རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/TCHRD.mp4
༧སྐྱབས་མགོན་རིན་པོ་ཆེས། དངོས་ཡོད་ཀྱི་གནས་སྟངས་ལ་མ་ལྟོས་པར། མི་མང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཆོག་རེད། ཅེས་གསུང་བཤད་གནང་ཀྱང་། བཀག་སྡོམ་གྱི་ཤུགས་རྐྱེན་འདི་ད་དུང་གསལ་པོ་གནས་སྡད་ཡོད། འདོན་འདྲེ་བསྟེན་གསོལ་བྱེད་མཁན། ཞེས་བའི་མིང་རྗེས་ནག་པོ་འདི་བོད་པའི་སྤྱི་ཚོགས་ཡོང་གྲགས་སུ། ད་དུང་དར་ཁྱབ་ཆེན་པོ་ཡོ།
དེང་སང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དགོན་པ། སེར་སྤོམ་དང་ཤར་དགའ་ལྡན་ལྟ་བུ། ད་དུང་དེ་ནས་ལོགས་སུ་ཐོན་པས། རང་བཞིན་གྱི་བཀག་སྡོམ་སྟོན་ཞིང་ནན་བསྐུལ་ཡང་བྱས། དམིགས་གསལ་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བླ་མ་སྐྱེས་ཆེན་དམ་པ་དང་དེའི་མི་དམངས་ཚོ་ལ་རྩིང་སྤྱོད་ཐོག་ནས་དམའ་འབེབས་དང་བསྐུར་འདེབས་བྱས། རྒྱ་གར་ནང་བོད་པའི་སྤྱི་ཚོགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་སུ་ཞིག་ལའང་ལས་བྱེད་བྱེད་ཆོག་གི་མེད་པ་དང་། ཁོ་ཚོ་ལ་འདི་ལྟ་བུ་གོ་གནས་སུ་འཇུས་ཐུབ་པའི་ཐོབ་ཐང་ཡང་སྤྲོད་ཡོད་མ་རེད། དེ་ལ་སུ་ཞིག་ནས་བཙན་འབྱོལ་བོད་གཞུང་གི་ལས་བྱེད་བྱེད་དགོས་ན་ངེས་པར་དུ་རྡོ་རྗེ་ཤུགས་ལྡན་བློས་གཏོང་དགོས་པ་དང་། བསྟེན་གྱི་མིན་ཞེས་མནའ་སྐྱེལ་དམ་བཅའ་བཞག་དགོས་རེད། གོང་དུ་སློབ་ཕྲུག་ཚོས་བཤད་བཞིན་པའི་བརྙན་ཕྲིན་འདི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བཙན་འབྱོལ་བོད་མི་དམངས་སྤྱི་མཐུས་ལྷན་ཚོགས་ཀྱི་ཐོབ་ཐང་མེད་པའི་དངོས་ཡོད་གནས་ཚུལ་ཡིན་པའི་ཁུངས་སྟོན་འདུག ། གནས་ཚུལ་འདི་ཡོངས་གྲགས་ཡིན་པ་དང་སློབ་ཕྲུག་ཚོས་ཡང་གསལ་པོར་ཤེས་ཀྱི་འདུག ། དེ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་བོད་མི་ཚོ་སྤྱི་འཐུས་ལྷན་ཚོགས་ནང་སྐུ་ཚབ་འཐུས་མིར་ལངས་མ་ཆོག་པས་དབྱེ་འབྱེད་དང་མ་ཉེས་ཁ་གཡོག་གསལ་པོ་སྟོན་ཞིང་ལངས་ཆོག་པའི་ཐོབ་ཐང་ཡང་མི་འདུག ། རྒྱ་གར་ནང་བོད་པའི་སྤྱི་ཚོགས་ནང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་པ་ཚོ་ལ་ཁ་འབྲལ་གཏོང་ཀྱང་ད་དུང་ཁོ་བོད་མི་ཡིན་པ་དང་འགྲོ་བ་མིའི་ཆེ་མཐོང་ཡོད་ཅིང་སྐུ་ཚབ་འཐུས་མིར་འོས། གལ་ཏེ་ཁོ་ཚོ་སྤྱི་སྟངས་ཀྱི་བོད་མི་ཡིན་ན། ཁོ་ཚོས་འཐུས་མི་དབྱེ་འབྱེད་བྱེད་མི་དགོས། ༧གོང་ས་མཆོག་གིས་ང་རང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་ཆོག་གི་རེད་ཅེས་གསུངས་ཀྱང་། ཁྱབ་གདལ་འགྲོ་བཞིན་པའི་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་འདི་མུ་འཐུས་ནས་ཁྱབ་ཡོད། བོད་པའི་དབུ་ཁྲིད་ཚོས་དྲ་རྒྱར་འགྲོ་སོང་གཏོང་ནས་རྫོགས་རྒྱུ་མེད་པར་ཁྱབ་གདལ་བྱེད་ཀྱི་འདུག ། རྡོ་རྗེ་ཤུགས་ལྡན་གྱི་ཁ་གཏད་དུ་འགྲེམ་ཡིག་དང་དེབ། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྡོ་རྗེ་ཤུགས་ལྡན་གྱི་ཁ་གཏད་དུ་འགྲོ་འགྲོན་གཏོང་བའི་ལས་འགུལ་སྤེལ་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་མི་ཆེན་ཁག་ལ་འཐབ་རྒོལ་བྱས་ཞིང་། ཁོ་ཚོ་ལ་བཙན་འབྱོལ་བོད་གཞུང་གི་སྐུ་ཚབ་འཐུས་མི་ལངས་མི་ཆོག་པ་བཟོ་ཡོད་རེད།
རྡོ་རྗེ་ཤགུས་ལྡན་གྱི་བཀག་སྡོམ་འདི་ཐོག་མར་སྤྱི་ལོ་ ༡༩༩༦ ལོར་འགོ་བཙུག་ནས་བཟུང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་འདི་ཚོའི་ཁོངས་གཏོགས་ནས་བཙན་བུད་གཏོང་བ་དང་ཁ་གཏད་དུ་དབྱེ་འབྱེད་ཤུགས་ཆེན་པོ་བྱས། བཙན་འབྱོལ་ནང་བཙན་འབྱོལ་བོད་གཞུང་གི་འཛིན་སྐྱོང་གཞིར་བྱས་ན་རྡོ་རྗེ་ཤགས་ལྡན་བསྟེན་མཁན་ཚོ་ལ་མུ་འཐུད་ནས་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ངོས་ལེན་མ་བྱེད། དེ་ཚོ་སོ་སོའི་དབུ་ཁྲིད་ནས་བཙན་གནོན་འོག་ལོ་གཉིས་ཤུ་སྡད་ཚར་རེད། བསྟེན་གསོལ་བྱེད་མཁན་རྣམས་ཀྱིས་སོ་སོའི་མ་འོངས་པའི་སྐོར་བསམ་བློ་གཏོང་དགོས་འདུག ། ༧གོང་ས་མཆོག་གིས་རྒྱ་མིའི་ལྟ་སྐྱོང་འོག་དོན་དང་ལྡན་པའི་བོད་རང་སྐྱོང་སྲིད་དབང་གི་ཆེད་དུ་དབུ་མའི་ལམ་ཞུ་གཏུག་གནང་གི་ཡོད། ཡིན་ནའང་གནས་སྟངས་འདི་འདྲ་ཆགས་འོང་དུས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ད་དུང་དབྱེ་འབྱེད་འདི་འདྲ་བྱེད་ན་གང་འདྲ་ཡོང་ངམ།
༡༽ གལ་ཏེ་བོད་གཞུང་གི་འགོ་ཁྲིད་ཚོས་བོད་ལྗོངས་རང་སྐྱོང་སྲིད་དབང་གི་དོན་དུ་དབུ་མའི་ལམ་གྱི་དམིགས་ཡུལ་གྲུབ་ནའང་། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོའི་ཁ་གཏད་དུ་ཁོ་ཚོས་དབྱེ་འབྱེད་འདི་མཚམས་འཇོག་རྩ་ནས་བཞག་གི་མ་རེད། བཀག་སྡོམ་འདི་ཐོག་མར་སྤྱི་ལོ་ ༡༩༩༦ ལོར་འགོ་འཛུགས་ཞིང་ནན་སྐུལ་བྱས་ནས་བཟུང་། ས་ལོ་གཉིས་ཤུའི་རིང་དུ་མཚམས་འཇོག་བཞག་མིན་པས། གལ་ཏེ་འདི་འདྲ་རང་ཆགས་ན། གཅིག་བྱས་ན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོས་རྒྱ་ནག་གཞུང་འོག་ལ་སོ་སོའི་རང་སྐྱོང་གི་གཞུང་ཞིག་འཛུགས་དགོས་པ་འདྲ། བོད་ཀྱི་རང་བཙན། ཤུགས་ལྡན་རང་སྐྱོང་ལྗོངས་གསར་པ་འདི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཆེད་དུ་རེད། གཞུང་གཞན་གྱི་མི་སེར་ལ་ཡོད་པ་ནང་བཞིན་ཁོ་ཚོ་ལའང་། སྤྱི་ཚོགས་ནང་མི་སེར་ཞིག་ཡིན་པའི་ཆ་ནས་དེའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་པར་ངོས་ལེན་བྱེད་ས་ཞིག་ཆགས་ཀྱི་རེད། འདིས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་དབྱེད་འབྱེད་མེད་པའམ་ཡང་ན་ལྟ་གྲུབ་ཀྱི་ཡ་ལན་མེད་པར་སོ་སོའི་ཆོས་ལུགས་རང་དབང་གི་ཐོག་ནས་ཉམས་ལེན་བྱེད་ཆོག་པའི་གོ་སྐབས་ཐོབ་ཀྱི་རེད།
༢༽ གོ་རིམ་ཅན་གྱི་དབྱེ་འབྱེད་འདི་ལ་ཁོ་ཚོས་ལོ་ཤས་རིང་བཟོད་སྲན་བྱས་མྱོང་། འདི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་རིགས་པ་དང་མཐུན་པའི་གོམ་འགྲོས་རྗེས་མ་ལྟ་བུ་ཞིག་མཐོང་གི་འདུག ། བོད་པ་རང་བདག་གི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་། སློབ་གྲྭ །འཛིན་སྐྱོང་ཚོགས་སྡེ་ཁག་ལ་ངོས་ལེན་མ་བྱེད་པ་སོགས་ཀྱི་གནས་སྟངས་འདི་ཚོ་ནི་སྔོན་མ་ནས་ཡོངས་གྲགས་ཞིག་རེད། བོད་པའི་སྤྱི་ཚོགས་ནང་ཁྱབ་གདལ་དུ་འགྲོ་བཞིན་པའི་དབྱེ་འབྱེད་ཀྱི་གནས་ཚད་འདི། དེང་སང་དེང་རབ་འདི་ལ། བཙན་འབྱོལ་བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་བྱས་པ་ནང་བཞིན། ཆོས་དད་གཞི་རྩར་བཟུང་ནས་སྨན་ཁང་ལྟ་སྐྱོང་དངོས་ལེན་མ་བྱེད་མཁན་རྒྱལ་ཁབ་གང་ཡོད་དམ། ད་ནས་བཟུང་། གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་མ་འོང་པར་ཏན་ཏན་ཡ་ཉེན་དང་དབྱེ་འབྱེད་མི་འདོད་ན། འདི་ལ་ཁོ་ཚོས་རྒྱ་གཞུང་འོག་དེ་ཚོ་སོ་སོའི་རང་སྐྱོང་ལྗོངས་ཁ་ཁ་འཛུགས་དགོས་པ་ནི་རྒྱུ་ཚན་དང་མཐུན་པ་མཐོང་གི་ཡོད་པ་དང་། དེས་མི་མང་གི་དགོས་གལ་ཐོབ་ཐང་རྣམས་ཡང་ཐོབ་ངེས་རེད།
༣༽ ཆོས་ལུགས་ཀྱི་རྐྱེན་གྱིས་གཞུང་གཅིག་ཟུར་དུ་ཁ་བྲལ་བ་ནི་སྔོན་མ་འབྱུང་ཚར་རེད། དེང་སང་གི་དཔེ་ཡོངས་གྲགས་ཞིག་ལ། དབྱིན་ཇི་གཞུང་ནས་རྒྱ་གར་རང་བཙན་ཐོབ་པའི་རྗེས་སུ་རྒྱ་གར་དང་པ་ཀིས་ཐན་ལོགས་སུ་ཁྲ་འབྲལ་བ་འདི་རེད། གཉིས་ཀ་རྒྱལ་ཁབ་ཅན་གྱི་ལུང་པ་ཆགས་ནས བཟུང་། རྒྱལ་ཁབ་གཉིས་ཀས་སོ་སོའི་ལམ་ལུགས་དང་སྒྲིགས་ཁྲིམས་གཅེས་སྲུང་བྱེད་ཐུབ་ཡོད། འདི་ཚོས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་མི་སེར་ལ་དམིགས་གསལ་མེད་པར་སྲུང་སྐྱོབ་བྱེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བཀག་སྡོམ་མུ་འཐུད་ནས་བྱས་པས། དེ་ལ་རྡོ་ཤུགས་ལྡན་བསྟེན་མཁན་ཚོས་རྒྱ་ནག་ནང་གཞུང་ལ་སོ་སོའི་རང་སྐྱོང་གཞུང་འཛུགས་པའི་ཆེད་དུ་གྲོས་མོལ་བྱེད་ན་ཞེ་དྲགས་ཀྱི་དྲང་མདོག་ཁ་པོ་མཐོང་གི་འདུག
སྐད་ཆ་བདེན་པ་གང་ཡོད་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་སུ་ཞིག་གིས་ཤུགས་ལྡན་བསྟེན་མཁན་དང་གཞུང་ཁ་འབྲལ་དགོས་འདོད་མེད། འདི་ཚོ་ཚང་མ་ཡིན་ཤག་ཤག་བྱས་ནས་བསམ་འཆར་འདོན་པ་ཙམ་ཡིན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལ་ཁོ་ཚོའི་སྙིང་ཐག་པ་ནས་གུས་རྩི་དངོས་གནས་བྱེད་པ་དང་། དེ་ཚོ་བོད་པའི་སྤྱི་ཚོགས་དང་མཉམ་དུ་བསྲེ་བ་དང་དེའི་ཁོངས་སུ་འཚུད་པར་འདོད་ཀྱི་ཡོད་རེད། གང་ལྟར། བོད་གཞུང་གིས་སྲིད་བྱུས་ཀྱི་རྐྱེན་གྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གྱི་ཁ་གཏད་དུ་ཁོ་ཚོས་བཀག་སྡོམ་འདི་འདྲ་བྱས། ད་ནས་བཟུང་། ལོ་མང་པོ་འགོར་ནའང་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་འདི་ཚོ་དངོས་སུ་ཐག་མ་གཅོད་ན། མི་མང་པོ་ཞིག་གིས་ཕྱོགས་འདི་ལ་བསམ་བློ་མ་གཏོང་ཀ་མེད་ཆགས་ཞིང་། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོའི་དགའ་མོས་དང་རང་དབང་སྲུང་སྐྱོབ་བྱེད་ས་ཁ་འབྲལ་ནས་འཛུགས་དགོས་པའི་རང་སྐྱོང་སྲིད་དབང་ལྗོངས་ཀྱི་བསམ་བློ་ནི་ཞེ་དྲགས་ཡིད་དུ་འོང་བ་ཞིག་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་པའི་བླ་མ་དང་། དེའི་མི་མང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་འདི་དུས་ནམ་ཡང་བློས་མི་གཏོང་ཅིང་། ཁོ་ཚོ་བོད་པ་མ་ཡིན་པའང་ཆགས་ཀྱི་མ་རེད། དེ་བཞིན་དུ་གྲུང་ཤ་དོད་པོའི་སྒོ་ནས་སྔོན་མ་ནས་དབྱེ་འབྱེད་བྱས་ཟིན་པའི་འགོ་ཁྲིད་ཞིག་གི་འོག་ད་ལྟ་ངེས་བརྟན་མེད་པའི་འབྱུང་འགྱུར་ཞིག་འཕྲད་འོང་དུས། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་པ་ཚོ་ལ་འདམ་ག་གང་ཡོད་དམ། གལ་ཏེ་བོད་གཞུང་གི་འགོ་ཁྲིད་ཚོས་རྒྱ་གཞུང་འོག་དབུ་མའི་ལམ་གྱི་དམིགས་ཡུལ་འགྲུབ་སོང་ན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་མི་རིགས་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་འོག་ཤུགས་ལྡན་སོ་སོའི་གཞུང་འབྲེལ་གྱི་ཐོག་ནས་ཁོ་རང་ཚོ་སོའི་སོའི་མི་དམངས་ལ་སོ་སོའི་དབང་བསྒྱུར་གྱི་ཆེད་དུ་ཁོ་རང་ཚོ་ལ་རང་སྐྱོང་སྲིད་དབང་ལྗོངས་ཁ་ཁ་འཛུགས་པར་རེ་སྐུལ་ཞུ་ཆོག་པའི་ཐོབ་ཐང་ཚང་མ་ཡོད་རེད།
རང་སྐྱོང་ལྗོངས་ཁ་ཁ་འདི་ནང་ཤུགས་ལྡན་བསྟེན་མཁན་བོད་པ་ཚོ་སོ་སོའི་མངའ་སྡེའི་སྲིད་གཞུང་དང་། གཞུང་འབྲེལ་ལས་ཁུངས། བླ་མ་ཆེན་པོ། དགོན་པ། སྨན་ཁང་། སློབ་གྲྭ་སོགས་ཚང་མ་ཡོད་པ། འདིའི་དོན་ནི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོས་ཚོགས་སྡེ་འདི་ཚོ་གང་རུང་དུ་ལས་ཁུངས་འཛིན་ཐུབ་ཀྱི་རེད་ཅེས་སོ། །དེ་ཚོ་ལ་སྨན་ཁང་ལྟ་སྐྱོང་དང་། སློབ་སྦྱོང་། རྒྱལ་ཁབ་ཞིག་གི་མི་སེར་ཡིན་པའི་ཆ་ནས་དམིགས་བསལ་ཐོབ་ཐོང་ཚང་མ་རག་གི་རེད། མཐའ་མར། དེ་ཚོར་ཉེན་ཁ་མེད་པ་སྲུང་སྐྱོབ་དང་། དེ་ཚོའི་དད་པ་དང་ཡིད་ཆེས་ལ་སྡུག་སྦྱོང་གི་ཉེན་ཁ་མེད་པར་རང་དབང་གི་ཐོག་ནས་ཉམས་སུ་ལེན་ཆོག ། ད་ལྟ་བཙན་འབྱོལ་འགོ་ཁྲིད་འོག་འགྲོ་ས་མེད་པའི་གོ་སྐབས་འདི་ཚོ་ཚང་མ་ཁོ་ཚོ་ལ་དཀའ་ངལ་མེད་ཆགས་ཐུབ།
རེ་བསྐུལ་དེ་རྒྱ་གཞུང་གིས་ངོས་ལེན་བྱེད་པའི་གོ་སྐབས་བཟང་པོ་དངོས་ནས་འདུག ། གང་ཡིན་ཞེས་ན་རྡོ་རྗེ་ཤུགས་ལྡན་གྱི་དགོན་པ་དང་། དེ་བསྟེན་གསོལ་བྱས་མཁན་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ཏག་ཏག་སྲུང་བས། མ་དཔེ་ཅན་དང་སྐད་གྲགས་ཅན་ཞིག་ཆགས་སྡད་ཡོད། དངོས་ཡོད་གནས་ཚུལ་འདི་གང་ཡོད་ཞེས་ན། དེ་ལ་རྡོ་རྗེ་ཤུགས་ལྡན་པ་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་དུས་རྒྱ་ནག་གཞུང་གི་ཁྲིམས་གང་ཡང་གཏོར་གྱི་མ་རེད། གང་ཡིན་ཞེས་ན་རྒྱ་གཞུང་གིས་མི་སེར་ཚང་མ་ལ་ཆོས་དད་རང་དབང་འདྲ་མཉམ་སྤྲད་ཡོད་རེད།
མཐའ་མར། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བླ་མ་གང་གི་ཡང་དམིགས་དོན་མ་ཡིན་པ་དང་། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོས་༧གོང་ས་མཆོག་ལ་ཞེ་སུན་བཟོ་བའི་དམིགས་དོན་འདི་འདྲ་གང་ཡང་ཡོད་མ་རེད། ཡིན་ནའང་བཀག་སྡོམ་འདིས་འདམ་ག་མེད་པ་བཟོ་བ་རེད། ཤུགས་ལྡན་རང་སྐྱོང་ལྗོངས་ཁ་ཁ་འཛུགས་དགོས་པ་འདི་ཁོ་ཚོའི་དམིགས་དོན་མ་རེད། གང་ཡིན་ཞེས་ན་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་བོད་པའི་སྤྱི་ཚོགས་ནང་ལོགས་སུ་ཚད་མེད་ཀྱི་དབྱེ་འབྱེད་འོག་མུ་འཐུས་ནས་སྡད་ཐུབ་ཀྱི་མ་རེད། མཐའ་གཅིག་ཁོ་ཚོའི་ཆོས་དད་རང་དབང་དང་ཆོས་ལུགས་ཀྱི་རྐྱེན་གྱིས། འདི་འདྲ་བ་སྡུག་ངལ་མྱོང་བའི་གནས་སྟངས་འདི་འདྲ་ཡིན་པ་ཤེས་བཞིན་དུ་ད་དུང་གནས་སྟངས་འདི་ལ་རེ་སྒུག་བྱེད་མཁན་སུ་ཡོད་རེད། དེ་བཞིན་དུ་གལ་ཏེ་བོད་གཞུང་གིས་དགོས་པ་ཅན་དང་དམིགས་དོན་གྱི་དབྱེ་འབྱེད་སོགས་མཚམས་འཇོག་མ་བྱས་ན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་དེ་ཚོ་སོ་སོའི་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཤུགས་ལྡན་རང་སྐྱོང་ལྗོངས་འཛུགས་པ་ལས་འདམ་ག་གཞན་མེད་པ་མཐོང་།
རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་དགོས་རྒྱུ་གཙོ་བོ་ནི། འགྲོ་བ་མིའི་ཆེ་མཐོང་དང་མི་གཞན་ལ་ཡོད་པ་བཞིན་པའི་ཐོབ་ཐང་འདྲ་མཉམ་དེ་རེད། མ་འོང་པ་བོད་པའི་སྤྱི་ཚོགས་ལས་ལོགས་སུ་ཁ་འབྲལ་ནས་རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་འཛུགས་མི་དགོས་ན་དེ་ལ་ཐབ་ཤེས་ཞིག་ཡོད་དེ། རྡོ་རྗེ་ཤུགས་ལྡན་ཐོག་བཀག་སྡོམ་བྱེད་རྒྱུ་དེ་གཞུང་གི་ངོས་ནས་མཚམས་འཇོག་བྱེད་རྒྱུ་དང་།། མཐའ་མར། ༧གོང་ས་མཆོག་སྐུ་ཉིད་ཀྱིས་ང་ཚོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡིན་ན་བསྟེན་ཆོག་གི་རེད་ཅེས་གསུངས་དགོས། གང་ལྟར་གནས་སྟངས་འདི་འདྲ་གྱོགས་པོ་ཆགས་ཀྱི་ཡོད་པ་འདྲ་བོ་མཐོང་གི་མི་འདུག ། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་མི་དམངས་ཚོ་ཡུན་རིང་པོ་དབྱེ་འབྱེད་ཀྱི་གདུག་རྩུབ་དང་བཀག་སྡོམ་དཀའ་ངལ་འཕྲད་ཡོད་རེད། སྔོན་མ་བཙན་གནོན་གཏོང་བས་མི་གཞན་གྱིས་བྱས་པ་བཞིན། མཐའ་མ་ཁོ་ཚོས་སོ་སོ་སྲུང་སྐྱོབ་ཡོང་བའི་ཆེད་དུ་དེ་ལས་ལྷག་པའི་ལག་ལེན་སྟར་དགོས། ཁོ་ཚོ་ལ་འཕྲད་པའི་དབྱེ་འབྱེད་འདི་ཚོ་དུས་ཚོད་གང་ལ་ཏག་ཏག་དངོས་སུ་རྫོགས་རྒྱུ་མེད་ན། རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་འཛུགས་པ་ཁོ་ན་ལས་དོན་དངོས་ཀྱི་ཐོག་འགྲོ་ས་གཞན་མཐོང་གི་མི་འདུག
།ད་དུང་གལ་ཏེ་བོད་རྒྱ་ནག་འོག་ཏུ་གནས་ན། དེ་ནས་ཆོས་ལུགས་སྣ་ཚོགས་དང་ཉམས་ལེན་ཚང་མ་ཁོ་ཚོའི་ཁྲིམས་འོག་གཅེས་སྲུང་ཆགས་ཀྱི་རེད། ཡིན་ནའང་བཙན་འབྱོལ་བོད་ཀྱི་སྒྲིགས་འཛུགས་འོག་རང་དབང་མི་འདུག ། བོད་པའི་འགོ་ཁྲིད་ཚོས་ཁྱོད་ལ་ཆོས་ལུགས་གང་ཞིག་འདི་བསྟེན་ཆོག་དང་མི་ཆོག་གི་སྐོར་བཀའ་བཀོད་གཏོང་གི་རེད། ཁོ་རང་ཚོ་ལ་དྲ་རྒྱ་དང་། དེབ། འགྲེམ་ཡིག ། ཁྲིམས། བརྒྱུད་ལམ་ཁག་ཏུ་རྡོ་རྗེ་ཤུགས་ལྡན་གྱི་ཁ་གཏད་དུ་བཀོད་པའི་གཏམ་བཤད་བརྙན་ཕྲིན་སོགས་མང་པོ་ཡོད་རེད། དེ་ཚོ་མི་ཡག་སྡུག་གང་ཡིན་ཀྱང་ག་ས་གར་ཆོས་ལུགས་ལ་མ་ལྟོས་པར། ཁོ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚང་མ་ལ་དམའ་འབེབས་གཏོང་ཐབས་བྱེད་ཀྱི་རེད། རྒྱ་གར་དང་རྒྱལ་ཁབ་གཞན་ལའང་དེ་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་དམའ་འབེབས་སྐུར་འདེབས་དང་རྩ་མེད་གཏོང་དོན་དུ་ཐབ་འཛིངས་རབ་དང་རིམ་པ་བྱེད་པར་མི་རྒྱུ་གཉིས་ཀྱི་འགྲོ་སོང་སྤྲོད་ཡོད་རེད། འདི་ཚོ་ཚང་མ་བཙན་འབྱོལ་སྒྲིགས་འཛུགས་ཀྱི་གསང་སྟབས་ཐབས་ཇུས་ཤ་རྟག་རེད། དམངས་གཙོའི་ལམ་ལུགས་དང་མཐུན་པའི་གཞུང་ཞིག་གི་བྱེད་སྲོལ་འདི་འདྲ་མ་རེད། རང་དབང་རྒྱལ་ཁབ་ནང་གཞུང་གང་འདྲ་ཞིག་གིས་ཆོས་ལུགས་བཀག་སྡོམ་བྱེད་ཡོད་དམ། ཡོད་མ་རེད།
དེ་ནས་གལ་སྲིད་བོད་དེ་རྒྱ་ནག་འོག་ལ་སྡད་ན། བོད་མི་ཚང་མས་གཞུང་དེའི་ཁྲིམས་གཞི་བཟུང་ཆོས་དད་རང་དབང་ཚང་མ་ཐོབ་ཀྱི་རེད། རྡོ་རྗེ་ཤུགས་ལྡན་མི་དམངས་ཚོའི་ཆེད་དུ། ཁོ་རང་ཚོ་རྒྱ་ནག་ནང་སྲུང་སྐྱོབ་ཆགས་ཞིང་བསམ་ཡུལ་ལས་འདས་པའི་ཆོས་དད་རང་དབང་གི་ཐོབ་ཐང་སྤྱོད་ཀྱི་རེད། གལ་ཏེ་རྡོ་རྗེ་ཤུགས་ལྡན་པ་ཚོ་ཚང་མ་རྒྱ་གར་དང་བལ་ཡུལ་ནང་བཙན་འབྱོལ་སྒྲིགས་འཛུགས་འོག་གནས་ན། དེ་ཚོས་མུ་འཐུད་ནས་སྡུག་སྦྱོང་སྣ་ཚོགས་དབྱེ་འབྱེད་དང་འཐབ་འཛིངས། དེའི་ནང་ནས་དངོས་ཤུགས་ཀྱི་འཐབ་འཛིངས་སོགས་མྱོང་དགོས་ཡོད་རེད། འདི་ཚོ་ཚང་མ་བཙན་འབྱོལ་སྒྲིགས་འཛུགས་ཀྱི་འགོ་འཛུགས་པ་རེད། གལ་སྲིད་བཙན་འབྱོལ་སྒྲིགས་འཛུགས་ཀྱིས་རྒྱ་གཞུང་མཉམ་དུ་དབུ་མའི་ལམ་གྱི་རང་སྲིད་རང་སྐྱོང་སྲིད་དབང་འཛུགས་ན། ད་དུང་དེ་ལ་གནད་དོན་འགའ་ཤས་ལྷག་འདུག ། གལ་ཏེ་བོད་དེ་རྒྱ་ནག་ནང་གི་སྒྲིགས་འཛུགས་འོག་ལ་རྟེན་ནས་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་སྲིད་དབང་བྱུང་ན། འདི་ལ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོའི་ཆེད་དུ་གཅིག་བྱས་ན་རྒྱ་ནག་གཞུང་འོག་རང་སྐྱོང་ལྗོངས་ཁ་ཁ་འཛུགས་ན་ཡག་ཤོས་ཡིན་གྱི་རེད་སེམས། རྒྱ་གཞུང་འོག ། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོས་ཆོས་དད་རང་དབང་གི་ཐོབ་ཐང་སྤྱོད་ཆོག་པས། གཅིག་བྱས་ན་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལོགས་སུ་ཁ་འབྲལ་དགོས་ས་རེད། འདི་ཚོ་བསམ་འཆར་ཙམ་ཡིན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་སུ་ཞིག་ལ་ད་ལྟའི་བཙན་འབྱོལ་སྒྲིགས་འཛུགས་ཀྱི་འཐུས་མི་གང་དུའང་ལངས་ཡོད་མ་རེད། འདི་ཁོ་ཚོ་ལ་དབྱེ་འབྱེད་དང་བཀག་སྡོམ་བྱས་པ་གསལ་པོ་རེད།
ང་སྲིད་ཀྱི་ལས་འགུལ་འགོ་འཛུགས་རྒྱུ་ལ་དགའ་པོ་མེད། ཡིན་ནའང་བཙན་འབྱོལ་སྒྲིགས་འཛུགས་ནང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་འཐུས་མི་ཐོབ་ཐང་འདྲ་མཉམ་མེད་པ་དང་། དེ་ཚོ་ལ་བོད་པའི་སྤྱི་ཚོགས་ནང་གོ་སྐབས་དང་ཐོབ་ཐང་གང་ཡང་མེད་པ། འདི་ཚོའི་སྐོར་ཁ་གསལ་བྱེད་ཀྱི་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལས་ཀྱང་༧གོང་ས་མཆོག་གིས་ཆོས་ལུགས་སྣ་ཚོགས་ཀྱི་ལྟ་གྲུབ་མཁྱེན་ཡོད་པ་ངས་མཐོང་གི་འདུག ། དེ་བཞིན་དུ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་༧གོང་ས་མཆོག་གི་བཀའ་ལྟར་ཆོས་ཕྱོགས་ཀྱི་མཛད་རིམ་ཚོགས་སར་བཅར་ཆོག་གི་མི་འདུག ། ཡིན་ནའང་བཙན་འབྱོལ་གཞུང་གི་འགྲོ་ཁྲིས་ཚོས། ༧གོང་ས་མཆོག་གི་ཆོས་ཕྱོགས་དང་མ་འབྲེལ་བའི་མཛད་རིམ་ཚོགས་དུས་ཁོ་ཚོས་བོད་མི་ཡིན་པའི་དབང་གི་བོད་མི་ཚང་མ་ལ་ཡོང་ཆོག་པའི་ཆོག་མཆན་སྤྲད་དགོས་རེད། དེ་ལ་བོད་མི་རིགས་གལ་སྲིད་ཁ་ཆེ་ཡིན་པ་དང་། བོན། ཤུགས་ལྡན་བསྟེན་གསོལ་བྱེད་མཁན། ཡང་ན་མི་རིགས་གཞན་དང་འདྲེས་པའི་བོད་མི་ཕྱེད་ཀ་ཡིན་ནའང་དེ་ལྟ་བུ་ལ་མ་ལྟོས་པར་བོད་མི་རིགས་ཚངས་མ་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས། བོད་མི་རིགས་ཚང་མ་ལ་དེ་ཚོའི་ཆོས་ལུགས་གཞིར་རྩར་མ་བཟུང་ནས་ཚང་མ་ལ་ལྟ་ཚུལ་འདྲ་མཉམ་འཛིན་དགོས། ཡིན་ནའང་དེང་སང་འདི་འདྲ་མི་འདུག ། ངས་བོད་མི་བོད་མི་ནས་རང་སྐྱོང་ལྗོངས་སུ་ཁ་འབྲལ་དགོས་ཞེས་ཁྲིམས་རྩོད་བྱེད་མེད། ཡིན་ནའང་ང་ཚོ་རྒྱུ་ཚན་དེའི་རྐྱེན་གྱི་སྔོན་མ་ནས་ཁ་འབྲལ་ཚར་རེད། གང་ལྟར་ང་རང་སྲིད་ཕྱོགས་ཏུ་འཚུད་འདོད་མེད། དེ་ནས་ངའི་རྩོམ་བྲིས་དང་དྲ་རྒྱའི་འགྲེམ་ཤོག་ཚང་མ་བཙན་འབྱོལ་སྒྲིགས་འཛུགས་ཁང་ནས་རྡོ་རྗེ་ཤགས་ལྡན་བསྟེན་གསོལ་ལ་དབྱེ་འབྱེད་དང་ལྟ་བ་ལོགས་རྩོད་གླེང་སྐོར་གསལ་པོར་གོ་འཛུགས་པའི་ཕྱིར་དུ་ཡིན་ལ། ངས་སྟབས་བདེ་པོའི་ཐོག་ནས་རྒྱ་གར་བཙན་འབྱོལ་སྒྲིགས་འཛུགས་ཀྱི་འོག་དང་འཛམ་གླིང་གང་སར་བཞུགས་མཁན་བོད་རིགས་སྤུན་ཟླ་རྣམས་ལ་དབྱེ་འབྱེད་མེད་པར་ཆོས་དད་རང་དབང་ལ་དམིགས་ནས་ཁ་གསལ་བྱས་ཡིན།
༧གོང་ས་མཆོག་ཞི་འཇམ་དུ་འགྲོ་བ་དང་ཁོང་གི་ཆོས་ཕྱོགས་དང་མ་འབྲེལ་བའི་མཛད་རིམ་དུ་བོད་མི་ཚང་མ་ཡོང་ཆོག་པའི་ཆོག་མཆན་གནང་བའི་རེ་བ་དང་སྨོན་ལམ་ཡོད། ང་༧གོང་ས་མཆོག་ལ་དགའ་པོ་དང་ད་དུང་ཡང་ཡང་དྲན་གྱི་ཡོད། བོད་ཕྱིས་ནང་དུ་ཡོད་པའི་བོད་མི་ཚང་མ་བདེ་སྐྱིད་དང་ཡར་རྒྱས་གོང་ཕེལ་ཡོང་བའི་རེ་བ་ངས་རྒྱབ་ཀྱི་ཡོད། རྒྱ་ནག་གཞུང་དེང་སང་གི་རྒྱལ་ཁབ་ནང་ནས་སྟོབས་ཆེན་རྒྱལ་ཁབ་ཡིན་པ་བཞིན་ད་དུང་གནས་ཚད་ཚད་མཐོ་པོར་ཕྱིན་ནས་འཛམ་གླིང་ལ་ཕན་པ་རྒྱ་ཆེན་པོ་ལས་འགུལ་མི་འདྲ་བ་སྣ་ཚོགས་བྱེད་ཐུབ་པའི་རེ་བ་ཡོད། བོད་དང་རྒྱ་ནག་གཉིས་འབྲེལ་ལམ་ཡག་པོ་ཆགས་ཞིང་༧གོང་ས་མཆོག་གི་ཐུགས་འདོད་ལྟར་བོད་ལ་ཐུགས་འཕྲད་དུ་བསྐྱོད་ཐུབ་པའི་རེ་སྨོན་ཡོད། ལྷན་རྒྱས་ཚང་མ་ཞི་བདེ་དང་དགའ་སྐྱིད་ཡོང་བའི་སྨོན་འདུན་ཡོད་གུས་པ།
ཚེམས་སྤྲུལ་སྐུ་རིན་པོ་ཆེ་ནས།
[དོན་མཚན་དང་པོ་འདི་ནས་གཟིགས་རོགས། https://www.tsemrinpoche.com/l/bod/?p=61 ]
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།