བོད་མི་ཚོས་རྒྱ་མིའི་དར་ལྕོག་བེད་སྤྱོད་བྱེད་དགོས་སམ།
ང་བོད་ལ་དགའ།
ཪང་སྲིད་རང་སྐྱོང་གི་སྲིད་དབང་ཟེར་བ་ནི་རྒྱལ་ཁབ་ཞིག་གི་ནང་ལ་གནས་པ་གང་ཞིག་ལ་སོ་སོའི་རང་ངོས་ནས་གཞུང་སྐྱོང་ཆོག་པའི་གནང་བ་ཡོད་པའི་མངའ་སྡེ་འམ་ཞིང་ཆེན་ཞིག་ལ་ཟེར། ཡིན་ནའང་དེ་ཉིད་ལ་རྒྱལ་སྤྱིའི་ཐོག་ལ་གཞུང་ཞིག་གི་རྣམ་པ་མེད་པ་དང་། རང་དབང་གི་ཐོག་ནས་རྒྱལ་ཁབ་གཞན་དང་མཉམ་དུ་འབྲེལ་ལམ་བྱེད་མི་ཆོག འོན་ཀྱང་རྒྱལ་ཁབ་དེ་དང་དེའི་ནང་ལ་རང་དབང་གི་ཐོག་ནས་རྒྱལ་ཁབ་ཞིག་ཡིན་པ་ལྟ་བུའི་འཛིན་སྐྱོང་ག་རེ་བྱེད་ཀྱང་ཆོག་གི་ཡོད་པ་རེད།
དེ་འདྲ་སོང་ཙང་། རྒྱལ་ཁབ་དེ་ཉིད་ཀྱི་མངའ་སྡེ་ལྟ་བུ་ཞིག་ཡིན་པས། རྒྱལ་ཁབ་དེའི་ཁྲིམས་གཞིར་གཞག་ཐོག་བསྐྱོད་དགོས་པ་དང་། རྒྱལ་ཁབ་དེའི་ནང་གི་ཐོབ་ཐང་ག་རེ་ཡོད་པ་དེ་དག་ཆ་ཚང་ལོངས་སུ་སྤྱོད་ཆོག་པ་དང་།
དེ་ག་ནང་བཞིན་རྒྱལ་ཁབ་དེ་ཉིད་ཀྱི་རྒྱལ་དར་འཆར་དགོས་པ་ཡིན། དཔེར་ན། ཧོང་ཀོང་ (Hong Kong) ནི་རང་སྲིད་རང་སྐྱོང་གི་དབང་ཚད་ཡོད་མཁན་གྱི་གཞུང་ཞིག་ཡིན། འོན་ཀྱང་ཧོང་ཀོང་དེ་ཉིད་རྒྱ་ནག་གཞུང་གི་ཆ་ཤསཡིན་པས་ཧོང་ཀོང་ (Hong Kong) རང་གི་དར་ཆ་སྒྲེང་འཛུག་མི་ཆོག་ཞིང་། རྒྱ་ནག་གཞུང་གི་དར་ཆ་སྒྲེང་འཛུག་བྱེད་དགོས་པ་བཞིན་ནོ།།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་ཉིད་རང་བཙན་གྱི་རྒྱལ་ཁབ་ཞིག་ལ་མི་གནས་པར་དབུ་མའི་ལམ་གཞིར་བཟུང་སྟེ་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་རང་སྲིད་རང་སྐྱོང་དབང་ཚད་ཅན་གྱི་མངའ་སྡེ་ལྟ་བུ་ཞིག་འདོད་ཀྱི་ཡོད་པས། ༧གོང་ས་མཆོག་གི་དགོངས་བཞེས་འདི་ང་ཚོ་ཚང་མས་འགྲུབ་པར་བྱེད་དགོས། གལ་ཏེ་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་དང་མཉམ་དུ་ཞི་ཐབས་བྱེད་འདོད་ཡོད་ན་བོད་དེ་ཉིད་དངོས་འབྲེལ་དྲང་འབྲེལ་གྱི་རང་སྲིད་རང་སྐྱོངགི་སྲིད་དབང་ཐོག་རྒྱ་ནག་གཞུང་གིས་ངོས་ནས་འགྲིག་འཇགས་གནང་དགོས། དེའི་ཕྱིར་བོད་པའི་གནད་དོན་དེ་ཞི་འགྲིགས་ཡོང་བར་ཁོང་ཚོས་གང་བྱེད་དགོས་ཞེ་ན། བོད་པའི་དར་ཆ་སྒྲེང་འཛུག་བྱེད་རྒྱུ་དེ་ལམ་སང་མཚམས་འཇོག་བྱེད་དགོས། དེ་མིན་འགལ་ཟླ་ཡོང་གི་རེད། ཁོང་ཚོས་རྡ་སར་ཡོད་པའི་གཞུང་གི་ལས་ཁུངས་སོགས་ལ་རྒྱ་གཞུང་གི་དར་ཆ་དེ་སྒྲེང་འཛུགས་བྱེད་དགོས་པ་རེད། དེར་དངོས་འབྲེལ་དྲང་འབྲེལ་གྱི་རང་སྐྱོང་སྲིད་དབང་འདོད་ཕྱིར་བོད་མི་ཡོངས་ནས་ད་ལྟ་ནས་དེ་འདྲ་གནང་དགོས་པར་མཁྱེན་དགོས།
རྒྱ་ནག་དང་བོད་གཉིས་བར་ལ་མཐུན་ལམ་ཡག་པོ་ཡོང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་མང་ལ་བདེ་སྐྱིད་དང་ཡར་རྒྱས་གོང་འཕེལ། དེ་བཞིན་དུ་རྒྱ་ནག་གཞུང་ཤིན་ཏུ་ཡར་རྒྱས་འགྲོ་ཞིང་། ང་རང་ཚོའི་འཛམ་གླིང་ཡར་རྒྱས་ཀྱི་རོགས་རམས་ལྟ་བུ་དེའི་མདུན་ལམ་ཐམས་ཅད་བསམ་པ་བཞིན་དུ་འགྲུབ་པའི་རེ་བ་དང་སྨོན་ལམ་ཡོད།
ང་རང་ཚོ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་མི་མང་ཚང་མས་༧གོང་ས་མཆོག་མཇལ་ཆོག་པ་དང་། ཁོང་གིས་ཐུགས་རྗེའི་བྱིན་རླབས་ཐོབ་པའི་རེ་བ་དང་སྨོན་ལམ་ཡོད། ང་ཚོ་ཚང་མས་༧གོང་ས་མཆོག་དུས་རྟག་ཏུ་དྲན་ཞིང་དགའ་མོས་ཡོད་པ་དང་། ང་ཚོར་ཆོས་དད་ལ་མི་ལྟོས་པར་བོད་མི་ཡིན་པའི་ཆ་ནས་ངོས་ལེན་དང་མཐུན་སྒྲིལ་གནང་རོགས་གནང་ཞེས་འབོད་བསྐུལ་ཞུ་བཞིན་ཡོད། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་ཞིང་ཁོང་གི་ཐུགས་རྗེས་བྱིན་རླབས་སྩོལ་བའི་རེ་བ་དང་སྨོན་ལམ་རྒྱ་ཆེན་པོ་ཡོད། བདག་གིས་དུས་རྟག་ཏུ་༧གོང་ས་མཆོག་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བཞིན་ཡོད།
གུས་པ་ཚེམས་རིན་པོ་ཆེ་ནས།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།