བོད་པའི་བླ་མས་ནོར་འཁྲུལ་བྱས་སྲིད་དམ།
༄༅། །འཛམ་གླིང་གང་སར་གནས་པའི་བརྩེ་བའི་གྲོགས་པོ་ཚོ།
ཤུགས་ལྡན་གྱི་རྙོག་དྲ་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཞིག་ཡིན་པ་དང་། གནས་སྟངས་འདི་མཇུག་མ་སྒྲིལ་བར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ང་རང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུར་བ་བཏབ་འདོད་མེད། ངས་འདི་ཁ་བྲལ་དང་སྨད་ཚིག་ཟུར་ཟ་བཅས་གཏོང་འདོད་མེད། ང་རང་འདི་གར་དོན་ཚན་གསུམ་གྱི་ཐོག་ཤུགས་ལྡན་གྱི་རྙོག་དྲའི་སྐོར་ཞུ་གི་ཡིན། དགེ་ལུགས་པའི་དགོན་པ་ཡིན་ཕྱིན་མཚན་ཉིད་ཀྱི་གཞུང་བལྟ་རྒྱུ་དེ་ཁ་འབྲལ་ཐབས་མེད་པའི་ཤེས་ཡོན་གྱི་ཆ་ཤས་ཞིག་ཡིན་པ་མ་ཟད་སངས་རྒྱས་ཀྱི་ཆོས་ཀྱི་དོན་དངོས་སུ་རྟོགས་ཐུབ་པའི་ཆེད་ཡིན། དེ་འདྲ་ཡིན་ཙང་ངས་དོན་ཚན་གསུམ་གྱི་ཐོག་རྩོད་རྒྱུ་ཡིན། དྲི་བ་དང་དེའི་ལན་རྣམས་ནི་ངའི་བསམ་ཚུལ་ཙམ་ཡིན། ངའི་རེ་བ་ལ་ཁྱེད་རྣམ་པ་ཚང་མས་རྩོམ་འདི་ཀློག་པ་དང་། ངས་བཤད་པ་ལ་ཕོག་ཐུག་མ་གནང་རོགས། གང་ཡིན་ཞུ་ན་ངས་ནམ་ཡང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་དང་དད་པ་གཙང་མ་ཡོད། ཁོང་ནི་ངའི་དགེ་རྒན་དང་ཡི་དམ་ལྟ་བུ་ཡིན། ངས་ལམ་དབུ་མ་བདམ་ཡོད། ངས་དུས་ནམ་རང་ཉིད་ཀྱི་བླ་མ་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ལ་མི་དགའ་བའི་རྣམ་འགྱུར་བཏོན་འདོད་མེད། འོན་ཀྱང་བླ་མ་ལ་དད་བཀུར་ཡོད་བཞིན་དོགས་དྲི་ཞུ་མི་ཆོག་པ་དང་ལེགས་ཉེས་མི་ཤེས་པ་མིན། བླ་མའི་རྣམ་འབྱོར་ནང་རང་གི་དགེ་བའི་བཤེས་གཉེན་ལ་དྲི་བ་གཏོང་ཆོག་པ་གསལ་ཡོད། མི་རེ་འགས་ཤུགས་ལྡན་བསྟེན་མཁན་ཡིན་ན་བླ་མ་ལ་དད་པ་མེད་པ་བསམ་སྲིད། དཔེར་ན་༧རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་ལྟ་བུ། ང་ལ་དེ་འབྲེལ་དཀའ་ངལ་གང་ཡང་མེད། ངས་ཚང་མར་གུས་བཀུར་ཞུ་ཡི་ཡོད།
དེ་ལྟར་ཡིན་དུས་ངས་༧གོང་ས་མཆོག་གི་སྐུ་མདུན་ནས་གསུང་ཆོས་དང་སྡོམ་པ་བླངས་པ་དེ་བླ་མ་གཞན་དང་ཆ་མཚུངས་རེད། ངས་བླ་མ་གཞན་ས་ནས་ཡང་གསུང་ཆོས་ཞུ་མྱོང་ཡང་བླ་མ་སུ་ཞིག་ཡིན་ཡང་ཐལ་དྲགས་རྒྱུ་མེད། ངས་བླ་མ་གཞན་ནས་ཞུས་པའི་ཆོས་དེ་ལ་༧རྒྱལ་བ་རིན་པོ་ཆེ་ཡིས་སྐྱོན་འཛུགས་གནང་རྒྱུ་མེད། ངས་བླ་མ་བསྟེན་པ་དེ་ངའི་མི་ཚེའི་ནང་ཁྱད་པར་ཞིག་ཕྱིན་ཙང་ཡིན་མ་གཏོགས་ཁོང་རྣམ་པ་སྐད་གྲགས་དང་ནུས་པ་ཡོད་ཙང་མིན། དེ་འདྲ་ཡིན་ཙང་ངས་ཉམས་ལེན་མུ་མཐུད་བྱ་རྒྱུ་ཡིན་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉིན་གཅིག་ཕྱོགས་གཉིས་ཀར་ཕན་ཐོགས་པའི་ཤུགས་ལྡན་གྱི་རྙོག་དྲ་དེ་སེལ་ནས་མི་ས་ཡ་མང་པོ་དང་དགོན་པ་དང་ཚོགས་སྡེ་ཁག་ལ་ཞི་བདེ་ཡོང་བའི་རེ་བ་བྱས་ཀྱི་ཡོད། ངའི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དྲུང་ནས་བླང་བའི་སྡོམ་པ་དེ་བླ་མ་གཞན་ལས་བླངས་པའི་སྡོམ་པ་གལ་ཆེ་ཆུང་གཅིག་པ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་གོ་ས་མཐོ་བ་དང་རིས་མེད་ཀྱི་བླ་མ་ཡིན་པ་ཙམ་གྱི་གཞན་ལ་བརྙས་བཅོས་བྱ་རྒྱུ་མེད། ཆོས་ཀྱི་ཉམས་ལེན་སྐབས་སུ་བླ་མའི་གོ་ས་མཐོ་དམན་ལ་ལྟ་ནས་སྐྱབས་སུ་འགྲོ་རྒྱུ་མེད།
ང་ཚོར་ཞི་མཐུན་གྱི་གྲུབ་འབྲས་ཞིག་དགོས། ཤུགས་ལྡན་བསྟེན་མཁན་བླ་མ་ཚོ་ནམ་ཞིག་བོད་གཞུང་གི་མི་སྣ་དང་འཕྲད་ནས་རྩོད་རྙོག་མེད་པའི་ཕྱོགས་གཉིས་ཀར་རྒྱལ་ཁ་ཡོང་བ་ཤོག རྩོད་པ་གང་འདྲ་ཞིག་ཡིན་ཡང་བདེན་རྫུན་ལ་མ་ལྟོས་པར་ཕྱོགས་གཉིས་ཀའི་ངོས་ནས་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་དེ་གལ་ཤིན་ཏུ་ཆེ། ཤུགས་ལྡན་ཚོགས་པ་འདྲ་མིན་གྱི་འགོ་ཁྲིད་ཚོས་ཡི་གེ་བྲིས་ནས་ཕྱི་ལོ་ ༡༩༩༦ ནས་བཟུང་གནས་ཚུལ་འདིའི་ཐོག་༧རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་རེ་བསྐུལ་ཞུ་ཡོད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྐུ་སྒེར་ཡིག་ཚང་ནས་མཇལ་ཁའི་ཚོགས་འདུ་སྐོར་བརྡ་ལན་གང་ཡང་གནང་མེད། ཚོགས་འདུ་དེ་༧རྒྱལ་བ་རིན་པོ་ཆེ་ཐུགས་འདོད་ལྟར་བཞུགས་སྒར་རྡ་རམ་ས་ལ་དང་ས་གནས་གཞན་གང་དུ་ཡང་གནང་ཆོག
རྙོག་དྲ་འདི་ཤུགས་ལྡན་ཚོགས་པས་འགོ་བཙུགས་པ་མ་རེད་ལ་དཀའ་ངལ་དེ་སེལ་གྱི་མ་རེད། ཤུགས་ལྡན་ནི་ལོ་ངོ་བཞི་བརྒྱ་ལྷག་སྔོན་ནས་ད་ལྟ་བར་མུ་མཐུད་མི་ས་ཡ་མང་པོས་བསྟེན་བཞིན་ཡོད། དེ་ནི་༧རྒྱལ་བ་རིན་པོ་ཆེ་ཡིས་གསུངས་པ་དེ་མ་ཐག་ནོར་བ་དང་མེད་པ་ཆགས་ཀྱི་མ་རེད། དེ་འདྲ་ཡིན་ན་བླ་མ་བརྒྱ་སྐོར་གྱིས་ཤུགས་ལྡན་གྱི་དགེ་ཕན་སྐོར་གསུངས་པ་དེ་ག་འདྲ་ཡིན་ནམ། ཁོ་ཚོ་ནོར་བ་རེད་དམ། རྒྱུ་མཚན་གང་གི་ཁོ་ཚོ་ནོར་བ་རེད་དམ། ཁོ་ཚོ་གོ་གནས་མེད་པ་ཙམ་གྱི་རེད་དམ། ༧རྒྱལ་བ་རིན་པོ་ཆེ་ནས་ཤུགས་ལྡན་གྱི་མི་མཐུན་པའི་སྐོར་མང་པོ་གསུངས་པ་དེ་མི་མང་པོའི་སེམས་ཁམས་ལ་ཕོག་ཐུག་ཕྱིན་ཡོད་པ་དང་། ང་ཚོ་འདིའི་སྐོར་ཞི་བའི་བགྲོ་གླེང་ཞུ་འདོད་ཡོད་པས་ཁོང་གིས་དེ་ལྟ་བུའི་བཀའ་སློབ་མི་གནང་བའི་རེ་བ་བྱས་ཀྱི་ཡོད།
གལ་ཏེ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ལ་གཏོར་བཅོམ་བྱ་མཁན་དམར་ཤོག་རིང་ལུགས་པ་ཚང་མ་ལ་ཐུགས་དགོངས་དངས་ཐུབ་ན་ཤུགས་ལྡན་བསྟེན་མཁན་ཚོ་དང་ཅི་ལ་མཇལ་འཕྲད་གནང་མི་ཐུབ། ཤུགས་ལྡན་བསྟེན་མཁན་ཚོས་བོད་དང་འཛམ་གླིང་ག་བ་ཡིན་ཡང་དེ་ཙམ་གྱི་གཏོར་གཤིག་བཏང་མེད་པ་གསལ་པོ་རེད། དངོས་སུ་ཞུ་ན་གཏོར་གཤིག་གང་ཡང་གཏོང་མེད། ཤུགས་ལྡན་བསྟེན་མཁན་ཚོ་ཡིས་དེ་སྔོན་ནས་འགྲིག་ཐབས་བྱས་པ་རེད། རྒྱལ་ཁབ་གང་ཞིག་ཡིན་ཡང་རྙོག་དྲ་ཡོད་ན་དེ་སེལ་ཆེད་ཕྱོགས་གཉིས་ཀའི་འགོ་ཁྲིད་རྣམ་པས་ཐུགས་འཕྲད་ཀྱིས་ཞི་བའི་ཐོག་དཀའ་ངལ་གང་མགྱོགས་མེད་པ་བཟོ་ཐབས་བྱས་ཀྱི་རེད། ཤུགས་ལྡན་བསྟེན་མཁན་གྱི་འགོ་ཁྲིད་དང་བོད་གཞུང་གི་འགོ་ཁྲིད་རྣམས་ནས་དཀའ་ངལ་འདི་སེལ་ཐབས་སུ་ཕན་ཚུན་གཉིས་ཀར་རྒྱལ་ཁ་ཡོང་བའི་གྲོས་བསྡུར་གནང་བའི་ངའི་རེ་བ་ཡིན། ཐུགས་འཕྲད་གནང་བའི་འབྲས་བུ་བཟང་པོ་ཞིག་ཡོང་རྒྱུ་ཉག་ཅིག་རེད།
དེང་སང་གི་འགོ་ཁྲིད་རྣམ་པས་ཆོས་ལུགས་ཀྱི་དད་པ་དང་ཡིད་ཆེས་དང་ཉམས་ལེན་སྐོར་གོ་ལྡོག་ནས་གསུངས་རྒྱུ་མེད། བཀའ་མོལ་གསུངས་མཁས་པོ་ཞིག་གིས་མི་ཞིག་གི་དད་པ་དེ་ལ་ལྡོག་ཕྱོགས་ནས་གསུངས་སྐབས་རྙོག་དྲ་ཡོང་གི་ཡོད། དད་པ་ནི་མི་སྒེར་གྱི་གནད་དོན་ཞིག་རེད། སྐད་ཆ་ལྡོག་ཕྱོགས་དེ་ཡིས་མི་ཕན་ཚུན་བར་དབྱེ་འབྱེད་དང་མཐོང་ཆུང་ཆེ་རུ་འགྲོ་གི་ཡོད། ང་ཚོའི་འཛམ་གླིང་འདིར་དེ་སྔ་ནས་རྙོག་དྲ་མང་པོ་ཡོད་པའི་ཐོག་ད་དུང་ཁ་སྣོན་བྱས་པ་ལྟར་རེད།
རྩོད་གཞི་གསུམ་ཅན་གྱི་བསམ་ཞིབ་འདི་ལེགས་པར་བཀླགས་ནས་ཤུགས་ལྡན་གྱི་རྩོད་རྙོག་གམ་བཀག་སྡོམ་དེ་ལ་རྒྱུ་མཚན་ཡོད་མེད་གཟིགས་རོགས། གནས་སྟངས་གསུམ་པོར་ལེགས་པར་བསམ་ཞིབ་གནང་རོགས། རྩོད་གླེང་སྐབས་སུ་སྐབས་རེ་ཚུལ་མིན་གྱི་དྲི་བ་ཡོང་སྲིད་ཀྱང་དམིགས་ཡུལ་གཙོ་བོ་དེ་ཕྱོགས་ཚང་མར་བལྟས་པའི་བསམ་ཤེས་ཡོང་རྒྱུ་དེ་རེད། ཚང་མ་བདེ་མོ་གྱིས་ཤིག། །།
ཚེམས་རིན་པོ་ཆེ་ནས།
གནས་སྟངས་དང་པོ།
- བླ་མས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - བླ་བ་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - བླ་མ་ཚང་མ་དང་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - བླ་མ་སུས་ནོར་འཁྲུལ་བྱས་པ་དང་སུས་ནོར་འཁྲུལ་བྱས་མི་སྲིད།
བླ་མ་ཚང་མས་ནོར་འཁྲུལ་བྱས་མི་སྲིད། - བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - བླ་མ་ཚང་མས་ནོར་འཁྲུལ་བྱས་པ་དང་༧རྒྱལ་བ་རིན་པོ་ཆེ་གཅིག་པུས་ནོར་འཁྲུལ་བྱས་མི་སྲིད་པ་རེད་དམ། གལ་ཏེ་ཡིན་ན་ཅིའི་ཕྱིར།
མ་རེད། - བླ་མའི་ནང་ནས་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་ལ་འཐོབ་བྱའི་འབྲས་བུ་མཐོ་ཤོས་དེ་ཡོད་དམ།
མ་རེད། - བླ་མ་གཞན་ཚོས་འཐོབ་བྱའི་འབྲས་བུ་ཐོབ་དུས་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་ཡིན་ནམ།
ཡིན། - ཡོན་ཏན་ལྡན་པའི་བླ་མ་ཚོས་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་མེད་ཚེ་སངས་རྒྱས་པའི་འབྲས་བུ་ལ་རིམ་པའམ་མཐོ་དམན་ཁྱད་པར་ཡོད་དམ།
མ་རེད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད་པ་དང་༧རྒྱལ་བ་རིན་པོ་ཆེ་ནས་ནོར་འཁྲུལ་བྱས་མི་སྲིད་པ་རེད་དམ།
མ་རེད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་བྱས་སྲིད་མཁན་གྱི་ཁོང་གི་དགེ་རྒན་ས་ནས་ཆོས་ཞུ་དགོས་དོན་ཅི།
མ་རེད། ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་རྒན་གྱིས་ནོར་འཁྲུལ་བྱས་མི་སྲིད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་བའི་བཤེས་གཉེན་རྣམ་པས་ནོར་འཁྲུལ་བྱས་སྲིད་ན་ཤུགས་ལྡན་གྱི་ཆོས་གནང་བ་དེ་ལས་གཞན་པའི་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - ༧རྒྱལ་བ་རིན་པོ་ཆེ་ཡིས་གསུངས་པའི་ཆོས་ལ་ནོར་འཁྲུལ་ཡོད་སྲིད་དམ། ཅིའི་ཕྱིར་ཟེར་ན་ཆོས་དེ་ཁོང་ལ་ནོར་འཁྲུལ་བྱས་སྲིད་མཁན་གྱི་དགེ་རྒན་ནས་འཐོབ་ཙང་རེད།
མ་རེད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་གྱིས་ནོར་འཁྲུལ་བྱས་མི་སྲིད་ན་ཤུགས་ལྡན་གྱི་ཆོས་དེ་ག་འདྲ་ནོར་བ་རེད།
དེ་ནོར་མེད། - བླ་མ་དང་དབང་ཆ་ག་འདྲ་ཞིག་གིས་བླ་མ་སུ་འདྲ་ཞིག་ལ་ནོར་འཁྲུལ་ཡོད་མེད་ཐག་གཅོད་བྱས་སྲིད་དམ།
བླ་མ་སུ་ཞིག་གིས་ནོར་འཁྲུལ་བྱས་མི་སྲིད། - ཆོས་ལུགས་ཀྱི་དབུ་ཁྲིད་རིམ་པ་དང་། འོས་ཤོག སྐྱེས་ཁུངས་དག་གིས་ནོར་འཁྲུལ་ཡོད་མེད་ཐག་གཅོད་ཐུབ་བམ།
མ་རེད། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་གཞན་བྱས་སྲིད་དམ།
མ་རེད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་ན་དེ་སྔོན་སྐུ་ཕྲེང་རྣམས་ནས་ནོར་འཁྲུལ་བྱས་སྲིད་དམ།
མ་རེད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགོངས་འཆར་དང་འདུ་ཤེས་དེ་བླ་མ་གཞན་ཚོར་ཅི་ཕྱིར་འཇུག་ཐུབ་བམ།
མ་ཐུབ། - བོད་པའི་ནང་པ་ཡིན་ཕྱིན་༧རྒྱལ་བ་རིན་པོ་ཆེ་ས་ནས་སྡོམ་པ་གཙང་མ་བཞེས་དགོས་པ་དང་བླ་མ་གཞན་ས་ནས་ཅི་ལ་མིན། སྡོམ་པ་དེ་སྡོམ་པ་གཞན་ལ་ཅི་ཕྱིར་འཇུག་གམ།
དེ་མ་རེད། - ཁྱེད་རང་(ཀློག་པ་པོ་)གིས་ནོར་འཁྲུལ་བྱས་སྲིད་དམ། ཁྱེད་རང་ལ་སུས་བླ་མ་དེ་ནོར་འཁྲུལ་བྱས་མི་སྲིད་བཤད་བྱུང་། དབང་ཆ་ག་རེ་ཐོག་བཤད་བྱུང་།
ཀློག་པ་པོས་ནོར་འཁྲུལ་བྱས་སྲིད་ཀྱི་རེད། - གལ་ཏེ་བླ་མས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་དེ་རྣམ་སྤྲུལ་ལ་བཏོན་པ་རེད་དམ།
རེད། - ནོར་འཁྲུལ་མེད་པའི་བླ་མ་ཆེན་པོར་རྟག་པ་གོ་ས་མཐོ་བ་དང་དབང་ཆ་ལྡན་པ་དགོས་སམ། དྲང་སྲོང་ཉམ་ཆུང་ལྟར་ཡོང་མི་ཆོག་གམ།
དབང་ཆ་མེད་པ་ཡང་ཡོང་སྲིད།
གནས་སྟངས་གཉིས་པ།
- དགེ་རྒན་གྱིས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - དགེ་རྒན་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - བླ་མ་ཚང་མ་དང་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - བླ་མ་སུས་ནོར་འཁྲུལ་བྱས་པ་དང་སུས་ནོར་འཁྲུལ་བྱས་མི་སྲིད།
བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད། - བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - ༧རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་གཏོག་བླ་མ་གཞན་ཚོས་ནོར་འཁྲུལ་བྱས་སྲིད་པ་རེད་དམ། ཅི་ཕྱིར།
༧རྒྱལ་བ་རིན་པོ་ཆེ་ཚུད་པའི་བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད། - ༧རྒྱལ་བ་རིན་པོ་ཆེ་གཅིག་པུར་འཐོབ་བྱའི་འབྲས་བུ་འཐོབ་ཡོད་དམ།
མ་རེད། - བླ་མ་གཞན་ཚོས་འབྲས་བུ་འཐོབ་སྐབས་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་ཡིན་ནམ།
བྱས་སྲིད། - འབྲས་བུ་འཐོབ་པའི་བླ་མ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་མེད་ཚེ་སངས་རྒྱས་པའི་འབྲས་བུ་ལ་རིམ་པའམ་མཐོ་དམན་ཁྱད་པར་ཡོད་དམ།
འབྲས་བུ་འཐོབ་མཁན་བླ་མ་ཚང་མ་མཉམ་པ་རེད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད་པ་དང་༧རྒྱལ་བ་རིན་པོ་ཆེ་ནས་ནོར་འཁྲུལ་བྱས་མི་སྲིད་པ་རེད་ད
༧རྒྱལ་བ་རིན་པོ་ཆེ་དང་ཁོང་གི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་བྱས་སྲིད་མཁན་གྱི་ཁོང་གི་དགེ་རྒན་ས་ནས་ཆོས་ཞུ་དགོས་དོན་ཅི།
༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་བའི་བཤེས་གཉེན་རྣམ་པས་ནོར་འཁྲུལ་བྱས་སྲིད་ན་ཤུགས་ལྡན་གྱི་ཆོས་གནང་བ་དེ་ལས་གཞན་པའི་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། - ༧རྒྱལ་བ་རིན་པོ་ཆེ་ཡིས་གསུངས་པའི་ཆོས་ལ་ནོར་འཁྲུལ་ཡོད་སྲིད་དམ། ཅི་ཕྱིར་ཟེར་ན་ཆོས་དེ་ཁོང་ལ་ནོར་འཁྲུལ་བྱས་སྲིད་མཁན་གྱི་དགེ་རྒན་ནས་འཐོབ་ཙང་རེད།
བྱས་སྲིད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་གྱིས་ནོར་འཁྲུལ་བྱས་མི་སྲིད་ན་ཤུགས་ལྡན་གྱི་ཆོས་དེ་ག་འདྲ་ནོར་བ་རེད།
༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད། བྱས་ཙང་ཤུགས་ལྡན་ཉམས་ལེན་དེ་ཡང་ནོར་བ་དང་། མ་ཟད་ཆོས་གཞན་གང་བསླབ་ཡང་ནོར་སྲིད་པས་ཁོང་གི་དགེ་རྒན་ནོར་སྲིད་པའི་ཕྱིར། - བླ་མ་དང་དབང་ཆ་ག་འདྲ་ཞིག་གིས་བླ་མ་སུ་འདྲ་ཞིག་ལ་ནོར་འཁྲུལ་ཡོད་མེད་ཐག་གཅོད་བྱས་སྲིད་དམ།
སུ་ཞིག་མིན་གང་ཟེར་ན་ཁོ་ཚོ་ཚང་མས་ནོར་འཁྲུལ་བྱས་སྲིད་པ་རེད། - ཆོས་ལུགས་ཀྱི་དབུ་ཁྲིད་རིམ་པ་དང་། འོས་ཤོག སྐྱེས་ཁུངས་དག་གིས་ནོར་འཁྲུལ་ཡོད་མེད་ཐག་གཅོད་ཐུབ་བམ།
རེད། ཁྱེད་རང་ལ་འོས་ཤོག་གིས་གོ་གནས་ཐོབ་ན་ཡོན་ཏན་ལྡན་པ་དང་། སྤྲུལ་སྐུའི་ཡང་སྲིད་ལ་སྐྱེ་བ་ལེན་ན་ནོར་འཁྲུལ་མེད་པ་དང་། རིམ་པ་བཞིན་གོང་རིམ་ལ་འཕོ་ན་ནོར་འཁྲུལ་མེད་པ་རེད། ཕྱོགས་གཞན་ནས་བཤད་ན་ཁྱེད་རང་ལ་ནུས་པ་ལྡན་པའི་དབང་ཆ་ཡོད་ན་ནོར་འཁྲུལ་མེད། དཔེར་ན་༧རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་ལྟ་བུ་རེད། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་གཞན་བྱས་སྲིད་དམ།
བྱས་སྲིད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་ན་དེ་སྔོན་སྐུ་ཕྲེང་རྣམས་ནས་ནོར་འཁྲུལ་བྱས་སྲིད་དམ།
བྱས་སྲིད། གང་ཡིན་ཟེར་ན་སྐུ་ཕྲེང་གི་སེམས་དེ་གཅིག་ཡིན་ཙང་རེད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགོངས་འཆར་དང་འདུ་ཤེས་དེ་བླ་མ་གཞན་ཚོར་ཅི་ཕྱིར་འཇུག་ཐུབ་བམ།
འཇུག་རྒྱུ་མེད། གང་ཟེར་ན་ཁོང་གིས་ནོར་འཁྲུལ་བྱས་སྲིད། - བོད་པའི་ནང་པ་ཡིན་ཕྱིན་༧རྒྱལ་བ་རིན་པོ་ཆེ་ས་ནས་སྡོམ་པ་གཙང་མ་བཞེས་དགོས་པ་དང་བླ་མ་གཞན་ས་ནས་ཅི་ལ་མིན། སྡོམ་པ་དེ་སྡོམ་པ་གཞན་ལ་ཅི་ཕྱིར་འཇུག་གམ།
༧རྒྱལ་བ་རིན་པོ་ཆེ་ནས་བླང་པའི་སྡོམ་པ་དེ་བླ་མ་གཞན་ལས་བླང་པའི་སྡོམ་པ་དང་སྙོམས་མི་ཐུབ་པས་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་པ་རེད། བྱས་ཙང་རང་སྒེར་སོ་སོའི་བླ་མ་ལས་བླངས་པའི་སྡོམ་པ་དེ་༧རྒྱལ་བ་རིན་པོ་ཆེ་ས་ནས་སྡོམ་པ་བླང་པ་ལས་གལ་ཆེ་བ་རེད། དབང་ཆ་ག་རེས་༧རྒྱལ་བ་རིན་པོ་ཆེ་དང་བླ་མ་གཞན་གྱི་བར་གྱི་སྡོམ་པ་ལ་ཁྱད་པར་ཡོད། - ཁྱེད་རང་(ཀློག་པ་པོ་)གིས་ནོར་འཁྲུལ་བྱས་སྲིད་དམ། ཁྱེད་རང་ལ་སུས་བླ་མ་དེ་ནོར་འཁྲུལ་བྱས་མི་སྲིད་བཤད་བྱུང་། དབང་ཆ་ག་རེ་ཐོག་བཤད་བྱུང་།
ཀློག་པ་པོས་ནོར་འཁྲུལ་བྱས་སྲིད་ཀྱི་རེད། བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་ཀྱི་རེད། བླ་མ་གཅིག་གིས་གཅིག་ཐོག་དབང་ཡོད་ཀྱི་ཐོབ་ཐང་མེད་པས་བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་པ་རེད། - གལ་ཏེ་བླ་མས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་དེ་རྣམ་སྤྲུལ་ལ་བཏོན་པ་རེད་དམ།
བྱས་སྲིད། - ནོར་འཁྲུལ་མེད་པའི་བླ་མ་ཆེན་པོར་རྟག་པ་གོ་ས་མཐོ་བ་དང་དབང་ཆ་ལྡན་པ་དགོས་སམ། དྲང་སྲོང་ཉམ་ཆུང་ལྟར་ཡོང་མི་ཆོག་གམ།
དབང་ཆ་དང་གོ་གནས་ལ་མ་ལྟོས་པར་བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་ཀྱི་རེད། བྱས་ཙང་དབང་ཆ་དང་གོ་གནས་ཡོད་ན་ནོར་འཁྲུལ་མེད་པ་བཟོ་ཐུབ་ཀྱི་མེད།
གནས་སྟངས་གསུམ་པ།
- དགེ་རྒན་གྱིས་ནོར་འཁྲུལ་བྱས་སྲིད་དམ།
ཆོས་ཀྱི་གནས་ཚད་མཐོ་བའི་དགེ་རྒན་ཚོས་ནོར་འཁྲུལ་ཤོར་མི་སྲིད་པ་དང་། གནས་ཚད་དམན་པའི་དགེ་རྒན་གྱིས་ནོར་འཁྲུལ་བྱས་སྲིད། - དགེ་རྒན་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
དགེ་རྒན་གང་ཞིག་ཆོས་ཀྱི་ཉམས་ལེན་དང་རྟོགས་པ་མཐོ་དམན་ལ་དཔྱད་ནས་ནོར་འཁྲུལ་ཡོད་མེད་ཤེས་ཐུབ། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
མི་སྲིད། - བླ་མ་ཚང་མ་དང་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་དམ།
བླ་མ་ཁ་ཤས་ནས་ནོར་འཁྲུལ་བྱས་སྲིད་ཀྱང་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་ཡོང་མི་སྲིད། ༧རྒྱལ་བ་རིན་པོ་ཆེ་དམིགས་བསལ་རེད་དམ། - བླ་མ་སུས་ནོར་འཁྲུལ་བྱས་པ་དང་སུས་ནོར་འཁྲུལ་བྱས་མི་སྲིད།
ཆོས་ཀྱི་ཉམས་ལེན་དང་རྟོགས་པ་མཐོ་བའི་བླ་མས་ནོར་འཁྲུལ་བྱས་མི་སྲིད། - བླ་མ་ཚང་མས་ནོར་འཁྲུལ་བྱས་སྲིད་དམ།
མི་སྲིད། བླ་མ་ཁ་ཤས་ཀྱིས་ནོར་འཁྲུལ་བྱས་མི་སྲིད། ནོར་འཁྲུལ་ཡོང་མིན་དེ་ཆོས་ཀྱི་རྟོགས་པ་འཐོབ་མིན་ལ་རག་ལུས་སོ།། - ༧རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་གཏོག་བླ་མ་གཞན་ཚོས་ནོར་འཁྲུལ་བྱས་སྲིད་པ་རེད་དམ། ཅི་ཕྱིར།
༧རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་གཏོགས་བླ་མ་གཞན་ཚང་མས་ནོར་འཁྲུལ་བྱས་སྲིད་ཞེས་པ་ནི་རྒྱུ་མཚན་མེད་པ་རང་རེད། རྟོགས་པ་ལྡན་པའི་བླ་མ་ཡང་མང་པོ་ཡོད། ༧རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་རེད། དབང་ཆ་དང་ནུས་པ་ཡོད་ཀྱང་ནོར་འཁྲུལ་ཁེབ་མི་ཐུབ། བྱས་ཙང་༧རྒྱལ་བ་རིན་པོ་ཆེ་ནས་བླང་པའི་སྡོམ་པ་དེ་གལ་ཆེ་ཡིན་ཡང་རང་ཉིད་ཀྱི་རྩ་བའི་བླ་མ་ལས་བླངས་པའི་སྡོམ་པ་ནི་དེ་བས་ཀྱང་གལ་ཆེ་བ་ཡིན། དེ་འདྲ་ཡིན་ཙང་ཤུགས་ལྡན་དོར་ནས་བླ་མའི་བཀའ་དང་འགལ་ན་འགྲིག་པ་ཡིན་ནམ། དགོངས་པ་བཞེད་དང་། - ༧རྒྱལ་བ་རིན་པོ་ཆེ་གཅིག་པུར་འཐོབ་བྱའི་འབྲས་བུ་འཐོབ་ཡོད་དམ།
མ་རེད། གང་ཡིན་ཟེར་ན་ནམ་ཞིག་ཁྱེད་རང་རྟོགས་པ་དང་ལྡན་སྐབས། བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་པའམ་སངས་རྒྱས་ཀྱི་ས་འཐོབ་ནའང་ས་འཐོབ་པ་ཙམ་གྱི་གཅིག་པ་རེད། ཕྱོགས་གཞན་ནས་བཤད་ན་སངས་རྒྱས་ཐམས་ཅད་གཅིག་པ་སྟེ་བླ་མ་ཡང་གོ་རིམ་དང་དབང་ཆ་ལ་མ་ལྟོས་པར་ས་འཐོབ་པ་ཚང་མ་གཅིག་པ་རེད། ཡོན་ཏན་ལྡན་པ་གཅིག་པ་ཡིན། དེ་མིན་ན་སངས་རྒྱས་ནང་ཕན་ཚུན་ལའང་འདྲ་མཉམ་ཡོང་སྲིད་པས་དེ་ནི་རྒྱུ་མཚན་མེད་པ་རང་རེད། - བླ་མ་གཞན་ཚོས་འབྲས་བུ་འཐོབ་སྐབས་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་ཡིན་ནམ།
ཡིན། གང་ལགས་ན་འབྲས་བུ་ནང་ཕན་ཚུན་ལ་དབྱེ་བ་མེད་པའི་ཕྱིར། གལ་ཏེ་གཅིག་པ་ཡིན་ན་དབང་ཆ་དང་གོ་རིམ་གང་གིས་ཡང་ཁྱད་པར་ཡོང་མི་སྲིད། - འབྲས་བུ་འཐོབ་པའི་བླ་མ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་མཉམ་པ་མེད་ཚེ་སངས་རྒྱས་པའི་འབྲས་བུ་ལ་རིམ་པའམ་མཐོ་དམན་ཁྱད་པར་ཡོད་དམ།
ཁྱད་པར་ཅི་ཡང་མེད། བླ་མ་ཚང་མས་འཁོར་བ་གཟིགས་པ་དང་། བྱང་སེམས་བསྐྱེད་པ་དང་སྟོང་ཉིད་རྟོགས་པ་ཆ་མཚུངས་རེད། བྱས་ཙང་རྟོགས་པ་ཡང་གཅིག་པ་རེད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད་པ་དང་༧རྒྱལ་བ་རིན་པོ་ཆེ་ནས་ནོར་འཁྲུལ་བྱས་མི་སྲིད་པ་རེད་དམ།
༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགེ་རྒན་ཚོས་ནོར་འཁྲུལ་བྱས་སྲིད་ན། བསླབ་པའི་ཡོན་ཏན་དེ་ལ་ཡང་ནོར་འཁྲུལ་ཡོད་སྲིད། དེ་ཤུགས་ལྡན་ཀྱི་ཉམས་ལེན་ཙམ་ཡིན་མི་སྲིད། དེ་འདྲ་ཡིན་ཙང་༧རྒྱལ་བ་རིན་པོ་ཆེས་ཡང་མི་མང་ལ་གསུང་ཆོས་ལོག་པ་གནང་སྲིད། ལོ་བཞི་བཅུའི་སྦྱངས་པའི་ཡོན་ཏན་ནང་ཁོང་མ་གཏོགས་ཁོང་གི་དགེ་རྒན་གྱིས་ནོར་འཁྲུལ་ཤོར་སྲིད་ཅེས་ལབ་ན་རྒྱུ་མཚན་མེད་པའི་སྐད་ཆ་རེད། དེ་འདྲ་སོང་ཙང་རྒྱུ་མཚན་རང་བཞིན་གྱི་༧རྒྱལ་བ་རིན་པོ་ཆེས་མ་མཁྱེན་པའི་ཐོག་གསུང་ཆོས་ལོག་པ་གནང་ཡོད་སྲིད། གལ་ཏེ་ཤུགས་ལྡན་གྱི་ཉམས་ལེན་དེ་ནོར་འཁྲུལ་ཡིན་ན་དེ་མིན་གསུང་ཆོས་གཞན་ལ་ཡང་ནོར་འཁྲུལ་ཡོད་སྲིད། ཤུགས་ལྡན་གྱི་ཉམས་ལེན་དེ་གཅིག་པུ་དགེ་རྒན་གྱི་ནོར་བའི་ནོར་འཁྲུལ་ཞིག་ལ་རེད་དམ། ཡང་ན་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་མི་སྲིད་ལ་ཤུགས་ལྡན་གྱི་ཉམས་ལེན་དེ་ཡང་ལོག་པ་མིན་པས་ཁོང་གི་དགེ་རྒན་ཚོས་ནོར་འཁྲུལ་བྱས་མི་སྲིད་པའི་ཕྱིར། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་བྱས་སྲིད་མཁན་གྱི་ཁོང་གི་དགེ་རྒན་ས་ནས་ཆོས་ཞུ་དགོས་དོན་ཅི།
༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་ཚོས་ནོར་འཁྲུལ་བྱས་མི་སྲིད་པས་རྒྱུ་མཚན་ནི་ཆོས་ལྡན་གྱི་རྒྱལ་ཁབ་ནང་ནས་ཆོས་ལ་མཁས་ཤིང་ཉམས་ལེན་ལྡན་པའི་གང་ཟག་མ་གཏོགས་མི་ཕལ་པ་ཞིག་ནམ་ཡང་ཁོང་གི་དགེ་རྒན་ལ་བཀོད་མི་སྲིད། - ༧རྒྱལ་བ་རིན་པོ་ཆེ་ཡི་དགེ་བའི་བཤེས་གཉེན་རྣམ་པས་ནོར་འཁྲུལ་བྱས་སྲིད་ན་ཤུགས་ལྡན་གྱི་ཆོས་གནང་བ་དེ་ལས་གཞན་པའི་ནོར་འཁྲུལ་བྱས་སྲིད་དམ།
གལ་ཏེ་ཁོང་རྣམ་པས་ནོར་འཁྲུལ་བྱས་པ་རེད་ཞེས་བརྗོད་ན། ཁོང་རྣམས་ཀྱིས་ཆོས་ནོར་འཁྲུལ་ཅན་ཡང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་བསླབ་སྲིད་པ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀྱང་མ་མཁྱེན་པར་ཆོས་ནོར་འཁྲུལ་ཅན་གཞན་ལ་གནང་ཡོད་སྲིད། དེ་ཁྱེད་རང་གིས་ཐག་གཅོད་གནང་རོགས། - ༧རྒྱལ་བ་རིན་པོ་ཆེ་ཡིས་གསུངས་པའི་ཆོས་ལ་ནོར་འཁྲུལ་ཡོད་སྲིད་དམ། ཅི་ཕྱིར་ཟེར་ན་ཆོས་དེ་ཁོང་ལ་ནོར་འཁྲུལ་བྱས་སྲིད་མཁན་གྱི་དགེ་རྒན་ནས་འཐོབ་ཙང་རེད།
གལ་ཏེ་ཁོང་རྣམ་པས་ནོར་འཁྲུལ་བྱས་པ་རེད་ཞེས་བཤད་ན་༧རྒྱལ་བ་རིན་པོ་ཆེས་ཀྱང་ནོར་འཁྲུལ་བྱས་པ་རེད། ༧རྒྱལ་བ་རིན་པོ་ཆེ་རང་གི་དགེ་རྒན་ལས་རྟོགས་པ་མཐོ་བ་ཡོད་དམ། དེ་ཡིན་ན་དགེ་རྒན་ཚོས་ཁོང་ནས་ཆོས་ཞུ་དགོས་མིན་ནམ། གལ་ཏེ་༧རྒྱལ་བ་རིན་པོ་ཆེ་ཡི་དགེ་རྒན་ཚོས་ནོར་འཁྲུལ་བྱས་མི་སྲིད་ན། ཤུགས་ལྡན་གྱི་ཆོས་བསླབ་པ་དེ་ཡང་ནོར་འཁྲུལ་མ་རེད། ཚང་མས་ནོར་འཁྲུལ་བྱས་སྲིད་པ་དང་ཡང་ན་བྱས་མི་སྲིད་པ་རང་རེད། དེ་ཁྱེད་རང་གིས་ཐག་གཅོད་བྱས། - གལ་ཏེ་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་གྱིས་ནོར་འཁྲུལ་བྱས་མི་སྲིད་ན་ཤུགས་ལྡན་གྱི་ཆོས་དེ་ག་འདྲ་ནོར་བ་རེད།
དེ་ག་རང་རེད། - བླ་མ་དང་དབང་ཆ་ག་འདྲ་ཞིག་གིས་བླ་མ་སུ་འདྲ་ཞིག་ལ་ནོར་འཁྲུལ་ཡོད་མེད་ཐག་གཅོད་བྱས་སྲིད་དམ།
དབང་ཆ་མཐོ་ཤོས་ལྡན་པའི་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ཡང་དགེ་རྒན་ནས་ཆོས་ཞུ་དགོས། གལ་ཏེ་ཁོང་གི་དགེ་རྒན་ནོར་འཁྲུལ་ཅན་ཡིན་ན་ཁོང་གིས་གང་བསླབ་པ་དེ་ཡང་ནོར་འཁྲུལ་ཅན་རེད། དེ་འདྲ་ཡིན་ཙང་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད། ༧རྒྱལ་བ་རིན་པོ་ཆེ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཡིན་ནམ། ཆོས་བརྒྱུད་སོ་སོར་ཁྲི་འཛིན་རེ་རེ་ཡོད། དེ་འདྲ་ཡིན་ཙང་༧རྒྱལ་བ་རིན་པོ་ཆེ་བླ་མ་མཐོ་ཤོས་མིན་ཡང་གྲགས་པ་ལྡན་པ་ཞིག་རེད། ཁོང་ནི་རིས་མེད་ཀྱི་དབུ་ཁྲིད་ཡང་རེད། རིས་མེད་ཀྱི་དབུ་ཁྲིད་ཡིན་ན་ནོར་འཁྲུལ་བྱས་སྲིད་དམ། ཁྱེད་རང་༧རྒྱལ་བ་རིན་པོ་ཆེ་བླ་མའམ་ཡང་ན་སྔར་བོད་ཀྱི་རྒྱལ་པོ་ལྟ་བུ་མཐོང་འདོད་ཡོད། རིས་མེད་ཀྱི་རྒྱལ་པོ་ཡིན་ན་ནོར་འཁྲུལ་བྱས་སྲིད། རྟོགས་ལྡན་གྱི་བླ་མ་ཡིན་ན་དེ་ལྟར་མིན། དེ་གཉིས་ཀ་ལྡན་པ་ཞིག་ག་འདྲ་ཡོད་དམ། ༧རྒྱལ་བ་རིན་པོ་ཆེ་ནོར་འཁྲུལ་བྱས་སྲིད་མཁན་གྱི་རིས་མེད་ཀྱི་དབུ་ཁྲིད་རེད་དམ་ཡང་ན་ནོར་འཁྲུལ་བྱས་མི་སྲིད་མཁན་གྱི་བླ་མ་མཐོ་བ་ཞིག་རེད། རིས་མེད་ཀྱི་དབུ་ཁྲིད་ཡིན་ན་ཤུགས་ལྡན་བཀག་པ་དེ་འགྲིག་པ་རེད། གལ་ཏེ་བླ་མ་མཐོ་བ་ཞིག་ཡིན་ན་བཀག་འགོག་དེ་མི་འགྲིག་པ་རེད་ཅེས་ཁྱེད་རང་གིས་ཐག་གཅོད་བྱས་མི་ཐུབ་བམ། ཁོང་གི་དགེ་རྒན་དང་མཉམ་པའི་བླ་མ་རྟོགས་ལྡན་ཞིག་གིས་ནོར་འཁྲུལ་དེ་འདྲ་བྱས་སྲིད་དམ། - ཆོས་ལུགས་ཀྱི་དབུ་ཁྲིད་རིམ་པ་དང་། འོས་ཤོག སྐྱེས་ཁུངས་དག་གིས་ནོར་འཁྲུལ་ཡོད་མེད་ཐག་གཅོད་ཐུབ་བམ།
ཆོས་ལུགས་དབུ་ཁྲིད་དེ་རིམ་པ་བཞིན་བརྗེ་པོ་བརྒྱབ་ན་མཚམས་རེ་ཡག་པོ་དང་མཚམས་རེ་སྡུག་པོ་ཡང་འདེམས་སྲིད། དེ་ནི་སྐབས་འཁེལ་མིན་ལ་རག་ལུས། འོས་ཤོག་བླུགས་ན་ཡང་གཅིག་པ་རེད། སྐྱེ་ཁུངས་ནས་བརྩི་ན་ཡང་གཅིག་པ་ཡིན་ཡང་བླ་མ་དམ་པ་དེ་ཡོན་ཏན་ལྡན་མིན་ལ་རག་ལུས་སོ། །གང་ལྟར་ཡང་༧རྒྱལ་བ་རིན་པོ་ཆེ་གཅིག་པོ་རྟོགས་པ་ལྡན་པ་རེད་དམ། ཁོང་གཅིག་པུ་བོད་ནང་གི་མཁས་པ་དང་སྐྱེས་བུ་དམ་པ་མང་པོའི་ནང་ནས་ནོར་འཁྲུལ་བྱས་མི་སྲིད་མཁན་རེད་དམ། - ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་གཞན་བྱས་སྲིད་དམ།
དེ་ནི་ཁྱེད་རང་གིས་ཕྱོགས་གང་བདམ་མིན་ལ་རག་ལུས། ཁྱེད་རང་བྱས་ན་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་པ་རེད་དམ་མ་རེད། གལ་ཏེ་ནོར་འཁྲུལ་བྱས་སྲིད་ན་ཤུགས་ལྡན་བཀག་འགོག་དེ་ཡང་འགྲིག་ཡོད་མིན་ཅེས་བཤད་ཆོག་པ་དང་། གལ་ཏེ་ནོར་འཁྲུལ་མེད་ན་ཤུགས་ལྡན་བཀག་འགོག་དེ་འགྲིག་པ་རེད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་ནོར་འཁྲུལ་མེད་པ་རེད་དམ། དེ་འདྲ་ཡིན་ན་པཎ་ཆེན་སྐུ་གོང་མ་ལྟ་བུ་མཁས་པས་བླ་མ་སྟོང་ཕྲག་མང་པོ་མཉམ་དུ་དུས་འདས་པ་དང་ད་ལྟ་ཡང་ཤུགས་ལྡན་གྱི་ཉམས་ལེན་གནང་བ་ག་འདྲ་རེད་དམ། ༧རྒྱལ་བ་རིན་པོ་ཆེ་གཅིག་པུ་ནོར་འཁྲུལ་མེད་པའི་བོད་པའི་བླ་མ་དང་གཞན་བླ་མ་ནོར་འཁྲུལ་ཅན་རེད་དམ། དེ་ཁྱེད་རང་ཐག་གཅོད། - གལ་ཏེ་༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་སྲིད་ན་དེ་སྔོན་སྐུ་ཕྲེང་རྣམས་ནས་ནོར་འཁྲུལ་བྱས་སྲིད་དམ།
སྐུ་ཕྲེང་ཡིན་ཡང་སེམས་བརྒྱུད་གཅིག་ཡིན་ཙང་ནོར་འཁྲུལ་ཡོང་སྲིད། སྐུ་ཕྲེང་གོང་མ་ནས་ས་འཐོབ་ཡོད་ན་ནོར་འཁྲུལ་རྩ་བ་ནས་ཡོང་མི་སྲིད། དེ་ལྟ་བུ་བླ་མ་ཡིན་མིན་ཁྱེད་རང་གིས་ཐག་གཅོད་བྱས། བོད་ནང་༧རྒྱལ་བ་རིན་པོ་ཆེ་མ་གཏོགས་ས་འཐོབ་ཀྱི་བླ་མ་གཞན་མེད་དམ། དེ་རྒྱུ་མཚན་ལྡན་པ་རེད་དམ། - ༧རྒྱལ་བ་རིན་པོ་ཆེ་ཡི་དགོངས་འཆར་དང་འདུ་ཤེས་དེ་བླ་མ་གཞན་ཚོར་ཅི་ཕྱིར་འཇུག་ཐུབ་བམ།
བོད་པ་དང་བོད་པ་མིན་པ་ཚང་མས་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་སྡོམ་པ་ལ་དོ་སྣང་བྱ་དགོས་དོན་གང་རེད། ཁོང་ནས་གསུངས་ཆོས་མ་ཞུ་ན་གང་ཡོད་དམ། དེས་ན་སྡོམ་པ་མེད་པ་རེད། གལ་ཏེ་༧རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་བསྟེན་མཁན་བླ་མ་གཞན་ནས་གསུང་ཆོས་ཞུ་ཡོད་ན་སྡོམ་པ་ལ་ཁྱད་པར་ག་འདྲ་ཤོར་རམ། ༧རྒྱལ་བ་རིན་པོ་ཆེའི་ཆེད་དུ་བླ་མ་གཞན་དོར་དགོས་དོན་གང་རེད། བླ་མ་གཞན་ཚོ་ཡོད་མིན་ཁྱད་པར་མེད་དམ། དེ་ཁྱེད་རང་གིས་ཐག་ཆོད། བླ་མ་གཞན་ཚོ་ཡོད་མེད་ཁྱད་པར་མེད་ན་དགེ་རྒན་གཞན་ཡང་བསྟེན་དགོས་དོན་ཅི། དགོན་པ་ཚང་མ་སྒོ་བརྒྱབ་ནས་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་བསྟེན་ན་འགྲིག་གི་རེད་པ། དེ་ནས་༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྲེང་རྗེས་མ་ཡོང་དུས་ཁོང་ལ་དགེ་རྒན་བཞག་དགོས་དོན་ཡང་མི་འདུག་གང་ཡིན་ཟེར་ན་ཁོ་ཚོ་ནོར་འཁྲུལ་བྱས་སྲིད་ཀྱི་རེད། - བོད་པའི་ནང་པ་ཡིན་ཕྱིན་༧རྒྱལ་བ་རིན་པོ་ཆེ་ས་ནས་སྡོམ་པ་གཙང་མ་བཞེས་དགོས་པ་དང་བླ་མ་གཞན་ས་ནས་ཅི་ལ་མིན། སྡོམ་པ་དེ་སྡོམ་པ་གཞན་ལ་ཅི་ཕྱིར་འཇུག་གམ།
མཁས་པ་དང་། ཤེས་ཡོན་ལྡན་པའི་སྐྱེ་བོ་དང རྟོགས་པ་ཆུད་པའི་གང་ཟག་སུ་ཞིག་ལ་ཡིན་ཡང་དགེ་རྒན་དེ་གནད་འགག་ཆེ་ཤོས་རེད། བྱས་ཙང་དགེ་རྒན་ཚང་མ་དང་འབྲེལ་བའི་སྡོམ་ཤེས་ཡང་གལ་ཆེན་པོ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེ་ལས་བླང་པའི་སྡོམ་པས་དགེ་རྒན་གཞན་གྱི་སྡོམ་པ་ལས་ལྷག་པ་ཡོང་མི་སྲིད། ཁྱེད་རང་ཐག་གཅོད། - ཁྱེད་རང་(ཀློག་པ་པོ་)གིས་ནོར་འཁྲུལ་བྱས་སྲིད་དམ། ཁྱེད་རང་ལ་སུས་བླ་མ་དེ་ནོར་འཁྲུལ་བྱས་མི་སྲིད་བཤད་བྱུང་། དབང་ཆ་ག་རེ་ཐོག་བཤད་བྱུང་།
མི་མང་གིས་ནོར་འཁྲུལ་བྱས་སྲིད་ཀྱི་རེད། སུས་༧རྒྱལ་བ་རིན་པོ་ཆེའམ་བླ་མ་གཞན་རྣམས་ཀྱིས་ནོར་འཁྲུལ་བྱས་མི་སྲིད་ཟེར་སོང་། ༧རྒྱལ་བ་རིན་པོ་ཆེ་རང་ཉིད་ལོ་བཞི་བཅུ་རིང་གི་སློབ་གཉེར་ཞུ་སའི་དགེ་རྒན་ལས་ལྷག་པ་ཡིན་ནམ། དེ་ཁྱེད་རྣམས་ཀྱིས་ཐག་གཅོད། ཁོང་ཆོས་སྲིད་ཀྱི་གོ་སའི་ཐོག་ནས་བླ་མ་གཞན་ལས་ལྷག་པ་ཡིན་ནམ། གོ་ས་ཡོད་ན་ནོར་འཁྲུལ་མེད་པ་རེད་དམ། ཆབ་སྲིད་པ་ཚོར་ནོར་འཁྲུལ་མེད་དམ། འཛམ་གླིང་འདིར་ཆབ་སྲིད་རང་བཞིན་ལྡན་པའི་ལོ་རྒྱུས་ནང་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་ནོར་འཁྲུལ་མེད་པ་རེད་དམ། ཁྱེད་རང་ཕྱོགས་གང་ལ་ཡོད་ནའང་རྒྱུ་མཚན་ལྡན་པ་བྱས་དགོས། ༧རྒྱལ་བ་རིན་པོ་ཆེས་ནོར་འཁྲུལ་བྱས་མི་སྲིད་གང་ལགས་ན་ཁོང་སྐྱེས་བུ་ཕལ་པ་མིན་ཞེས་འདོད་ན་བླ་མ་གཞན་ཡང་ཁོང་ལྟར་རྟོགས་པ་ལྡན་པ་ཡོད། དེ་འདྲ་སོང་ཙང་རྟོགས་ལྡན་སྐྱེས་བུ་མང་པོས་ཤུགས་ལྡན་བསྟེན་གྱི་ཡོད་ན་ཤུགས་ལྡན་དེ་ནོར་མེད་པ་གསལ་པོ་ཆགས་ཀྱི་ཡོད། དེ་ཡིན་མིན་ཁྱེད་རང་གིས་ཐག་གཅོད་གནང་། - གལ་ཏེ་བླ་མས་ནོར་འཁྲུལ་བྱས་མི་སྲིད་ན་ནོར་འཁྲུལ་དེ་རྣམ་སྤྲུལ་ལ་བཏོན་པ་རེད་དམ།
སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཞིག་ཡིན་ན་ནོར་འཁྲུལ་རྣམ་རོལ་དུ་སྟོན་ཡང་དེ་ལ་དགོས་པ་ཡང་དག་ཡོད། དཔེར་ན་སངས་རྒྱས་ཀྱིས་ཁོང་རང་ཉིད་དགེ་རྒན་ཡིན་ལ་དགེ་ཕྲུག་ཡང་ཡིན་ཞེས་གསུངས་སྐབས། མང་ཚོགས་ནང་ཁོང་རང་ཉིད་ཀྱིས་རྣམ་སྤྲུལ་སྟོན་ནས་འགྲོ་ལ་ཕན་ཕྱིར་དྲི་བ་འདྲི་གནང་མཛད་པ་ལྟར་རེད། སོང་ཙང་སངས་རྒྱས་པ་ཡིན་ན་དགོས་པ་ལ་གཟིགས་ནས་རྣམ་སྤྲུལ་གང་ཡང་སྟོན་སྲིད། ༧རྒྱལ་བ་རིན་པོ་ཆེས་ཀྱང་དགོས་པ་ལ་རྒྱུ་མཚན་ལ་གཟིགས་ནས་ཤུགས་ལྡན་བཀག་འགོག་གནང་བ་རེད་དམ། དེ་ཁྱེད་རང་གིས་ཐག་གཅོད། - ནོར་འཁྲུལ་མེད་པའི་བླ་མ་ཆེན་པོར་རྟག་པ་གོ་ས་མཐོ་བ་དང་དབང་ཆ་ལྡན་པ་དགོས་སམ། དྲང་སྲོང་ཉམ་ཆུང་ལྟར་ཡོང་མི་ཆོག་གམ།
སྐྱེས་བུ་ཡང་དག་ནི་དབྱིབས་དང་། ཁ་དོག ཕོ་མོ། རིགས་མཐོ་དམན་གང་དུ་ཡང་ཡོང་སྲིད་པ་རེད། དེ་འདྲ་སོང་ཙང་༧རྒྱལ་བ་རིན་པོ་ཆེ་རྒྱལ་པོ་ཡིན་ནའང་ཁོང་གི་ཡོན་ཏན་དེ་དབང་ནུས་མེད་པའི་དྲང་སྲོང་ཉམ་ཆུང་དང་འདྲ་སྲིད་པ་རེད། ཕྱོགས་གཞན་ནས་བཤད་ན་༧རྒྱལ་བ་རིན་པོ་ཆེ་ཡིན་པ་ཙམ་གྱི་བླ་མ་གཞན་གྱི་བཀའ་དེ་ནོར་བ་དང་འགྲིག་ཞེས་ཟེར་ཡག་མེད། དེ་འདྲ་ཡིན་ཙང་༧རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་སྡུག་ག་རེད་གསུངས་པ་དང་། ཁོང་གི་དགེ་རྒན་གྱིས་དེ་འགྲིག་པ་རེད་གསུངས་པ་དེ་ང་ཚོས་སུ་ལ་ཡིད་ཆེས་བྱས་དགོས་མིན་དང་རྒྱུ་མཚན་གང་གི་ཐོག་ཡིན་མེད་དེ་ཤེས་དགོས། དེ་ནི་ཁྱེད་རང་གིས་ཐག་གཅོད།
༧སྐྱབས་རྗེ་གདན་མ་དགོན་སར་རིན་པོ་ཆེས་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྐོར།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DenmaGonsaRinpocheGuruDevotion.mp4
ཡིག་བསྒྱུར།
དུས་འདིར་ང་ཚོས་དགེ་བའི་བཤེས་གཉེན་ལ་དད་པ་སྐྱེས་པ་ནི་རྩ་ཆེན་དགོན་པའི་ནང་གཟིགས་ཀྱི་ཡོད། དེ་ནི་སྣོད་ཁ་ལུད་པ་ལྟར་རེད། དུས་འདིར་རྩ་ཆེན་དགོན་པ་བཞི་ནང་དད་སེམས་དེ་ངས་དང་པོ་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་མཐོང་བྱུང་། ངས་ཧམ་པ་བཤད་པ་མེད། བཀྲ་ཤིས་ལྷུན་པོའི་དགོན་པའི་གྲྭ་པ་ཡང་དེ་ལས་ལྷག་པ་རེད།
དེ་སྔོན་སེ་ར་ལ་གྲྭ་པ་འཛུལ་མཁན་མང་པོ་ཡོད།
(བརྙན་འཕྲིན་ཆད་པ།)
ངས་དེ་རིང་བསླབ་པ་དེ་བདེན་པ་ཡིན་མིན་སོ་སོས་བརྟག་དཔྱད་བྱོས། བདེན་པ་ཡིན་ན་ཉམས་ལེན་བྱ་རྒྱུ་དང་མིན་ན་གཡུག་ཤོག དེ་འགྲིག་གི་རེད།
མདོར་ན་ཁྱོད་ཚོ་ཚང་མས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལ་དཔྱད་དགོས། དེ་ལས་གཞན་པ་ད་ལྟའི་དུས་འདིར་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ནི་རླུང་ཚུབ་གཡོ་བའི་ནང་གི་མར་མེ་ལྟ་བུ་རེད། དེ་ཉག་ཕྲ་བའི་སྒང་སླེབས་ཡོད། ཁྱེད་རང་ཚོས་ད་ནི་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལ་འཆད་ཉན་བྱས་དགོས། ཤེས་སོང་ངམ།
ཁྱེད་རང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་ན་དེ་ཉམས་སུ་བླང་དགོས། མ་བསྟེན་ན་ཉམས་ལེན་མི་དགོས། བསྟེན་མ་བསྟེན་དམ་བཅའ་ཁས་ལེན་གཙང་མ་དགོས། གཉིས་ཀ་ནམ་ཡང་ཡོང་མི་ཐུབ།
གཅིག་སྒྲིལ་དང་མཐུན་སྒྲིལ་དགོས། ཤེས་སོང་ངམ། དེ་ཡོད་ན་གྲྭ་པ་ཡིན་ཡང་དགོན་པ་ཆེ་ཆུང་གང་དུ་གནས་རུང་མཐུན་པོ་ཡོང་ཐུབ།
ཉིན་མཚན་ཀུན་ཏུ་ང་ཚོའི་ནུས་པ་དེ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དང་། སངས་རྒྱས་ཀྱི་བསྟན་པ་གནས་པ། བླ་མའི་སྐུ་ཚེ་བརྟན་པ། ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཡུན་དུ་དར་ཞིང་རྒྱས་པ་བྱས་དགོས། ཤེས་སོང་བས།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱ་མཁན་ཡིན་ན་དེ་གོ་ལ་ཡོངས་སུ་ཁྱབ་པའི་སྨོན་ལམ་རྒྱབ་དགོས། དེ་མིན་ན་སྲུང་མ་གཞན་རྣམས་ཀྱི་བྱིན་རླབས་འཇུག་པ་དང་བསྟན་པ་རྒྱས་པར་བྱས་དགོས།
དེ་ཡོང་ན་ཡག་པོ་རེད། དེ་ནས་རང་ཉིད་ཀྱི་ནུས་པ་ཡོངས་རྫོགས་སེམས་གནས་པ་དང་དམ་བཅའ་སྲུང་བ་ལ་འབད་དགོས། ཐུགས་རྗེ་གཟིགས་ཉམས་ལེན་ཡག་པོ་གནང་རོགས། དེ་ག་རང་ཡིན། ཐུགས་རྗེ་ཆེ།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
1 ཡ་ལན་གནང་ཡུལ། བོད་པའི་བླ་མས་ནོར་འཁྲུལ་བྱས་སྲིད་དམ།
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།