རོ་ཐོག་ལུས་ཀྱིས་ཞབས་བྲོ་འཁྲབ་རྒྱུ་འདི་མཚམས་འཇོགས་ཞིག །
རོ་ཐོག་ལུས་ཀྱིས་ཞབས་བྲོ་འཁྲབ་རྒྱུ་འདི་མཚམས་འཇོགས་ཞིག །
རང་ཉིད་ལུས་ཕུང་དང་མ་བྲལ་བའི་སྔ་རོལ་ན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་སྙིང་རྗེ་དང་དྲིན་དྲན་བརྩེ་བ། བཟོད་སྲན་ལྟ་བུའི་ཆོས་དང་མཐུན་པའི་རྒྱུ་བསག་པར་འགྱུར་ཅིག ། ལས་བཟང་པོ་འདི་སྐྱེ་བ་ཕྱི་མར་ངས་མཉམ་དུ་ཁྱེར་ནས་འགྲོ་ཐུབ་ཀྱི་ཡོད། སྐྱེ་བ་ཕྱི་མ་ལ་ཡག་པོ་ཡོང་རྒྱུའི་ཆེད་དུ་ལས་ངན་ཐམས་ཅད་འཇོམས་པར་འགྱུར། གལ་སྲིད་ང་སྐྱེ་བ་ཕྱི་མར་མིར་སྐྱེ་བ་ལེན་པ་ན། སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་དར་བའི་གནས་དེར་སྐྱེ་བར་འགྱུར་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་ཕ་མ་སྤུན་ཟླ་ཚོས་ཆོས་དང་འབྲེལ་བའི་ལམ་སྟོན་བཟང་པོ་གནང་ནས་བྱམས་སྙིང་རྗེ་དང་འབྲེལ་བའི་སེམས་ཀྱི་སྟོབས་འཕེལ་བར་འགྱུར་ཅིག ། དེ་ནས་ཇི་སྲིད་འཁོར་བའི་མཐའ་མ་སྟོང་པའི་བར་བདག་གིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྙིང་པོ་ཉམས་སུ་བླང་པར་འགྱུར། ངའི་མིག་བཙུམ་རྒྱུའི་དུས་ཚོད་མཐའ་མ་དེ་སླེབ་དུས་སྡད་དེ་ནས་དེ་དུས་ལུས་དེར་དཔེ་ན་(གོས་གྱོན་རྒྱུ་དང་། གཙང་མ། མཛེས་བཟོ། ཁྲུས་རྒྱབ་རྒྱུ །པུར་སྒམ་ཡག་པོ། རྒྱས་སྤྲས། ཞལ་ལག་འདྲེན་པ། གྲོགས་པོ་མང་པོས་མྱ་ངན་བྱེད། པུར་སྒོམ་རྫིག་པོ། གདུང་ཁང། གདོན་ཆོ་ག། དགུང་སེང་། སྟོད་སྔགས། བྱ་དགའ། རྔན་པ་སོགས་གང་ཡོད་ཀྱང་ང་ཚོ་ཕུང་པོ་འདི་ལས་བྲལ་ཚར་ན་ལས་ཡག་པོ་འདིས་ཕན་འདོག་གིས་རེད་མ་གཏོགས་གཞན་གྱི་མི་ཕན། ང་ཚོས་ཡང་ནས་ཡང་དུ་ཞིབ་ཚར་པོ་གང་བྱས་ཀྱང་ཉིན་གཅིག་འཆི་བའི་དུས་སུ་སླེབ་ན་གཙོ་བོ་ནང་སེམས་འདིས་མ་གཏོགས་གཞན་ལུས་ཕུང་དེ་ལ་གང་ཡང་བྱེད་རྒྱུ་མེད། དེ་ཡིན་ཙང་ཕུང་པོ་དང་བྲལ་ཚར་ན་ཡང་ལུས་ཕུང་དེ་ལ་དུས་ཚོད་འཕྲོ་བརླག་བཏང་ནས་གང་བྱེད། ངའི་ལུས་ཕུངའདི་དང་འཁོར་བ་འདི་ལས་མཐར་ཐུག་ཏུ་བྲལ་བར་ངའི་ཤེས་པས་བྱེད་དགོས་པ་རེད་འདུག །
ང་ཚོས་བྱེད་དགོས་པའི་གཞི་རྩ་འདི་ཕར་བཞག་ནས་ལུས་ཕུང་གི་དོན་དུ་མང་པོ་བྱེད་པ་ནི་དུས་ཚོད་འཕྲོ་བརླག་རེད། གང་ཡིན་ཟེར་ན་དེ་ནི་མི་རོ་དང་གཅིག་པ་རེད། མཐར་རང་དབང་མེད་པར་སྲོག་འགག་དགོས་པ་ནི་འཆི་བའི་རང་བཞིན་ཅན་རེད། དེ་ལ་སུན་པོ་བཟོ་ནས་གང་བྱེད། ངའི་རྩ་་ཆེན་བའི་དུས་ཚོད་འདི་ནང་གང་བྱེད་ཀྱང་འཆི་དུས་ཕན་ཡོད་དེ་ལུས་སེམས་དང་འབྲེལ་ནས་འགྲོ་དགོས་རེད་མ་གཏོགས་ལུས་མ་རེད། སོ་སོའི་དུས་ཚོད་ནི་ཡུན་རིང་གི་བྱ་བ་ལ་བེད་སྤྱོད་བྱེད་དགོས། ཡུན་དུ་མི་གནས་པ་དེར་མ་ཡིན། དེ་ག་ནང་བཞིན་སེམས་འདི་ཡུན་རིང་པོ་གནས་རྒྱུ་དང་ལུས་ཕུང་འདི་འདོར་ནས་འགྲོ་རྒྱུ་རེད། དེ་དངོས་ཡོད་ཀྱི་གནས་སྟངས་རེད། འདི་ཡིན་ཙང་འཇིགས་རྟེན་འདིའི་ནང་ལུས་ཕུང་འདི་ལ་ཕན་པ་ཙམ་རེད་མ་གཏོགས་བློ་ལ་ཕན་པའི་ཐབས་ཤེས་མི་ཐོབ། གཞན་ཕན་བྱེད་མཁན་ཉུང་ཉུང་རེད། འཁོར་བ་འདིའི་ནང་ལུས་ཕུང་དེའི་དོན་དུ་རང་སྣང་གང་དྲན་བྱེད་པ་ནི་བརྟན་པོ་མིན་པའི་ལུས་ཕུང་དེའི་ཆེད་དུ་དུས་ཚོད་འཕྲོ་བརླག་བཏང་ནས་མཐར་འདོར་རྒྱུ་རེད། བློ་འདི་ཆོས་དང་མཐུན་པའི་ལས་ཀ་རང་ལ་བརྩོན་པ་ནི་ཡག་ཤོས་ཡིན་པས་མཐར་ལུས་ཕུང་དང་བྲལ་ནའང་མི་འདོར་རོ། རྒྱུ་མཚན་གྱི་སྒོ་ནས་བསམ་བློ་གཏོང་ན། ལུས་ཕུང་འདི་བྲལ་ནའང་གཙང་དྲ་བྱེད། གྱོན་ཆས་གྱོན། རྒྱན་སྣ་ཚོགས་ཀྱི་སྤྲས་པ། དེའི་དོན་དུ་ཁྲུག་ལོངས་བྱེད་པ། ཐག་རིང་པོ་གུང་སེང་འགྲོ་བ། དེ་ལུས་ཕུང་འདི་དང་བྲལ་ཚར་ནའང་རང་སྣང་གང་དྲན་བྱེད་པ་སོགས་ནི་དུས་ཚོད་འཕྲོ་བརླག་རང་རེད། གཟུགས་ཕུང་འདི་བརླ་ནས་རུལ་འགྲོ་རྒྱུའི་མགོ་བཙུགས་ཀྱི་རེད། རྒྱུ་མཚན་དེ་ག་རང་གི་ཐོག་ནས་བསམ་བློ་གཏོང་ན། ལུས་ཕུང་འདིའི་དོན་དུ་མང་པོ་གང་བྱས་ཀྱང་དུས་ཚོད་འཕྲོ་བརླག་རེད་གང་ཡིན་ཟེར་ན་དེ་རོ་ཕུང་འགྱུར་བའི་རང་བཞིན་རེད།
ང་ཚོས་རང་སྣང་གང་དྲན་བྱེད་ནས་ཕུང་པོ་འདིའི་དོན་དུ་ནུས་པ་གང་ཡོད་བེད་སྤྱོད་བྱེད་ནས་ཧ་ལས་པའི་བཀའ་ལས་རྒྱག་སྟེ་དོ་སྣང་བྱེད་ཀྱིན་འདུག ། སྤྱིར་སྟངས་ཕུང་པོ་འདི་ང་ཚོའི་མཉམ་དུ་ཉར་རྒྱུ་མེད། ཕུང་པོ་གནས་སྐབས་སུ་གཡར་པ་ཙམ་རེད། ཇི་ལྟར་འཆི་བའི་དུས་མ་སླེབ་སྔོན་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་བསལ་གྱི་ཆོས་དང་འབྲེལ་བའི་ལས་དོན་བྱེད་ནས་ང་ཚོས་ཐོབ་བྱ་མཐར་ཐུག་ཐོབ་པའི་རྒྱུ་བསག་དགོས་ཀྱི་འཇིགས་རྟེན་གྱི་བྱ་བ་ཕལ་པ་དང་དེའི་བདེ་སྐྱིད་ཙམ་ལ་ཆགས་པ་ནི་རྩ་ཆེན་གི་དུས་ཚོད་འཕྲོ་བརླག་རང་རེད། ང་ཚོ་ང་ཚོའི་སེམས་འདི་དང་སེམས་འདི་ང་ཚོ་མཉམ་དུ་སླེབ་ཀྱི་རེད། གཟུགས་པོ་ནི་གཡར་བ་དང་རྗེས་ལ་མ་འདོར་རང་འདོར་རེད། སྔ་གཡར་བྱས་པས་བརྟན་པོ་མེད་པའི་ལུས་ཕུང་དེའི་དོན་དུ་རང་སྣང་གང་དྲན་བྱེད་ནས་དུས་ཚོད་མང་པོ་འདི་འཕྲོ་བརླག་བཏང་ནས་ཅི་བྱེད་ཀྱི་ཡིན། ང་ཚོས་དུས་ཚོད་ཐུང་ཐུང་འདིའི་སྐབས་འགྲོ་བ་སེམས་ཅན་གྱི་དོན་དུ་ལས་དོན་མང་པོ་བྱེད་ཐུབ་ན་རབ། འཇིགས་རྟེན་གྱི་བྱ་བ་ཕལ་པ་ལ་ཆགས་ནས་ཉིན་རྟག་པར་ང་ཚོའི་སེམས་འདི་ཆོས་ལ་དོ་སྣང་མེད་པར་རྩ་ཆེན་གྱི་དུས་ཚོད་འདི་འཕྲོ་བརླག་གཏོང་ནས་ཕུང་པོ་འདིའི་མཉམ་དུ་ཞབས་བྲོ་རྒྱག་རྒྱུ་མཚམས་འཇོགས་བགྱི །
རྩོམ་པ་པོ།
ཚེམས་སྤྲུལ་སྐུ་རིན་པོ་ཆེ།
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།