རྡོ་རྗེ་ཤུགས་ལྡན་དང་བོད་ཀྱི་གནས་སྟངས་ཀྱི་སྐོར་ལ་ལོག་བཤད་བྱེད་ཡོད་པ་དེ་བསྐྱར་བཅོས་བྱེད་པའི་བརྙན་འཕྲིན་ཕྱོགས་བསྡུས།
བོད་མིའི་སྒྲིགས་འཛུགས་ཡང་ན་རྡ་སར་གནས་པའི་བོད་གཞུང་དེས། དེ་ཚོ་སོ་སོའི་དམངས་གཙོའི་བཅའ་ཁྲིམས་ལམ་ལུགས་དང་འགལ་ནས། རྩ་ཆེན་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་སྒང་ལ་མ་ཉེས་ཁ་གཡོག་བྱས་ནས་བཟུང་ལོ་ངོ་ཉི་ཤུ་རྩ་གཉིས་སོང་ཚར་བ་རེད། ཁྲིམས་འགལ་རྩ་ཁྲིམས་དང་མི་མཐུན་པ་གཅིག་པོ་མ་རེད། དེས་བོད་མིའི་མཐུན་སྒྲིལ་དང་། བོད་མི་ཚང་མ་རེ་རེར་དངོས་དོན་གྱི་ཐོག་ནས་འཚོ་བ་སྐྱོང་ས་ཕ་ནོར་བོད་ཀྱི་ནང་བསྟན་དང་། ཐར་ཐུག་བོད་ཀྱི་རྩ་དོན་ལ་གནོད་སྐྱོན་གཏོང་ཡོད། ཁྱད་ཚར་པོ་དེ་གང་རེད་ཅེ་ན། བོད་ཀྱི་འགོ་ཁྲིད་ཚོ་གང་དུ་འགྲོ་ནའང་། ཁོ་ཚོས་བོད་མི་མཐུན་སྒྲིལ་གྱི་སྐོར་བཤད་ཀྱི་ཡོད་རེད་དེ། བཙན་འབྱོལ་བོད་པའི་སྤྱི་ཚོགས་ནང་དང་བོད་རང་སྐྱོང་ལྗོངས་ནང་གི་འཁྲུག་རྩོད་དང་དབྱེ་འབྱེད་མང་ཤོས་དེ་བོད་གཞུང་གི་སྲིད་ཇུས་སམ་ལས་ཀ་བྱེད་སྟངས་ནས་བཟོ་ཡི་འདུག
སྤྱི་ལོ་ ༡༩༩༦ ལོར་བོད་གཞུང་གིས་རྡོ་རྗེ་ཤུགས་བསྟེན་གསོལ་དེ་གཞུང་འབྲེལ་གྱི་ཐོག་ནས་བཀག་སྡོམ་བྱས་པ་རེད། ཐོགས་མར་བོད་གཞུང་གིས་བཀག་སྡོམ་བྱས་པའི་རྒྱུ་མཚན་ནི་གནས་ཚུལ་ཤེས་མཁན་མཁས་པ་དེ་དག་གིས་ཡང་གསལ་པོར་ཤེས་ཐུབ་མེད་པ་དང་། བོད་མི་འགས་ཡིད་ཆེས་བྱེད་པ་རེད། བོད་གཞུང་གིས་སྨད་ར་གཏོང་བཞིན་པའི་སྲུང་མ་དེ་ལ་ནི་དགོན་པ་ཆེན་པོའི་མཁན་པོ་དང་། བླ་སྤྲུལ་དགེ་བཤེས་མཁས་པ་རྩ་ཆེན་རྣམས་དང་། དེ་བཞིན་དུས་རབས་གོང་མའི་དགེ་བཤེས་རྣམས་ཀྱིས་བསྟེན་གསོལ་གནང་བ་རེད། ཁོང་རྣམས་ནི་མདོ་དང་སྔགས་དེ་བཞིན་ནང་ཆོས་ཀྱི་ཉམས་ལེན་ཐམས་ཅད་ཁོང་དུ་ཆུད་པའི་རྩ་ཆེན་རེད། མཁས་པ་དེ་ཚོས་ཆོས་དང་འབྲེལ་བའི་གཞན་ཐམས་ཅད་འགྲིགས་པ་དང་། རྡོ་རྗེ་ཤུགས་ལྡན་གྱི་སྐོར་གཅིག་པོ་ནོར་བ་ཡོང་སྲིད་ཀྱི་མ་རེད། ༧རྒྱལ་བ་རིན་པོ་ཆེའི་ཡོངས་འཛིན་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལྟ་བུ་བླ་མ་ཆེན་པོ་དེ་ཉིད། ༧རྒྱལ་བ་རིན་པོ་ཆེ་ལ་གང་གནང་བའི་བཀའ་ཆོས་དེ་དག་རྣམས་སྒྲིགས་པ་དང་། རྡོ་རྗེ་ཤུགས་གཅིག་པོའི་སྐོར་ནོར་བ་དེ་འདྲ་ཡོང་སྲིད་ཀྱི་རེད་པས། འདི་ཡོང་མི་སྲིད་ཅིང་རྒྱུ་མཚན་དང་མི་མཐུན་ནོ།།
ལོ་ཁ་ཤས་རིམ་བཞིན་སོང་ཚར་བའི་རྗེས་ལ། བོད་གཞུང་གིས་བཀག་སྡོམ་བྱས་པའི་དགོས་པ་དེ་རྒྱུ་མཚན་དང་དུས་ཚོད་གང་ལ་ཉམས་ཚོད་བྱེད་ནའང་རང་སོར་གནས་མ་ཐུབ་པ་གསལ་པོ་རེད། བོད་གཞུང་གི་ཁས་ལེན་མང་པོའི་མི་མཐུན་ཕྱོགས་དེ། བཀག་སྡོམ་དེ་ལག་ལྟར་བྱས་ནའང་བོད་པའི་སྤྱི་ཚོགས་ནང་ཡར་རྒྱས་འགྲོ་མ་ཐུབ་ཅིང་། དེ་ལས་ལྡོག་ཏེ་བོད་གཞུང་གིས་ཞེ་པོ་གནོད་པ་ཅན་གྱི་སྲིད་ཇུས་ལ་མུ་འཐུད་ནས་ད་དུང་ལག་ལྟར་བྱེད།
འོ་ན་འདིར་བོད་གཞུང་གི་ཆོས་ཕྱོགས་དང་འབྲེལ་བའི་སྲུང་མ་བསྟེན་གསོལ་བཀག་སྡོམ་བྱས་པ་དེ་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཡིན་པ་འདྲ་བོ་མཐོང་གི་འདུག བོད་མི་ཚོ་སྔ་མ་ནས་ད་ལྟའི་བར་ཁོ་ཚོའི་དབུ་ཁྲིད་ཚོ་དང་རྒྱལ་བ་རིན་པོ་ཆེའི་ཁ་གཏད་དུ་ལངས་པར་ཞེ་པོ་ཞེ་སྣང་བྱེད་ཀྱི་ཡོད་པ་ཚང་མས་ཤེས་ཀྱི་ཡོད་པ་རེད། སུ་ཞིག་གིས་བོད་གཞུང་གི་སྲིད་ཇུས་དང་ཁོ་ཚོའི་བྱེད་སྟངས་དང་འབྲེལ་བའི་དྲི་བ་བཀོད་ཅིང་། སྒྲིག་ཁྲིམས་དམ་འཛིན་བྱེད་མ་ཐུབ་མཁན་དེ་ཚོ་ལ་ཁ་གཏད་ལང་ཐུབ་ཀྱི་མེད། བོད་པའི་དབུ་ཁྲིད་ཚོས་གང་བཤད་པ་དེ་མ་བྱེད་ན། དེ་ཚོ་ལ་དེ་མ་ཐག་’རྒྱལ་བ་རིན་པོ་ཆེའི་རྒྱལ་འགལ་བ་’དང་བོད་ཀྱི་ལས་འགུལ་གྱི་དམ་ཉམས་པར་ངོས་འཛིན་བྱེད་ནས་གསལ་བསྒྲགས་བྱེད། བློ་ཕམ་གྱི་ཉེས་འཛུགས་རྫུན་མ་དེ་ནི་བོད་’མི་སྙམ་ཆུང་’རྣམས་ལ་ཉེས་ཆད་འཕོག་ངེས་ཀྱི་བྱ་ཞག་དང་། དམ་ཉམ་པ་ལ་སོགས་པའི་དངོས་ཤུགས་བརྒྱུད་གསུམ་ནས་བཀའ་ཁྱབ་བྱེད། འདི་ཁེར་རྐྱང་དུ་ཞེ་སྣང་དང་དེས་རྐྱེན་མི་འགས་ཡོངས་གྲགས་སུ་རྡོ་རྗེ་ཤུགས་ལྡན་སྒང་ལ་བྱེད་པའི་བཀག་སྡོམ་ངོས་ལེན་མ་བྱེད་པ་རེད།
སྤྱི་ལོ་ ༢༠༡༥ ལོར། ངས་རྙོག་ཁྲ་དེའི་སྐོར་བཤད་རྒྱུ་འགོ་བཙུགས་ཤིང་། ཆོས་ལུགས་བཀག་སྡོམ་མཚམས་འཇོག་བྱེད་པར་འབོད་སྐུལ་ཞིག་ཞུ་ཡིན། དེ་རྗེས། དེ་ལ་བོད་གཞུང་ནས་རྡོ་རྗེ་ཤུགས་ལྡན་གྱི་དངོས་ཡོད་ཆོས་འབྱུང་འགྱུར་བ་གཏོང་བར་འབད་བརྩོན་མང་པོ་བྱས་ཡོད། དཔེར་ན། སྤྱི་ལོ་ ༢༠༡༦ ལོར་བོད་མིའི་སྒྲིགས་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཤོག་གྲངས་བཞི་བརྒྱ་བྱེད་པ་(Shugden Protestors: Allegations versus Facts) ཞེས་པ་དེབ་དང་མཉམ་དུ་སྐར་མ་བཅུ་གསུམ་བྱེད་པའི་བརྙན་འཕྲིན་ཞིག་འགྲེམས་སྤེལ་བྱས་ཡོད།
དམངས་གཙོ་དང་མཐུན་པའི་གཞུང་ཞིག་གིས་དེའི་སྡེ་མཚན་ནང་མི་དམངས་ཀྱི་འོས་འདེམས་བྱས་པའི་གཞུང་ཞབས་པ་དེས་ཆོས་ཕྱོགས་ཀྱི་གནད་དོན་ལ་བྱུས་གཏོགས་བྱས་པ་དང་། ཆོས་དད་དང་འགལ་བའི་སྐད་ཆ་བཤད་པ་དམངས་གཙོའི་ལམ་ལུགས་དང་མི་མཐུན་པའི་གཞུང་ཞབས་དེ་འདྲ་ནམ་ཡང་ཐོས་མ་མྱོང་། ཁྱོད་ཀྱི་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པས། གལ་སྲིད་ཨ་རི་སྲིད་འཛིན་ཨོ་བ་མས་བརྙན་འཕྲིན་ནང་ཝུ་དུའི་ཆོས་ལུགས་དང་། Zoroastrianism (པར་ཤི་ཡའི་ཡུལ་མིའི་སྟོན་པ་ཛོ་རོཨ་སི་ཊེ་རིས་སྲོལ་གཏོད་བྱས་པའི་ཆོས་ལུགས་གཅིག) Rastafarianism (ཇ་མའི་ཀའི་ཆོས་ལུགས) མཐུ་གཏད་པ། ཀླ་ཀློའི་ཆོགས་ལུགས། ནོར་ལྷའི་ཆོགས་ལུགས་ཞེས་ཆོས་ལུགས་གཞན་པའི་རྒྱབ་འགལ་དུ་བཤད་ཡོད་པ་མཐོང་སོང་ངམ། ཆོས་ལུགས་ཡག་པོ་ཡོད་མེད། འདི་ལ་ཐག་གཅོད་བྱ་རྒྱུ་དམངས་གཙོའི་ལམ་ལུགས་དང་མཐུན་པའི་གཞུང་གི་ལས་ཀ་མ་རེད། མི་མང་སོ་སོའི་དད་པ་གང་དུ་བྱེད་ཆོག་པ་དེ་ནི་སོ་སོའི་རང་དབང་ཡིན་ཞིང་། མི་མང་ཞབས་ཞུ་ཁང་ནས་མི་མང་གི་མ་དངུལ་བེད་སྤྱོད་བྱས་ནས་མི་མང་སྒེར་པའི་དད་མོས་ཀྱི་རྒྱབ་འགལ་དུ་བཤད་ཆོག་གི་མ་རེད།
དེ་ནས་བོད་གཞུང་གིས་དེ་འདྲ་བྱས་དུས་ངའི་སློབ་མ་ཚོས་ཞེ་པོ་ནོར་འཁྲུལ་ཡོད་པ་མཐོང་བ་རེད་། སྤྱིར་བཏང་མི་མང་པོས་དེ་རང་བསམ་གྱི་ཡོད་རེད། ཁྱོད་ཀྱིས། མི་བློ་ཁ་ཡངས་པོ། སྤྱིར་བཏང་གི་མི། རིག་པ་དང་མཐུན་པའི་ཤེས་ཡོན་ཅན་ལ་འདིའི་སྐོར་བཤད་ན། དེ་ལ་ད་དུང་ཆོས་ཕྱོགས་ཀྱི་རྙོག་དྲའི་ཤེས་ཡོན་གང་ཡང་མ་ཤེས་ནའང་། ཐམས་ཅད་ལ་སོ་སོའི་ཆོས་དད་བསྟེན་གསོལ་བྱེད་ཆོག་པའི་རང་དབང་ཡོད་པ་ཐམས་ཅད་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པ་ཁྱོད་ཀྱིས་མཐོང་གི་རེད། དེ་ནས་ངའི་སློབ་མ་ཚོ་ཁོ་རང་ཚོས་སོ་སོ་ངོས་ནས་མོས་མཐུན་བྱས་ནས་བོད་གཞུང་གིས་སྤྱི་ལོ་ ༢༠༡༦ ལོར་ཁྱབ་སྤེལ་བྱས་པའི་ལོག་བཤད་ནོར་བཅོས་བྱེད་པར་བརྙན་འཕྲིན་བསྡུ་འཇུག་བྱེད་ཅིང་ཕྱོགས་བསྡུད་བྱེད་པར་ཐག་གཅོད་པ་རེད།
འདི་ཕལ་ཆེར་ལོ་གཅིག་དང་ཕྱེད་ཀ་སྔོན་ལ། བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་མུ་འཐུད་ནས་དེའི་བདེན་དཔང་ལོག་ཉོ་བྱེད་པའི་ཐོག་བཙན་འབྱོལ་ནང་བོད་མིའི་དབང་ཐང་ཉམས་སུ་བཅུག བོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་རོགས་རམས་ཡོངས་གྲགས་སུ་ཤོར་ཞིང་། ད་དུང་ཁོ་ཚོའི་སྔར་གྱི་རྒྱབ་སྐྱོར་བྱེད་མཁན་དཔེར་ན་ཨ་རི་དང་རྒྱ་གར་ལྟ་བུ་ཡང་ཐག་རིང་དུ་སོང་ཡོད། ད་དུང་འདི་ལ་བརྒྱུད་ལམ་སྐད་གྲགས་ཅན་རྣམས་ཀྱིས་ཡང་བོད་གཞུང་གིས་བཙན་འབྱོལ་དང་དེའི་གཞུང་འབྲེལ་ནང་བཟོས་པའི་དཀྲོག་གཏམ་མང་པོ་གསར་དུ་རྟོགས་ནས་སྙན་སེང་ཞུས་པར་ཕན་ཡོད་པ་མ་རེད། དེ་ནས་བོད་གཞུང་གིས་དབུ་ཁྲིད་རྒན་པ་དེ་དག་རྣམས་ཀྱིས་ཁོ་ཚོའི་ནང་ལོག་འཁྲུག་ཞིང་མུ་འཐུད་ནས་བྱེད་བཞིན་ཡོད།
དེའི་རིང་ལ། ཡུལ་བབ་སྲིད་བྱུས་མང་ཆེ་བའི་འགྱུར་བ་འབྱུང་བས། ཡུན་དུ་གནས་ཤིང་གོང་འཕེལ་དུ་གཏོང་བའི་ཆེད་དུ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་དེ་ཚོའི་སྲིད་ཇུས་བསྐྱར་ཞིབ་བྱེད་ཅིང་དགོས་ངེས་ཀྱི་འགྱུར་བ་མ་གཏོང་ཀ་མེད་བཟོས་པ་རེད། ད་དུང་རྒྱལ་བ་རིན་པོ་ཆེས་ཁོང་གི་མུ་མཐའ་མེད་པའི་ཡིད་ཤེས་དང་ཐུགས་རྗེས་རྒྱ་ནག་གཞུང་དང་ཉེ་འབྲེལ་བྱས་པར་གོ་བཙུགས་གནང་། དང་པོ་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་ངོས་ལེན་གནང་ཞིང་། དེ་ནས་མི་མང་རྣམས་ལ་རྒྱ་ནག་དེ་དགྲའི་ངོ་བོར་འཛིན་མི་ཆོག་ཞེས་བཀའ་སློབ་ལམ་སྟོན་གནང་། རྒྱལ་བ་རིན་པོ་ཆེ་ད་དུང་ཁོང་གི་མི་མང་ལ་བོད་མི་རྣམས་ལ་བརྟན་པོའི་ཐོག་གནས་པའི་ཆོལ་ཁ་ཆོས་ལུགས་གཞི་བཟུང་གི་རྙོག་དྲ་མཚམས་འཇོག་བྱེད་པར་བཀའ་གནང་། ཡིན་ནའང་གལ་སྲིད་བོད་གཞུང་གི་བྱེད་སྟངས་དང་བསམ་བློ་བཏོང་སྟངས་འགྱུར་བ་སོ་སོ་མ་གཏོང་ན་འདི་ཚོ་ཚང་མ་ཞེ་དྲགས་ཕན་ཐོགས་ཡོང་གི་མ་རེད། གལ་སྲིད་བོད་མི་ཚོས་ཁོ་ཚོའི་དབུ་ཁྲིད་ཚོ་མུ་འཐུད་ནས་མཐུན་སྒྲིལ་མེད་པ་མཐོང་ཞིང་། དེ་ཚོའི་དབུ་ཁྲིད་ཚོས་མཐུན་སྒྲིལ་མེད་པའི་གནས་སྟངས་དེ་གཅེས་ཉར་བྱེད་ན། བོད་པའི་གནས་སྟངས་དེ་ལ་ཡར་རྒྱས་རྩ་བ་ནས་འགྲོ་རྒྱུ་མེད།
སྤྱི་ལོ་ ༢༠༡༨ ཟླ་ ༩ པར་བོད་གཞུང་གིས་བོད་མིའི་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་ ༤༨ འཁོར་བའི་དུས་ཆེན་སྲུང་བརྩིའི་གྲ་སྒྲིགས་བྱེད་པ་བཞིན། ངའི་སློབ་མ་ཚོས་བོད་མིའི་ཚེ་སྲོག་ལ་སྣང་ཆུང་བྱེད་ཅིང་རྒྱལ་ཡོངས་བོད་ནང་བསྟན་སྤྱི་ཚོགས་ཕྱོགས་གཉིས་སུ་གྱེས་པའི་གནད་དོན་དེའི་སྐོར་ཞུ་འབོད་བྱེད་ན་ཕན་ཐོགས་ཆེན་པོ་ཡོང་བསམ་ནས་བྱས། ངའི་སློབ་མ་ཚོའི་ཉེ་ཆར་གྱི་བརྙན་འཕྲིན་གྱི་རིམ་པ་དེ་ཡང་། བོད་གཞུང་གིས་ཁྱབ་སྤེལ་བྱས་པའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དང་ཁོ་ཚོས་སྤེལ་བའི་ལོག་བཤད་གཞི་བཟུང་བྱས་ནས་མ་བསྟེན་མཁན་བསྟེན་མཁན་གཉིས་ཀྱི་བར་ལ་མི་མཐུན་པ་གསོ་སྐྱོང་གི་ལོག་བཤད་སྐྱོན་ཆག་དེ་དག་བསྐྱར་བཅོས་བྱེད། བརྙན་འཕྲིན་གྱི་རིམ་པ་དེའི་ནང་ཡང་བོད་མི་ཚོའི་དོན་དུ་ཁོ་ཚོས་འདོད་པ་ཆེ་ཤོས་ལྟར་ཧ་ཅང་རྗེས་ལུས་མ་ཐད་གོང་བར་འདུམ་གནང་བར་རྒྱལ་བ་རིན་པོ་ཆེ་ལ་ཞུ་འབོད་བྱེད་ཡོད།
བདེན་པར། བཙན་འབྱོལ་ནང་བོད་མི་ཚོའི་དུས་ཚོད་དང་གོ་སྐབས་མྱུར་པོར་ཤོར་བཞིན་ཡོད་པ་དང་། འདི་ལ་བོད་པའི་དབུ་ཁྲིད་ཚོས་ནོར་བཅོས་ཉུང་ཙམ་མ་གཏོགས་རྒྱག་ཡོད་པ་མཐོང་གི་མི་འདུག གལ་སྲིད་འདི་མུ་འཐུད་ནས་བྱུང་ན། ང་ལ་ཁོ་ཚོའི་ཆེད་དུ་མུ་འཐུད་ནས་སེམས་ཁྲལ་ལངས་ཀྱི་འདུག མཐུན་སྒྲིལ་བསྐྱར་གསོ་ཡོང་བའི་ཆེད་དུ་ངའི་སྨོན་འདུན་ཡོད་ཅིང་། མ་འོངས་པར་བོད་མི་ཚོར་ཡུན་རིང་པོ་སྣང་ཆུང་བྱས་པས་ཡི་མུག་གི་རི་བོ་ཆེན་པོ་དེ་རྐོས་རིས་རྒྱག་ནས་མཐུན་སྒྲིལ་ཡོང་བའི་རེ་འདོད་གསར་པ་ཡོད། ངས་ཡང་ཚང་མར་ལས་འཆར་འདིར་འཚུད་མཁན་རྣམས་དང་། བཤད་མཁན། གློག་བརྙན་སྡེ་ཚན། འཛིན་སྐྱོང་སྡེ་ཚན། སྦྱིན་བདག་དང་དྭང་བླངས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། མི་ཚོས་བདེན་པ་ལས་འགལ་ཞིང་སྙིང་རྗེའི་ཐོག་ལོག་བཤད་ཀྱི་སྐད་ཆ་བཤད་ན་འདིས་རྟག་པར་ངའི་སེམས་པར་གུ་ཡང་ཆགས་ཀྱི་མི་འདུག བརྙན་འཕྲིན་རྣམས་གང་གཟབ་གནང་ནས་གཟིགས་རོགས་གནང་དང་གྲོགས་པོ་ཚོ་ལ་ཡང་བརྒྱུད་སྐུར་གནང་རོགས། རྡོ་རྗེ་ཤུགས་ལྡན་བཀག་སྡོམ་དང་འབྲེལ་བའི་གནས་ཚུལ་དངོས་འབྲེལ་དེ་མི་མང་པོས་ཤེས་བཞིན་ཡོད་པ་དང་། བོད་པའི་དབུ་ཁྲིད་ཚོའི་གཡོ་ཇུས་དང་། ཁ་བྲལ་དེ་དག་རྣམས་མྱུར་དུ་བསལ་ནས་ཐམས་ཅད་དུ་ཞི་བདེ་དང་མཐུན་སྒྲིལ་ཡོང་འགྱུར། ངས་དད་གུས་ཆེན་པོའི་ཐོག་ནས། དུས་རྟག་ཏུ་འཚམས་དྲིས་ཞུ་ཞིང་སྐུ་ཚེ་ཡུན་རིང་པོ་ཡོང་བའི་འཚམས་དྲིས་ཡོད་ཅིང་བོད་མི་ཐམས་ཀྱི་མངོན་འདོད་གྲུབ་པར་ཤོག
གུས་པས།
ཚེམས་རིན་པོ་ཆེས།
༡ ༽ ཚེམས་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་དེས་འཛམ་གླིང་གང་སར་ཡོད་པའི་བོད་པའི་སྤྱི་ཚོགས་ཕན་མེད་དུ་འགྱུར་བ་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་རྗེས་འབྲང་པ་གསར་རྙིང་གྱི་བར་ལ་རྩོད་རྙོག་དང་རང་དབང་མེད་པར་བཟོ་ཡི་འདུག ཚེམས་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག་ནང་། ལོ་ཉི་ཤུ་ལྷག་འགོག་མེད་ཁྱབ་གདལ་དུ་འགྲོ་བའི་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་དེ་རྩ་མེད་བཟོ་བར་སེམས་གཏིང་ནས་ཞུ་འབོད་གནང་ཡོད་པ་རེད།
ཨོའི་བེང་ཀུའི་ལགས་ཚེམས་རིན་པོ་ཆེ་མཆོག་གི་ཕྱག་མཛོད་དང་ཁོང་གི་བཤད་མཁས་སློབ་མ་ཕེང་ལི་ཁིམ་ལགས་གཉིས་ཀྱིས་ཞུ་འབོད་དེ་དགོས་ངེས་ཅན་ཡིན་ཞེས་གླེང་མོལ་གནང་ཡོད་པ་རེད། གླེང་མོལ་འདི་ནང་ཡང་ཚེམས་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་ཤུགས་ལྡན་རྙོག་དྲའི་ངེས་ཤེས་སྤྱན་འབུལ་ཞུ་ཡོད། དགོན་པ་ཁ་གྱེས་གཏོང་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་ལ་སྐྱོན་ཆགས་པ་དེ་དག་བསལ་ཐབས་བྱས་དགོས་འདུག །
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/Insights-into-Tsem-Rinpoche-open-letter-to-the-Dalai-Lama-Tibetansub-360p.mp4
༢ ༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་དངོས་གནས་རེད་ཅེས་གསུངས་དོན་གང་ཡིན་ནམ།
ལོ་ཉི་ཤུའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཙན་འབྱོལ་གཞུང་དང་འཛམ་གླིང་གང་སར་ནང་ཡོད་པའི་གཞུང་སྣ་ཚོགས་ཀྱིས་རྒྱ་ནག་གཞུང་དེས་འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་ཁུངས་སྐྱེལ་ར་སྤྲོད་མ་ཐུབ་པའི་དགེ་འདུན་ཆོས་ཀྱི་ཉི་མ་བཙན་འཁྲིད་ལ་དཔང་རྟགས་འཛིན། རྒྱ་ནག་གཞུང་གི་འདེམས་སྒྲུབས་བྱས་ནས་མངའ་གསོལ་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དེ་ལུགས་མཐུན་མ་ཡིན་ཞེས་ནས་མི་མང་པོས་སྐྱོན་བརྗོད་བྱེད་པ་རེད་དེ།
ཉེ་འཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཧང་གསང་རྒྱུའི་གསུངས་བཤད་ལྟར། པཎ་ཆེན་རིན་པོ་ཆེའི་གནད་དོན་དང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་རྣམས་མཛད་པ་སྟོན་རྒྱུ་ལྟ་བུ་མཐོང་གི་འདུགབརྙན་འཕྲིན་འདི་ནང་། ཕེང་ལི་ཁིམ། པ་སེ་ཊེར་ཁོང་ཇི་ན་ཡི་དང་། མར་ཊིན་ཅོའུ་ལགས་རྣམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་དགོངས་ཤེས་ཀྱི་དོན་ཆེན་དེའི་སྐོར་གླེང་མོལ་གནང་ཡོད་པ་རེད།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DSPanchenLama2-Tibetansub-360p.mp4
༣ ༽ བོད་གཞུང་གི་ཉེ་ཆར་གྱི་གནས་ཚུལ་གྱི་སྐོར་སེམས་སྐྱོ་བའི་དངོས་ཡོད།
བོད་མི་ཚོའི་རྒྱལ་ཁབ་ཤོར་ནས་ཕལ་ཆེར་ལོ་དྲུག་བཅུ་སོང་ཚར་བ་རེད། སྐབས་དེ་དུས། དབུས་བོད་མི་སྒྲིགས་འཛུགས་ལས་ཁང་ནས་དཔེ་ཟླ་བྲལ་བའི་༧སྤྱི་ནོར་གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་སྒང་ལ་དབུས་བོད་སྒྲིགས་འཛུགས་ནང་བོད་སླར་རྙེད་དུ་འཛམ་གླིང་སྤྱི་གཞུང་གི་རྒྱབ་སྐྱོར་བསྡུ་རུབ་བྱེད་པའི་ཐབས་བྱུས་བློ་གཏད་རྩེ་གཅིག་ཏུ་འབད།
ཐབས་བྱུས་དེ་ལམ་ལྷོང་མ་བྱུང་བ་དང་། འགྲན་སར་འཕྲད་པའི་བསམ་བློ་ཆ་སྙོམ་བཟོ་ཐབས་མེད་པ་ལྟ་བུ་མཐོང་གི་འདུག དབུས་བོད་མི་སྒྲིགས་འཛུགས་ནས་ངན་སླབ་བརྒྱབ་ནས་དཔལ་འབྱོར་འགོག་རྐྱེན་ལ་བརྟེན་ནས་བྱུང་བའི་བོད་ཀྱི་རྩ་དོན་གྱི་ནུས་མཐུ་ཤོར་བ་ལ་མ་ལྟོས་པར་ལམ་ལྷོང་མ་བྱུང་བའི་ཐབས་བྱུས་ལ་ཁོ་ཚོས་ཨུ་ཚུགས་བརྒྱབ་ཡོད་པ་རེད། དེ་བཞིན་མི་མང་ལ་འགོ་འཁྲིད་བྱེད་སྟངས་སྐྱོ་དྲགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་གཞན་གྱི་མི་སེར་དང་ཡུལ་བབ་སྲིད་བྱུས་གནས་སྤོ་བ་སོགས་ལ་སྣང་མེད་གཏོང་།
བརྙན་འཕྲིན་འདི་ནང་དབུས་བོད་མི་སྒྲིགས་འཛུགས་ནས་བྱས་པའི་མི་འོས་པའི་རང་བཞིན་དང་བཀུར་འོས་མ་ཡིན་པ་དེས་བཙན་འབྱོལ་ནང་གི་བོད་མི་ཚོའི་མ་འོངས་པར་དཀའ་ངལ་ཇེ་མང་དུ་གཏོང་བཞིན་ཡོད་པའི་སྐོར་གླེང་མོལ་བྱེད།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/The-sad-truth-about-the-Tibetan-state-of-affairs-Tibetansub-360p.mp4
༤ ༽ རྡོ་རྗེ་ཤུགས་ལྡན་གྱི་སྐོར་ལ་ལོག་བཤད་བྱས་པ་དེ་དག་ནོར་བཅོས་བྱེད་པ།
ཆོས་དད་བཀག་སྡོམ་བྱེད་པའི་སྒྲིགས་ལམ་གསར་དུ་བཟོ་ནས། དབུས་བོད་མི་སྒྲིགས་འཛུགས་ལས་ཁང་ནས་ཨུ་ཚུགས་ཚ་བོ་དེ་དང་བོད་མི་རྒྱ་ཆེ་བའི་ཆོས་དད་ལ་རྟེན་ནས་བྱུང་བའི་སྡུག་སྦྱོང་དྲག་པོའི་འགྲེལ་བཤད་དུ་རྒྱུ་མཚན་གྲངས་མེད་གསལ་བསྒྲགས་བྱས་ཡོད། སྡུང་སྦྱོང་དང་ཞེ་ལོག་དེ་མཉམ་དུ་འགྲོགས་པ་དེ་འཛམ་གླིང་ཡོངས་སུ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དར་སར་ཁྱབ་འདུག
གང་ལྟར་དབུས་བོད་མི་སྒྲིགས་འཛུགས་ལས་ཁང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ནང་པ་ཚོ་ལ་ངོས་ལེན་མ་བྱས་པའི་བདེན་པ་དག་སྐྱེལ་རེ་རེ་དཔྱད་ཞིབ་བྱེད་དུས་འགྲོ་བ་མིའི་ཐོབ་ཐང་ཕལ་ཆེ་བ་དེ་མེད་པ་ལྟ་བུ་མཐོང་། བརྙན་འཕྲིན་འདིས་དངོས་སུ་སྟོན་པ་ལྟར། ད་དུང་མི་དཀྱུས་མ་ཞིག་གི་ཡིན་ནའང་དབུ་བོད་མི་སྒྲིགས་འཛུགས་ལས་ཁང་གི་རྒྱུ་མཚན་དེ་དག་རྒྱུ་མཚན་ཡང་དག་དང་བསམ་ཤེས་ལས་གཞན་གང་ཡང་མེད་པའི་ཐོག་རྫུན་ཁུག་རྟོལ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/Correcting-common-misunderstandings-about-Dorje-Shugden-Tibetansub-360p.mp4
༥ ༽ རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དེ་དག་ནི་རྒྱ་མིས་སོ་པ་རེད་ཅེས་པའི་ཉེས་འཛུགས་དེ་ཁུངས་མེད་ཡིན་པར་ར་སྤྲོད་བྱེད་པ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་རྒྱལ་བ་རིན་པོ་ཆེའི་ཁ་གཏད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཆེད་དུ་ལས་ཀ་ལས་བཞིན་པའི་ཉེས་འཛུགས་དེ་ནི་བོད་གཞུང་གི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་སྒང་ལ་བཀག་སྡོམ་བྱེད་ས་རྨང་གཞི་ལྟ་བུ་ཆགས་ཀྱི་ཡོད་པ་རེད། འདི་ཡང་བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་ཇི་ལྟར་སྡུག་སྦྱོང་བྱེད་པ་དེ་འཛམ་གླིང་གང་སར་བདེན་པ་དག་སྐྱེལ་ཁོ་ན་བྱེད་པ་མ་ཡིན་པར། ད་དུང་འདིས་ཡང་བོད་མི་ཉམ་ཆུང་དང་དེ་ཚོའི་རྒྱབ་སྐྱོར་བ་ཚོར་རྡོ་རྗེ་ཤུགས་ལྡན་གྱི་ཁ་གཏད་དུ་ཐབས་ཤེས་གང་ནུས་ཀྱི་སྒོ་ནས་སྡུག་སྦྱོང་བྱེད་དུ་བཅུགབརྙན་འཕྲིན་འདི་ནང་། བོད་གཞུང་གིས་དམ་པའི་ཆོས་ལུགས་ལ་ཇི་ལྟར་ཆབ་སྲིད་ཀྱི་དོན་དུ་སྒྲུབ་ཡོད་པ་དང་། གཉའ་གནོན་གྱི་ལག་ཆར་བེད་སྤྱོད་བྱས་ཡོད་པ་ང་ཚོས་མཐོང་ཐུབ།
བརྙན་འཕྲིན་འདིས་བོད་གཞུང་གིས་མི་མང་མགོ་སྐོར་གཏོང་བའི་ཆབ་སྲིད་བེད་སྤྱོད་བྱེད་པའི་ཐབས་ཇུས་ཡིན་པ་དང་། བོད་མི་མང་གི་བསམ་བློ་ཐེར་འདོན་བྱེད། གང་ལྟར་ཡང་། བོད་གཞུང་གིས་ཁྱབ་སྤེལ་བྱས་པའི་ལོ་རྒྱུས་རྫུན་མ་འགའ་ཤས་གྲུབ་ཡོད་པ་དེ་རྩ་གཏོར་བཏོང་བའི་ཐམས་ལམ་ཞིག ཁོ་ཚོའི་ཡིད་ཆེས་འཕེར་ཚུལ་ལ་གནོད་སྐྱོན་གཏོང་བཞིན་འདུག གོ་ལ་ཡོངས་ཀྱི་བརྒྱུད་ལམ་ཁག་གིས་ཁོ་ཚོས་བོད་མི་མང་ལ་གཡོ་བྱུས་ཀྱི་ལམ་ནས་སྤྱོད་པ་ཇི་ལྟར་བྱེད་པ་དེ་བརྟག་ཞིབ་བྱེད་ནས། བསྡུ་འཇུག་དང་། ཁྱབ་བསྒྲགས་བྱེད་ཀྱི་རེད། མཐའ་མ་ཡིད་ཆེས་འཕེར་ཚུལ་ཤོར་ནས་བོད་མིའི་རང་བཙན་གྱི་རྨི་ལམ་དེ་གྲུབ་འབྲས་ལོག་པའི་ཐོག་ནུས་པ་སྤེལ་གྱི་རེད།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/Disproving-allegations-that-Shugden-practitioners-are-Chinese-spies-Tibetansub-360p.mp4
༦ ༽ དབུས་བོད་མི་སྒྲིགས་འཛུགས་ལས་ཁང་དེ་དམངས་གཙོ་དངོས་གནས་མ་ཡིན་པའི་བདེན་དཔང་།
ཏཱ་ལའི་བླ་མའི་བཙན་འབྱོལ་གཞུང་། དབུས་བོད་མི་སྒྲིགས་འཛུགས་ལས་ཁང་ནང་དེས་ཞེ་པོ་དམངས་གཙོའི་ལམ་ལུགས་དང་ལྡན་པའི་གཞུང་ཞིག་ཡིན་ཚུལ་གྱི་བསྒྲགས་གཏམ་སྤེལ་ནས། རྒྱལ་ཁབ་གཏོང་ཕོད་ཅན་གྱི་ཁ་གཏད་ཡ་ང་སྙིང་རྗེ་མེད་པ་དམར་ཤོག་སྲིད་ལུགས་རྒྱ་ནག་ལ་འཐབ་རྩོད་བྱེད། ཡིན་ནའང་། བཙན་འབྱོལ་བོད་གཞུང་གི་དམངས་གཙོའི་ལམ་ལུགས་དེ་ཇི་ཙམ་གྱི་བདེན་པ་དང་ཁུངས་ལྡན་ཡིན་ནམ།
མགྲོན་གཉེར་སྐད་གྲགས་ཅན་ཕེང་ལི་ཁིམ་ལགས་ཀྱིས། དམངས་གཙོ་དངོས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། དེ་ནས་བཙན་འབྱོལ་བོད་གཞུང་ནང་བོད་ཀྱི་བཅའ་ཁྲིམས་ནང་བཀོད་པའི་དམངས་གཙོ་དངོས་གནས་དེའི་ལམ་ལུགས་བརྩི་སྲུང་བྱེད་ཀྱི་ཡོད་དམ་མེད་ཀྱི་སྐོར་འགྲེལ་བཤད་རྒྱག་གནང་། བོད་གཞུང་དེས་དམངས་གཙོའི་གཞུང་ཆགས་ནས་ལོ་ལོ་ངོ་ལྔ་བཅུ་ལྔ་དགུ་འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་པར་དགའ་བསུའི་སྐད་འབོད་བྱེད་ནས་གྲ་སྒྲིག་བྱེད་བཞིན་འདུགདྲི་བ་ཁག་པོ་ཞིག་བཏོང་དགོས་རྒྱུ་གང་ཡོད་ཅེ་ན། དམངས་གཙོ་རྒྱལ་ཁབ་ཅིག་གིས་དེ་འདྲ་བ་ཧ་ལས་པའི་ཞིང་བྲན་རིང་ལུགས་དང་འདྲ་མཚུངས་ཀྱི་སྲོལ་རྒྱུན་འཛིན་པ་གང་ཡིན་ནམ། དམངས་གཙོའི་ལམ་ལུགས་དེ་བཙན་འབྱོལ་བོད་གཞུང་གི་ལག་ཆ་ཁོ་ན་ཡིན་ནམ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/Proof-that-the-Central-Tibetan-Administration-is-not-democratic-Tibetansub-360p.mp4
༧ ༽ བོད་མི་རང་ལུས་མེར་སྲེག་བྱེད་པ་དེ་སྒང་ལ་ངའི་གུས་ཞབས་ཅན་གྱི་བསམ་འཆར།
བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་ཁོ་ཚོས་སོ་སོའི་རང་སྲོག་མེར་སྲེག་ནས་བློད་གཏོང་ཡོད། རྒྱ་ནག་གིས་ཁོ་ཚོའི་ཕ་ཡུལ་བཙན་འཛུལ་བྱས་པ་དེའི་ངོ་རྒོལ་དུ། འདི་ཐེ་ཚོམ་མེད་པར་ཞེ་དྲག་ཟུང་རྔུ་དྲག་པོ་ཅན་དང་། སེམས་འཚོར་དྲག་ཞིང་། གོ་བསྡུར་བྱེད་དཀའ་བའི་བརྗོད་གཞི་རེད། གང་ཡིན་ཞེ་ན་བོད་ཀྱི་ལས་འགུལ་ལ་ཕན་ཐོགས་ཤུགས་རྐྱེན་ལ་ཡིད་ཆེས་དང་དད་པ་ལྷད་མེད་བྱེད་ནས་ཚེ་སྲོག་མང་པོ་མེར་རང་ཤི་རྒྱག་ནས་ཤོར་ཡོད།
རང་ལུས་མེར་སྲེག་གཏོང་མཁན་བོད་མིའི་བློ་ཁོག་དང་དེ་དག་གི་སྲོག་བློས་བཏང་གི་སྐོར་དེ་ལ་དྲི་བ་ཡོད་པ་མ་རེད།། དངོས་འབྲེལ་གྱི་གནས་སྟངས་དེ་ནི་བོད་མི་ཚོའི་སྔར་རང་དབང་ཤོར་ཚར་བ་རེད། བོད་མི་རེ་རེའི་ཚེ་སྲོག་ནི་གལ་ཆེན་པོ་ཡིན་ཞིང་། གཞན་དང་མི་འདྲ་བའི་བོད་ཀྱི་ཆོས་དང་རིགས་གཞུང་སྐད་རིགས་བཅས་གཅེས་སྲུང་བྱེད་པར་དགོས་ངེས་ཅན་རེད།
དབུས་བོད་མི་སྒྲིགས་འཛུགས་ལས་ཁང་ནས་བོད་མི་རང་ལུས་མེར་སྲེག་གཏོང་བར་རྒྱུད་སྐུལ་མ་བྱེད་ཚུལ་བཤད་ཡོད། ཡིན་ནའང་མུ་འཐུད་ནས་ཆེ་བསྟོད་བྱེད་ནས་ཤུལ་དུ་ཁོ་ཚོའི་སྲོག་བློས་གཏོང་བར་རྒྱུད་སྐུལ་བྱེད་ཀྱི་ཡོད། སློབ་དཔོན་ཁོང་ཇི་ནའི་ལགས་ཀྱིས་འདིར་རེ་བ་ལྷག་བསམ་རྣམ་དག་གི་ཐོག་ནས་དགོས་ངེས་མེད་པའི་བོད་མིའི་སྲོག་བློས་བཏོང་མི་དགོས་ཤེས་པའི་བརྗོད་གཞི་དཀའ་ལས་ཁག་པོ་འགན་ཁུར་གནང་།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/My-humble-thoughts-Tibetansub-360p.mp4
༨ ༽ ཁ་བྲལ་གྱི་དཀའ་ངལ་བསལ་བ། རྒྱལ་བ་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན་ལ་དད་གུས་བྱེད།
བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་ཆོས་ལུགས་རྨོང་དད་ཅན་རེད་ཅེས་ནས་འགྲེལ་བཤད་རྒྱག་འདུག དངོས་འབྲེལ་བྱས་ན། དེ་ལ་ཤུགས་ལྡན་པ་ཆོས་ལུགས་རྨོང་དད་ཅན་ཡོད་པ་མ་རེད། ཐ་སྙད་འདི་ནི་ལོ་བཞི་ལྷག་ཤུགས་ཆེན་པོར་རྗེས་སུ་འབྲང་པའི་ནང་ཆོས་ཀྱི་ཉམ་ལེན་དེ་ལ་གལ་ཆེན་དུ་མ་བརྩི་ནས་འབད་བརྩོན་གྱི་ཐོག་ཐ་སྙད་གསར་པ་བཏགས་པ་རེད། དེ་ནི་དམ་པའི་ཆོས་ལ་ཆབ་སྲིད་ཁྲབ་ནས་བརྡར་ཟད་དུ་གྲུབ།
ཟུར་དུ་མགོ་བདེ་པོ་མང་པོ་ཞིག་གིས་སྙིང་པོར་སྡུད་ཡོད་པ་དེ་ནི། དཔེར་ན་མཁས་དབང་ཚེམས་རིན་པོ་ཆེ་དང་ཁོང་གི་སློབ་མ་རྣམས་ཁོ་ཚོའི་ཁ་གཏད་དུ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་འཕྲད་བཞིན་པའི་མི་དྲང་བའི་དཀའ་ངལ་ཚབས་ཆེན་དེ་དག་ལ་སྐད་འབོད་རྒྱག ཡིན་ནའང་ཁོ་ཚོའི་བསྟེན་གསོལ་དང་། དད་གུས། བཟོད་སྲན། ཁྱོད་ལ་སྡང་འཛིན་བྱེད་མཁན་རྣམས་དང་བཅས་པ་ཐམས་ཅད་ཀྱི་སྙིང་རྗེ་ལ་མ་འཛེམ་པར་ཡིན། བརྙན་འཕྲིན་འདིར། སློབ་དཔོན་ཁོང་ཇི་ནའི་ལགས་ཀྱིས་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་གི་བཀའ་སློབ་ལྟར་རྒྱལ་བ་རིན་པོ་ཆེ་དང་རྡོ་རྗེ་ཤུགས་ལྡན་གཉིས་ཀ་ལ་དད་གུས་བྱེད་དགོས་པའི་གལ་གནད་ཀྱི་སྐོར་གོ་བསྡུར་གནང་བ་རེད།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/Healing-the-Divide-Respect-the-Dalai-Lama-and-respect-Dorje-Shugden-Tibetansub-360p.mp4
ཁ་སྐོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
འོག་ལ་ཡོད་པའི་འདྲ་པར་དེ་ Tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་པར་རེད། འདིའི་ནང་རྡོ་རྗེ་ཤུགས་ལྡན་སྐོར་སྡེ་ཚན་ཁག་ཁག་ཞིག་བཟོས་ནས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་སྐོར་ཞེ་ལོག་དང་དགག་ཆ། སྐད་ཆ་རྩུབ་པོ་ཀྱང་ཀྱང་བྲིས་ཡོད་པ་རེད། དམངས་གཙོའི་དབུ་ཁྲིད་སུས་ཆོས་ལུགས་སྡེ་ཚན་ཞིག་ལ་དམིགས་སུ་ཀར་ནས་སོ་སོའི་དྲ་རྒྱའི་ནང་ལ་བྱ་བ་འདི་འདྲ་གནང་གི་ཡོད་དམ། གལ་ཏེ་ཨ་རི་དང་ཁེ་ན་ཌ་དེ་བཞིན་དམངས་གཙོའི་གཞུང་གཞན་གྱིས་སོ་སོའི་དྲ་རྒྱའི་ནང་མི་མང་སྐོར་འདི་འདྲ་སྡེ་ཚན་བཟོས་ན་སྡིར་ར་གང་འདྲ་འབྱུང་ས་རེད་དམ།
༧གོང་ས་མཆོག་གི་དྲ་རྒྱ།
འདྲ་པར་འདི་ནི་ DalaiLama.com ༧གོང་ས་མཆོག་གི་གཞུང་དང་འབྲེལ་བའི་དྲ་རྒྱའི་པར་རེད། ༧གོང་ས་མཆོག་གི་དྲ་རྒྱ་ཁོ་རང་ནང་སྡེ་ཚན་འདི་འདྲ་ཡོད་དུས་བོད་མི་རྣམས་ཀྱིས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབྱེ་བ་འབྱེད་པ་དང་ཁོང་ཚོ་དང་འབྲེལ་མེད་བཟོ་བར་བློ་སྤོབས་སྐྱེད་པར་བྱེད་ཀྱི་ཡོད་རེད། སྡེ་ཚན་འདིས་ག་རེད་སྟོན་གྱི་ཡོད་རེད་ཟེར་ན། ༧གོང་ས་མཆོག་ཁོང་རང་གིས་ཆོག་མཆན་གནང་བ་མཐོང་ཐུབ། རྡོ་རྗེ་ཤུགས་ལྡན་ལ་མ་དགའ་མཁན་ཞིག་གིས་འདི་མཐོང་དུས་ཁོང་རྣམས་ཀྱི་གང་དྲན་གྱི་ཡོད་རེད་ཟེར་ན། ཤུགས་ལྡན་བསྟེན་དགོས་མིན་འདུག ༧གོང་ས་མཆོག་གི་བཀའ་རེད་ཟེར། ༧གོང་ས་མཆོག་གིས་འདི་ལ་མོས་མཐུན་གནང་གི་ཡོད་པ་བདག་གི་བསམ་པ་མེད། ཡིན་ཡང་དྲ་རྒྱ་བེད་སྤྱོད་བྱེད་མཁན་དང་༧གོང་ས་མཆོག་གི་དྲ་རྒྱའི་རྒྱབ་ལ་ལས་འགུལ་སྤེལ་མཁན་རྣམས་ཀྱིས་འདི་འདྲ་རྡོ་རྗེ་ཤུགས་ལྡན་འགལ་ཟླས་སྡེ་ཚན་བཟོས་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། འདིས་ཆོས་ལུགས་སྡེ་ཚན་ཞིག་ལ་དབྱེ་བ་འབྱེད་པ་མང་པོ་ཡོང་གི་འདུག དུས་རབས་ཉི་ཤུ་གཅིག་པའི་ནང་༧གོང་ས་མཆོག་ལྟ་བུ་རང་བཞིན་གྱི་དབུ་ཁྲིད་ཤིག་ཆགས་ཐུབ་ཀྱི་མི་འདུག དབྱེ་འབྱེད་མ་གནང་རོགས་གནང་། བཟོད་སྲན་བྱེད་དགོས་པ་གལ་ཆེ།
གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པ་རེད་ཞེས་བསླབ་བྱ་ཙམ་ཡིན་པ་ཡིན་ན། དྲ་རྒྱ་ཆ་ཚང་ནང་རྡོ་རྗེ་ཤུགས་ལྡན་སྐོར་ལོགས་སུ་སྡེ་ཚན་ཕྱེ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
གཞུང་གི་ལས་བྱེད་པ་རྣམས་ཀྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་མེད་ཞེས་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་བྱེད་ཡོད།
ཕྱི་ལོ་ ༡༩༩༢ ནང་བོད་མིའི་དབུ་ཁྲིད་རྣམས་ཀྱིས་གཏན་འབེབས་བྱེད་པའི་གྲོས་ཆོད་དེ་བོད་ཀྱི་སྡེ་ཚན་ཆ་ཚང་དང་ལས་བྱེད་པ་ཡོངས་ལ་ལག་སྤྲོད་བྱས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པའི་(དོན་ཚན་བརྒྱད་པ་) བཀའ་གཏོང་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ཡིན་ན་དེས་༧གོང་ས་མཆོག་གི་སྐུ་ཚེ་དང་བོད་ཀྱི་རྩ་དོན་ལ་གནོད་ཀྱི་འདུག་ཞེས་གྲོས་ཆོད་འདི་ནང་བཀོད་ཡོད་པ་རེད། འདི་འདྲ་ཡིན་དུས་བོད་པའི་སྤྱི་ཚོགས་དང་གཞུང་ནང་སུས་རྡོ་རྗེ་ཤུགས་ལྡན་དངོས་སུ་བསྟེན་ཐུབ་བམ། བསྟེན་པ་ཡིན་ནའང་ཁོང་ཚོ་༧གོང་ས་མཆོག་ལ་རྒྱབ་འགལ་བྱེད་མཁན་རེད། བོད་གཞུང་ལ་རྒྱབ་འགལ་བྱེད་མཁན་རེད། དམ་ཚིག་ལས་འགལ་བ་རེད་ཟེར། དངོས་སུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་རྣམས་ལ་ལོ་ ༢༠ རིང་ནས་སྐྱོན་བརྗོད་ཀྱི་ཡོད་པ་དང་། ཚིག་རྩུབ་པོ་བེད་སྤྱོད་བྱེད་པ་དང་བརྡབ་སིག་གཏོང་བ་དང་དབྱེ་འབྱེད་སོགས་བྱེད་ཀྱི་ཡོད་རེད། དེར་ཁོང་རྣམས་ལ་ཐབས་ལམ་གསུམ་ཡོད་རེད། ཡང་ན་བསྟེན་གསོལ་བྱེད་རྒྱུ་མཚམས་བཞག་དགོས། (མི་མང་པོ་འདི་འདྲ་གནང་མི་ཐུབ།) གསང་བའི་ཐོག་ནས་བསྟེན་གསོལ་བྱེད་རྒྱུ་དང་། ཡང་ན་སོ་སོའི་ལས་ཀ་བློས་གཏོང་རྒྱུ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ནི་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་བཀོད་ཡོད་པ་རེད
tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་དྲ་རྒྱའི་པར་རེད། འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་ནང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ནང་བཀོད་འདུག (དོན་ཚན་གསུམ་པ། ཡིག་འབེབ་གཉིས་པ།)
བརྙན་འཕྲིན། ༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་ནས་གྲྭ་པ་རྣམས་བཙན་འབུད་གཏོང་བ།
ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་བློ་གསལ་གླིང་དུ་༧གོང་ས་མཆོག་གིས་གང་གསུངས་པ་རེད་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་མི་འཇོག་མཁན་གྱི་གྲྭ་པ་རྣམས་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་དགོས་ཞེས་གསལ་པོ་བྱེད་ནས་གསུངས་པ་བསྡུ་འཇུག་བྱས་ཡོད། མ་ཟད་༧གོང་ས་མཆོག་གི་གཞན་གང་གསུངས་པ་རེད་ཟེར་ན། གལ་ཏེ་ཁོང་ཚོས་མ་ཉན་པ་ཡིན་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བཙན་འབུད་གཏོང་དགོས་པ་ནི་༧གོང་ས་མཆོག་གི་བཀའ་རེད་ཅེས་ཞེས་ཁོང་གིས་འདི་འདྲ་གསུངས།
ངས་དྲི་བ་ནི། གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་འཇོག་དགོས་ཞེས་པ་དེ་བཀའ་ཙམ་ཡིན་པ་དང་། འདི་ང་ཚོས་གང་བསྟེན་གསོལ་བྱེད་ཀྱང་སོ་སོའི་འདོད་པ་རང་དབང་ཡིན་པ་ཡིན་ན། འདི་བསྟེན་གསོལ་བྱེད་མཁན་རྣམས་ལ་ཧ་ལས་པའི་གནོན་ཤུགས་དང་དཀའ་ངལ་ཡོད་པ་རྒྱུ་མཚན་ཅི་ཡིན་ནམ། ༧གོང་ས་མཆོག་གིས་དེ་འདྲ་གསུངས་པ་ལ་བརྟེན་ནས་ཤུགས་ལྡན་བསྟེན་གསོལ་གནང་མཁན་གྱི་གྲྭ་པ་སྟོང་ཕྲག་མང་པོ་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་ཡོད་པ་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་དགོས་ན་སོ་སོའི་ཁག་ཁག་དགོན་པ་བཟོ་བར་ནུས་ཤུགས་སྤེལ་བ་རེད།
དགའ་ལྡན་དགོན་པར་ངོ་རྒོལ་འཐབ་འཛིངས་བྱུང་བ།
ལོ་ཉི་ཤུ་སྔོན་ནས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱུང་བ་ནས་བཟུང་། བཙན་འབྱོལ་བོད་གཞུང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དེའི་ཁ་གཏད་དུ་སྡང་སེམས་ཅན་གྱི་ལས་འགུལ་མུ་མཐུད་ནས་གོ་སྒྲིག་བྱེད་ཀྱི་ཡོད་རེད། དེ་འདྲ་བྱེད་ནས། བཙན་བྱོལ་བོད་གཞུང་དེ་༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་བཟོད་སྒོམ་གྱི་གསུང་ཆོས་སྙིང་པོ་དེ་དང་འགལ་ཞིང་། དེ་རྗེས་བྱ་སྤྱོད་དེ་འདྲའི་རང་བཞིན་གྱི་ཐོག་འཛམ་གླིང་ཡོངས་ལ་མགོ་སྐོར་གཏོང་གི་འདུག ། བཙན་བྱོལ་བོད་པའི་དབུ་ཁྲིད་ཚོས་དེ་ནང་འགྲོ་སོང་གཏོང་བའི་ཆེད་དུ་ནུབ་ཕྱོགས་ནས་སྦྱིན་བདག་དང་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བསྒྲུབ་པར་རྩེ་གཅིག་ཏུ་འབད་བརྩོན་བྱེད་ཅིང་། ཡིན་ནའང་སྤྱིར་སྟངས་ཁོ་ཚོས་མ་རྩ་དེ་བོད་པའི་སྤྱི་ཚོགས་ནང་ཆོས་དད་རང་དབང་ལ་བཙན་གནོན་བྱས་ནས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཁ་གཏད་དུ་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་གདུག་བརྩུབ་ཅན་གྱི་ངན་བསླབ་རྒྱག་ནས་བཙན་གནོན་གྱི་ལས་འགུལ་ལ་འགྲོ་སོང་གཏོང་གི་ཡོད།
བརྙན་ཐུང་འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་འོག་ལོ་ཉི་ཤུའི་རིང་དེ་ཚོའི་སྲོག་གི་ཉན་ཁ་ཡོད་བཞིན་ཇི་ལྟར་སྡོད་ཡོད་ཚུལ་གསལ་པོ་སྟོན་ཡོད། དེ་ལྟར་ཡང་བཙན་བྱོལ་བོད་པའི་དབུ་ཁྲིད་ཚོ་དང་དེའི་རྒྱབ་སྐྱོར་བ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་དང་བཙན་དབང་གིས་མུ་འཐུད་ནས་གདུག་རྩུབ་སྣ་ཚོགས་དང་ལོག་བྱུས་ཀྱི་ཐབས་ལམ་བཀོལ་སྤྱོད་བྱས་ཀྱང་། བསྟེན་གསོལ་བྱེད་མཁན་དེ་ཚོས་འཁྲུག་རྩོད་གང་ཡང་བྱེད་ཡོད་མ་རེད ། དེ་ཚབ་ཏུ། དེ་ཚོས་མུ་འཐུད་ནས་དེ་ཚོའི་རྡོ་རྗེ་ཤུགས་ལྡན་བླ་མ་གང་ལ་ཞི་བདེའི་ཐོག་བློ་གཏད་ནས་སོ་སོའི་སྲུང་མ་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་ཆོས་བརྒྱུད་གང་ཐོབ་པ་དེ་ཚུལ་བཞིན་དུ་བསྟེན་གསོལ་བྱེད་ཀྱི་ཡོད་རེད། གློག་བརྙན་དེའི་ཚན་པ་གཙོ་བོ་ནི་སྤྱི་ལོ་ ༢༠༠ ལོར་གློག་བརྙན་པར་འདེབས་བྱས་ཡོད་པ་དང་། འདིས་སེར་སྐྱ་མི་མང་ ༣༠༠ ལྷག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་འཁྲུག་ཟིང་རྒྱབ་པར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་ཕྱོགས་སུ་རྒྱུག་བཞིན་པ།
ངོས་ལེན་མེད་པའི་གསལ་བསྒྲགས།: བརྙན་འཕྲིན་འདི་སྡེ་པ་གསུམ་པའི་བརྙན་འཕྲིན་རེད། དྲ་རྒྱ་འདིར་བཀོད་སྒྲིགས་བྱེད་པའི་དབང་ཆ་བདག་ལ་ཐོབ་ཅིང་། བརྙན་འཕྲིན་འདི་ཚོང་ལས་ཁྱབ་བསྒྲགས་ཀྱི་ཆེད་དུ་མིན་པར། སློབ་གསོ་ཁོ་ནའི་དོན་དུ་བཀོད་སྒྲིགས་བྱས་ཡོད་པ་མཁྱེན་དགོས།
བརྙན་འཕྲིན།: རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་ནས་ངོས་ལེན་མ་བྱས་པ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཞིག་གིས་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་དུ་ཁང་མིག་གོང་ཚད་འདྲི་དུས་མགྲོན་ཁང་ལས་བྱེད་ཀྱིས་ངོས་ལེན་མ་བྱས་ཤིང་ཐོན་འགྲོ་བར་འབོད་བསྐུལ་ཞུས།
བརྙན་འཕྲིན། : France 24 ཞེས་པ་ཕ་རེན་སི་གསར་ཁང་ནང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་སྙན་སེང་ཞུས་པ།
France 24 ཞེས་པ་ཕ་རེན་སི་ནང་ཡོད་པའི་གྲགས་ཅན་གསར་ཁང་དེ། དེ་ཚོའི་དམིགས་ཡུལ་ཅན་གྱི་སྙན་སེང་བྱེད་སྟངས་དེ་ཡོངས་གྲགས་རེད། དེ་ཚོས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་རྒྱས་ཤིང་རྒྱས་པ་བཀོད་ཅིང་དེ་ཚོས་བརྒྱུད་ལམ་ཁག་ཏུ་གསར་འགྱུར་དེ་བཀོད་དོན་དུ་དུས་ཚོད་གང་མང་སྐྱེལ་ཡོད་པས་གནད་དོན་དེ་ཛ་དྲག་ཚ་བོ་ཡིན་པ་མཁྱེན་གསལ་རེད། དེའི་བརྙན་འཕྲིན་ནང་། ཕ་རེན་སི་གསར་ཁང་དེས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྲྭ་བ་ཚོ་ལ་དབྱེ་འབྱེད་བྱས་པའི་གློག་བརྙན་པར་འདེབས་བྱས་འདུག །
བརྙན་འཕྲིན། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་ནང་དུ་ཡང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་བཀོད་འདུག །
དབུས་ཤར་ཕྱོགས་ཀྱི་བརྒྱུད་ལམ་དུ་ནུབ་ཕྱོགས་རིག་གཞུང་ལ་ཤུགས་རྐྱེན་ཤུགས་ཆེན་པོར་འཐེབ་ཡོད་པ་དང་། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་གིས་བརྒྱུད་ལམ་དུ་ལེན་བཀོད་ཡོད་རེད། དེ་ཚོས་རྩོད་རྙོག་ཅན་གྱི་བརྗོད་གཞི་བཀོད་ཀྱི་ཡོད་རེད། བརྒྱུད་ལམ་གཞན་གྱིས་བཀོད་འདོད་མེད་པའི་བརྗོད་གཞི་རྣམས་ཁོ་ཚོས་བཀོད་ཀྱི་ཡོད་པ་དང་། དེང་སང་གསར་འགྱུར་གསར་ཤོས་དེ་ཚོ་ཚང་མ་བཀོད་ཀྱི་ཡོད་རེད།
བཀག་སྡོམ་བྱེད་པའི་བདེན་དཔང་།
ལོ་འགའ་ཤས་རིང་། ངའི་དགེ་ཕྲུག་ཚོས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱེད་ཡོད་པའི་བདེན་དཔང་དེ་དག་ཕྱོགས་སྒྲིགས་བྱས་ཡོད་རེད། ང་རང་ངོས་ནས་ཕྲན་བུའི་བློ་ཕམ་པོ་བྱུང་བ་དང་སེམས་པ་སྐྱོ་པོ་བྱུང་། ཁོ་ཚོས་འདི་འདྲ་མང་པོ་དཔང་རྟགས་ཕྱོགས་བསྡུས་བྱས་འདུག གང་ཡིན་ཞེས་ན་བཀག་སྡོམ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་ཡོད་རེད། སྐུ་ཉིད་ཀྱིས་འོག་ལ་གཟིགས་ཐུབ་ཀྱི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་བྱས་པའི་གསལ་བསྒྲགས་བོད་པའི་གཞི་ཆགས་གང་སར་མཐོང་ཐུབ་ཀྱི་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་སྨན་ཁང་དང་། དེ་བཞིན་ཟ་ཁང་། ཚོང་ཁང་གང་དུ་ཡིན་ནའང་འབྲེལ་བ་བྱེད་མི་ཆོག་ཞིང་། ཁོ་ཚོས་ཞབས་ཞུ་ཞུ་བར་ངོས་ལེན་ཡང་བྱེད་ཀྱི་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བོད་པའི་སྤྱི་ཚོགས་དང་གཞིས་ཆགས་ནང་ཞེ་དྲག་གི་གདུག་རྩུབ་བྱེད་ཀྱི་འདུག ། བཀའ་སློབ་འདི་གང་འདྲ་ཞིག་ཡིན་ནམ།
ལོ་རྒྱུས་སྙིང་རྗེ་པོ་འདི་ལས་མང་བ་གཟིགས་དགོས་ན།
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
1 ཡ་ལན་གནང་ཡུལ། རྡོ་རྗེ་ཤུགས་ལྡན་དང་བོད་ཀྱི་གནས་སྟངས་ཀྱི་སྐོར་ལ་ལོག་བཤད་བྱེད་ཡོད་པ་དེ་བསྐྱར་བཅོས་བྱེད་པའི་བརྙན་འཕྲིན་ཕྱོགས་བསྡུས།
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།