༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
སྤྱི་ལོ་༡༩༨༣ ལོར་ལོས་ཨེན་ཇེ་ལེ་ས་ཀལ་ལི་ཕོ་ནི་ཡ་(Los Angeles, California.) ནང་ང་ལོ་ ༡༨ ཡིན་པའི་སྐབས་ཀྱི་འདྲ་པར་རེད། འདྲ་པར་འདི་ནང་ང་དང་བདག་གི་རྩ་བའི་བླ་མ་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ལྷན་དུ་ཡོད། སྐུ་ཉིད་ཀྱི་གཏིང་ཚུགས་པའི་སྒོ་ནས་བདག་གི་མི་ཚེ་གཏན་དུ་བསྒྱུར་བར་འཕྲིན་ལས་བརྩོལ་ཡོད་པས། བདག་གིས་སོ་སོའི་རྩ་བའི་བླ་མར་དགའ་བ་མ་སྒོམ་པ་དང་། མི་དྲན་པ། ཁོང་གི་སྐོར་མ་བསམ་པ། ཁོང་གི་མདུན་ནས་སློབ་ཁྲིད་སོགས་ཞུ་འདོད་མེད་པ་ཉིན་གཅིག་ཀྱང་མེད།
ཉིན་ལྟར་བདག་གིས་ཁོང་ཡིད་ལ་སྒོམ་གྱི་ཡོད། ཁོང་ནི་བོད་པའི་བླ་མ་མཁས་པ་ཞིག་ལ་ཚང་དགོས་པའི་ཡོན་ཏན་བླ་ན་མེད་པ་དང་ལྡན། བདག་གིས་ཁོང་མ་མཇལ་གོང་དུ་བདག་གི་གྲོགས་པོས་ཁོང་མཇལ་ཡོད་པས་ངའི་གྲོགས་པོའི་རྒྱུད་ནས་ཁོང་གི་མཚན་ཐོས་པ་ད་སྐབས་བདག་གི་སེམས་ནང་ལམ་སང་དད་པ་སྐྱེས། ཁོང་མ་མཇལ་བར་བདག་གིས་ཁོང་གི་སྐུ་པར་ལ་ཉིན་ལྟར་ཕྱག་ཚར་༡༠༠ འཚལ་གྱི་ཡོད། གང་ཡིན་ཟེར་ན། ཁོང་དང་ཆོས་ཀྱི་འབྲེལ་བ་ཡོང་བ་དང་ཁོང་མཇལ་ནས་ཆོས་མང་པོ་ཞུས་ཐུབ་པའི་ཕྱིར་ངས་ཕྱག་འཚལ་དགོས་དོན་དེ་འདྲ་ཡིན།
བདག་གི་དགེ་བའི་བཤེས་གཉེན་རྣམས་ཁྱད་པར་དུ་འཕགས་པ་ཡིན་ཡང་བདག་ལ་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ནི་ཤིན་ཏུ་བཀའ་དྲིན་ཆེ། འདི་གསལ་བཤད་བྱེད་མི་ཐུབ། ལོ་ ༣༠ རྗེས་ལའང་༧སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོག་ལ་ངས་དད་པ། རྩི་བཀུར། ཡིད་ཆེས་སོགས་གཡོ་བ་མེད་པ་རེད། ཁོང་གི་གནང་པའི་མཉམ་ལེན་དང་སྦྱོང་བརྡར་སོགས་བདག་གིས་དུས་རྟག་ཏུ་ཉམས་ལེན་བགྱིད། བདག་གི་ཆོས་ཉིད་ཀྱི་ལམ་དུ་བར་ཆད་ཆེ་ཆུང་གང་འདྲ་འཕྲད་ཀྱང་བདག་གི་དགེ་བའི་བཤེས་གཉེན་ཀྱིས་གནང་པའི་མཉམ་ལེན་དེ་དག་དུས་ནམ་ཡང་འདོར་གྱི་མིན།
བདག་གི་མི་ཚེར་ཉེན་ཚབས་བཟོ་ནའང་། བདག་ལ་མ་དགའ་བ་བྱེད་ནའང་། ཡང་ན་བདག་གི་བླ་མའི་བཀའ་སྒྲུབ་པའི་ཕྱིར་བདག་དང་འབྲེལ་ཐག་གཅོད་ནའང་ཁྱད་མེད་བཞིན་བདག་གིས་བླ་མའི་བཀའ་དུས་ནམ་ཡང་མི་འདོར། ༧སྐྱབས་རྗེ་ཟོང་རིན་པོ་ཆེ་སྐུ་མདུན་ནས་ཐོབ་པའི་མཉམ་ལེན་དང་བདག་གི་དད་པ་དམ་ཚིག་བླ་མ་གཞན་སུའང་ཞིག་གིས་འགྱུར་མི་ཐུབ། བདག་གི་ཚེ་ཕྱི་མར་ཡང་༧སྐྱབས་རྗེ་ཟོང་རིན་པོ་ཆེ་མཇལ་བ་དང་ཁོང་སྐུ་མདུན་ནས་བྱམས་སྙིང་རྗེ་ཐོབ་པའི་རེ་སྨོན་ཡོད། ཁོང་གི་ཞབས་ཀྱི་པད་མོར་ཐུག་ཏེ་དུས་རྟག་ཏུ་གུས་ཕྱག་འཚལ། བདག་གིས་སོ་སོའི་བླ་མ་རྗེས་སུ་བཟུང་ཞིང་། ཡིད་ལ་སྒོམ་ཞིང་། རྒྱུན་དུ་དད་པ་དང་ཡིད་ཆེས་བགྱིད།
གུས་པས་ཚེམས་སྤྲུལ་སྐུ་ནས།།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།