང་ས་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་སྐུ་པར་འདི་བོད་དུ་རིག་གནས་གསར་བརྗེ་སྐབས་ཡིན། ཕྱི་ལོ་ ༡༩༥༡ ལོར་༧གོང་ས་མཆོག་དུང་དཀར་དགོན་པར་བཞུགས་སྐབས་རེད། དགོན་པ་དེ་ཅུམ་བྷི་གྲོང་རྡལ་ཡིན་པ་དང་། དེ་བོད་ཀྱི་ལྷོ་ཕྱོགས་འབྲུག་ཡུལ་དང་སི་ཀིམ་གཉིས་ཀྱི་ས་མཚམས་སུ་གནས་ཡོད་པ་དང་དེང་དུས་རྒྱ་གར་གོ་སྒྲིག་ཡང་གནང་།
སྐུ་ཉིད་དང་ཉིད་ཀྱི་ཆིབས་ཞབས་དང་དེ་བཞིན་བཀའ་བློན་བཅས་ཀྱི་བསྐོར་ནས་ཡོད། ༧གོང་ས་ཆེན་པོ་མཆོག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཅན་གྱི་རིང་སེལ་རྩ་ཆེན་དེ་གསེར་གྱི་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་ནས་རབ་གནས་གནང་བ་རེད། གསེར་གྱི་མཆོད་རྟེན་ནང་དུ་ཡོད་པའི་རིང་སེལ་དེ་ནི་སི་རི་ལང་ཀའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཡིན་པ་དང་། རབ་གནས་གནང་བའི་ཆེད་དུ་གཡར་གནང་བ་རེད། དེ་ནི་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་གི་བཞུགས་ས་དུང་དཀར་དགོན་པ་ཡིན་པ་དང་། ༧གོང་ས་ཆེན་པོ་མཆོག་གི་ཆོས་སྐྱོང་གི་འཕྲིན་བཅོལ་རྩོམ་གནང་ས་དེར་རེད།
ཕྱི་ལོ་ ༡༩༣༦ ལོར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ངག་དབང་སྐལ་བཟང་མཆོག་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་དགོན་པའི་ཕྱག་མཛོད་ཚོ་ནས་རིན་པོ་ཆེའི་སྐུ་ཕུང་དམར་གདུང་འཇོག་པའི་ཆེད་དུ་བོད་གཞུང་ལ་ཆོག་མཆན་ཞུས། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་སྐུ་ཕུང་ཁོ་ན་ལ་གདུང་རྟེན་ཆེན་པོའི་ནང་དམར་གདུང་དྲི་སྦྱོར་བྱེད་ཆོག་པ་ཡིན་ནའང་ཆོག་མཆན་ཐོབ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས་བོད་ལྷོ་ཁ་ཁུལ་དང་དེ་བཞིན་སི་ཀིམ་ལ་སོགས་པའི་གནས་དེར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་རྣམས་རྗེ་ཅོང་ཁ་པ་དང་འདྲ་གསུངས། དེ་དང་བསྟུན་ཏེ་ང་ཚོའི་ཆོག་མཆན་སྤྲོད་པ་ཡིན། རྩ་ཆེན་མཆོད་རྟེན་དེ་ཕྱི་ལོ་ ༡༩༣༨ ལོར་ ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ནས་རབ་གནས་གནང་བ་རེད། བོད་དུ་རིག་གཞུང་གསར་བརྗེའི་སྐབས་དུང་དཀར་དགོན་པ་ཡང་གཏོར་གཤིག་གཏོང་བ་རེད།
(Source: http://www.domogesherinpoche.org/domo-geshe-rinpoche-ngawang-kalsang.html)
༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་འཛིན་སྐྱོང་གི་འོག་ན་ཡོད་པའི་དུང་དཀར་དགོན་པ་དེ་རྡོ་རྗེ་ཤུགས་སྐུ་རྟེན་གྱི་བཞུགས་གནས་ཞིག་ཆགས་པ་དང་། མི་མང་པོའི་གུས་བཀུར་ཞུ་ས་ཡང་ཆགས། དུང་དཀར་དགོན་པ་ནི་བོད་དང་རྒྱ་གར་གཉིས་ཀྱི་ཕན་ཚུན་འགྲོ་བསྐྱོད་བྱེད་སའི་ལམ་གྱི་གཙོ་བོ་ལྟ་བུ་གྱུར། དེ་བཞིན་དུ་ལྷ་སའི་བརྒྱུད་ནས་ཡོང་བའི་བོད་པ་ཚོ་དང་ཕྱི་རྒྱལ་དཔོན་པོ་ཁག་གི་འབྲེལ་བ་བྱེད་སའི་ས་གནས་ལྟ་བུ་ཞིག་ཆགས། དེ་འདྲ་སོང་ཙང་དུང་དཀར་དགོན་པ་ནི་དེ་དུས་རྒྱལ་སྤྱིའི་འབྲེལ་ལམ་བྱེད་ས་ལྟ་བུ་ཞིག་ལ་འགྱུར་བ་དེར་བོད་ལ་རྒྱུན་ལྡན་དང་མི་འདྲ་བ་རེད།
༧གོང་ས་སྐུ་འཕྲེང་༡༣ པ་མཆོག་ ༡༩༡༢ ལོར་རྒྱ་གར་ནས་བསྐྱར་དུ་ལོག་ཕེབས་དུས་གྲོ་མོ་ས་ཁུལ་དུ་ངལ་གསོ་སྐྱོན་པའི་སྐབས་ག་ལིང་ཁང་དུ་ཡོད་པའི་བཀའ་འགྱུར་ལྷ་ཁང་ནང་༧གོང་ས་སྐུ་འཕྲེང་༡༣པ་དང་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གཉིས་མཇལ་འཕྲད་གནང་བ་རེད། ཉིན་གཅིག་ཞོགས་པ་༧གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཁོང་གི་ཞབས་ཕྱི་ཞིག་ལ་དེ་རིང་ཕྱི་དྲོ་དམིགས་བསལ་གྱི་མགྲོན་པོ་ཞིག་ཡོང་གི་ཡོད་ཅེས་གསུངས་པ་རེད། དེ་ཉིན་དེར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གྲྭ་བ་དཀྱུས་མ་ཞིག་གི་ཚུལ་དུ་ཞིམ་ཟས་འཁྱེར་ནས་ཡུན་རིང་པོར་གཏམ་བཤད་བྱུང་། ཉིན་མོ་དེའི་དགོང་མོ་༧གོང་ས་མཆོག་གིས་ཞབས་ཕྱི་རྣམས་ལ་ཁྱོད་རང་ཚོའི་ཉིན་མོའི་གུང་ཕེབས་པའི་མི་དེ་མཐོང་བྱུང་ངམ་ཞེས་བཀའ་འདྲི་གནང་སྐབས་ཞབས་འབྲིང་པ་ཚོས་ང་ཚོས་གྲ་ཆས་ཧྲུལ་པོ་གྱོན་པའི་གྲྭ་བ་ཞིག་མཐོང་བྱུང་ཞེས་ཟེར། ༧གོང་ས་མཆོག་ནས་གསུངས། བསོད་བདེ་སྐམ་པོ་རེ་འདུག ངས་ཁོང་རྗེ་ཙོང་ཁ་པ་རང་མཇལ་བྱུང་།
ལོ་མང་པོའི་རྗེས་ལ་ ༡༩༥༠ ལོར་དུང་དཀར་དགོན་པར་༧གོང་ས་མཆོག་དང་གཞུང་ཞབས་པ་རྣམས་ཕེབས་ནས་དགོན་པར་ཡུན་རིང་བཞུགས་སྐབས་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་རྩོམ་གནང་བ་རེད།
དེ་ནི་དུང་དཀར་དགོན་པ་ན་སྐུ་རྟེན་སྙན་གྲགས་ཅན་རྡོ་རྗེ་ཤུགས་ལྡན་དྲག་པོ་བ་ཞུགས་པའི་སྐབས་ཀྱི་ཡིན། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་བཀའ་དྲིན་གྱི་སྐུ་རྟེན་ལུང་བསྟན་པ་དེ་སྙན་གྲགས་དུ་འགྱུར། བོད་གངས་ལྗོངས་དང་སོག་ཡུལ། རྒྱ་གར་བྱང་ཕྱོགས་ནས་མི་མང་པོ་ཤུགས་ལྡན་ལ་ལམ་སྟོན་བཀའ་སློབ་ཞུ་བའི་ཆེད་དུ་དུང་དཀར་དགོན་པ་ལ་ཕེབས་ཀྱི་ཡོད། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་རྗེ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གུ་རུ་རིན་པོ་ཆེ་པདྨ་སམ་བྷ་བ་བཅས་བླ་ན་མེད་པ་བསྟེན་གྱི་ཡོད་རེད། དེ་དུས་མི་ཚོ་མི་མཐུན་པ་དང་འཁྲུག་པ་མེད། ༧གོང་ས་ཆེན་པོ་མཆོག་གི་དུང་དཀར་དགོན་པ་ན་ཞུགས་དུས་སྐུ་རྟེན་ལ་དེ་དང་གོ་སྡུར་ཞུ་གནང་གི་ཡོད་རེད། གང་ཡིན་ཟེར་ན་ཤུགས་ལྡན་གྱི་བཀའ་ལུང་དེ་ཚོ་ནོར་འཁྲུལ་མེད་པ་དང་སྙིང་བསྡུས་གསལ་པོ་ཡོད་པས་༧གོང་ས་མཆོག་གི་མོས་གུས་དང་དད་པ་གོང་དུ་འཕེལ་བས་ཤུགས་ལྡན་འཕྲིན་བཅོལ་རྩོམ་གནང་བ་རེད།
ཁོང་ནི་དུང་དཀར་དགོན་པའི་ནང་རྡོ་རྗེ་ཤུགས་ལྡན་ཞི་བ་སྐུ་ཕེབས་སྐབས་ཀྱི་སྐུ་རྟེན་ཁོ་རང་ཡིན། ཞི་བ་སྐུ་ཕེབས་སྐབས་ཁོང་ཡུན་རིང་པོ་གནས་ནས་སྐད་ཆ་མང་པོ་བཤད་ཐུབ། དྲག་པོ་སྐུ་ཕེབས་སྐབས་ཡུན་རིང་པོ་གནས་མི་ཐུབ། འདུལ་འཛིན་རྡོ་རྗེ་ཤུགས་ལྡན་ཞི་བའི་སྐུ་ཕེབས་དུས་ཁོང་གྲྭ་ཆས་དང་པཎྜི་ཏའི་ཞྭ་མོ་གྱོན་གྱི་ཡོད། རྡོ་རྗེ་ཤུགས་ལྡན་གྱི་སྐུ་གོང་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་ཆེན་པོ་ཡིན་པའི་དེའི་ཕྱིར་ཞི་བའི་སྐུ་ཕེབས་སྐབས་གྲྭ་ཆས་དང་པཎྜི་ཏའི་ཞྭ་མོ་གྱོན་པ་རེད།
ཞི་བའི་སྐུ་ཕེབས་སྐབས་རྡོ་རྗེ་ཤུགས་ལྡན་གྱིས་མདོ་དང་སྔགས་ཀྱི་གཞུང་གང་ལ་ཡང་མ་བལྟ་བར་དུས་ཡུན་རིང་པོར་ཆོས་རྒྱ་ཆེན་པོ་གསུངས་བ་དང་ཆོ་ག་རྒྱ་ཆེན་པོ་བྱེད་པ་མ་ཟད་དབང་གནང་བ་སོགས་བྱེད་ཀྱི་ཡོད། སྐུ་རྟེན་ལ་ཡོན་ཏན་ཆེན་པོ་མེད་ནའང་ཤུགས་ལྡན་སྐུ་བཞུགས་པའི་སྐབས་མི་འདྲ་བ་ཞིག་ཡོད། གང་ལྟར་ཞི་བའི་སྐབས་སུ་ཡིན་ཡང་དྲག་པོ་སྐབས་སུ་ཡིན་ཡང་བཀའ་ལུང་གནང་བ་དེ་དོན་ཕན་རྒྱ་ཆེན་པོ་ཡོད། དུང་དཀར་དགོན་པ་ནང་སྐུ་རྟེན་ལ་ཁོང་ནི་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་ནས་རྩ་སྒོ་འབྱེད་པ་དང་བསྐོ་བཞག་བྱེད་པ་དང་བྱིན་རློབ་ཆེན་པོ་གནང་ཡོད།
རྡོ་རྗེ་ཤུགས་ལྡན་གྱིས་༧གོང་ས་མཆོག་བོད་ནས་བྲོས་ཐར་བའི་འཕྲིན་ལས་གང་འདྲ་གནང་ཡོད།
ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་བྲོས་ཐར་བའི་སྐབས་ཀྱིས་གནད་དོན་དེས་ཁོང་དང་རྡོ་རྗེ་ཤུགས་ལྡན་གྱི་བར་ལ་ཡོད་པའི་འབྲེལ་བ་ཡང་ར་ཕྲོད་ངེས། དངོས་འབྲེལ་བྱས་ན་༧གོང་ས་མཆོག་བྲོས་ཡོང་བའི་སྐབས་རྡོ་རྗེ་ཤུགས་ལྡན་གྱིས་འགྲུལ་བཞུད་དང་སྤྲུལ་པ་སྣ་ཚོགས་སྟོབས་ཀྱིས་སྲུང་སྐྱོབ་དང་། ཉེན་ཀའི་བར་ཆད་སེལ་བའི་འཕྲིན་ལས་གནང་།
སེར་སྨད་སྤོམ་ར་ཁང་ཚན་ཕྱག་མཛོད་བློ་བཟང་ཡེ་ཤེས་ལགས་ཀྱིས་ཡིག་ཐོག་བཀོད་པའི་ཡིག་ཆའི་ནང་གསལ་པོར་ཡོད། ཕྱག་མཛོད་ནི་བླ་མའི་ཞབས་ཕྱི་གཙོ་བོ་ཡིན་པ་དང་འཛིན་སྐྱོང་གི་འགན་གཙོ་བོ་འཁུར་མཁན་གྱི་མི་ལ་ཟེར། ཁོང་གིས་སེར་སྨད་སྤོམ་ར་མཁན་ཟུར་རིན་པོ་ཆེ་ངག་དབང་གྲགས་པ་མཆོག་གི་ཞབས་ཞུ་དང་། མཁན་ཟུར་རིན་པོ་ཆེའི་ཕུ་ནུ་ཡང་རེད།
རྒྱ་མིས་བོད་ནང་དམག་འཁྲུག་ལང་དུས་སྐབས་༧གོང་ས་མཆོག་དང་འབྲེལ་བའི་སྲུང་སྐྱོབ་ཆེད། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་མཁན་ཟུར་ངག་དབང་གྲགས་པ་རིན་པོ་ཆེ་མཆོག་དང་བླ་མ་གྲྭ་བ་འགའ་ལ་རྡོ་རྗེ་ཤུགས་ལྡན་ལ་བཀའ་ལུང་ཞུ་རྒྱུའི་འགན་གནང་བ་རེད། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་དེའི་བསྐོར་དུ་རྡོ་རྗེ་ཤུགས་ལྡན་ལ་བཀའ་ལུང་ཞུ་རྒྱུར་༧གོང་ས་མཆོག་ལ་གནས་ཚུལ་འབོད་སྐུལ་ཞུ་བ་རེད། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་གི་གསུང་འབུམ་ན་གསུང་པ་ལྟར། གང་ལྟར་ཡང་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནི་༧གོང་ས་སྐུ་ཕྲེང་༡༤པའི་ཡོངས་འཛིན་ཡིན་པས་རྒྱ་མིས་སོ་ལྟ་བྱེད།
གནས་ཚུལ་དེ་སྡུག་ཏུ་བཟོ་བའི་ཆེད། མཁན་ཟུར་ངག་དབང་གྲགས་པ་རིན་པོ་ཆེ་མཆོག་ལ་ཡང་རྒྱ་མིའི་སོ་ལྟ་བྱེད་པས། ཕྱག་མཛོད་བློ་བཟང་ཡེ་ཤེས་ལགས་བཀུར་འོས་སྤངས་ལུང་སྐུ་རྟེན་དྲུག་པར་བརྒྱུད་ནས་རྡོ་རྗེ་ཤུགས་ལྡན་ལ་ལུང་སྟོན་ཞུ་ཆེད་ཁོང་གིས་འདམ་པ་རེད།
ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས་ ༡༠ ཉིན་ཕྱག་མཛོད་བློ་བཟང་ཡེ་ཤེས་མཇལ་བཅར་སྐབས་རྡོ་རྗེ་ཤུགས་ལྡན་གྱིས་༧གོང་ས་མཆོག་གང་མགྱོགས་བོད་ནས་ཐོན་དགོས་ཞེས་བཀའ་གནང་། དེང་དུས་རྒྱ་མིས་དམག་མི་ཚོས་༧གོང་ས་མཆོག་དང་བླ་ཆེན་ཁག་འཛིན་བཟུང་བྱེད་ནས་བཙོན་དུ་འཇུག་རྒྱུའི་འཆར་གཞི་མཁྱེན། རྡོ་རྗེ་ཤུགས་ལྡན་གྱི་བཀའ་དྲིན་གྱིས་༧གོང་ས་མཆོག་བྲོས་ཐུབ་པ་དང་ནང་པ་སངས་རྒྱས་པའི་ཆོས་དང་བོད་མིའི་རེ་བ་གནས།
སྤྱན་འདྲེན་ཞུས་སྐབས་རྡོ་རྗེ་ཤུགས་ལྡན་གྱི་ཕྱག་མཛོད་བློ་བཟང་ཡེ་ཤེས་ལ་ཕྱག་ནས་གནང་། ༧གོང་ས་ཆེན་པོ་མཆོག་བྲོས་སྐབས་ཉེན་ཁ་འབྱུང་ན་ཕྱག་ནས་དེ་སྲེག་པ་དང་རྡོ་རྗེ་ཤུགས་ལྡན་གྱིས་དཀའ་ངལ་དང་བར་ཆད་སོགས་ལས་ཐར་བའི་འཕྲིན་ལས་གནང་ཞེས་བཀའ་གནང་། རྡོ་རྗེ་ཤུགས་ལྡན་གྱིས་ཕྱག་རྒྱན་མཁན་ཟུར་ངག་དབང་གྲགས་པ་རིན་པོ་ཆེ་མཆོག་ལ་གནང་། ཕྱག་རྒྱན་ནི་སྐུ་གསོལ་ཞུས་སྐབས་གྱོན་པའི་ལག་གདུབ་ཞིག་རེད། དེ་ལ་མིག་གསུམ་གྱི་བཟོ་བཀོད་ཡོད། དེ་ནི་༧གོང་ས་ཆེན་པོ་མཆོག་དང་ཆིབས་ཞབས་ཚོ་བྲོས་སྐབས་བར་ཆད་མི་ཡོང་བའི་ཆེད་དུ་རེད། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་འགྲུལ་བཞུད་སྐབས་མཉམ་འགྲོ་དང་སྲུང་སྐྱོབ་ཆེད་སེར་སྨད་སྤོམ་ར་ཁང་ཚན་ནས་གྲྭ་བ་འདེམ་སྒྲུབ་གནང་།
ཡིག་ཆ་གཞན་དུ་ཕྱག་མཛོད་བློ་བཟང་ཡེ་ཤེས་ལགས་ཀྱི་༧གོང་ས་ཆེན་པོ་མཆོག་བྲོས་སྐབས་རྡོ་རྗེ་ཤུགས་ལྡན་གྱིས་འགྲོ་ལམ་བཅས་སྟོན་པ་སོགས་གསལ་བཤད་གནང་ཡོད། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ར་སྟོད་ཁྱུར་དབར་རིན་པོ་ཆེ་མཆོག་ལ་གནད་དོན་དེའི་ཐོག་རྡོ་རྗེ་ཤུགས་ལྡན་ལ་བཀའ་ལུང་ཞུ་རྒྱུའི་འགན་གནང་། རྡོ་རྗེ་ཤུགས་ལྡན་གྱི་ར་སྟོད་ཁྲུར་དབར་རིན་པོ་ཆེ་མཆོག་ལ་རལ་གྲི་གནང་བ་དང་རལ་གྲི་དེ་ནི་འགྲོ་ལམ་ཕྱོགས་ལ་རྡོ་རྗེའི་མིང་ཅན་ཞིག་གིས་འཁུར་དགོས་པ་དང་གལ་སྲིད་དེ་འདྲ་བྱེད་པ་ཡིན་ན་ལམ་ལྷོང་ཞེས་བཀའ་ཡང་གནང་། རྡོ་རྗེའི་མིང་ཅན་ཞིག་གིས་ཁོང་ཚོ་བྲོས་སྐབས་རུ་ཁག་སྔོན་དུ་རྟ་བཞོན་ནས་རལ་གྲི་དེ་ཁྱེར་གནང་། དེ་བརྟེན་རྒྱ་གར་ཕྱོགས་སུ་ལེགས་ཐོན་བྱུང་ཐུབ་པ་རེད།
སྤངས་ལུང་སྐུ་རྟེན་དྲུག་པ་བརྒྱུད་ནས་རྡོ་རྗེ་ཤུགས་ལྡན་གྱིས་གནང་པའི་བཀའ་ལུང་དང་ལམ་སྟོན་དེ་མཇུག་སྐྱོང་བྱས་ནས་༧གོང་ས་མཆོག་དང་དང་ཆིབས་ཞབས་ཚོ་ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས་ ༡༦ ཉིན་བོད་ནས་གསང་བའི་འགྲུལ་བཞུད་འགོ་འཛུགས་གནང་། ཉིན་བཅོ་ལྔ་རིང་ངལ་དུབ་ཅན་གྱི་འགྲུལ་བཞུད་རྗེས་ལ་ཚེས་ ༣༡ ཉིན་རྒྱ་གར་ས་མཚམས་ལ་བསླད་པ་རེད། རྡོ་རྗེ་ཤུགས་ལྡན་གྱིས་ལུང་བསྟན་དང་སྲུང་སྐྱོབ་ཀྱིས་༧གོང་ས་མཆོག་བཙལ་འབྱོར་དུ་ཕེབས་ཐུབ་པ་དང་དེ་ནས་ནང་ཆོས་འཛམ་གླིང་དུ་སྤེལ་ཐུབ་པ་རེད། ༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ལྡན་གཉིས་ཀྱི་ཕན་ཚུན་འབྲེལ་བ་དེ་སྐུ་གོང་མའི་གོང་མ་ནས་ཡོད་པ་གསལ་པོར་མཚོན།
རྡོ་རྗེ་ཤུགས་ལྡན་གྱིས་༧གོས་ས་མཆོག་ལ་གནང་བའི་བཀའ་སློབ།
བརྙན་འཕྲིན་དེར་༧གོང་ས་མཆོག་བོད་ནས་ཐོན་འགྲོ་དགོས་མེད་བཅས་ཕྱག་མཛོད་བློ་བཟང་ཡེ་ཤེས་ཀྱི་སྤངས་ལུང་སྐུ་རྟེན་ལགས་ལ་བརྒྱུད་ནས་རྡོ་རྗེ་ཤུགས་ལྡན་ལ་འབོད་སྐུལ་ཞུས་ཡོད།
བརྙན་འཕྲིན་ཁ་བྱང་དེར་གཟིགས་རོགས་གནང་།:
https://video.tsemtulku.com/videos/AdviceFromDSHHDLLeave.mp4
ཁ་སྣོན།
ཕྱི་ལོ་ ༢༠༡༥ ཟླ་ ༠༦ ཚེས་ ༢༡ ཉིན་ཀེ་ཆ་ར་ཆོས་ཚོགས་ཀྱི་ཤེས་རབ་ཚོགས་ཁང་དེ་ན་བཀྲིས་པའི་སྐུ་གསོལ་ཞུས་པ་དེ་དངོས་སུ་མཐོང་བའི་གོ་སྐབས་རྙེད་པ་དེ་ཤིན་ཏུ་ནས་སྐལ་བ་བཟང་། ཀེ་ཆ་ར་ན་བཀུར་འོས་སྤངས་ལུང་སྐུ་རྟེན་བདུན་པར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་བཙན་རྒོད་ཁ་ཆེ་དམར་པོའི་སྐུ་གསོལ་ཞུས་པ་དང་འདུ་ཚོགས་སུ་སློབ་བྱ་དང་བྱིན་རླབས་གནང་། བཀུར་འོས་སྤངས་ལུང་སྐུ་རྟེན་བདུན་པ་ལ་ཆོས་རྗེ་ཡང་ཟེར། ཁོང་ནི་སྤངས་ལུང་སྐུ་རྟེན་དྲུག་པའི་བུ་དང་རྒྱུད་འཛིན་ཡང་རེད།
འདི་ནི་སྤངས་ལུང་སྐུ་རྟེན་དྲུག་པའི་སྐུ་པར་ཡིན། ད་ལྟའི་དུས་སྐབས་ཀྱི་སྤངས་ལུང་སྐུ་རྟེན་བཞིན་ཁོང་ལ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་བཙན་རྒོད་ཁ་ཆེ་དམར་པོ་གཙོས་པའི་སྲུང་མ་མང་པོའི་སྐུ་ཕེབས་ཀྱི་ཡོད། སྤངས་ལུང་སྐུ་རྟེན་དྲུག་པ་ནི་བོད་ན་སྙན་གྲགས་ཅན་ཞིག་ཡིན། ཁོང་གིས་གནང་བའི་ལུང་བསྟན་རྣམས་ཡང་དག་པ་དང་མི་མང་པོས་ཡིད་ཆེས་བློས་འགེལ་གནང་། རྡོ་རྗེ་ཤུགས་ལྡན་ཁྲི་ན་འབབ་ནས་༧གོང་ས་མཆོག་གི་བར་ཆད་སེལ་བའི་ཆེད་དུ་རྡོ་རྗེའི་གར་འཁྲབ་གནང་། ཁོང་གི་སྤུ་གྲི་དེ་གནང་ནས་བོད་ནས་གང་མགྱོགས་བྲོས་ཐབས་གནང་དགོས་ཞེས་བཀའ་གནང་། བྲོས་སྐབས་རུ་ཁག་གིས་ཉེན་མེད་ཆེད་དུ་སྤུ་གྲི་དེ་མདུན་དུ་སྐྱེལ་དགོས་གསུངས།
སྤངས་ལུང་སྐུ་རྟེན་དྲུག་པར་སྐུ་གསོལ་ཞུས་སྐབས་རྡོ་རྗེ་ཤུགས་ལྡན་གྱི་ཁམས་པ་དམག་མི་རྣམས་ལ་ཆུ་བཞི་སྒང་དྲུག་གི་དམག་མི་བཀོད་པ་དང་དམག་སྤྱིའི་ལས་ཁུངས་ཆགས་སའང་འདེམ་སྒྲུབ་གནང་། ༧གོང་ས་མཆོག་བོད་ནས་མ་ཕེབས་གོང་གི་ལོ་འགའ་ཤས་སྔོན་དུས་རེད། དྲག་པོའི་དམག་མི་འདུ་བ་དང་སྦྱོང་བརྡར་སྤྲོད་གནང་བ༧གོང་ས་མཆོག་བོད་ན་སྐྱེལ་བའི་འཆར་གཞི་གནང་མཁན་རྡོ་རྗེ་ཤུགས་ལྡན་རེད། དེར་མ་ཟད་ཆུ་བཞི་སྒང་དྲུག་གི་དམག་སྤྱིའི་ལས་ཁུངས་ནི་༧གོང་ས་མཆོག་བྲོས་ཐབས་བྱེད་པའི་ཉེ་འགྲམ་དུ་ཡོད། བོད་ནས་བྲོས་ཐར་སྐབས་ཀྱི་རྒྱུད་ལམ་ཡག་ཤོས་དེ་རེད། བཀུར་འོས་སྤངས་ལུང་སྐུ་རྟེན་དྲུག་པར་རྒྱུད་ནས་རྡོ་རྗེ་ཤུགས་ལྡན་གྱི་བོད་ན་རྙོག་དྲ་མ་འབྱུང་སྔོན་ནས་༧གོང་ས་མཆོག་སྲུང་སྐྱོབ་བྱེད་པ་དང་བྲོས་ཐབས་འཆར་གཞི་ཡང་གནང་བ་རེད།
མཛད་པ་པོ།: ཚེམས་སྤྲུལ་སྐུ།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།