དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་རྗེ་བཙུན་ལུང་རིག་རྣམ་རྒྱལ་མཆོག་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བཀའ་ཁྲིད་དང་ཕྱག་དཔེ།
ཚེམས་རིན་པོ་ཆེ་དང་པས་ཊེར་ནི་རལ་མཆོག་ཉིད་ནས།
སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༦ ཚེས་ ༧ ཉིན། ༧འཇམ་མགོན་རྒྱལ་བའི་གདུང་ཚབ་ཁྲི་ཟུར་རྡོ་རྗེ་འཆང་རྗེ་བཙུན་ལུང་རིག་རྣལ་རྒྱལ་རིན་པོ་ཆེ་མཆོག་གིས་ཕེ་རིན་སི་ལ་ཡོད་པའི་ཁོང་གི་ཆོས་ཚོགས་ཐར་འདོད་གླིང་དུ་གྲྭ་བཙུན་ཕལ་ཆེར་ ༥༠ དང་སྐྱ་སེར་ཕོ་མོ་ ༤༠ ནས་ ༥༠ ལྷག་ཡོད་པ་དེ་དག་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་བྱེད་སྟངས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་ལེགས་པར་བསྩལ་ཡོད་པ་རེད།
དུས་བཟང་དེ་སྐབས་བཅོམ་ལྡན་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་དང་བཅས་པ་ཕྱག་དཔེ་ཡང་གནང་ཡོད་པ་རེད། ཕྱག་དཔེ་དེ་ཉིད་ཁྲི་ཟུར་རིན་པོ་ཆེས་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བཀའ་ཁྲིད་གནང་དུས་ཟིན་བྲིས་སྐྱོན་ཡོད་པ་དེ་རེད།
དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུ་གོ་གཉིས་ལ་ཕེབས་ནས་ད་བར་དུ་གདུལ་བྱར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་གནང་བ་ཧང་སང་ཡ་ཡག་པོ་རེད། དམ་གཙང་ཉམས་ལེན་པ་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་དང་ལྷན་དུ་དམ་ཚིག་གཙང་ཞིང་བྱིན་རླབས་ཅན་གྱི་ཁྲི་ཟུར་རིན་པོ་ཆེ་མཆོག་ཉིད་ནས་བཀའ་ཁྲིད་ཐོབ་པ་ནི་སྐལ་བ་བཟང་པོ་ཞེ་དྲགས་རེད། ཁྲི་ཟུར་རྡོ་རྗེ་འཆང་རིན་པོ་མཆོག་དགུང་ལོ་མཐོ་བོ་སླེབ་ནའང་སྐུ་ངལ་དང་སྐུ་ཁམས་མི་བདེ་བ་སོགས་གལ་ལའང་མ་ལྟོས་པར་ཉིན་གསུམ་རིང་གསུང་ཆོས་གནང་བའི་པར་དང་བརྙན་འཕྲིན་གཤམ་དུ་གཟིགས་ཐུབ།
དགའ་ལྡན་ཁྲི་ཟུར་གྱི་མཚན་ཐོབ་པ་དེ་དགེ་བའི་བཤེས་གཉེན་ཆེན་པོ་སྙན་གྲགས་ཅན་ཞིག་གིས་དགའ་ལྡན་ཁྲི་པའི་ལས་འགན་ཚར་ནས་མཚན་དེ་ཐོབ་ཀྱི་ཡོད་པ་རེད། བཞུགས་ཁྲི་འདིའི་སྟེང་བཞུགས་མཁན་ནི་འཛམ་གླིང་ནང་༧འཇམ་མགོན་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་གདུང་ཚབ་ཆེན་པོ་ཞིག་མཚོན་གྱི་ཡོད་པ་རེད། དགའ་ལྡན་ཡིད་དགའ་ཆོས་འཛིན་དག་པའི་ཞིང་ཁམས་སུ་བཞུགས་པ༧འཇམ་མགོན་༧རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའམ་རྒྱལ་སྲས་འཇམ་དཔལ་སྙིང་པོ་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཚན་དཔལ་དགེ་ལྡན་པའི་རིང་ལུགས་སྲོལ་གཏོད་མཁན་ཞིག་རེད། དེ་འདྲ་སོང་ཙང་དགའ་ལྡན་ཁྲི་པ་ཞེས་པ་དེ་ནི་དུས་རབས་ ༡༧ པ་ནས་བོད་ནང་ཁྱབ་ཆེ་བ་དགེ་ལྡན་རིང་ལུགས་པ་རྣམས་ཀྱི་ཆོས་ཀྱི་དབུ་ཁྲིད་ཆགས་བསྡད་ཡོད་པ་རེད།
དཔེ་ཟླ་བྲལ་བའི་རི་བོ་དགེ་ལྡན་པའི་གཙོ་འཛིན་ནམ་༧འཇམ་མགོན་༧རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འདེམ་སྒྲུག་བྱེད་ཚུལ་ནི། ཆོས་ཕྱོགས་ཀྱི་རིམ་པ་ལས་ཆབ་སྲིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་རེད། དེ་ནི་གདན་ས་གསུམ་ (དགའ་ལྡན། འབྲས་སྤུངས། སེ་ར་) དེ་གསུམ་གྱི་གྲྭ་ཚང་དྲུག་པོ་གང་རུང་ཞིག་ཏུ་སྒྲིགས་བཞུགས་བྱེད་ནས་སློབ་གཉེར་ཚུལ་བཞིན་བྱེད་པའི་ཐོག་ནས་དགེ་བཤེས་ལྷ་རམས་པ་ཞིག་ཐོན་དགོས། དེ་རྗེས་རྒྱུད་གྲྭ་སྨད་སྟོད་གང་རུང་ཞིག་ལ་སོ་སོའི་ཐོབ་ཁོངས་བཞིན་བཞུགས་ནས་སྔགས་ཀྱི་དམ་བཅའ་འཇོག་དགོས་སོགས་རྒྱུད་གྲྭའི་སྒྲིགས་ལམ་ཇི་ཡོད་བཞིན་ལག་ཏུ་བསྟར་ནས་རྒྱུད་པའི་བླ་མ་དབུ་མཛད་ཀྱི་གོ་གནས་ཐོབ་པ་ནས་བཟུང་རིམ་བཞིན་ལོ་གསུམ་རེ་རྗེས་གོ་གནས་འཕར་ནས་མཐར་རྒྱུད་པའི་མཁན་ཟུར་མཚན་རིམ་བཞིན། ཤར་བྱང་གི་ཆོས་རྗེ་དང་དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེའི་གོ་གནས་ཐོབ་དགོས་ཀྱི་ཡོད་པ་རེད་མ་གཏོགས། ཕ་ཤུལ་བུ་འཛིན་ལྟ་བུ་དང་། གང་ཟག་གཅིག་གི་སྐུ་སྐྱེ་མ་གཏོགས་བྱེད་མི་ཆོག་པ་དེ་འདྲ་རྩ་ནས་མ་རེད། དེ་ཡང་ལྟ་སྒོམ་སྤྱོད་གསུམ་གཙང་མ་དང་། རྗེའི་སྲོལ་བཟང་ཡོད་པའི་ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་ཉིན་མཚན་ཀུན་ཏུ་འབད་ཐུབ་པ། ཕྱི་རུ་སོ་ཐར་གྱི་སྡོམ་པ་དང་། ནང་དུ་བསྐྱེད་རྫོགས་ཀྱི་ཉམས་ལེན་ལྡན་པའི་གང་ཟག་ཞིག་གིས་དགེ་ལྡན་པའི་ཆོས་ཕྱོགས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་མཁན་ཞིག་བཞེངས་ཆོག་པ་རེད་མ་གཏོགས་གྲྭ་བ་དང་བླ་མའི་ཡང་སྲིད་ཡིན་པ་ཙམ་གྱི་ཁྲི་ཆེན་དེར་བཞེངས་ཆོག་ཆོག་ཡོད་པ་མ་རེད།
ལོ་བདུན་བདུན་ནས་ཚར་གཅིག་དགའ་ལྡན་ཤར་རྩེའམ་བྱང་རྩེ་གང་རུང་གི་ཆོས་རྗེ་གཉིས་དགའ་ལྡན་ཁྲི་པར་རེས་མོས་བྱས་ནས་དགའ་ལྡན་ཁྲི་པར་བསྐོ་བཞག་གནང་ཚུལ་ཡོད། བསྐོ་བཞག་དེ་གོ་གནས་དེ་ལ་བཞུགས་ཚར་ནས་༧གོང་ས་མཆོག་ནས་ཐུགས་ཐག་ཆོད་ནས་མི་མང་ལ་གསལ་བསྒྲགས་གནང་གི་ཡོད་པ་རེད། དགའ་ལྡན་ཁྲི་པའི་དུས་ཡུན་དེ་རྫོགས་སོང་ན་དགའ་ལྡན་ཁྲི་ཟུར་གྱི་མཚན་གནས་རང་བཞིན་གྱི་ཐོབ་ཀྱི་ཡོད།
དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་ནི་སྤྱི་ལོ་ ༡༩༢༧ ལོར་བོད་ཁམས་ཕྱོགས་སུ་སྐུ་འཁྲུངས། སྤྱི་ལོ་ ༡༩༣༥ ལོར་དགུང་ལོ་ཆུང་དུས་ཡང་སྟེང་དགོན་པར་རབ་ཏུ་བྱུང་། དེ་རྗེས་བླ་མ་སྐྱེས་ཆེན་དམ་པ་མང་པོའི་དྲུང་དུ་གསན་བསམ་སློབ་གཉེར་གནང་ས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་བཞུགས་གནང་། སྤྱི་ལོ་ ༡༩༥༩ ལོར་རྒྱ་གར་དང་འབྲུག་གི་ས་མཚམས་ནས་བཙན་བྱོལ་དུ་ཕེབས། སྦག་སར་རྒྱུན་རིང་བཞུགས་ཤིང་། དེ་ལ་ཁོང་གིས་སློབ་གཉེར་ཐར་སོན་པར་གནང་བ་རེད། དེ་ནས་ཝཱ་ཎ་མཐོ་སློབ་ནང་སློབ་གཉེར་གནང་།
རིན་པ་བཞིན་སྤྱི་ལོ་ ༡༩༧༠ ལོར་དགའ་ལྡན་ཁྲི་ཟུར་རིན་པོ་ཆེས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་སྤྱི་ལོ་ ༡༩༧༣ ལོར་དགེ་བཤེས་སྔགས་རམས་པའི་མཚན་གནས་བཞེས། སྤྱི་ལོ་ ༡༩༨༣ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བཀའ་དགོངས་བཞིན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་བཞེངས། སྤྱི་ལོ་ ༡༩༩༢ ལོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བཞེངས། དེ་རྗེས་སྤྱི་ལོ་ ༡༩༩༥ ལོར་དགེ་ལུགས་ནང་གི་མཚན་གནས་རིམ་པ་མཐོ་ཤོས་གཉིས་པ་ཤར་པ་ཆོས་རྗེའི་མཚན་གནས་མངའ་གསོལ་གནང་བ་རེད།
སྤྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༡ ཉིན་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གྱི་ཉིན་ཐ་མར། ༧རྒྱལ་དབང་མཆོག་གིས་དགའ་ལྡན་ཁི་ཐོག་ ༡༠༡ ཏུ་བསྐོ་གཞག་གསལ་བསྒྲགས་གནང་།
དགའ་ལྡན་ཁྲི་པ་ཁྲི་ཐོག་ ༡༠༡ གི་ལོ་བདུན་གྱི་རིང་དགའ་ལྡན་ཁྲི་པའི་མཛད་འཁུར་བཞེས་ནས་དེ་རྗེས་དགའ་ལྡན་ཁྲི་ཟུར་ཞེས་མཚན་བཟང་པོ་ལེགས་པར་ཐོབ་པ་རེད། དེ་ནས་ཁྲི་ཟུར་རིན་པོ་ཆེ་ཕེ་རི་སི་པ་རི་སིར་བཞུགས། སྐུ་ཉིད་ཀྱིས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེའི་རྣམ་ཐར་རྒྱས་པར་གཟིགས་དགོས་ན་འདི་ནས་མཇལ་ཐུབ།
དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་ནི་མདོ་སྔགས་བཟུང་འབྲེལ་གྱི་བསྟན་པ་ཡང་དག་པར་ཉམས་སུ་ལེན་མཁན་ཞིག་ཡིན་པ་དང་། ཁོང་དགའ་ལྡན་ཁྲི་པ་བཞེངས་སྐབས་ཁོང་གི་སྐུ་ཚེ་ནང་ལ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ཆོས་སྐྱོང་གཙོ་བོར་བཟུང་ནས་བསྟེན་ཡོད་པ་རེད། དེ་ལ་མི་འགས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་གནོད་པ་ཅན་རེད་ཅེས་ཟེར་མཁན་ཡོད་པ་དེ་དག་ནི་བདེན་པ་མ་ཡིན་པ་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་བཞུགས་ཡོད་པ་དེས་བདེན་པའི་དཔང་པོ་ཞིག་རེད། ཡང་འགས་དགེ་ལུགས་པའི་བླ་ཆེན་དེ་དག་གི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་མ་རེད་ཅེས་བཤད་སྲིད་ཀྱི་རེད། ཡིན་ནའང་དགའ་ལྡན་ཁྲི་ཟུར་དེ་ཉིད་ལས་ལྷག་པ་བླ་ཆེན་སུ་ཡོད་དམ།
དངོས་ནས་བྱས་ན། དགུང་ལོ་གོ་གཉིས་ལ་ཕེབས་ཚར་ཡོད་པ་དང་། ད་དུང་སྐུ་ཁམས་བཟང་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་གནང་། དེ་དག་ཐམས་ཅད་ཀྱིས་བསྟེན་གསོལ་དེ་ནོར་འཁྲུལ་མེད་པ་ཡིན་པ་གསལ་གྱི་ཡོད་པ་རེད། ཁོང་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། དེའི་ཐོག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་བླ་མ་བརྒྱ་ཕྲག་དང་མི་མང་སྟོང་ཕྲག་རྣམས་བློ་སྟོབས་སྤེལ་ས་ཞིག་ཆགས་བསྡད་ཡོད་པ་རེད། དཔེ་མ་སྲིད་པའི་སེམས་སྐུལ་ཞིག་རེད།
སྐྱེས་བུ་དམ་པ་ཕུལ་དུ་བྱུང་བ་བླ་མ་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་དེ་ལྟ་བུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་ཉམས་ལེན་བྱེད་ཚུལ་སྐོར་དེབ་རྩོམ་པ་དེས། ད་ལྟའི་དུས་དང་དུས་རབས་གཞན་ལ་ཉམས་ལེན་འདི་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་སྟོན་གྱི་ཡོད། ལོ་༢༥༠༠སྔོན་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནང་པ་སངས་རྒྱས་པ་རྣམས་ཀྱི་བསྒྲུབ་བྱ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་དེ་མྱུར་དུ་ཐོབ་པར་སྔགས་ཀྱི་ལམ་སྣ་ཚོགས་སྟོན་གནང་བ་དང་། སྔགས་ཀྱི་ཉམས་ལེན་དེ་དག་གི་ནང་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་དེ་གདུལ་བྱ་དབང་པོ་རབ་ལ་སྟོན་པ་རེད། ཉམས་ལེན་འདིའི་ནང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ཧེ་རུ་ཀ་འཁོར་ལོ་བདེ་མཆོག དཔལ་གསང་བ་འདུས་པ། རྡོ་རྗེ་འཇིགས་བྱེད། དཔལ་དུས་ཀྱི་འཁོར་ལོ། ཀྱཻ་རྡོ་རྗེ། སྒྲོལ་མ་ཙིཏྟ་མ་ཎི། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ་སོགས་པ་ཡོད་པ་དང་། ཁོང་རྣམས་ཀྱི་ཉམས་ལེན་བྱེད་པ་ཡིན་ན། ཉམས་ལེན་དེ་དག་ཧ་ཅང་ཕན་ནུས་ཅན་ཡིན་པས། ང་ཚོས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཞེས་བརྗོད་ཀྱི་ཡོད། སྔགས་ཀྱི་ཉམས་ལེན་འདི་ནི། ཕ་རྒྱུད་དང་མ་རྒྱུད་ཞེས་གཉིས་སུ་དབྱེ་ཡོད་པ་རེད། དེ་ཡང་། འོད་གསལ་དང་སྒྱུ་ལུས་དེ་ཉིད་རྩལ་དུ་བཏོན་ནས་གསུང་པ་རེད།
ཕ་རྒྱུད་དང་མ་རྒྱུད་ཞེས་པ་ནི་སོ་སོའི་ཉམས་སུ་ལེན་པའི་ཡི་དམ་དེ་ཕོ་དང་མོ་ཡིན་པའིི་རྒྱུ་མཚན་གྱི་མིན། ཡིན་ན་ཡང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་གྱི་རྒྱུད་ནས་ཁྱད་པར་བྱེད། ཐབས་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་པ་ལ་ཕ་རྒྱུད་ཅེས་བྱ་སྟེ། སྒྱུ་ལུས་སྒྲུབ་ཚུལ་གཙོ་བོར་མི་འཆད་ཅིང་དོན་དམ་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་པ་ལ་མ་རྒྱུད་ཅེས་བྱ། མ་རྒྱུད་ནང་གི་ཡི་དམ་གཙོ་བོ་ཞིག་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡིན།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་བྱེད་མཁན་རྣམས་ལ་ངེས་པར་དུ་ཚང་དགོས་པའི་སྔོན་འགྲོ་བཞི་ནི།
༡༽ ཁོང་གི་ཉམས་ལེན་རྒྱུད་ནས་ཐར་པ་ཐོབ་ཐུབ་བསམ་པའི་བསམ་པ་ཡང་དག་དང་ལྡན་པ།
༢༽ དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཚུལ་ཡོད་པ།
༣༽ ཟླ་རེར་དུས་སྐབས་ན་དམ་བཅའ་བ་ལྟར་ཚར་གཉིས་ཚེ་བཅུ་དང་ཉེར་ལྔར་ཚོགས་ཕུལ་དགོས་པ།
༤༽ ཉིན་རེར་དུས་གསུམ་དུ་རྣམ་འབྱོར་མའི་དག་ཞིང་དུ་སྐྱེ་བའི་སྨོན་ལམ་གསོལ་འདེབས་གནང་དགོས་པ།
དེ་ནས་ཉིན་གཅིག་ཀྱང་རྒྱུན་མི་ཆད་པར་ཁོང་རང་གི་མཚན་སྔགས་གསོག་པ་ཙམ་གྱིས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་པ་རྣམས་ཀྱིས་ཐར་པ་ཐོབ་པ་དང་། ཁོང་གི་ཞལ་མཇལ་ཐུབ་ཀྱི་ཡོད་པ་དང་། ད་དུང་ཁོང་གི་དག་པའི་ཞིང་ཀེ་ཆ་རར་འཁྲིད་ཀྱི་ཡོད་ཅེས་གསུངས་ཚུལ་ཡོད།
དེ་བཞིན་བསོད་ནམས་ཆེན་པོ་དང་ལྡན་པའི་ཉམས་ལེན་པ་རྣམས་ནི། ཚེ་བཅུ་བཞི་ནང་ཀེ་ཆ་ར་དག་པའི་ཞིང་དུ་བྱོན་ཐུབ་ཀྱི་ཡོད་པ་དང་། དེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནས་ཐད་ཀར་གསུང་ཆོས་སོགས་གསན་ཐུབ། བསོད་ནམས་འབྲིང་བ་དང་ལྡན་པའི་ཉམས་ལེན་པ་རྣམས་ནི། འཆི་ནས་བར་དོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཇལ་ཐུབ་པ་དང་། ཁོང་གིས་ཀེ་ཆ་ར་དག་པའི་ཞིང་དུ་འཁྲིད་པར་བྱེད། བསོད་ནམས་ཉུང་ལྡན་གྱི་ཉམས་ལེན་པ་རྣམས་ནི། སོ་སོའི་ལུས་སེམས་གཉིས་ཀ་ཚེ་རབས་འགའ་ཤས་ནས་ཀེ་ཆ་ར་དག་པའི་ཞིང་དུ་འཁྲིད་པར་བྱེད་ཀྱི་ཡོད། གནད་ཚུལ་འདི་དག་ནི་འདས་པའི་དུས་ནང་ཉམས་ལེན་པ་མང་པོས་མཐོང་ཐོས་བྱུང་བ་དང་། ཉམས་ལེན་པ་མང་པོ་དེ་ལྟར་ཕེབས་ཡོད་རེད།
དེའི་ཕྱིར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་དེ་ཧ་ཅང་གི་ནུས་པ་ཆེན་པོ་ཡིན་པ་དང་། ང་རང་ཚོའི་ནང་གི་དགྲ་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་གཙོས་བྱེད་པའི་སྐྱོན་གྱི་རིགས་མཐའ་དག་བཅོམ་པའི་གཉེན་པོ་ཡིན་པ་རེད། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཡི་དམ་འདིའི་ཉམས་ལེན་ཡོད་མེད་ལ་རག་ལུས་པ་རེད། གང་ལྟར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་དེས་སེམས་ནད་དང་དཀའ་ངལ་མཐའ་དག་བསལ་ཐུབ་པ་རེད། རང་ཐ་མལ་གྱི་སྣང་ཞེན་དེ་དག་འགོག་ཐུབ་ཀྱི་རེད།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་དང་འདིའི་རྗེས་གནང་སོགས་ཐོབ་རུང་བ་དང་གོ་སླ་བའི་ཆེད་དུ། ༼རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་ཅེས་བྱ་བ་བཞུགས་སོ།།༽ ཞེས་པའི་དེབ་འདི་ཉིད་༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་གིས་བཀའ་ཆོས་གཞིར་བཟུང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་དགའ་ལྡན་ཁྲི་པ་བརྒྱ་དང་གཅིག་མཆོག་གིས་མཛད་པའོ།།
༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ཆེན་པོ་མཆོག་ནི་གསང་སྔགས་ཀྱི་ནུས་པ་ཆེན་པོ་དང་ལྡན་པའི་ཟབ་མོ་རྡོ་རྗེའི་ཐེག་པ་སྔགས་ཀྱི་ཉམས་ལེན་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། བོད་དུ་ཁོང་དགའ་ཤར་རྩེ་གྲྭ་ཚང་གི་མཁན་པོ་བཞེངས་ཡོད་པ་རེད། ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་ནི་བླ་མ་སྐྱེས་ཆེན་དམ་པ་ཞིག་དང་། རྟོགས་པའི་ཡོན་ཏན་དང་ལྡན་པ། མཁས་བཙུན་བཟང་གསུམ་དང་ལྡན་པའི་སྐྱེས་ཆེན་དམ་པ་ཞིག་རེད། ཁོང་ནི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡོངས་འཛིན་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་སློབ་མའི་གཙོ་བོ་ཞིག་ཡིན། ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་གི་སྐོར་ཤེས་པར་འདོད་ན། འདིར་ནོན་རོགས།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་ཀྱི་ཕྱག་དཔེ་འདི་ཉིད་རྩ་ཆེན་པོ་དང་བྱིན་རླབས་ཅན་ཡིན་པས། ང་ཚོས་ཕྱག་དཔེ་འདི་ཉིད་དཔར་བཤུས་བྱེད་ནས་སོ་སོའི་མཆོད་བཤམ་དུ་འགྲིག་སྟེ་སྐྱབས་སུ་འགྲོ་བའི་ཡུལ་དུ་བཟུང་ཆོག ། ང་རང་ཚོས་ཕྱག་དཔེ་རྩ་ཆེན་པོ་འདི་ཉིད་ལ་མཆོད་པ་སོགས་ཕུལ་བ་ཡིན་ན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་མདུན་ནས་ཚོགས་དཔག་མེད་གསག་ཐུབ། སོ་སོ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་མེད་པ་ཡིིན་ན། མ་འོངས་པ་ན་སོ་སོ་ལ་ཁོང་གི་ཉམས་ལེན་དེ་ཞུས་ཐུབ་པའི་བྱིན་རླབས་འཇུག་གི་ཡོད་པ་དང་། དབང་ཞུས་ཚར་མཁན་རྣམས་ལ་ནི། ཁོང་གི་ཉམས་ལེན་གྱི་བརྒྱུད་ནས་བསྒྲུབ་བྱ་མཐར་ཐུག་ཐོབ་པར་ཤིན་ཏུ་གྲོགས་བྱེད།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆ་དཔེ་འདི་ཉིད་བོད་ཡིག་ཏུ་བཀོད་ཡོད་པ་རེད། ཡིན་ནའང་། འདི་གལ་ཡོད་མ་རེད། ཆ་དཔེ་འདི་ཉིད་བྱིན་རླབས་ཆེན་པོ་དང་རྩ་ཆེན་པོ་ཞིག་ཆག་གི་ཡོད་རེད། འདི་ཡིན་དུས། ངས་ཚང་མ་ལ་ཕྱག་དཔེ་དེ་དཔར་བཤུས་བྱེད་ནས་མ་འོངས་པའི་ཆེད་དུ་ཉར་རོགས་ཞེས་རེ་བསྐུལ་བྱེད་ཀྱི་ཡིན། གཅིག་བྱས་ན་མ་འོངས་པ་ན་ཕྱག་དཔེ་འདི་ཨིན་ཡིག་ཏུ་ཐོབ་རུང་། དེ་བཞིན་ཕྱག་དཔེ་འདི་ཡུ་ཨེས་བི་ (USB) ནང་ཕབ་སྟེ་ང་ཚོས་སྐུ་འདྲ་ནང་བཅུག་ཆོག་པ་དང་། ཡང་ན། དཔར་བཤུས་བྱེད་ནས་སྐུ་འདྲ་ཆེན་པོ་སོགས་ཀྱི་ནང་གསུང་ལྟར་ཕུལ་ཆོག
དགའ་ལྡན་ཁྲི་པ་བཞེངས་ཚར་མཁན་གྱི་སྐྱེས་བུ་དམ་པ་རྣམས་ལ་དགའ་ལྡན་ཁྲི་ཟུར་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་རྣམས་དགའ་ལྡན་ཁྲི་འཛིན་ཚར་བ་ཡིན་ཙང་དགའ་ལྡན་ཁྲི་པའི་ཨང་གྲངས་ཀྱི་ཐོག་ནས་མཚན་འབོད་སྲོལ་ཡོད། དཔེར་ན། དགའ་ལྡན་ཁྲི་པ་གོ་བདུན་པ་༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ཞེས་པ་ལྟ་བུའོ།།
ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ནང་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་མཆོག་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་གནང་བའི་འདྲ་པར་དང་བརྙན་འཕྲིན་འགའ་ཤས།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/GadenTrisurVYTeachings2.mp4
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/GadenTrisurVYTeachings1.mp4
ཁ་སྐོང་། དགའ་ལྡན་ཁྲི་པ་སུ་ཡིན་ནམ།
དགའ་ལྡན་ཁྲི་པ་ནི་དགའ་ལྡན་ཁྲི་འཛིན་མཁན་ལ་ཟེར། དགའ་ལྡན་ཁྲི་འཛིན་མཁན་འདི་ཉིད་འཛམ་གླིང་འདིའི་ནང་ལ་རྗེ་ཙོང་ཁའི་ངོ་ཚབ་ཡིན་པ་བསམ་ཞིབ་གནང་དགོས། རྗེ་ཙོང་ཁ་ཆེན་པོ་ནི། དགེ་ལུགས་པའི་བསྟན་པའི་བདག་པོ་ཡིན། དགའ་ལྡན་ཁྲི་པའི་སྐོར་ཤེས་པར་འདོད་ན་གཤམ་དུ་ཡོད་པའི་བརྙན་འཕྲིན་གཟིགས་རོགས་གནང་།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/HHTheGadenTripa.mp4
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།