༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་འབྲས་སྤུངས་གཟིམ་ཁང་གོང་མའི་སྐུ་སྐྱེས་མཐའ་མ་དེ་རེད། གཟིམ་ཁང་གོང་མ་ཞེས་པའི་མཚན་སྙན་དེ་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་རྣམས་གྲགས་པའི་སྐབས་ནས་བྱུང་པ་རེད། སྐུ་རྒྱུད་དེ་ནི་རྒྱ་གར་སྔ་རབས་ནས་ཕེབས་ཡོད་པས་དེས་རྒྱ་བོད་ཀྱི་མཁས་གྲུབ་དང་སྐྱེ་ཆེན་གྱི་རྣམ་པས་ནང་པའི་བསྟན་པ་འཕེལ་བར་ཤིན་ཏུ་སྐུ་ལས་སྐྱོན་ཡོད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་༧གོང་ས་ལྔ་པ་ཆེན་པོ་རྣམ་ཉིད་ནི་༧པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་རེད།
སྐུ་རྒྱུད་ཀྱི་རིམ་པ་ནི་འདི་ལྟར། མ་ག་དྷའི་བཟང་མོ། གྲུབ་ཆེན་བི་རུ་པ། ཐོན་མི་སཾབྷོཊ། ཁྲི་སྲོང་ལྡེ་བཙན། པཎ་ཆེན་ན་རོ་པ། ལོ་ཙྭ་བ་བློ་ལྡན་ཤེས་རབ། ཤཱཀྱ་ཤྲཱི་བྷདྲ། བུ་སྟོན་རིན་ཆེན་གྲུབ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འདུལ་འཛིན་གྲགས་པ་རྒྱལ་མཚན། པཎ་ཆེན་བསོད་རྣམས་གྲགས་པ། བསོད་རྣམས་ཡི་ཤེས་དབང་པོ། ངག་དབང་བསོད་རྣམས་དགེ་ལེགས་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཁོང་ཚང་མ་སངས་རྒྱས་ཀྱི་བསྟན་པ་སྤེལ་མཁན་རེད།
ཁོང་གི་སྐུ་གོང་མ་འདུལ་འཛིན་གྲགས་པ་རྒྱལ་མཚན་ནི ༼༡༣༧༤-༡༤༣༤༽ རྗེ་ཙོང་ཁ་པ་ཆེན་པོའི་སློབ་མ་གྲགས་ཅན་ཞིག་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གཏན་ལ་འབེབས་པའི་དབུ་མའི་ལམ་དང་། དེ་གསལ་བར་བྱེད་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་སྲུང་བའི་དམ་བཅའ་ཁས་ལེན་གནང་བ་རེད། སྲུང་མ་གནས་ཆུང་གིས་བཀའ་དགོངས་ལྟར་སྒྲུབ་པ་རེད། ཁོང་འང་གུ་དཀར་པོའི་རྣམ་པར་སྤྲུལ་ནས་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ཆོས་གནང་སའི་ཐོད་ལ་ལྡིང་བ་རེད།
ཕྱིས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གིས་སྐུ་ཚེ་ལ་ ༼༡༦༡༩-༡༦༥༦༽ གནས་ཆུང་གི་ཁོང་ལ་དམ་བཅའ་དྲན་སྐུལ་གནང་བ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རང་གི་རྒྱུད་ལ་ཁོང་ཁྲོ་མེད་པས་བསྲུང་མར་ཇི་ལྟར་བཞེང་དགོས་ཞེས་གནས་ཆུང་ལ་བཀའ་དྲིས་གནང་བ་རེད། དེར་གནས་ཆུང་གིས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་རང་དེའི་ཐོག་ལ་ཐུགས་ཁྲལ་གནང་མི་དགོས་ངས་ཁྱེད་རང་རྒྱུད་ལ་ཁོང་ཁྲོ་སྐྱེ་བར་གྲོགས་བྱེད་དགོས་ཞེས་ཐུགས་དྭོགས་བསལ་བ་རེད།
སྐབས་དེ་དུས་༧གོང་ས་ལྔ་པའི་སློབ་མ་རྣམས་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་སློབ་མ་གཉིས་ཀྱི་བར་ལ་འགྲན་སེམས་ཤུགས་ཆེན་པོ་བསླེབས་བཞིན་ཡོད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གནས་ཆུང་དང་མཇལ་ཁ་གནང་བ་རེད། དེ་ནས་ཁོང་ཚོའི་བར་གྱི་འགྲན་རྩོད་དེ་འཕེལ་བ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མཚན་སྙན་གྲགས་ཁྱབ་ནས་༧གོང་ས་ལྔ་པའི་མཚན་སྙན་སྒྲིབ་པ་རེད།
ངག་དབང་བློ་བཟང་རྒྱ་མཚོ་ནི ༼༡༦༡༧-༡༦༨༢༽ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་༧རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་རེད། ཁོང་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཆོས་གྲོགས་ཡིན། ཁོང་གིས་རྒྱལ་ཁབ་ནང་འཁྲུག་དེ་མེད་པ་བཟོས་ཏེ་བོད་གཅིག་གྱུར་བཟོ་བ་རེད། དུས་དེ་ནས་བཟུང་༧གོང་ས་ལྔ་པས་བོད་ཡོངས་རྫོགས་ལ་དབང་སྒྱུར་གནང་བ་རེད། ཁོང་གི་རྒྱལ་སྲིད་སྐྱོང་སྐབས་རྒྱ་ནག་དང་དོན་གཅོད་ཀྱི་འབྲེལ་བ་ཡོད་པའི་མངའ་ཁུལ་ཁག་དང་ཡུ་རོབ་ཀྱི་གནད་ཡོད་མི་སྣ་སོགས་དང་ཐུག་གནང་བ་རེད། ཁོང་གིས་སྒྲ་དང་ཚད་མ་རིགས་པ་སོགས་གསུང་འབུམ་པོད་༢༤རྩོམ་ཡོད། ཁོང་གིས་ཕོ་བྲང་པོ་ཏ་ལ་དེ་ཁོང་གི་སྤྱི་ཁྱབ་ལས་ཁུངས་ཆེད་དུ་བཞེངས་པ་ཡིན་ནའང་པོ་ཏ་ལ་མཐར་འཁྱོལ་བས་གཟིགས་རྒྱུ་མ་བྱུང་བ་རེད།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་བོད་སོག་ཡུལ་རྒྱ་ཡུལ་བཅས་ཀྱི་དགེ་ཕྲུག་ཚོའི་ཆེ་གཏོད་བྱེད་གནང་། ཁོང་ནི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་རྫུ་འཕྲུལ་སྟོབས་ལྡན་དུ་མ་ཡང་བསྟན་ཡོད་པར་གསུངས། ཁྱབ་བསྒྲགས་དང་ཆེ་མཐོང་ལས་འཛེམས་པའི། ཁོང་རང་ཡང་ཡང་གསང་བའི་ཐོག་ནས་མཉམ་པར་འཇོག་པར་ཡིན་ནའང་ས་ཕྱོགས་དེ་རྗེས་སུ་སྙེག་པའི། མཐའ་མར་བྲག་ཕུག་བརྒྱས་ལྷག་དུ་མར་སྤོ་དགོས་བྱུང་། ཁོང་གིས་གཉེར་སྲུང་། སངས་རྒྱས། སྐྱེས་བུ་དམ་པ། ཡི་དམ། ཆོས་སྐྱོང་སྲུང་མ་ལ་སོགས་པ་རྟོགས་པར་བྱེད། རི་བོ། ཤིང་ནགས། མཚོ་ཆུང་བཅས་ཀྱི་བྲེལ་ཟིང་མེད་པར་འཇམ་ཐིང་ཡོད་སར་སེམས་ཉིད་ཀྱི་མཉམ་པར་འཇོག སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་སྙན་གྲགས་ཅན་ཀྱི་བླ་མ་དང་གྲངས་བོར་མང་པོའི་འབད་སྒྲུབ་བྱེད་པ་རེད། སོག་པ་དང་རྒྱ་མི་སྐུ་དྲག་ཚོའང་བཀའ་གྲོས་དང་ལམ་སྟོན་ཆེད་དུ་འབད་པར་བྱེད་དོ།།
དེར་སྐབས་གནས་ཆུང་གྱིས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་དྲག་པོའི་ནུས་ཤུགས་མངོན་དུ་འགྱུར་བའི་ཆེད་དུ་གནས་སྟངས་སྐྲུན་རྒྱུའི་ཁས་ལེན་གནང་། ཁོང་གིས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་༧གོང་ས་སྐུ་ཕྲེང་ལྔ་པའི་སློབ་མའི་བར་ལ་སྐུལ་སློང་བྱས་གནང་། ༧གོང་ས་སྐུ་ཕྲེང་ལྔ་པའི་སློབ་དཔོན་གྱི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་མི་བརྒྱ་ལྷག་མཇལ་དུ་འགྲོ་པ་མང་པོ་མཐོང་། ཕྲག་དོག་དང་འཚེར་སྣང་སྐྱེས། ཁོང་ཚོའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གཟིམ་ཁང་གོང་མ་དེ་དབང་ཤུགས་ཅན་དུ་མཐོང་བ་དང་ཁོང་ཚོ་འཇིག་ཉེན་བྱེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ནུས་ཤུགས་དེ་ལས་ལྷག་དུ་ཕྱིན་པ་ཡིན་ན། ༧གོང་ས་མཆོག་གི་དབང་ཆ་བཟུང་ནས་ཁྲིར་འབེབས་པར་བསམ་ཏེ་ཞེད་སྣང་ཡང་སྐྱེས། ཐ་ན་བོད་ཀྱི་རྒྱལ་ཚབ་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་༧གོང་ས་མཆོག་གི་བླ་བྲང་དབུ་འཁྲིད། ཞབས་ཕྱི་འགའ་ཤས་ཀྱིས་ཞན་དུ་གཏོང་བའི་ཆེད་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ལྐོག་གསོད་བྱེད་དགོས་པ་ཐག་གཅོད་བྱེད། འདི་གཟབ་ནན་བྱེད་ནས་འཆར་གཞི་འདིང་བ་ཡིན་པ་དང་མི་འགའ་ཤས་ཀྱི་གསོད་ཐབས་བྱེད་ཀྱང་མཐར་མ་འཁྱོལ།
༧གོང་ས་མཆོག་གི་ཕྱག་མཛོད་ཀྱིས་ཁོང་གསོད་ཐབས་དེ་མཐར་མ་འཁྱེལ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་གྱ་གྱུ་དང་ཞེ་ལོག་བཅས་ནས་ཡིད་ཐང་ཆད། ༧གོང་ས་མཆོག་ལ་འགལ་ཟླ་རུ་སྣེ་མོར་སྡོད་པའི་ཁོང་གི་བོད་གཞུང་གི་སྐུ་དྲག་ལ་ལྐོག་གསོད་བྱེད་བཅུགས་པ་རེད། ཁོང་ཚོ་ལ་སྲོག་གཅོད་ཐབས་ཡང་གསལ་སྟོན་བྱེད་པ་རེད། གང་ཡིན་ཟེར་ན་རྫུ་འཕྲུལ་སྟོབས་ལྡན་ཡིན་པའི་སྔོན་གྱི་འཆར་གཞི་དེ་ཚོ་མཐར་མ་འཁྱེལ་བ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཁོང་ཚོའི་འཆར་གཞི་ཡང་མཁྱེན། ཐ་ན་གང་ལྟར་ཡང་ཆོས་སྐྱོང་སྲུང་མའི་སྔོན་དུ་འགྱུར་བའི་བརྡ་མཚོན་པར་བསམ། དེ་ལྟར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་བྱང་ཆུབ་སེམས་པའི་རྣམ་པར་སྤྲུལ་ནས་ངན་ཤོམ་དེར་བསྟུན་ནས་དགོངས་པ་རྗོགས་གནང་། མི་གསོད་མཁན་ལ་ཁ་བཏགས་ཀྱིས་སྦུགས་བཀག་བྱས་ན་གཅིག་པུ་དོན་དག་སྒྲུབ་པར་གསང་སྒྲོག་གནང་། རྒོལ་འཛིང་བྱེད་པོའི་མགྱོགས་པོར་ཁ་བཏགས་འཇུ་སྟེ་བླ་མའི་མགྲིན་པར་གསོད་པའི་ཆེད་འབུད་རྒྱག་གཏོང་།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཀྱི་དགོངས་པ་རྫོགས་པའི་ཕྱིས་སུ་བླ་མ་རྩ་ཆེན་དེ་འདྲ་མིས་གསོད་པས་དགོན་པ་དང་ཁོང་གི་བླ་བྲང་ནི་རྙོག་སློང་། ཁོང་ཚོའི་ལྷ་སར་ཕུང་པོ་དེ་སྲེག་ཤིང་གང་དུ་བཞགས་པ་དང་སློབ་མ་སྟོང་ཕྲག་ལྷག་དང་སོག་པོའི་དཔོན་རིགས་ཆེན་པོ་ཁག་བླ་མ་དང་མི་ཆེན་རྣམས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་མྱ་ངན་གནང་སར་ཕེབས།
ཐོག་མར་ཕུང་པོ་སྲེག་ཤིང་གང་དུ་མེ་མ་འབར། དེང་དུས་༧གོང་ས་མཆོག་གི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས་པ་ཤེས་བཞིན་དུ་ལྷིང་འཇགས་མེད་པ་དང་ཐུགས་འགྱོད་གནང་། ༧གོང་ས་མཆོག་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྣམ་གཉིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སློབ་མ་ཞིག་ཡིན་པ་དང་ཆོས་གྲོགས་ཡང་རེད།
སྐུ་རྣམ་པ་གཉིས་ཆོས་བསྐོར་བགྲོ་གླེང་དང་ཕན་ཚུན་དབང་དང་གསུང་ཆོས་འབུལ་རེས་གནང་། ཁོང་རྣམ་པ་གཉིས་ཀྱི་པཎ་ཆེན་རིན་པོ་ཆེ་ལ་ཞུས་པ་ཡིན་ནའང་ཕན་ཚུན་གསུང་ཆོས་གནང་བའི་རེ་སྐུལ་གནང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས། ༧གོང་ས་མཆོག་ཡང་ཁོང་དང་ཐུག་འཕྲད་གནང་འདོད་ཡོད་པ་དང་ཁོང་ལ་སྔགས་ཐོག་དབང་གནང་འདོད་པ་ཡིན་ནའང་བདེ་ཐང་མེད་པར་སྨྲ། དེ་འདྲ་མ་བྱུང་། དེ་བཞིན་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས་མཁན་གྱི་་སྐུ་དྲག་དེས་ཤོལ་འདེབས་པའི་རྐྱེན་གྱིས་རེད།
༧གོང་ས་མཆོག་ཐུགས་ཕམ་པའི་དགོངས་སེལ་གྱི་སྟོད་པ་གཅིག་རྩོམ་གནང་བ་རེད། ༧གོང་ས་མཆོག་གིས་སྟོད་པ་དེ་དྲིལ་བསྒྲགས་གནང་བ་དང་བསྟོད་པ་དེ་གཤིན་ཆོག་དུ་འཁྱེར་ན་ཀློག་པས་དེ་ག་རང་སྲེག་ཤིང་ལ་མེ་འབར། སློབ་མ་ཞིག་གིས་སེམས་སྡུག་ཞིང་སུན་སྣང་ཐོག་སྲེག་ཤིང་ལ་གཟན་གཞུ་བ་དང་མེ་འབར་ནས་དུ་བ་ནག་པོ་འཚུབ་མ་ཐོན་སོང་ཟེར། དུ་བ་དེ་ལག་པའི་དབྱིབས་སུ་འགྱུར་ནས་གནམ་སའི་མཐུད་མཚམས་ལ་ཁྱབ་པ་སོང་། དེས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་སྐུ་བཞེངས་པ་མཚོན། དེ་ལྟ་བས་ན་རྗེ་ཙོང་ཁ་པའི་བསྟན་པ་སྲུང་བསྐྱབས་གནང་རྒྱུའི་དམ་བཅའ་གནས་ཆུང་ལ་གནང་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མཐར་འཁྱོལ་གནང་པ་རེད།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དགོངས་པ་རྫོགས་རྗེས་སུ་ཁོང་གི་ཡང་སྲིད་འཚོལ་བ་དེ་བཀག་པ་རེད། དེར་བསྟེན་འབྲས་སྤུང་གཟིམ་ཁང་གོང་མར་སྐུ་རྒྱུད་དེ་ཆད་པ་རེད། བླ་བྲང་དེ་ནི་པན་ཆེན་བསོད་ནམས་གྲགས་པས་ཕྱི་ལོ་ ༡༥༥༤ ལོར་གཞི་འཛུགས་པའི་ཕྱི་ལོ་ ༡༦༥༦ ལོར་བར་དུ་གནས། སྲུང་མ་གནས་ཆུང་གིས་འབྲས་སྤུང་ན་ཡོད་པའི་གཟིམ་ཁང་གོང་མ་དེ་ཐ་དད་དུ་འབྱེད་པར་བཀོད་བྱུས་གནང་། བླ་བྲང་དེའི་གདུང་རྟེན་ནི་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་ས་ཕྱོགས་གཞན་དུ་སྤོ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་སྲིད་ཕེབས་པ་ཡིན་ནའང་ཁོང་གིས་སྐུ་རྒྱུད་དེ་བསྐྱར་དུ་མངའ་གསོལ་བྱེད་མི་གནང་།
སྤྲོ་བདེ་ཁང་གསར།
སྤྲོ་བདེ་ཁང་གསར་ནི་རྟེན་ཁང་རྩ་ཆེན་ཞིག་རེད། བོད་དུ་ལྷ་སར་རྡོ་རྗེ་ཤུགས་ལྡན་ཆེད་དུ་བཞེངས་པ་རེད། དེ་ནི་༧གོང་ས་ལྔ་པ་ཆེན་པོ་མཆོག་ནས་དུས་རབས་བཅུ་བདུན་པའི་མཐར་བཞེངས་པ་ཡིན། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས་རྗེས། ཁོང་ནི་གྲངས་མེད་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་དོན་དུ་རྡོ་རྗེ་ཤུགས་ལྡན་གྱི་ངོ་བོ་གྱུར་པ་རེད།
སྐྱེས་བུ་དམ་པ་ཞིག་སྐུ་བཀྲོངས་བའི་ལས་ངན་གྱི་འབྲས་བུ་ལ་ས་ཆ་དེར་ས་འགུལ་རྒྱག་པ་དང་བར་ཆད་ཤུགས་ཆེན་པོ་བྱུང་ཡོད། བར་ཆད་དེ་དག་བྱུང་བ་ལ་རྟེན་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཁོང་དམ་སྲི་མཐུ་ཆེན་ཞིག་ལ་སྤྲུལ་བ་རེད་བསམ་ཏེ། ས་གནས་དེའི་བླ་མ་མཁས་པ་མང་པོས་༧གོང་ས་ལྔ་པ་དང་སྨིན་གྲོལ་རིན་པོ་ཆེའི་ལྟ་བུ་མཁས་ཆེན་དམ་པ་དེ་རྣམས་ཀྱི་ཆོ་ག་རྒྱ་ཆེན་པོ་གནང་བ་རེད།
སྦྱིན་སྲེག་ལ་སོགས། དཀའ་རྙོག་དེ་གཙང་སེལ་བཟོ་བའི་ཆེད། བླ་མ་དེ་ལ་གཤིན་འདྲེ་དང་རྣམ་ཤེས་སོགས་དབང་དུ་བསྡུ་པའི་ནུས་པ་ཆེན་པོ་ཡོད་པའི་སྦྱིན་སྲེག་ཆོ་ག་དེས་རྡོ་རྗེ་ཤུགས་ལྡན་མེད་པ་བཟོ་མ་ཐུབ་པར་ནུས་མེད་བྱུང་བ་རེད། སྦྱིན་སྲེག་སྐབས། སྨིན་གྲོལ་གླིང་རིན་པོ་ཆེས་རྡོ་རྗེ་ཤུགས་ལྡན་གྱི་རྣམ་ཤེས་མགར་བླུག་གི་གང་ལ་བཀུག་སྟེ་མེའི་ནང་དུ་སྦྱིན་སྲེག་གནང་བ་རེད། གང་ལྟར་ཡང་། སྨིན་གྲོལ་གླིང་རིན་པོ་ཆེའི་རྣམ་ཤེས་དེ་མེད་པ་བཟོ་བར་ཐབས་ཤེས་གནང་སྐབས། མགར་བླུག་གང་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པ་ཤར་ཡོང་བ་རེད། འདི་འདྲ་བྱེད་ཏེ་རྡོ་རྗེ་ཤུགས་ལྡན་མེད་པ་བཟོ་བའི་ཐབས་ཤེས་མཐར་མ་འཁྱོལ་བ་ཡིན་པས། སྨིན་གྲོལ་གླིང་རིན་པོ་ཆེའི་ཁོང་རང་གིས་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་བཀྲོངས་བའི་བསམ་བློ་འཁོར་ཏེ་ཆོ་ག་དེ་ལམ་སང་མཚམས་འཇོག་གནང་བ་རེད།
དེ་ལ་བརྟེན་ནས་༧གོང་ས་ལྔ་པའི་ཐུགས་ལ་རྡོ་རྗེ་ཤུགས་ལྡན་གདོན་འདྲེའི་སྐྱེ་བར་མ་ལེན་པར་དེའི་ཚབ་ལ་ཁོང་ཆོས་སྐྱོང་སྲུང་མ་ཞིག་གི་ངོ་བོ་བཞེངས་ཡིན་པ་སྙམས་པ་རེད། འདི་མཁྱེན་སྐབས་ཁོང་ཕོ་བྲང་པོ་ཏ་ལ་ལ་མཚམས་བཞུགས་ཡོད་པ་རེད། རྡོ་རྗེ་ཤུགས་ལྡན་གྱི་ཕོ་བྲང་དེ་གནོན་ཏེ་ཕོ་བྲང་དེ་དཀྲུགས་པ་དེའི་ཕྱིར་དེ་ཆོས་སྐྱོང་སྲུང་མའི་ནུས་པ་སྟོན་པ་རེད།
རྡོ་རྗེ་ཤུགས་ལྡན་མེད་པ་བཟོ་བའི་ཐབས་ཤེས་སྣ་ཚོགས་བྱས་པའི་རྗེས་༼གདོན་འདྲེ་རེད་བསམ་ཏེ༽གཤིག་ཐབས་བྱས་པས། ཕྱིས་སུ་༧གོང་ས་ལྔ་པས་འཕྲིན་བཅོལ་རྩོམ་གནང་བ་དང་སྐུ་ཉིད་ཀྱི་ཆོས་སྐྱོང་སྐུ་འདྲ་ཞིག་ཆེ་བསྟོད་བྱས་ནས་སོ་སོའི་ཕྱག་གིས་བཞེངས་པའི་རྡོ་རྗེ་ཤུགས་ལྡན་ཆོས་སྐྱོང་སྲུང་མ་ལ་ངོས་འཛིན་གནང་བ་རེད། ༧གོང་ས་ལྔ་པའི་རྡོ་རྗེ་ཤུགས་ལྡན་ཆེད་དུ་རྟེན་ཁང་དེ་ལྷ་ས་འཀྱིལ་ལ་བཞེངས་པ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐུ་ཕུང་གཞུགས་འབུལ་ཞུ་བའི་གནས་ཡང་འཁེལ། སྤྲོ་བདེ་ཁང་གསར་གྱི་ཁང་གཉེར་གྱིས་ང་ཚོ་ལ་དེ་འདྲ་གསུང་པ་རེད། མཆོད་ཁང་དེ་དེང་སྐབས་ཡང་སྒོ་ཕྱེ་ཡོད་པས་རྟག་པར་གྲྭ་པ་རྣམས་ཀྱིས་ཚོགས་འབུལ་བ་དང་ཉིན་རེའི་སྨོན་ལམ་གསོལ་འདེབས་སོགས་བྱེད་ཀྱིས་ཡོད།
སྤྱིར་ས་གནས་དེར་༧གོང་ས་ལྔ་པ་མཆོག་གི་སྤྲོ་སྐྱིད་གཏོང་ས་ཡིན་པས་དེ་ལྟར་ས་ཕྱོགས་མིང་ལ་སྤྲོ་ཁང་ཟེར་གྱི་ཡོད། ཕྱིས་སུ་དེར་སྤྲོ་བདེ་ཁང་གསར་ཞེས་མིང་ཐོབ་པ་རེད། ཐོག་མར་རྟེན་ཁང་དེའི་ནང་རྡོ་རྗེ་ཤུགས་ལྡན་དང་བསྟན་སྲུང་བསེ་ཁྲབ་གཉིས་ཀྱི་སྐུ་འདྲ་ཡོད། མཆོད་ཁང་དེ་ལྟ་རྟོག་གནང་ཆེད་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རི་བོ་ཆོས་གླིང་དགོན་པ་ལ་མཆོད་ཁང་དེར་རྟག་པར་སྐུ་རྟེན་ཞིག་དང་གྲྭ་པ་༡༡གཏོང་གནང་གི་ཡོད།
སྤྲོ་བདེ་ཁང་གསར་རྟེན་ཁང་ནི་ཀྲོང་གོ་རྒྱལ་ཁབ་ཀྱི་རིགས་དངོས་ཞིག་ཡིན། ཀྲོང་གོ་གཞུང་གིས་ལྟ་སྐྱོང་གནང་གིན་ཡོད་རེད། ༢༠༠༨ ལོར་ཀྲོང་གོ་གཞུང་གི་སྤྲོ་བདེ་ཁང་གསར་ཉམས་གསོ་གནང་བ་རེད། རྡོ་རྗེ་ཤུགས་ལྡན་ལ་བསྔོ་བའི་སྤྲོ་བདེ་ཁང་གསར་དེའི་༧གོང་ས་སྐུ་ཕྲེང་ལྔ་པས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་དད་གུས་ཆེན་པ་དེ་མངོན་གསལ་གནང་།
སྤྲོ་བདེ་ཁང་གསར-རྟེན་ཁང་ཕྱི་དབྱིབས།
མཆོད་ཁང་དེ་ནི་ལྷ་སའི་དབུས་སུ་གནས་ཡོད་པ་དང་ཇོ་ཤཱཀྱ་མུ་ཎིའི་ལྷ་ཁང་གི་རྒྱབ་ཏུ་ཡོད། ལྷ་ཁང་དེ་ལ་ཇོ་ཁང་ཡང་ཟེར་གྱི་རེད། མཆོད་ཁང་དེ་བར་སྐོར་གྱི་ལྷོ་ཕྱོགས་དང་སྐོར་ལམ་གྱི་འཁྲིས་སུ་ཡོད། མཆོད་ཁང་དེ་ཐོག་རྩེག་གསུམ་ཡོད་པ་དང་སྒོ་ཆེན་དེ་ཐད་ཀར་ཚོགས་ཆེན་ཐད་དུ་ཡོད།
སྤྲོ་བདེ་ཁང་གསར་ཚོགས་ཁང་ཆེན་པོ་དེར་ཀ་བ་བརྒྱད་ཡོད་པ་དང་དེ་ན་སྙན་གྲགས་ཅན་གྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས་སྐོར་དང་བཀྲིས་མཚོན་བྱེད་བརྒྱ་བྱིན་དང་ལྷ་ཚངས་པ་ལ་སོགས་པའི་མཚོན་བྲིས་ཡང་ཡོད། རྡོ་རྗེ་ཤུགས་ལྡན་གྱི་སྐུ་སྐྱེ་སྔོན་མའི་ལོ་རྒྱུས་མཚོན་བྲིས་དེ་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་གྲུབ་ཐོབ་ཆེན་པོ་བིར་བྷ་པ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བུ་སྟོན་རིན་ཆེན་གྲུབ། པཎ་ཆེན་བསོད་ནམས་གྲགས་པ། བསོད་ནམས་ཡེ་ཤེས་དབང་པོ། ངག་དབང་བསོད་ནམས་དགེ་ལེགས་སྐོར་ཡང་བྲིས་ཡོད། མཚོན་བྲིས་དེའི་ནང་རྡོ་རྗེ་ཤུགས་ལྡན་གྱི་སྐུ་གོང་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་གནས་ཆུང་ཚུད་ཡོད། ༼འོག་ལ་གཟིགས་གནང་།༽གནས་ཆུང་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་ཁོང་གི་དམ་བཅའ་དེ་འགྲུབ་པར་བྱེད་པ་དང་སླར་ཆོས་སྐྱོང་སྲུང་མར་སྐུལ་བྱེད་ཀྱི་རི་མོ་ཡོད།
སྤྲོ་བདེ་ཁང་གསར་ནང་དངོས་པོ་རྩ་ཆེན་མང་པོ་ཡོད། དཔེར་ན་པར་ཤིང་ནང་བཀོད་པའི་རྡོ་རྗེ་ཤུགས་ལྡན་འདོད་དོན་འགྲུབ་པའི་ཆོ་ག་ལྟ་བུ། དགའ་ལྡན་བྱང་རྩེ་གསེར་ཀོང་རྡོ་རྗེ་འཆང་གིས་རྩོམ། ཁོང་དུས་རབས་ ༡༩ པའི་དགེ་ལུགས་པའི་བླ་མ་རྩ་ཆེན་པོ་ཞིག་ཡིན། ཚོགས་ཁང་དེའི་ཁོ་རང་ནང་ཡོད་པའི་ཆོ་ག་ཕྱག་ལེན་ཁང་དང་གྲྭ་ཤག་ཡོད་སར་འཁྲིད། ཚོགས་ཁང་ནང་ཆོས་སྐྱོང་སྲུང་མ་འདྲ་མིན་སྣ་ཚོགས་རྣམས་ཀྱི་ཚོན་བྲིས་དང་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་འདྲ་དང་མཉམ་དུ་རྗེའི་ཐུགས་སྲས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི་སྐུ་འདྲ་ཡོད།
ཐོག་རྩེག་གསུམ་པ་དེ་མི་མང་རིག་གཞུང་གསར་བརྗེའི་ངོ་རྒོལ་སྐབས་སུ་སྤོ་དགོས་འབྱུང་བའི་དེར་སྔོན་མ་སྤྲོ་བདེ་ཁང་གསར་གྱི་སྐུ་རྟེན་ལགས་བཞུགས་ས་ཡིན། མཐིལ་ཞལ་དམའ་ཤོས་ནི་ས་འོག་ལ་ཡོད་པའི་དེ་ད་ལྟ་མཇལ་མི་ཐུབ།
གུ་གལ༼Google༽ས་ཁྲར་འགོད་པའི་སྤྲོ་བདེ་ཁང་གསར།
རྡོ་རྗེ་ཤུགས་ལྡན་ངོས་འཛིན་གནང་མཁན་ནི་ཆིང་རྒྱལ་རྒྱུད་རེད།
སྤྲོ་བདེ་ཁང་གསར་ལོ་རྒྱུས་ནང་ལ་རྡོ་རྗེ་ཤུགས་ལྡན་ལ་སངས་རྒྱས་ལྟ་བུ་ནུས་པ་དང་མངོན་ཤེས་སོགས་ཡོད་པ་གསུངས་ཡོད། ༧གོང་ས་སྐུ་ཕྲེང་ ༡༡ མཁས་གྲུབ་རྒྱ་མཚོ་སྐབས་དེར་རྒྱ་ནག་ཆིང་རྒྱལ་བརྒྱུད་ནས་ཡོང་བའི་ཆེ་ཏུག་ཏང་ཞེས་རྒྱ་ནག་མཁས་པ་ཞིག་ཡོད་པས། ཁོང་རྒྱ་ནག་བཙན་པོ་ད་བོ་གུང་གང་ཕྱོགས་ནས་དྲི་བ་གལ་ཆེན་པོ་རྣམས་རྡོ་རྗེ་ཤུགས་ལྡན་ལ་ཞུ་ག་ཡོང་། ཁོང་གི་རྡོ་རྗེ་ཤུགས་ལྡན་གྱི་སྐུ་པར་མདུན་དུ་ཡིག་ཐོག་དྲི་བ་རྣམས་མེ་མཆེད་ནས་སྐུ་ཕེབས་སྐབས་ལན་གསལ་པོ་དང་ལུང་བསྟན་སོགས་གནང་རོགས་ཞུས། ཕྱིས་སུ་སྐུ་ཕེབས་སྐབས་ཁོང་ལ་བསླབ་བྱ་བཟང་པོ་དང་ཁོང་གི་དངོས་ཀྱི་དྲི་བ་དང་མཐུན་པའི་ལན་གནང་བ་རེད།
ཆིང་བཙན་པོ་ད་བོ་གོ་ཝང་རྡོ་རྗེ་ཤུགས་ལྡན་གྱིས་གནང་བའི་བསླབ་བྱ་བཟང་པོ་དང་ཁོ་རང་གིས་སྲིད་དོན་གྱི་དྲི་བའི་ལན་དུ་ཧ་ཅང་ཐུགས་མཉེས་པོ་བྱུང་བས། ཕན་ཚུན་མགུ་རེས་སུ་ཁོང་གིས་པཎྚི་ཏ་ཞྭ་མོ་འབུལ་ནས་རྡོ་རྗེ་ཤུགས་ལྡན་ནང་པའི་ཆོས་སྐྱོང་སྲུང་མ་གྲགས་ཅན་ཞིག་ངོས་འཛིན་བྱེད་པ་ཡིན། སྤྲོ་བདེ་ཁང་གསར་ཆོས་རར་རྟེན་འབྲེལ་མཛད་སྒོ་བྱེད་དེ་ཞྭ་མོ་དེ་ཚོགས་ཁང་སྒོ་ཐོད་ལ་འཇོག་པའི་མཛད་སྒོ་དེར་དཔོན་རིགས་མཐོན་པོ་རྣམས་དང་མཚན་གནས་ཆེ་བའི་མིའི་ནང་ནས་༧གོང་ས་སྐུ་ཕྲེང་ ༡༡ མཆོག་དང་ཆིང་ཨམ་བན། རྭ་སྒྲེང་རིན་པོ་ཆེ། སྐུ་རྟེན་ལགས་དང་གྲྭ་པ་སྣ་ཚོགས་དང་མི་མང་མང་པོ་སླེབས་ཡོད།
ད་ལྟ།
དེང་སྐབས་སྤྲོ་བདེ་ཁང་གསར་ནི་ཡུལ་སྐོར་སྤྲོ་འཆམ་རྣམས་གནས་མཇལ་ཡོང་མཁན་ཚོའི་ཆེད་དུ་སྒོ་ཕྱེ་ཡོད། གྲྭ་བ་རྣམས་ཀྱིས་མཆོད་ཁང་དེར་དེང་སྐབས་ཡང་མུ་མཐུད་ནས་ཚོགས་ཚོགས་པ་དང་ཚོགས་འབུལ་བ། ཉིན་རེའི་སྨོན་ལམ་གསོལ་འདེབས་སོགས་སྔོན་གྱི་ལུགས་སྲོལ་ལྟར་བྱེད་ཀྱི་ཡོད། འདི་ནི་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་གནས་མཆོག་དམ་པ་ཞིག་རེད།
དེར་མཆོད་མེ་འཕུལ་བ་ཡིན་ན་སོ་སོའི་གཏི་མུག་རྣམས་དག་པ་དང་དགེ་བའི་ཕྱོགས་སུ་འགྱུར་བའི་ང་ཚོའི་དགེ་བ་དེ་སོ་སོའི་བདེ་བ་དང་མངོན་འདོད་དང་ཉེ་འབྲེལ་ལ་བསྔོ་བ་བྱེད། དེ་ནི་རྡོ་རྗེ་ཤུགས་ཀྱིས་གྲོགས་དང་འཕྲིན་ལས་ལ་བརྟེན་ནས་བཞེངས་པའི་ལྷ་ཁང་ཐོག་མར་ཡིན། དེར་བརྟེན་དེའི་ནང་ལ་གསུང་རབ་དང་། སྨོན་ལམ་སྔགས་འདོན་པ་ཡིན་ན་གང་བྱེད་དགེ་བ་རྣམས་རྒྱ་ཆེར་འཕེལ། རྡོ་རྗེ་ཤུགས་ལྡན་ནི་བླ་མ་གྲུབ་པ་ཆེན་པོ་ཞིག་ནས་སྲུང་མ་མངོན་དུ་འགྱུར་བས༧གོང་ས་མཆོག་ནས་འདིར་མཆོད་ཁང་དུ་འཇོགས་པ་རེད། །
མཛད་པ་པོ།: ཚེམས་སྤྲུལ་སྐུ།
ཁུངས།: སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་གསུང་།
“བསྟོད་འགྲེལ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ།”
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།