སྤྲོ་བདེ་ཁང་གསར། ལྷ་ས་ན་ཡོད་པ་ལོ་བཞི་བརྒྱ་སོང་བའི་རྡོ་རྗེ་ཤུགས་ལྡན་གྱི་རྟེན་ཁང་།
བོད་ཀྱི་རྒྱལ་ས་ལྷ་ས་ལ་ཡོད་པའི་རྟེན་ཁང་སྤྲོ་བདེ་ཁང་གསར་གྱི་མདུན་གྱི་རྒྱལ་སྒོ།
སྤྲོ་བདེ་ཁང་གསར་ནི་བོད་ཀྱི་ས་གནས་ལྷ་ས་ལ་ཡོད་པའི་རྡོ་རྗེ་ཤུགས་ལྡན་གྱི་གལ་ཆེ་བའི་རྟེན་ཁང་དེ་ཡིན། དེ་ནི་༧གོང་ས་ལྔ་པ་ཆེན་པོ་མཆོག་ནས་དུས་རབས་བཅུ་བདུན་པའི་མཐར་བཞེངས་པ་ཡིན། རྡོ་རྗེ་ཤུགས་ལྡན་ནི་བོད་ཀྱི་ནང་ཆོས་སྤྱི་དང་དམིགས་བསལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གཏན་ལ་ཕབས་པའི་དབུ་མའི་ལམ་དང་། དེ་གསལ་བར་བྱེད་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་དེ་ཉིད་ཀྱི་སྲུང་མ་ཐུན་མོང་མ་ཡིན་པ་ཞིག་ཡིན། རྗེ་རིན་པོ་ཆེ་ནི་དགེ་ལུགས་པའི་ཆོས་སྲོལ་གཏོད་མཁན་དེ་ཡིན། རྡོ་རྗེ་ཤུགས་ལྡན་གྱི་སྐུ་གོང་མ་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཡིན། ཁོང་ནི་མཁས་དབང་ཞིག་དང་། ཉམས་ལེན་པ། སློབ་དཔོན་སྙན་གྲགས་ཅན་ཞིག་དང་༧གོང་ས་སྐུ་འཕྲེང་ལྔ་པ་དང་དུས་མཉམ་ཡིན། རྗེས་སུ་ཁོང་སྐུ་བཀྲོངས་པ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་གྲངས་མེད་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་དོན་དུ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་ངོ་བོ་གྱུར་པ་རེད།
སྤྲོ་བདེ་ཁང་གསར་ན་ཡོད་པའི་རྡོ་རྗེ་ཤུགས་ལྡན་བཞུགས་ཁྲིའི་སྟེང་དུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཞལ་ཐང་།
མཁས་དབང་ཅན་ཞིག་སྐུ་དཀྲོངས་པའི་རྐྱེན་གྱིས་ལུང་པ་ན་ས་ཡོམ་རྒྱབ་པ་དང་དཀའ་ངལ་སྣ་ཚོགས་ཕྲད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་དཀྲོངས་ནས་དེ་འདྲེ་ཞིག་ཏུ་གྱུར་ཡོད་རེད་བསམ་ནས་བོད་ཀྱི་མཁས་པ་ཆེན་པོ་༧གོང་ས་ལྔ་པ་མཆོག་དང་སྨིན་གྲོལ་གླིང་རིན་པོ་ཆེ་མཆོག་གིས་དཀའ་ངལ་སེལ་བའི་ཆེད་དུ་ཆོ་ག་རྒྱ་ཆེན་པོ་དང་སྦྱིན་སྲེགས་ལ་སོགས་པའི་ཐབས་ཤེས་སྣ་ཚོགས་གནང་། རིན་པོ་ཆེ་ནི་འདྲེ་ལ་སོགས་དབང་དུ་བསྡུ་བ་ལ་སྙན་གྲགས་ཅན་ཡིན། ཡིན་ནའང་རྡོ་རྗེ་ཤུགས་ལྡན་ལ་གནོད་པ་བྱེད་མ་ཐུབ། སྦྱིན་སྲེགས་སྐབས་རྡོ་རྗེ་ཤུགས་ལྡན་གྱི་རྣམ་ཤེས་ལ་མེ་སྲེགས་གཏོང་ཐབས་ཞུས་ཀྱང་སྐྱོན་བྱེད་མ་ཐུབ། སྨིན་གྲོལ་གླིང་རིན་པོ་ཆེ་མཆོག་གིས་ཐབས་ཤེས་སྣ་ཚོགས་གནང་ཀྱང་བཅོམ་མི་ཐུབ་པ་མ་ཟད། གང་གཟར་བླུག་གི་སྣེ་མོའི་སྟེང་དཔལ་རྡོ་རྗེ་འཇིགས་བྱེད་མཇལ་བ་དང་། དེར་གནོད་སྐྱོན་བྱེད་མ་ཐུབ་པ་མ་ཟད་སྐུ་ཉིད་ཀྱི་རྗེ་བཙུན་འཇམ་དཔལ་དབྱངས་བསོད་གྲབ་བྱེད་པའི་བསམ་བློ་འཁོར་ནས་དེ་མ་ཐག་ཏུ་ཆོ་ག་དེ་མཚམས་བཞག
༧གོང་ས་ལྔ་པ་མཆོག་གིས་རྡོ་རྗེ་ཤུགས་ལྡན་དེ་འདྲེ་རུ་སྐྱེས་མེད་པ་མཁྱེན་ནས་ནང་པ་སངས་རྒྱས་པའི་ཆོས་སྐྱོང་ཞིག་ཡིན་པ་ངོས་འཛིན་གནང་།
༧གོང་ས་ལྔ་པ་ཆེན་པོའི་ཕྱོགས་གཏོགས་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་དཀྲོངས་རྗེས་བཟོད་གསོལ་ཆེད་འཕྲིན་བཅོལ་རྩོམ་གནང་བ་དང་། རྒྱལ་བ་ལྔ་པ་ཁོང་ཉིད་ཀྱིས་ཆོས་སྐྱོང་གི་སྐུ་འདྲ་ཞིག་ཆེ་བསྟོད་བྱེད་དེ་བཞེངས་ནས་ཁོང་ཆོས་སྐྱོང་གི་ངོ་བོར་མངའ་གསོལ་བ་རེད། ༧གོང་ས་ལྔ་པས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐུ་ཕུང་ཞུགས་འབུལ་ཞུས་ས་དེར་སྤྲོ་བདེ་ཁང་གསར་བཞེངས་པ་རེད། དེའང་བོད་ཀྱི་ལྷ་སའི་དཀྱིལ་ལ་ཡོད་པ་དང་། སྤྲོ་བདེ་ཁང་གསར་གྱི་སྐུ་གཉེར་ནས་ང་ཚོ་ལ་དེ་འདྲ་གསུངས་པ་རེད། ད་ལྟའང་མཆོད་ཁང་དེར་མུ་འཐུད་ནས་རྡོ་རྗེ་ཤུགས་ལྡན་ལ་གསོལ་མཆོད་བྱེད་བཞིན་ཡོད།
སྤྲོ་བདེ་ཁང་གསར་དེ་ད་ཆ་རྒྱ་ནག་གཞུང་གི་རྒྱལ་ཡོངས་རྗེས་དྲན་ཆེད་དེབ་སྐྱེལ་བྱེད་པ་རེད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་སྤྲོ་བདེ་ཁང་གསར་བསྐྱར་བཟོ་བྱེད་ནས་༧གོང་ས་སྐུ་འཕྲེང་ལྔ་པའི་བཀའ་ཆེམས་ལ་རྒྱུན་དུ་བདག་གཅེས་ཞུས།
མཆོད་ཁང་གི་ཕྱི་དབྱིབས།
ལྷ་སའི་ས་བཀྲ-སྤྲོ་བདེ་ཁང་གསར་ནི་སྐོར་ལམ་གྱི་འཁྲིས་སུ་ཡོད།
མཆོད་ཁང་དེ་ནི་ལྷ་སའི་དབུས་སུ་གནས་ཡོད་པ་དང་། ཇོ་ཁང་གི་རྒྱབ་ཏུ་ཡོད་བར་སྐོར་གྱི་ལྷོ་ཕྱོགས་དང་སྐོར་ལམ་གྱི་འཁྲིས་སུ་ཡོད། ཚོགས་ཁང་དེ་ཐོག་རྩེག་གསུམ་ཡོད་པ་དང་། སྒོ་ཆེན་དེ་ཤར་རྒྱག་ཚོགས་ཆེན་བར་དུ་ཡོད།
སྤྲོ་བདེ་ཁང་གསར་ཚོགས་ཁང་ཆེན་པོ་དེར་ཀ་བ་བརྒྱད་ཡོད་པ་དང་། དེ་ན་སྙན་གྲགས་ཅན་གྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས་སྐོར་དང་། བཀྲིས་མཚོན་བྱེད་ལྷ་ཚངས་པ་ལ་སོགས་པའི་མཚོན་བྲིས་ཡང་ཡོད། རྡོ་རྗེ་ཤུགས་ལྡན་གྱི་སྐུ་སྐྱེ་སྔོན་མའི་ལོ་རྒྱུས་མཚོན་བྲིས་དེ་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་གྲུབ་ཐོབ་ཆེན་པོ་བིར་ཝ་པ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བུ་སྟོན་རིན་ཆེན་གྲུབ། པཎ་ཆེན་བསོད་ནམས་གྲགས་པ། བསོད་ནམས་ཡེ་ཤེས་དབང་པོ། ངག་དབང་བསོད་ནམས་དགེ་ལེགས་སྐོར་ཡང་བྲིས་ཡོད། མཚོན་བྲིས་དེའི་ནང་རྡོ་རྗེ་ཤུགས་ལྡན་གྱི་སྐུ་གོང་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་གནས་ཆུང་ཚུད་ཡོད།(འོག་ལ་གཟིགས་གནང་།)གནས་ཆུང་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་ཁོང་གི་དམ་བཅའ་དེ་འགྲུབ་པར་བྱེད་པ་དང་སླར་ཆོས་སྐྱོང་སྲུང་མར་སྐུལ་བྱེད་ཀྱི་རི་མོ་ཡོད།
སྤྲོ་བདེ་ཁང་གསར་ནང་དངོས་པོ་རྩ་ཆེན་མང་པོ་ཡོད། དཔེར་ན་པར་ཤིང་ནང་བཀོད་པའི་རྡོ་རྗེ་ཤུགས་ལྡན་འདོད་དོན་འགྲུབ་པའི་ཆོ་ག་ལྟ་བུ་དགའ་ལྡན་བྱང་རྩེ་སེར་སྐོང་རྡོ་རྗེ་འཆང་གི་རྩོམ་པ་ཁོང་དུས་རབས་ ༡༩ པའི་དགེ་ལུགས་པའི་བླ་མ་རྩ་ཆེན་པོ་ཞིག་ཡིན། དགོན་པ་དེར་ཚོགས་ཁང་ཁོ་རང་ནང་ཆོ་ག་ཕྱག་ལེན་ཁང་དང་གྲྭ་ཤག་ཡང་ཡོད། ཚོགས་ཁང་ནང་ཆོས་སྐྱོང་སྲུང་མ་འདྲ་མིན་སྣ་ཚོགས་རྣམས་ཀྱི་ཚོན་བྲིས་དང་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་འདྲ་དང་མཉམ་དུ་རྗེའི་ཐུགས་སྲས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེའི་སྐུ་འདྲ་ཡོད།
ཐོག་རྩེག་གསུམ་པ་དེ་མི་མང་རིག་གཞུང་གསར་བརྗེའི་ངོ་རྒོལ་སྐབས་སུ་སྤོ་དགོས་འབྱུང་བའི་དེར་སྔོན་མ་སྤྲོ་བདེ་ཁང་གསར་གྱི་སྐུ་རྟེན་ལགས་ཞུགས་ས་ཡིན། མཐིལ་ཞལ་དམའ་ཤོས་ནི་ས་འོག་ལ་ཡོད་པའི་དེ་ད་ལྟ་མཇལ་མི་ཐུབ།
རྡོ་རྗེ་ཤུགས་ལྡན་ངོས་འཛིན་གནང་མཁན་ནི་ཆིང་རྒྱལ་རྒྱུད་རེད།
སྤྲོ་བདེ་ཁང་གསར་ལོ་རྒྱུས་ནང་ལ་རྡོ་རྗེ་ཤུགས་ལྡན་ལ་སངས་རྒྱས་ལྟ་བུ་ནུས་པ་དང་མངོན་ཤེས་སོགས་ཡོད་པ་གསུངས་ཡོད། ༧གོང་ས་སྐུ་ཕྲེང་ ༡༡ མཁས་གྲུབ་རྒྱ་མཚོ་སྐབས་དེར་རྒྱ་ནག་ཆིང་རྒྱལ་བརྒྱུད་ནས་ཡོང་བའི་ཆེ་ཏུག་ཏང་ཞེས་རྒྱ་ནག་མཁས་པ་ཞིག་ཡོད་པས། ཁོང་རྒྱ་ནག་བཙན་པོ་ད་བོ་གུང་གང་ཕྱོགས་ནས་དྲི་བ་གལ་ཆེན་པོ་རྣམས་རྡོ་རྗེ་ཤུགས་ལྡན་ལ་ཞུ་ག་ཡོང་། ཁོང་གི་རྡོ་རྗེ་ཤུགས་ལྡན་གྱི་སྐུ་པར་མདུན་དུ་ཡིག་ཐོག་དྲི་བ་རྣམས་མེ་མཆེད་ནས་སྐུ་ཕེབས་སྐབས་ལན་གསལ་པོ་དང་ལུང་བསྟན་སོགས་གནང་རོགས་ཞུས། ཕྱིས་སུ་སྐུ་ཕེབས་སྐབས་ཁོང་ལ་བསླབ་བྱ་བཟང་པོ་དང་ཁོང་གི་དངོས་ཀྱི་དྲི་བ་དང་མཐུན་པའི་ལན་གནང་བ་རེད།
སྤྲོ་བདེ་ཁང་གསར་ནང་གི་རྡོ་རྗེ་ཤུགས་ལྡན་གྱི་སྐུ་འདྲ། རྡོ་རྗེ་ཤུགས་ལྡན་གྱི་སྐུ་འདྲ་འདི་ལ་སེང་གེ་ལ་མ་ཞུགས་པར་ཁྲིའི་སྟེང་ལ་ཞུགས་ཡོད་དང་ཕྱག་ཏུ་རལ་གྲི་ཚབ་ལ་དབྱུག་ཏོ་འཛིན་ཡོད། ཆེ་རུ་གཏོང་བར་གནོན།
ཆིང་བཙན་པོ་ད་བོ་གོ་ཝང་རྡོ་རྗེ་ཤུགས་ལྡན་གྱིས་གནང་བའི་བསླབ་བྱ་བཟང་པོ་དང་ཁོ་རང་གིས་སྲིད་དོན་གྱི་དྲི་བའི་ལན་དུ་ཧ་ཅང་ཐུགས་མཉེས་པོ་བྱུང་བའི། ཕན་ཚུན་མགུ་རེས་སུ་ཁོང་གིས་པཎྚི་ཏ་ཞྭ་མོ་འབུལ་ནས་རྡོ་རྗེ་ཤུགས་ལྡན་ནང་པའི་ཆོས་སྐྱོང་སྲུང་མ་གྲགས་ཅན་ཞིག་ངོས་འཛིན་བྱེད་པ་ཡིན། སྤྲོ་བདེ་ཁང་གསར་ཆོས་རར་རྟེན་འབྲེལ་མཛད་སྒོ་བྱེད་དེ་ཞྭ་མོ་དེ་ཚོགས་ཁང་སྒོ་ཐོད་ལ་འཇོག་པའི་མཛད་སྒོ་དེར་དཔོན་རིགས་མཐོན་པོ་རྣམས་དང་མཚན་གནས་ཆེ་བའི་མིའི་ནང་ནས་༧གོང་ས་སྐུ་ཕྲེང་ ༡༡ མཆོག་དང་ཆིང་ཨམ་བན། རྭ་སྒྲེང་རིན་པོ་ཆེ། སྐུ་རྟེན་ལགས་དང་གྲྭ་པ་སྣ་ཚོགས་དང་མི་མང་མང་པོ་སླེབས་ཡོད།
ལྷ་ས་སྤྲོ་བདེ་ཁང་གསར་མཆོད་ཁང་ནང་རྡོ་རྗེ་ཤུགས་ལྡན་གྱི་འདྲ་སྐུ་ཡིད་དུ་འོང་བ་ཞིག སྐུ་འདྲ་དང་མཆོད་ཁང་དེ་༧གོང་ས་ལྔ་པ་མཆོག་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཕྱོགས་སུ་གང་བྱུང་ཡོད་པ་དེ་ལ་དགོངས་སེལ་དང་དྲན་གསོའི་ཆེད་དུ་བཞེངས་པ་ཡིན། ཆེ་རུ་གཏོང་བར་གནོན་རོགས།
ད་ལྟ།
དེང་སྐབས་སྤྲོ་བདེ་ཁང་གསར་ནི་ཡུལ་སྐོར་སྤྲོ་འཆམ་རྣམས་གནས་མཇལ་ཡོང་མཁན་ཚོའི་ཆེད་དུ་སྒོ་ཕྱེ་ཡོད། གྲྭ་བ་རྣམས་ཀྱིས་མཆོད་ཁང་དེར་དེང་སྐབས་ཡང་མུ་མཐུད་ནས་ཚོགས་འཚོག་པ་དང་ཚོགས་འབུལ་བ། ཉིན་རེའི་སྨོན་ལམ་གསོལ་འདེབས་སོགས་སྔོན་གྱི་ལུགས་སྲོལ་ལྟར་བྱེད་ཀྱི་ཡོད།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་སློབ་དཔོན་ཆེན་པོ། ཉམས་ལེན་པ། དགེ་རྒན། རིག་པ་སྨྲ་བ། རྣལ་འབྱོར་པ། གྲུབ་ཐོབ། མཁས་པ་བྱང་ཆུབ་པ། ༧གོང་ས་སྐུ་ཕྲེང་བཞི་པའི་ཡང་སྲིད་འཚོལ་ཞིབ་བྱེད་སྐབས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཞོན་ནུ་མཁས་པ་ཅན་གྱི་མཚོན་རྟགས་དང་ནུས་མཐུ་དངོས་སུ་སྟོན་པ་སོགས་ཡོད་པའི་ཁོང་༧གོང་ས་ལྔ་པ་འོས་གཞི་ཆ་འཇོག་བྱེད་པ་ཡང་ཡིན།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་ཧ་ཅང་གི་བླ་མ་སྐད་གྲགས་ཅན་ཡིན་པའི་ཁོང་ལ་བོད་ཡོངས་རྫོགས་ནས་སློབ་མ་མང་པོ་ཡོད། སློབ་མ་རྣམས་འབྲས་སྤུངས་སུ་ཁོང་གི་གསུང་ཆོས་བཞུ་བ་ཡོང་གི་ཡོད། དེར་ཁོང་གི་བླ་བྲང་སྙན་གྲགས་དང་དབང་ཤུགས་ཅན་ཆགས་པའི་དེར་བརྟེན་༧གོང་ས་ལྔ་པ་མཆོག་གི་སློབ་མ་འགའ་ཤས་ཕྲག་དོག་སྐྱེས་ཏེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མཚན་སྙན་གྲགས་ཁྱབ་ནས་ཁོང་ཚོའི་བླ་མའི་མཚན་སྙན་ལ་གནོད་ཀྱི་འདུག་བསམ་སྟེ་དེ་རྣམས་ཀྱི་སྤྲུལ་སྐུ་གྲགས་རྒྱལ་མཚན་སྐུ་བཀྲོངས་པ་རེད། འདི་ལོ་གསུམ་བརྒྱ་སྔོན་གྱི་སྐད་ཆ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས་རྗེས་ཁོང་གི་ཡང་སྲིད་འཚོལ་ཞིབ་ལ་གཞུང་གིས་བཀག་འགོག་བྱེད་པ་རེད། ཁོང་གི་བླ་བྲང་ནས་(སྒེར་གི་མི་ཚང)སྒེར་གྱི་དོན་ཚན་དང་བཅས་བཙན་འཕྲོག་བྱེད་པས། ཁོང་གི་རྩོམ་པའི་དེབ་དང་རྩ་ཚིག་སོགས་མེད་པ་བཟོ་བ་རེད། དེང་སང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་དཔེ་དེབ་ཡོད་པ་རྣམས་ནི་སྐབས་དེར་མི་མང་པོའི་སོག་ཡུལ་དེར་གཅེས་སྲུང་ཆེད་དུ་འཁྱེར་བ་ཡིན།
གཤམ་དུ་སྤྲོ་བདེ་ཁང་གསར་མཆོད་ཁང་ནང་གི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རིགས་རྒྱུའི་གདོད་མའི་རྩིག་པའི་ཚོན་བྲིས་འདྲ་བཤུས་བྱེད་པའི་དེར་ནང་བོད་པའི་མཁས་པ་དང་རྒྱ་གར་མཁས་པ་སོགས་རྣམས་འདུས་ཡོད། དཔེ་རིས་དེ་རྣམས་ཀྱི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་འཛམ་གླིང་ཞི་བདེའི་ཆོས་སྐྱོང་སྲུང་མ་རྡོ་རྗེ་ཤུགས་ལྡན་ཡིན་པ་གསལ་པོ་མངོན་གི་ཡོད། པར་དེ་རྣམས་ཆེད་རུ་བཏོང་བར་པར་ལ་གནོན་རོགས།
ཆེ་རུ་གཏོང་བའི་ཆེད་གནན།
དཔལ་ལྡན་འབྲས་སྤུངས་གཟིམ་ཁང་གོང་གི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ལོ་རྒྱུས་འཁྲུངས་རབས་ལྷ་ལྡན་སྤྲོ་བདེ་ཁང་གསར་ལྕོག་ཁང་ལྡེབ་རིས་ཇི་བཞིན་མཚོན་དཔར་སྦྱིན་བདག་དགའ་ལྡན་སྙན་བརྒྱུད་ལ་མི་ཕྱེད་པས་དད་ལྡན་འཚོ་བྱེད་རྒྱུན་ཚོང་པས་ཕྱི་ལོ་ཟླ་བ་ཚེས་བཟང་པོ་ལ། མི་མཐུན་གཡུལ་ལས་རྒྱལ་གྱུར་ཅིག
ཆེ་རུ་གཏོང་བའི་ཆེད་གནན།
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་ལོ་རྒྱུས་འཁྲུངས་རབས་ལྷ་ལྡན་སྤྲོ་བདེ་ཁང་གསར་ལྡེབ་རིས་ཇི་བཞིན། ཆེ་རུ་གཏོང་བའི་ཆེད་གནན།
སྤྲོ་བདེ་ཁང་གསར་ལྡེབས་ན་ཡོད་པའི་མཚོན་དཔར། ཆེ་རུ་གཏོང་བའི་ཆེད་གནན།
ཛུབ་ཐོག་ནས་སྤྲོ་བདེ་ཁང་གསར་ལྡེབས་རིས་ན་ཡོད་པའི་མཚོན་དཔར། ཆེ་རུ་གཏོང་བའི་ཆེད་གནན།
དབུས་སུ་ཡོད་པའི་སྟོན་པ་ཤཱཀྱ་ཐུབ་པའི་མཚོན་དཔར། ཆེ་རུ་གཏོང་བའི་ཆེད་གནན།
སྤྲོ་བདེ་ཁང་གསར་གོང་ན་ཡོད་པའི་རྗེ་རིན་པོ་ཆེའི་མཚོན་དཔར། ཆེ་རུ་གཏོང་བའི་ཆེད་གནན།
འཇམ་དཔལ་དབྱངས་ཀྱི་སེང་གེ་གད་རྒྱངས་སྒྲོག་པའི་འཆར་གཟུགས་ནི་སྤྲོ་བདེ་ཁང་གསར་མཆོད་ཁང་ནང་།
འདུ་ཁང་ནང་ལྷའི་དབང་པོ་བརྒྱ་འབྱིན་མཆོག་གི་རི་མོ། ཆེ་རུ་བཏོང་བར་གནོན་རོགས།
སྤྲོ་བདེ་ཁང་གསར་ན་རྩིག་སྡེབས་མཚོན་གྱི་བྲིས་པའི་མགོན་པོ། ཆེ་རུ་བཏོང་བར་གནོན་རོགས།
དེབ་ནང་སྤྲོ་བདེ་ཁང་གསར་གྱི་ཁྱད་ཆོས་དང་། ལྷ་སའི་འཁྲིས་ཀྱི་ལྷ་ཁང་སྣ་ཚོགས་དང་། དམ་པའི་གནས་སྣ་ཚོགས་ཀྱི་རྒྱས་བཤད་བྱེད་ཡོད།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།