སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
(By Tsem Rinpoche)
༄༅། འཛམ་གླིང་གང་སར་བཞུགས་པའི་རྩེ་བའི་གྲོགས་པོ་ཚོ།
ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ཆེས ༢༥ ཉིན་ཀེ་ཆ་ར་ནས་སྤང་ལུང་སྐུ་རྟེན་བདུན་པ་ཐུབ་བསྟན་འཕེལ་རྒྱས་འཇིགས་མེད་རྣམ་རྒྱལ་མཆོག་ལ་གཟིམ་ཁང་ཕུལ་བའི་གོ་སྐབས་རྙེད་པ་དེ་ནི་ཤིན་ཏུ་ནས་སྐལ་བ་བཟང་། ཁོང་ལ་སྐུ་ཞབས་ཆོས་རྗེ་ལགས་ཡང་ཟེར།
གཟིམ་ཁང་དེ་ལ་སྤང་ལུང་རི་ཁྲོད་ཟེར། ཐོག་མ་སྤང་ལུང་རི་ཁྲོད་ནི་བོད་ཀྱི་ལྷ་སར་གནས་པ་དེ་དྲན་གསོའི་ཆེད་དུ་ཡིན། དེ་ནི་སྤང་ལུང་རིན་པོ་ཆེ་དང་སྐུ་རྟེན་སྐུ་བརྒྱུད་ཀྱི་མཚམས་ཁང་ཡིན། སྤང་ལུང་རི་ཁྲོད་དེར་སྐུ་རྟེན་ལགས་ལ་རྡོ་རྗེ་ཤུགས་ལྡན་དང་བསེ་ཁྲབ། ཁ་ཆེ་དམར་པོ་ལ་སོགས་པའི་སྲུང་མ་མང་པོའི་སྐུ་ཕེབས་བྱས་པས་གནས་བྱིན་རླབས་ཅན་ཆགས།
རི་ཁྲོད་དེ་ནས་ཁོང་གི་ཡབ་དམ་པ་སྤང་ལུང་སྐུ་རྟེན་དྲུག་པར་སྐུ་གསོལ་ཞུས་ཏེ་༧གོང་ས་མཆོག་དང་ཁོང་གི་ཆིབས་ཞབས་རྣམས་བོད་ནས་བྲོས་སྐབས་ལམ་སྟོན་བཀའ་ལུང་གནང་། ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་པོ་༧གོང་ས་མཆོག་གི་སྲོག་ལ་ཉེན་ཁ་ཕྲད་དུས་སྤང་ལུང་རི་ཁྲོད་ཀྱི་སྐུ་ཞབས་ཆོས་རྗེ་ལགས་སུ་རྡོ་རྗེ་ཤུགས་ལྡན་སྐུ་གསོལ་ཞུས་ཏེ་གྲོགས་དང་འཕྲིན་ལས་ཚད་མེད་གནང་།
ང་ངའི་དགེ་ཕྲུག་ཚོའི་ལྷན་དུ་སྐུ་ཞབས་ཆོས་རྗེ་ལགས་དང་འབྲེལ་བ་ཆགས་ནས་ལོ་བཅུ་ཙམ་སོང་། ལོ་མཐའ་མ་དེ་ལ་ཀེ་ཆ་ར་དབེན་གནས་ཆོས་ཚོགས་ནང་མཇལ་ནས་བཟུང་ཁོང་དང་འབྲེལ་བ་ཟབ་མོ་ཆགས། ཁོང་གིས་སྐུ་ཚེ་གང་པོར་ཆོས་སྐྱོང་སྐུ་ཕེབས་ཞུས་ནས་སེར་སྐྱ་མི་དམངས་ཡོངས་ལ་ལོ་བཞི་བཅུའི་བར་ཕན་བདེ་རྒྱ་ཆེན་སྐྲུན་པ་དེ་ལ་རྗེས་སུ་ཡིད་རང་ཡོད།
སྐུ་ཞབས་ཆོས་རྗེ་ལགས་ཀྱི་རང་དོན་ལ་མི་ལྟོས་པར་སྐུ་ཚེ་གང་པོར་བསྟན་པ་དང་འགྲོ་བའི་དོན་དུ་དགོངས་པ་བཞེད་ནས་ཕྱག་ལས་མང་པོ་གནང་བ་ཡིན་ཙང་། དེ་ལ་ཡང་ནས་ཡང་དུ་རྗེས་སུ་ཡིད་རང་ཞུས་ནས་ཆོས་སྐྱོང་བྱིན་རླབས་ཅན་གྱི་གཟིམ་ཁང་དེ་སྐུ་ཞབས་ཆོས་རྗེ་ལགས་ཀྱི་ཆེད་དུ་ཀེ་ཆ་ར་ཆོས་ཚོགས་ཡོངས་ནས་འབུལ་རྒྱུ་ཡིན། དེ་ནི་སྐུ་ཞབས་ཆོས་རྗེ་ལགས་ཁོང་ཁ་ཁུ་སིམ་པོའི་ངང་ནས་དབེན་པར་རང་དབང་དུ་བཞུགས་རྒྱུའི་ཆེད་དུ་ཡིན། དེ་མ་ཚད་སྐུ་ཉིད་ཀྱི་ཕྱག་མཛོད་ལགས་དང་འབྲེལ་ཡོད་སྐུ་མགྲོན་ཁག་ཕེབས་དུས་བཞུགས་ས་དང་སྐུ་ཚེའི་མཐའ་མ་རྫོགས་བར་སྤྲོ་པོའི་ངང་ནས་བཞུགས་སའི་གཟིམ་ཁང་ཕུན་སུམ་ཚོགས་པ་འབུལ་ཡོད་ལགས།
སྐུ་ཞབས་ཆོས་རྗེ་ལགས་དགུང་ལོ་མཐོན་པོར་ཕེབས་དུས་ལྷོད་ལྷོད་གནང་ནས་བཞུགས་སའི་གཟིམ་ཁང་དེ། མཐའ་བསྐོར་གཡས་གཡོན་དུ་རི་དང་ཤིང་ནགས་སྙིང་རྗེ་པོ་ཡོད། དེའི་མཐའ་འཁོར་དུ་སངས་རྒྱས་ཀྱི་སྐུ་ཡོད། ཞིང་མཆོག་འདི་ན་སྐུ་ཉིད་ཀྱི་སྐུ་ཚེའི་ནང་སྐུ་ཁམས་བཟང་པོ་ཡོང་བའི་སྨོན་འདུན་ཞུ། སྐུ་ཞབས་ཆོས་རྗེ་ལགས་དགུང་ལོ་མཐོན་པོར་ཕེབས་སྐབས་སུ་ཞབས་ཞུ་ཞུས་པའི་གོ་སྐབས་བཟང་པོ་ཐོབ་པར་འདི་ལ་དགའ་པོ་བྱུང་། དེ་བཞིན་སྔོན་མ་ཡང་དགུང་ལོ་མཐོན་པོར་ཕེབས་པའི་བླ་མ་མང་པོ་ལ་ཞབས་ཞུ་མང་པོ་ཞུས་ཡོད།
སྐུ་ཞབས་ཆོས་རྗེ་ལགས་ཀྱི་གནང་བ་ལྟར་ངས་གཟིམ་ཁང་དེའི་མིང་ལ། སྤང་ལུང་རི་ཁྲོད་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན། འདི་རྡོ་རྗེ་ཤུགས་ལྡན་གྱི་རྒྱུད་པ་སླར་གསོ་བྱེད་པ་མཐོང་གིས་འདུག་པས་སྤང་ལུང་སྐུ་རྟེན་རྣམས་ཀྱི་བྱུང་རབས་ཡིན་པ་ཡང་མཚོན། ཞིང་མཆོག་དེ་ལ་རྟེན་ནས་གཞན་སེམས་ཅན་མང་པོ་ལ་ཕན་ན་བསམ་པའི་རེ་བ་ཡོད། བོད་པའི་ལུགས་སྲོལ་ལྟར་ན། བླ་མ་སྐྱེས་ཆེན་དམ་པ་དང་། གྲྭ་པ་བཟང་པོ། ནང་ཆོས་སློབ་གཉེར་བ་རྣམས་ལ་གནས་ཁང་འབུལ་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་དར་བར་གྲོགས་བྱེད་ཀྱི་ཡོད་ཞེས་ཡིད་ཆེས་གནང་གྱིན་ཡོད། དེ་ལྟར་མི་མང་པོ་ལ་ཕན་གྱི་ཡོད་ཅིང་ས་གནས་དེར་ཁོང་རྣམས་ལྷོད་ལྷོད་ཐོག་ནས་སྐུ་གཟུགས་འཕྲོད་བསྟེན་གནང་སྟེ་ཆོས་ཡག་པོ་སྤེལ་ཐུབ།
སྦྱིན་བདག་རྣམ་པ་དང་། འཆར་འགོད་པ། ཨར་ལས་པ། ཞབས་བརྟན་གནང་མཁན། ཕྱག་ལས་གནང་མཁན་རྣམས་ཀྱི་རྩོལ་བ་ལ་རྟེན་ནས་འཆར་གཞི་དེ་ལོ་གཅིག་ནང་གྲུབ་ཐུབ་པ་རེད། ཀེ་ཆ་རའི་ཚོགས་མི་དང་གྲོགས་པོ་ཡོངས་ཀྱིས་འབད་བརྩོན་མེད་པ་ཡིན་ན་གྲུབ་འབྲས་འདི་འགྲུབ་མི་སྲིད། སྐུ་ཞབས་ཆོས་རྗེ་ལགས་ཀྱིས་ལས་གཞི་འདི་ངོས་ལེན་གནང་ནས་ས་གནས་འདི་ཞལ་བཞེད་གནང་པ་ལ་ཐུགས་རྗེ་ཆེ་ཞུས་ཀྱིན་ཡིན། རྡོ་རྗེ་ཤུགས་ལྡན་གྱི་ངའི་རེ་སྐུལ་མོས་མཐུན་གནང་བ་ལའང་ཐུགས་རྗེ་ཆེ་ཞུས་ཀྱིན་ཡིན།
ཀེ་ཆ་རའི་ངོས་ནས་སྐུ་ཞབས་ཆོས་རྗེ་ལགས་ལ་གཟིམ་ཁང་འདི་ཕུལ་བ་ཡིན་པས་བསམ་པ་ཐམས་ཅད་འགྲུབ་པར་ཤོག འདིར་རྡོ་རྗེ་ཤུགས་ལྡན་གྱི་རྒྱུད་པ་དེ་བསྐྱར་གསོ་བྱས་པའི་བྱིན་མཐུས་དེའི་སྔོན་དུས་ལྟར་འཛམ་གླིང་ནང་ཕན་འདོགས་ཆེན་པོ་ཡོད། མ་འོངས་པ་ན་སེམས་ཅན་ཐམས་ཅད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་རླབས་དང་སྲུང་སྐྱོབ་གནང་བར་ཤོག །
བཀྲ་ཤིས་ཤོག །
དགའ་སྤྲོ་ཆེན་པོས་སྨོན་ལམ་འདེབས།
ཚེམས་སྤྲུལ་སྐུ།
ཡང་ན་ཁ་བྱང་དེར་བརྙན་འཕྲིན་གཟིགས་རོགས་གནང་།
https://video.tsemtulku.com/videos/PanglungRitroeChojela.mp4
སྤང་ལུང་རི་ཁྲོད་རྟེན་འབྲེལ་བཟང་པོའི་མཛད་སྒོའི་སྐབས།
སྤང་ལུང་རི་ཁྲོད་སྐོར།
སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། བོད་སྡེ་པ་གཞུང་གི་ཞབས་ཞུ་ཞུ་མཁན། སྤང་ལུང་རིན་པོ་ཆེ་སྐུ་ཕྲེང་དང་པོའི་སྐབས་ཀྱི་མཚམས་ཁང་རེད། གནའ་སྔ་མོར་བོད་དང་༼ སེང་བ་ ༽ཟེར་བའི་སོག་ཡུལ་གཉིས་ཀྱི་བར་དམག་འཁྲུག་ལངས་པའི་སྐབས་ལ། དམག་ལ་རོགས་རམ་གནང་། སྐབས་དེ་དུས་ཁོང་ལ་མཚམས་ཁང་ཞིག་ཕུལ་བ་ནས་བཟུང་དེའི་མིང་ལ་སྤང་ལུང་རི་ཁྲོད་ཞེས་བྱུང་། རི་ཁྲོད་དེ་ཉིད་ལྷ་སར་སེར་ར་དགོན་པའི་མདུན་ལ་ཡོད། དེར་སྤང་ལུང་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་བླ་བྲང་ཡང་ཡོད། དེའི་ནང་ལྷ་སྐུ་གསོལ་ཞུ་སའི་མཆོད་ཁང་དང་སྐུ་རྟེན་ལགས་ཀྱི་གཟིམ་ཤག་བཅས་ཡོད།
དེ་ནས་སྤང་ལུང་རི་ཁྲོད་དེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ས་ཆགས། འདི་ཆོས་སྐྱོང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་ཆོས་རྒྱུད་དངོས་ནས་གནས་ས་རེད། མཚམས་ཁང་དེར་སྤང་ལུང་རིན་པོ་ཆེ་དང་ལྷན་དུ་བཞུགས་མཁན་ཞིག་ལ་ཁོང་གིས་སྦྱོང་བརྡར་གནང་བའི་རང་ཉིད་སོ་སོའི་སྐུ་རྟེན་ཞིག་ཡོད་རེད། རི་ཁྲོད་དེའི་ནང་ཡུན་རིང་པོ་བཞུགས་ནས་དེའི་རྗེས་ལ་སྤང་ལུང་སྐུ་རྟེན་ཞེས་པའི་མཚན་ཡོངས་གྲགས་སུ་ཕྱིན་པ་རེད། རི་ཁྲོད་འདི་ནས་ཆོས་སྐྱོང་གི་སྐུ་རྟེན་གྱི་རྒྱུད་པ་མི་རབས་བདུན་བར་དུ་བརྒྱུད་ནས་ཡོང་བ་དེ་བོད་ནང་ཡོངས་སུ་གྲགས།
སྤང་ལུང་སྐུ་རྟེན་བདུན་པ། མཚན་ལ་སྐུ་ཞབས་ཆོས་རྗེ་ལགས་ཡང་ཞུ། ཁོང་ལ་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང་གྲོ་མོ་དགེ་བཤེས་རིན་པོ་ཆེ་རྣམས་གཉིས་བརྒྱུད་ནས་ཆོས་སྐྱོང་སྐུ་གསོལ་ཞུ་ཚུལ་གྱི་སྐོར་སྦྱོང་བརྡར་དང་གནང་བ་ཐོབ། ཁོང་བོད་སྤང་ལུང་རི་ཁྲོད་ནང་སྐུ་འཁྲུངས་བ་དང་དེར་ཕ་མ་ལྷན་དུ་བཞུགས། སྐུ་ཞབས་ཆོས་རྗེ་ལགས་ཀྱི་ཡབ་སྤང་ལུང་སྐུ་རྟེན་དྲུག་པ། ཁོང་ལ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་། བསེ་ཁྲབ། ཁ་ཆེ་དམར་པོ་བཅས་ཕེབས་ཀྱི་ཡོད་པས་སྙན་གྲགས་ཆེ། སྔ་མ་ཕྱི་ལོ་༼ ༡༩༥༩ ༽ལོར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་རྒྱ་གར་ལ་ཇི་ལྟར་ཕེབས་དགོས་སྤང་ལུང་སྐུ་རྟེན་དྲུག་པར་ཆོས་སྐྱོང་སྐུ་གསོལ་ཞུས་ནས་བཀའ་གནང་ས་སྤང་ལུང་རི་ཁྲོད་དེར་རེད། རྗེས་ལ་བོད་ནང་བཀྲ་མི་ཤིས་པ་བྱུང་ནས་སྤང་ལུང་རི་ཁྲོད་འདི་གཏོར་བཤིག་སོང་བ་རེད། དེ་ལྟ་ནའང་རི་ཁྲོད་དེ་ལ་ཆོས་སྐྱོང་སྐུ་གསོལ་ཚར་མང་པོ་ཞུས་པས་ད་ལྟ་བར་བྱིན་རླབས་ཅན་གྱི་གནས་ཆེན་ཡིན་པར་གྲགས། རི་ཁྲོད་ཞིག་རལ་དེ་ལ་གནས་སྐོར་བ་ཚོ་ད་ལྟ་བར་དེར་ཕེབས་ནས་གནས་ཆེན་དེར་ཕྱག་མཆོད་དང་། བསང་གསོལ་བཏང་། རླུང་རྟ་བཏགས། སྐོར་བ་རྒྱག་པ་སོགས་མང་པོ་བྱས།
སྐུ་ཞབས་ཆོས་རྗེ་ལགས་ལ་ཐུན་མོང་ཡིན་པའི་བླ་བྲང་དང་དམིགས་བསལ་གྱི་གཟིམ་ཤག་མེད། ཆོས་སྐྱོང་གི་ལུང་ལ། བླ་བྲང་དེ་ཆོས་སྐྱོང་སྐུ་རྟེན་ལགས་སོ་སོའི་རང་ཉིད་ཀྱི་ཡིན་ཤག་གནང་བར་གནང་། ཕྱི་ལོ་༼ ༡༩༥༩ ༽ལོར་རི་ཁྲོད་དེ་གཏོར་བཤིག་ཕྱིན་པའི་ཕྱིས་སུ། དེའི་མཐུན་གྲོགས་ཚོགས་པ་ཡོངས་ནས། སྤང་ལུང་རི་ཁྲོད་དེ་སྐྱར་གསོ་གནང་རྒྱུའི་གཞུང་ནས་ཆོག་མཆན་ཡིག་ཆ་རག་རྒྱུའི་ཐབ་ཤེས་མང་པོ་བྱས། ཡིན་ན་ཡང་རི་ཁྲོད་དེ་གཞུང་ལ་ཐོ་བཀོད་མེད་པའི་རྐྱེན་གྱིས་ཆོག་མཆན་ཡིག་ཆ་མ་རག། དེ་ཡིན་ཙང་རི་ཁྲོད་འདི་སྐྱར་གསོ་གཏོང་རྒྱུ་མ་བྱུང་བས་སྐུ་རྟེན་ལགས་ཀྱི་མཚམས་ཁང་དངོས་ནས་ནང་ལ་བཞུགས་པར་མི་འོས། གལ་སྲིད་སྐུ་ཞབས་ཆོས་རྗེ་ལགས་བོད་ནང་བཞུགས་ཡོད་ན། སྤང་ལུང་རི་ཁྲོད་དེ། ཁོང་གི་འཁྲུངས་ས་དང་ཕ་མའི་ཆོས་ཉམས་ལེན་གནང་ས་ཕྱག་ལས་གནང་ས་བཅས་ཡིན།
ཕྱི་ལོ་ ༢༠༡༥ ལོར་ཆོས་རྗེ་ལགས་ཀེ་ཆ་ར་ཆོས་ཚོགས་སུ་ཕེབས་ནས། རི་བོ་དགེ་ལྡན་པའི་བསྟན་པ་དར་བ་དང་སྲ་ཞིང་བརྟན་པར་གནས་ཆེད་དུ་དམིགས་གསལ་གྱི་ཐུགས་སྨོན་གནང་། ཁོང་དེར་བཞུགས་པའི་སྐབས། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་། ཁ་ཆེ་དམར་པོའི་སྐུ་གསོལ་ཞུས་ཏེ་ས་ཆ་སོགས་ལ་བྱིན་འབེབས་གནང་། དེ་ནས་དེ་དུས་ཚེམས་རིན་པོ་ཆེ་མཆོག་ནས། ཀེ་ཆ་ར་ཆོས་ཚོགས་ནང་སྤང་ལུང་རི་ཁྲོད་གསར་དུ་བཞེངས་པ་དང་བླ་བྲང་དེ་སླར་གསོ་བཏང་ནས། དགེ་ལྡན་བསྟན་པའི་དོན་དུ་ཕྱག་ལས་ཚད་མེད་གནང་མཁན་སྐུ་ཞབས་ཆོས་རྗེ་ལགས་སུ་ཕུལ་བར་ཐག་གཅོད་གནང་།
བཟོ་སྐྲུན་མ་བྱས་སྔོན་དུ་བོད་པའི་རྒྱུན་སྲོལ་ལྟར་ཁོར་ཡུག་དེར་བྱིན་འབེབ་དང་རབ་གནས་གནང་བ་སོགས་བྱས། སྨོན་ལམ་བརྒྱབས་ཏེ་ལྷ་ཁང་དང་ཕྱི་དབྱིབས་མ་བཀོད་སྔོན་དུ་བྱ་བ་ལམ་འགྲོ་ཡོང་བ་དང་ཚོགས་གསོག་པའི་ཆེད་དུ་ཡིན། དོན་ཚན་འདིའི་ནང་སྤང་ལུང་རི་ཁྲོད་བསྐྱར་དུ་གཏན་ལ་འབེབ་པའི་སྐོར་དང་བླ་བྲང་བཟོ་སྐྲུན་དུས་ཡུན་དང་སྐུ་རྟེན་མཆོག་ལ་སྤང་ལུང་རི་ཁྲོད་ཕུལ་བའི་དོན་གནད་ཆོན་པོའང་ཞིབ་ཚགས་བཤད་ཡོད།
ཇི་བཞིན་སྤང་ལུང་རི་ཁྲོད་དེ་སྤང་ལུང་སྐུ་རྟེན་ལགས་ལ་འབུལ་བ་ཡིན་པས་གཟིམ་ཤག་དེའི་རྒྱབ་ཏུ་རི་རྩེ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་རྩ་ཆེན་ཡོད། གཟིམ་ཤག་དེའི་མདུན་གྱི་ཉེ་འགྲམ་དུ་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ཡིད་དུ་འོང་བ་ཞིག་ཡང་ཡོད་པར་གཟིགས་ཏེ་ཤིན་ཏུ་ཐུགས་སྤྲོ་བའི་ངང་ནས་ཧང་སངས་གནང་སོང་། དེ་ལྟར་འདི་ནི་བོད་དུ་ཡོད་པའི་སྤང་ལུང་རི་ཁྲོད་དང་ཡོངས་སུ་མཚུངས། བོད་ཀྱི་སྤང་ལུང་རི་ཁྲོད་དེའི་རྒྱབ་ཏུ་རི་ཞིག་ཡོད་པར་དེར་རྡོ་རྗེ་ཤུགས་ལྡན་གྱི་རྟེན་ཁང་ཞིག་ཡོད་པས་ཁོང་ནི་འཇམ་དཔལ་དབྱངས་དང་གཅིག་མཚུངས་རེད། དེ་མ་ཟད་དེའི་འཁྲིས་སུ་མ་གཅིག་ལབ་སྒྲོལ་མཚམས་བཞུགས་སའི་ས་གནས་ཡང་ཡོད། མ་གཅིག་ལབ་སྒྲོལ་ནི་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་པར་ཆ་འཇོག་གནང་གིན་ཡོད།
དེས་ན་བོད་ཀྱི་སྤང་ལུང་རི་ཁྲོད་ན་གང་ཡོད་པ་དེ་ཀེ་ཆ་ར་ལའང་གཅིག་མཚུངས་སུ་ཡོད། དཔེ་ལེན་པ་དེ་ནི་ཆེད་མངགས་ཀྱི་མ་ཡིན་ནོ། གང་ལྟར་ཡང་སྤང་ལུང་རི་ཁྲོད་བསྐྱར་གསོ་བྱས་ཏེ་སྐྱེས་འགྲོ་ཡོངས་ཀྱི་དོན་དུ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་རྒྱུད་པ་དེ་བསྐྱར་གསོ། འོག་གི་བརྙན་འཕྲིན་དེར་གཟིགས་རོགས་གནང་། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་མི་ཉམས་རྒྱུད་འཛིན་བྱེད་པ་དང་སྤང་ལུང་རི་ཁྲོད་དེ་བསྐྱར་གསོ་བྱས་པའི་མཛད་སྒོའང་བཟོ་བཀོད་ཀྱི་པར་ལ་གཟིགས་གནང་ཡོད་པར་མཁྱེན།
JP་ནི་ཚེམས་རིན་པོ་ཆེའི་སློབ་མ་ཞིག་ཡིན། ཁོང་གིས་གནས་མཆོག་སྤང་ལུང་རི་ཁྲོད་ཀྱི་སྐོར་གསལ་བཤད་གནང་། JP་ལགས་ནས་རང་ཉིད་ཀྱི་ཚོགས་བསག་སྒྲིབ་སྦྱོང་ཁོ་ན་ལ་དམིགས་ནས་ཕྱག་ལས་གནང་བ་རེད། མ་ལ་ཤི་ཡ་ཀེ་ཆ་ར་དབེན་གནས་ཆོས་ཚོགས་སུ་སྤང་ལུང་རི་ཁྲོད་བཟོ་བཀོད་བྱས་པའི་རྒྱུ་མཚན་དེ་ནི་བརྙན་ཕྲིན་ཐུང་ངུ་འདིའི་ནང་གསལ་བཤད་བྱས་ཡོད་པས་ཚང་མས་གཟིགས་རོགས་གནང་།
ཡང་ན་ཁ་བྱང་དེར་བརྙན་འཕྲིན་གཟིགས་རོགས་གནང་།
https://video.tsemtulku.com/videos/TheBuildingOfPanglungRitroe.mp4
སྤང་ལུང་སྐུ་རྟེན་ ༧ པའི་རྣམ་ཐར་མདོར་བསྡུས་ཞིག །
སྤང་ལུང་སྐུ་རྟེན་ཐུབ་བསྟན་འཕེལ་རྒྱས་འཇིགས་མེད་རྣམ་རྒྱལ་མཆོག་ནི། སྤང་ལུང་སྐུ་རྟེན་སྐུ་རྒྱུད་ནང་ནས་སྐུ་འཕྲེང་བདུན་པ། ཁོང་ནི་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང་སྐྱབས་མཆོག་གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་འཕྲེང་གཉིས་པས་བྱིན་འབེབ་གནང་། དེ་ཙམ་མིན་པར་ཁོང་རྣམས་གཉིས་ཀྱིས་ཆོས་སྐྱོང་སྐུ་གསོལ་ཇི་ལྟར་ཞུ་ཚུལ་རྩལ་སྦྱོང་གནང་། འཛམ་གླིང་གང་སར་བཞུགས་ཡོད་པའི་སྐྱེས་ཆེན་དམ་པ་རྣམས་དང་། གདན་ས་ཁག ། མི་མང་སོགས་ཀྱི་དོན་དུ་སྐུ་ཞབས་ཆོས་རྗེ་ལགས་ཀྱིས་ཕྱག་ལས་ཚད་མེད་གནང་། སྤང་ལུང་སྐུ་རྟེན་ ༧ པར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་། ཁ་ཆེ་དམར་པོ། གཞི་བདག་དགེ་བསྙེན་ལ་སོགས་པའི་སྲུང་མ་མང་པོ་སྐུ་ཕེབས་ཀྱིན་ཡོད།
གཞན་དོན་གང་བྱེད་ཀྱང་རེ་བསྐུལ་ལ་མི་ལྟོས་པར་ཕྱག་རོགས་གནང་མཁན། ཤིན་ཏུ་ཡ་རབས་སྤྱོད་བཟང་དང་ལྡན་པའི་དགེ་སྦྱོང་ཞིག ། ཁོང་མཁས་པ་ཤེས་ལྡན་ཡིན་ཡང་། ཚུལ་དང་ལྡན་པ། ཐུགས་གཡེང་མེད་པར་ཁུ་སིམ་པོར་སྒོམ་སྐྱོན།
འཛམ་གླིང་ཡོངས་ལ་བཞུགས་ཡོད་པའི་དད་ལྡན་སློབ་མ་རྣམས་ཀྱིས། གདན་འདྲེན་ཞུས་ནས་ཆོས་སྐྱོང་སྐུ་གསོལ་ཞུས་ཏེ་ལུང་བསྟན་དང་བཀའ་ལུང་ཞུས། དེ་ནས་སྐུ་ཞབས་ཆོས་རྗེ་ལགས་ཀྱིས་དོགས་མེད་འཕྱུག་མེད་ཀྱི་ཐོགས་ནས་ཁོ་ཚོ་ལ་ལུང་བསྟན་གནང་ནས་བྱིན་གྱི་རློབས་པ་དང་ཕན་ནུས་རྒྱ་ཆེས་བསྐྱངས། སྐུ་རྟེན་དེ་ཉིད་དང་འབྲེལ་བའི་དད་གུས་ཅན་གྱི་སློབ་མ་ཡོངས་ལ་གྲོགས་འཕྲིན་ལས་གནང་བའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནི་སྙིང་རྗེ་ཅན་དང་ཐམས་ཅད་མཁྱེན་པ་ཞིག་ཡིན་པ་གསལ་པོ་མཚོན།
- ༼ ས་ཆ། ༽
- ༼ རྨང་གཞི། ༽
- ༼ ཁང་པའི་རྒྱུ་ཆ། ༽
- ༼ རྩིག་པ་དང་ཐོག་རྩེག་གཉིས་པ། ༽
- ༼ ཚར་ལ་ཉེ་བ། ༽
- ༼ མཐར་སྐྱེལ། ༽
- ༼ རྟགས་མཚན་བཟང་པོ། ༽
- ༼ ཆོས་རྗེ་ལགས། ༽
སྤང་ལུང་རི་ཁྲོད་ཀྱི་ས་ཆ་འདི་ནི། ཀེ་ཆ་ར་དབེན་གནས་སུ་བཞེངས་པར་ཆོས་སྐྱོང་སྐུ་གསོལ་ཞུས་ནས་ལུང་བསྟན་གྱིས་གནང་བ་ཐོབ་པ་ལྟར་བཞེངས་ཡང་སྐུ་ཞབས་ཆོས་རྗེ་ལགས་དབེན་པར་གནས་པའི་ཕྱིར་དུ་ཆོས་ཚོགས་ཀྱི་ལྟེ་གནས་ལས་ཐག་རིང་ཙམ་ཡོད། ཚེམས་སྤྲུལ་སྐུ་རིན་པོ་ཆེ་ནས་ཀེ་ཆ་ར་དབེན་གནས་ཀྱི་མཐའ་ནས་མཇུག་བར་དུ་ཞིབ་འཇུག་གནང་། མཐར་ས་ཆ་འདི་ལ་དབེན་གནས་ཀྱི་ས་མཆོག་དུ་འདེམ་སྒྲུག་གནང་། གཟིམ་ཁང་འདི་མ་བཞེངས་སྔོན། ཀེ་ཆ་ར་དབེན་གནས་ཞབས་བརྟན་ལྷན་ཚོགས་ནས་རབ་གནས་གནང་ནས་བྱིན་གྱིས་རླབས།
གཟིམ་ཁང་དང་དེའི་རྨང་གཞི་ཡུན་རིང་པོར་བརྟན་པོ་གནས་པའི་ཕྱིར་དུ་ཨར་ལས་བྱས་པའི་རིང་ལ་དོ་སྣང་གཟབ་གཟབ་བྱས་ནས་ལེགས་གྲུབ་བྱུང་།
ཨར་ལས་འདིའི་སྐབས། ཤིང་བཟོ་དང་ལྕགས་བཟོ་བ་ཚང་མ་སྒྲིག་ལམ་ལྡན་པའི་ལས་བྱེད་ཉམས་མྱོང་ཅན་དང་། རྒྱུ་ཆ་དུས་ཐོག་ཏུ་འབྱོར་བ་དང་། ཕྱག་ལས་དུས་ཐོག་ཏུ་གནང་སོང་།
ཚ་བའི་སྐབས་ཡང་ཁང་པ་དེར་བསིལ་པོ་ཡོང་བའི་ཆེད་དུ་མཁོ་སྤྲོད་འོས་པོ་འདམ་པ་རེད། དེ་ནི་རྩིག་པ་དང་གྱང་དེར་འགེབས་ཡོད། ཐོག་རྩེག་དང་པོ་ནི་སྐུ་ཞབས་ཆོས་རྗེ་དང་ཁོང་གིས་སློབ་མ་ཚོའི་གཟིམ་ཤག ཐོག་རྩེག་གཉིས་པ་ནི་སྐུ་གསོལ་ཞུས་སའི་ཚོགས་ཁང་ཆུང་ཆུང་དེ་ཡིན།
སྐུ་ཞབས་ཆོས་རྗེ་ལགས་ཀྱི་གཟིམ་ཤག་གསར་པ་རྒྱག་དུས། ཡུན་རིང་དུ་གནས་པའི་ཆེད་དུ་མཁོ་སྤྲོད་ཅ་ལག་ལེགས་ཤོས་བེད་སྤྱོད་བྱས་ཡོད། རིན་པོ་ཆེ་ནས་ཁང་པ་ལ་ཡང་ཡང་ལྟ་སྐྱོང་མི་དགོས་པའི་ཐབ་ཤེས་གང་ལེགས་གནང་ཡོད། གང་ཡིན་ཟེར་ན་སྐུ་ཞབས་ཆོས་རྗེ་ལགས་མ་བཞུགས་པའི་སྐབས་དུས་རྟག་པར་གཙང་སྦྲ་བྱེད་མི་དགོས་པའི་ཆེད་དུ་ཡིན།
གཟིམ་ཁང་ཆར་གཞི་དབུ་བཙུགས་པ་ནས་བཟུང་། མཐར་སྐྱེལ་བར་ཁྱོན་སྡོམ་ཟླ་བ་དགུ་བགོར་སོང་། རིན་པོ་ཆེ་ལགས་དང་ཀེ་ཆ་ར་ལས་མི་རྣམས་ཀྱིས་སྐུ་ཞབས་ཆོས་རྗེ་ལགས་སུ་གཟིམ་ཁང་ཞིག་ཕུལ་ཐུབ་པ་དེ་ལ་ཧ་ཅང་དགའ་པོ་བྱུང་།
སྤང་ལུང་རི་ཁྲོད་འདི་བཟོ་བའི་སྐབས་སྔ་ཕྱི་བར་གསུམ་དུ་རྟགས་མཚན་མང་པོ་བྱུང་ཡོད་པ་དང་ཨར་ལས་རྒྱག་མཁན་རྣམས་ལ་ཡང་བཀྲ་ཤིས་པའི་བྱ་བ་ལམ་འགྲོ་སོགས་བྱུང་ཡོད། གལ་ཆེ་ཤོས་དེ་འཆར་གཞི་འདི་གྲུབ་པར་བར་ཆད་གང་ཡང་བྱུང་ཡོད་མ་རེད། རྒྱུ་ཆ་རྣམས་དུས་ཐོག་དུས་འབྱོར་བ་དང་མི་སུ་ལ་ཡང་གནོད་འཚེ་བྱུང་མེད་ཅིང་ལས་ཀ་འཇམ་བུའི་ཐོག་ནས་གྲུབ་སོང་།
བཟོ་སྐྲུན་འགོ་མ་འཛུགས་པའི་ཉིན་ཤས་སྔོན་ལ་སྤང་ལུང་རི་ཁྲོད་གཟིམ་ཁང་འགྲམ་གྱི་ཤིང་སྡོང་ལ་སྦྲང་ཚང་བསོགས་པ་དེ་ནི། བོད་པའི་ལུགས་སྲོལ་ལྟ་ན་སྦྲང་ཚང་དེ་ནི་རྟེན་འབྲེལ་བཟང་པོའི་མཚོན་རྟགས་ཡིན། དེ་དང་འདྲ་བའི་གནས་རྩ་ཆེན་དུའང་རྟགས་མཚན་བྱུང་ཡོད། དཔེར་ན་སྐྱབས་མཆོག་གྲོ་མོ་དགེ་བཤེས་རིན་པོ་ཆེའི་དུང་དཀར་དགོན་ལྟ་བུར། ཕྱི་ལོ་ ༢༠༡༠ ལོར་དུང་དཀར་དགོན་པ་བཟོ་སྐྲུན་སྐབས་སྦྲང་ཚང་དེ་དུང་དཀར་བཟོ་ལྟ་རུ་གྱུར།
སྤང་ལུང་རི་ཁྲོད་ནང་རྟགས་མཚན་མང་པོ་བྱུང་ཡོད་པས་དེའི་ནང་ནས་རྟགས་མཚན་གཅིག་ནི་སྤང་ལུང་རི་ཁྲོད་རྩིག་ཚར་རྗེས་ཚེམས་རིན་པོ་ཆེ་དེར་ཕེབས་དུས་ཁང་པའི་སྒོ་ཆེན་ན་སྦལ་ཆེན་ཞིག་གཟིགས་ཡོད། སྐུ་ཞབས་ཆོས་རྗེ་ལགས་སྤང་ལུང་རི་ཁྲོད་དུ་ཕེབས་པའི་ཉིན་མོར་ཆར་པ་སིལ་སིལ་འབབ་པ་དང་མེ་ཏོག་པདྨ་དེ་ནམ་རྒྱུན་ཤར་གྱི་མེད་ན་ཡང་ཉིན་མོ་དེར་མེ་ཏོག་པདྨ་དེ་ཤར་བ་རེད།
སྐུ་༷ཞབས་ཆོས་རྗེ་ལགས་དེར་ཞབས་སོར་འཁོད་སྐབས། ཐུགས་སྤྲོ་པོའི་ངང་ནས་ས་ཕྱོགས་འདི་ཤིན་དུ་བཀྲ་ཤིས་པའི་གནས་སུ་འགྲེལ་བརྗོད་གནང་སོང་། བོད་ཀྱི་སྤང་ལུང་རི་ཁྲོད་དེ་དང་མཚུངས་ཡོད་གསུང་། བོད་ཀྱི་སྤང་ལུང་རི་ཁྲོད་གཟིམ་ཁང་མདུན་ན་ཡོད་པའི་རི་སྒང་ན་རྡོ་རྗེ་ཤུགས་ལྡན་གྱི་སྐུ་དང་། དེ་འགྲམ་ལ་མ་གཅིག་ལབ་སྒྲོན་གྱི་སྒོམ་རྒྱགས་ས་བྲག་ཕུག་ཡོད། དེ་ནས་ད་ལྟ་མ་ལ་ཤི་ཡ་ནང་ཡོད་པའི་སྤང་ལུང་རི་ཁྲོད་དེའི་རྒྱབ་ཕྱོགས་ཀྱི་རི་སྒང་ལ་ཡང་འཇམ་དཔལ་དབྱངས་ཀྱི་སྐུ་དང་། དེའི་ཕ་ཕྱོགས་ན་སྒྲོལ་མའི་སྐུ་ཡོད། དེ་ག་ནང་བཞིན་རྡོ་རྗེ་ཤུགས་ལྡན་ནི་འཇམ་དཔལ་དབྱངས་གྱི་རྣམ་སྤྲུལ་དང་། མ་གཅིག་ལབ་སྒྲོན་ནི་སྒྲོལ་མ་གྱི་རྣམ་སྤྲུལ་ཡིན་པ་གཞིར་དགོངས་ནས་ཆོས་རྗེ་ལགས་ཀྱི་གནས་འདི་ལ་བཀྲ་ཤིས་པའི་གནས་ཡིན་གསུང་།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།