རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
ཉིན་འགའ་ཤས་སྔོན་ལ། ༧གོང་ས་མཆོག་གིས་མི་མང་པོ་ཧང་སངས་དགོས་པའི་བཀའ་སློབ་བསྩལ་ཡོད། ཕྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ཁུངས་ལྡན་གྱི་གནས་ཚུལ་ལྟར་ཁོང་གིས་ངོས་འཛིན་གནང་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་བདུན་ཆོས་ཀྱི་ཉི་མ་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་གསུངས། ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་མཆོག་དགེ་བའི་བཤེས་གཉེན་བཟང་པོ་ཞིག་གི་འོག་ལ་སློབ་གཉེར་གང་ལ་གང་མཚམས་བྱེད་ཀྱི་ཡོད་པ་དང་། དུས་གཅིག་ལ་བླ་མ་གཅིག་གི་ཡང་སྲིད་གཉིས་དང་དེ་ལས་མང་བ་ཡོང་སྲིད་ཀྱི་རེད་ཅེས་གསུངས།
ལོ་ངོ་ཉེར་གཉིས་ཀྱི་རིང་ལ་རྡ་ས་བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དེ་རྫུན་མ་ཡིན་ཚུལ་བཤད་པ་དེ་ད་ཆ་ཇི་འདྲ་ཞིག་ཆགས་འདུག ། ཁྱབ་ཚད་ཆ་ཚང་མ་སྟོན་ནས། ཁོང་ཚོས་ཁོང་ལ་ག་དུས་ཡིན་ནའང་སྐྱོན་བརྗོད་བྱས་ཤིང་གསར་འགྱུར་ཅི་རུང་དུའང་ཁོང་ལ་དམའ་འབེབས་བྱས་ནས་བཤད་ཀྱི་ཡོད་རེད། ད་ལྟ་༧རྒྱལ་བ་རིན་པོ་ཆེའི་ཐུགས་དེ་ཚད་གྲངས་ ༡༨༠ ཚུར་བསྐོར་ནས་བསྒྱུར་ནས་གསུངས་པ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཡོད་པ་ནས་ཁོང་གིས་ངོས་འཛིན་གནང་བའི་ཡང་སྲིད་དང་། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཡང་སྲིད་གཉིས་ཀ་དངོས་གནས་ཡིན་ཞེས་གསུངས་པ་རེད།
ཡང་སྤྲུལ་མང་པོ་སྤྲུལ་སྲིད་པ་ང་ལ་ཡིད་ཆེས་ཡོད། ལྷག་པར་དུ་པཎ་ཆེན་རིན་པོ་ཆེའི་སྐུ་ཡོན་ལ། གང་ལྟར། རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་པཎ་ཆེན་རིན་པོ་ཆེ་ལ་རྒྱབ་སྐྱོར་བྱས་པ་མཐོང་བས་ངའི་ཡིད་ཆེད་དེ་ལ་སྐྱོན་བརྗོད་བྱས། སྤྱི་ཚོགས་དྲ་ལམ་བརྒྱུད་ནས། ངའི་ཡིད་ཆེས་དང་དད་པ་དེ་ཙམ་གྱི། ང་ལ་རྒྱ་མིའི་ཁྱི་དང་རྒྱལ་ཚོང་པ་ཞེས་ནས་མིང་འདོགས་བཏགས་ཤིང་གཞན་ཡང་ཚིགས་བརྩུབ་བེད་སྤྱོད་བྱས་ནས་སྐྱོན་བརྗོད་བྱས་བྱུང་།
ཡིན་ནའང་། ངའི་དད་པ་དེ་མཐོང་ཚུལ་ཙམ་དང་དོན་མེད་དེ་འདྲ་གང་ཡང་མ་རེད། དེ་ཉམས་ལེན་འགའ་ཤས་ཡོད་རེད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཉམས་ལེན་སྐབས་དཔེར་ན། ཡིད་ལུས་ལ་བརྟེན་ནས་འགྲོ་རྒྱུ་ཡོད་པ་གསུངས་ཡོད་རེད། ཉམས་ལེན་པ་ཞིག་གིས་སོ་སོའི་ལུས་ནས་རྣམ་ཤེས་དེ་ཐོན་ནས་འགྲོ་ཐུབ་ཀྱི་ཡོད། དེ་ཙམ་མ་ཟད་གང་ཟག་གཞན་གྱི་ལུས་ཀྱི་ནང་ལ་བཞུགས་ནས་དེའི་ལུས་བདག་བཟུང་བྱེད་ཐུབ། དེ་རྗེས་ས་ཆ་གཞན་ལ་འགྲོ་ནས་ཁོ་ཚོའི་ལུས་དེ་བསྐྱར་ལོག་བྱེད་ཐུབ། སྒོམ་སྒྲུབ་བྱེད་མཁན་ཚོ་ས་གནས་དབེན་པར་གནས་པ་ལ་ནི་ཕན་ཐོགས་ཆེན་པོ་ཡོད། ཁོ་ཚོ་སོ་སོའི་རྣམ་པར་ཤེས་པ་དེ། སོ་སོའི་གཟུགས་ཕུང་ནས་ཐོན་ནས། བྱ་ནམ་མཁའ་ལ་འཕུར་བ་བཞིན། ས་ཕྱོགས་ཐག་རིང་པོར་སོང་ནས་གསུང་ཆོས་ཉན་ནས་ལུས་པོ་རྙིང་པ་དེ་ལ་བསྐྱར་ལོག་བྱེད་ཐུབ།
དེ་ནས། གལ་ཏེ་རྟོགས་པ་གང་ཡང་མེད་མཁན་གང་ཟག་ཐ་མལ་པ་ཞིག་གི་ཡིད་ལུས་ཇི་ལྟར་འགྲུབ་ཐུབ་ཀྱི་ཡོད་ན། དེ་ལ་ངེས་པར་དུ་རྟོགས་པའི་ཡོན་ཏན་ཡོད་མཁན་པཎ་ཆེན་རིན་པོ་ཆེ་མཆོག་ལྟ་བུ་ཞིག་གིས་སྤྲུལ་གཞི་རྣམ་པར་ཤེས་པ་ས་བོན་ལྟ་བུ་གཅིག་ལ་ཡང་ཡལ་ག་སྤྲུལ་པ་མང་པོ་ཕྱོགས་གང་སར་འཁྲུངས་ཐུབ་པའི་རྟོགས་པ་ཡོད་ངེས་པ་ཞིག་རེད། སངས་རྒྱས་ཚར་པའི་གང་ཟག་གཅིག་གི་རྣམ་པར་ཤེས་པ་གཅིག་ལ་གཟུགས་ཀྱི་ཕུང་པོ་གཅིག་མ་གཏོགས་ཡོང་གི་མ་རེད་ཅེས། དེ་འདྲ་བཤད་པ་དེ་ནི་མི་སྲིད་པ་ཞིག་རེད། ངས་པཎ་ཆེན་སྐུ་ཕྲེང་སྐུ་ཕྲེང་བཅུ་པ་མཆོག་དྲན་གྱི་འདུག ཉིན་གཅིག་གསུང་ཆོས་གནང་དུས་རྒྱུ་མཚན་གང་ཡང་མེད་པར་བཞད་མོ་བཞེད་གནང་སོང་། དེ་ལ་དགོད་འབྲོ་གང་ཡང་མེད་ཅིང་གད་མོ་ཤོར་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། ཁོང་གི་སློབ་མ་ཚོས་འདྲི་བ་གཏོང་དུས། ཨ་ལེ་ངའི་ཡང་སྤྲུལ་གཞན་པ་ཞིག་ནི་ས་ཕྱོགས་གཞན་དུ་ཡོད་ཅིང་ལས་ཀ་ཡ་མཚན་ཞིག་གནང་བསྡད་ཀྱི་འདུག་ཞེས་གསུངས།
ད་ལྟ་༧གོང་ས་མཆོག་སྐུ་ཉིད་ནས་ས་བོན་ལྟ་བུ་གཅིག་གི་ཡང་སྤྲུལ་མང་པོ་ཡོང་སྲིད་པ་ཁོང་གིས་ཡིད་ཆེས་གནང་ཞིང་། ༧གོང་ས་མཆོག་ནས་ཡང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེའི་སློབ་གཉེར་གྱི་སྐོར་མོས་མཐུན་དང་ད་དུང་ཆེ་བསྟོད་གནང་ཡོད། ང་རང་ཧང་སངས་དགོས་པ་བྱུང་། ༧གོང་ས་མཆོག་གིས་ཡང་ངས་བཤད་པ་ནང་བཞིན་གཅིག་པ་གསུངས་ཀྱི་འདུག ། གང་ཡིན་ཞེས་ན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་དེ་ལ་མོས་མཐུན་གནང་སོང་། ང་རང་ཧང་སངས་ཀྱི་འདུག མི་ཚོས་ང་ལ་མིང་འདོགས་ངན་པ་བཏགས་པ་དེ་༧་རང་༧རྒྱལ་བ་རིན་པོ་ཆེ་ལའང་བཏགས་ཀྱི་ཡོད་དམ། གང་ཡིན་ཞེས་ན་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་གི་འདུག རྒྱུ་མཚན་མཚུངས་པའི་ཕྱིར། ངའི་བསམ་འཆར་དེ་ཚོ་སྒྲིག་པ་ཡིན་ནམ། གང་ཡིན་ཞེས་ན་༧རྒྱལ་བ་རིན་པོ་ཆེས་ཡང་དེ་ག་རང་གསུངས་གནང་གི་འདུག ། ངས་ཚང་མ་ལ་བོད་པའི་སྤྱི་ཚོགས་དེ་ནང་རྫུ་བག་དང་འདྲ་མཉམ་མེད་པ་ལྟ་ཞིབ་བྱེད་དགོས་ཤེས་བཤད་ཡིན། ༧རྒྱལ་བ་རིན་པོ་ཆེ་རྒྱབ་འགལ་དང་མ་དད་པ་བྱེད་ན་ནོར་གྱི་འདུག ། གལ་ཏེ་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ནས་མི་གཞན་ལ་གནོད་སྐྱོན་དང་གདུག་བརྩུབ་སྣ་ཚོགས་བཏང་གི་ཡོད་པ་ནི་མ་འགྲིག་པ་རེད། ཡིན་ནའང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞི་གང་ཡང་རུང་བ་ཞིག་ལ་མོས་མཐུན་གནང་ན་དེ་འགྲིགས་ཡོད་པ་དང་། མོས་མཐུན་མེད་ན་མ་འགྲིག་པ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོང་བསྡད་པ་དེ་གང་འདྲ་རེད།
བོད་པའི་སྤྱི་ཚོགས་ནང་སྤྱོད་ལམ་གང་འདྲ་བྱེད་ཀྱི་འདུག་ཞེས་གནས་སྟངས་དེས་གསལ་པོར་སྟོན་གྱི་རེད། ༧རྒྱལ་བ་རིན་པོ་ཆེས་གང་ངོས་ལེན་བྱས་པ་དེ་ཡག་པོ་ཡིན་པ་དང་། གཞན་མ་གཏོགས་དཔེ་མ་སྲིད་པའི་འདུག་ཅག་ཡིན་པར་ངོས་འཛིན་བྱེད་པ་རེད། དེ་གང་ཡིན་ནམ། གལ་ཏེ་སོ་སོའི་འདོད་མོས་ཡོད་པའི་མི་གཅིག་གིས་མོས་མཐུན་གང་ཡོད་པ་དེ་ལ་ངོས་ལེན་བྱེད་འོས་པ་དང་། དེ་མེད་ན་མོས་མཐུན་བྱེད་མི་འོས་པ་དེ་དམངས་གཙོའི་ལམ་ལུགས་ཟེར་གྱི་ཡོད་དམ།
ང་རང་ཆབ་སྲིད་ལ་ཞེས་དྲགས་དགའ་པོ་མེད། ང་རང་ནང་ཆོས་ཁྱབ་སྤེལ་བྱེད་རྒྱུ་དང་། ཉམས་ལེན་བྱེད་རྒྱུ་དེ་ངའི་ལས་འགན་ཡིན། དེ་ཡིན་ཙང་། ཁོང་རྣམ་པ་ཚོ་གྲྭ་བ་དང་དགེ་བཤེས་དཀྱུད་མ་ཞིག་རེད། ཡིན་ནའང་ཚད་ལྡན་མན་ངག་དང་བསྟན་པ་སྤེལ་ཆོག་ཆོག་རེད། དེ་ནས་གལ་ཏེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་དངོས་ཡིན་དང་མིན། གལ་སྲིད་ཁོང་གི་དམ་ཚིག་དང་སྡོམ་གཙང་མར་འཛིན་ན། ཁོང་གིས་གསུང་ཆོས་དང་དུས་འཁོར་དབང་ཆེན་གནང་ཆོག་གི་རེད། དེ་ནས་ཁོ་ཚོ་ལ་བསྟེན་གསོལ་དེ་ལམ་དང་ལུགས་སྲོལ་དང་མཐུན་པའི་སྒོ་ནས་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་ཡོད་དམ། གལ་ཏེ་འདི་དེ་གཉིས་ཀར་ཡིན་ཟེར་ནས་ལན་རྒྱབ་ཐུབ་ཀྱི་ཡོད་ན། སུ་ཞིག་པཎ་ཆེན་བླ་མ་ཡིན་ནའང་མིན་ནའང་ཁོ་ཚོ་སངས་རྒྱུས་གསུང་སྤེལ་ཐུབ་ཀྱི་ཡོད། དེ་ལ་པཎ་ཆེན་བླ་མའི་གོ་ས་མིན་མཁན་བླ་མ་མང་པོ་ཡོད་རེད། ང་རང་གི་ཆེད་དུ་དེ་ཚོ་ཚང་མ་གོ་བདེ་པོ་ཞིག་རེད།
ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་ཡིན་མི་སྲིད་པའི་གསལ་བསྒྲགས་གནང་ནས། བོད་མི་དང་བཙན་བྱོལ་བོད་གཞུང་ལ་རྙོག་དྲར་འཚུད་པའི་བྱ་སྤྱོད་མང་པོ་བཟོ་ཡི་རེད། རྗེས་ལ་ཁོ་ཚོས་གང་འདྲ་བྱེད་ཅིང་རྣམ་འགྱུར་ཇི་ལྟར་སྟོན་གྱི་ཡོད་པ་དེ་ལ་ལྟ་ན་དབྱིངས་ཞེ་དྲགས་ཡོད་རེད། ༧པཎ་ཆེན་གཉིས་ཀར་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་གཏད་དུ་སྐྱོན་བརྗོད་བྱེད་པ་དེ་མཚམས་འཇོག་བྱེད་ཀྱི་ཡོད་དམ། ༧རྒྱལ་བ་རིན་པོ་ཆེས་ད་དུང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་སྐོར་གསལ་བསྒྲགས་མང་བ་གནང་གི་ཡོད་དམ། གང་ལྟར། ད་ལྟ་རྒྱ་ནག་གཞུང་གིས་ངོས་འཛིན་གནང་པའི་པཎ་ཆེན་བླ་མ་གང་ལ་༧རྒྱལ་བ་རིན་པོ་ཆེ་ཐུགས་དངོས་གནས་འགྱུར་བ་ཕྱིན་འདུག ། གལ་སྲིད་༧གོང་ས་མཆོག་རང་ཉིད་ཀྱི་དགོངས་པ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ན། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དངོས་ཡིན་པར་ད་ལྟ་གང་གནང་བ་དེ། ཁོང་གིས་དགོངས་པ་དེ་གནད་དོན་གཞན་ཞིག་ལའང་འགྱུར་བ་གཏོང་ཐུབ་ཀྱི་ཡོད་རེད། དེ་ག་ནང་བཞིན། དཔེར་ན་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་དེའི་ཐོག་ལ་ཡང་གྲུབ་འབྲས་བཟང་པོ་ཞིག་ཡོང་ཐུབ་པ་རེ་བ་དང་ཡིད་ཆེས་འདུག ། ཁོང་གིས་ད་དུང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་སྐོར་གཏམ་བཟང་འགའ་ཤས་གསུངས་ཀྱི་ཡོད། བོད་མི་གཞན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་འདུག་ཞེས་ཟེར། ལྟ་དགོས། ༧གོང་ས་མཆོག་གི་རྗེས་མ་གང་གནང་གི་ཡོད་པ་དེ་དུས་ཚོད་ཀྱིས་སྟོན་གྱི་རེད། གྲུབ་འབྲས་བཟང་པོའི་དོན་དུ་གནས་སྟངས་མང་པོ་འགྱུར་བ་འགྲོ་སྲིད་ཀྱི་རེད། གང་ཡིན་ཀྱང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་ལ་ཚད་ལྡན་གྱི་ཡང་སྲིད་ཅེས་ནས་རྒྱབ་སྐྱོར་གནང་བ་རེད། ཁོང་གིས་འགྲེལ་བརྗོད་དེ་ནི་བརྙན་འཕྲིན་ནང་གསལ་པོར་གསུངས་འདུག །
ཚེམས་རིན་པོ་ཆེས།
བརྙན་འཕྲིན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐོར་༧རྒྱལ་བ་རིན་པོ་ཆེས།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DalaiLamaOn11thPanchenLama.mp4
ཡང་ན་ཡུ་ཊུབ་ནང་གཟིགས་རོགས་གནང་། https://www.youtube.com/watch?v=8hsyWE-fhZU
ལོ་རྒྱུས་ཅན་གྱི་རྒྱབ་ལྗོངས།
སྤྱི་ལོ་ ༡༩༨༩ ལོར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས། དུས་ཚོད་ཐུང་ངུ་ཞིག་གི་རྗེས་སྐུ་ཉིད་ཀྱི་ཡང་སྲིད་འཚོལ་ཞིབ་ཏུ་འགོ་འཛུགས། དེ་ནས་སྤྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་དྲུག་སྐབས་བོད་ཀྱི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གནང་། ཉིན་གསུམ་རྗེས། པཎ་ཆེན་རིན་པོ་ཆེ་མི་ཚང་དང་བཅས་པ་ལོ་ཉི་ཤུ་རྩ་གཉིས་རིང་གསང་ཉར་གྱིས་ག་ཡོད་སུས་ཀྱང་མི་ཤེས་གར་སོང་ཆ་མེད་ཆགས་ཡོད།
ཟླ་བ་དྲུག་རྗེས། སྤྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་ཞེས་ཁོང་ལ་གསེར་ཁྲི་མངའ་གསོལ་ཞུས། ངོས་འཛིན་དེ་རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་ལུགས་སྲོལ་དང་མཐུན་པའི་ཐབས་ཤེས་གནང་མཁན་བླ་མ་ཆེན་པོ་ལྷན་དུ་བགྲོས་སྡུར་བྱས་ནས་ཐག་གཅོད་རྗེས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༠ པའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་དེ་ཡང་ལྷན་དུ་རྒྱ་ནག་གཞུང་སོ་སོའི་རང་བདག་གི་ཐབས་ཤེས་ཀྱི་སྒོ་ནས་ངོས་འཛིན་བྱས་ཡོད་པ་རེད
གཞུང་འབྲེལ་གྱི་པཎ་ཆེན་བླ་མ་དེ་ཡང་བོད་པའི་སྤྱི་ཚོགས་ནང་ངོས་ལེན་བྱས་ཡོད་མ་རེད། དབུས་བོད་མི་སྒྲིགས་འཛུགས་ཁང་ཡང་ན། རྒྱ་གར་བྱང་ཕྱོགས་རྡ་སར་ཡོད་པའི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་ཆོས་ཁས་མ་ལེན་མཁན་གཞུང་ཞིག་ཡིན་པའི་ཆ་ནས་དེས་ཆོས་ཕྱོགས་ཀྱི་གནད་དོན་དེ་ལ་བྱུས་གཏོགས་བྱས་འདུག་ཞེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས། དེ་ནས་ཁོ་རང་ཚོས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་དེ་ངོས་འཛིན་བྱེད་པར་གསང་བའི་ལས་འཆར་དང་ལྡན་པའི་གྲོས་འཆར་བཞག་འདུག ། དེའི་ཡ་ལེན་དུ་བཙན་བྱོལ་བོད་གཞུང་དམངས་ཀྱི་ལས་འགུལ་ཆེན་པོ་སྤེལ་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་ཆགས་པས་མགྱོགས་པོ་གློད་བཀྲོལ་ཐོངས་ཞེས་ཞུ་གཏུག་གི་ལས་མགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་བོད་རང་བཙན་ཚོགས་པས་ལས་འགུལ་གལ་འགངས་ཆེན་པོ་ཞེ་དྲགས་ཆགས་ཡོད་རེད།
ལས་མགུལ་འདི་བོད་མི་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་རེད་ཅེས་གཞུང་དེ་ལ་དམའ་འབེབ་གཏོང་བའི་ཆེད་དུ་འགོ་བཙུགས། བོད་མི་ཚོར་གནོད་འཚེ་ཕོག་ཡུལ་ཡིན་ཞེས་དང་ལམ་ལུགས་དང་མཐུན་པའི་སྐྱོ་བོ་རོགས་རམས་ཀྱི་ཐོབ་ཐངས་ལེན་འོས་པ་བཟོ་ནས་དེའི་ཁ་གཏད་དུ་ཕྲུ་གུ་བཙན་ཁྲིད་བྱེད་མཁན་རྒྱ་ནག་མི་དམངས་གདུག་རྩུབ་ཅན་ཞེས་ཟེར། དེ་རིང་བར་། བོད་དོན་རྒྱབ་སྐྱོར་བ་ཚང་མས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་ཆེད་དུ་མུ་འཐུད་ནས་ཡང་ལཱ་སྤོར་ཞིང་མེལ་ཚེ་བྱས་ཡོད་པ་རེད། ཉམས་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ཏུ་གནད་དོན་དེའི་ཞིབ་འཇུག་བྱེད་ཐབས་སུ་སྐུལ་འདེད་གཏོང་དོན་དུ་རྒྱབ་སྐྱོར་ས་ཡིག་མང་པོ་དང་སྙན་ཞུ་ཞུས། གར་སོང་ཆ་མེད་ཆགས་པའི་ཕྲུ་གུ་དེའི་གྱང་སྦྱར་པར་གཞི་ཆེན་པོ་ཞིག་མཇ་ནུ་ཀ་ཊི་ལ་ནང་སྦྱར་ཡོད་པ་རེད། རྒྱ་གར་ལྡི་ལི་མན་ཇུ་ཀ་ཊི་ལ་ནང་། ཉིན་ལྟར་དྲན་གསོ་གཏོངགཏོང་ནས་གནད་དོན་དེས་བོད་མི་ཚོ་ལ་ད་དུང་ཤུགས་རྐྱེན་ཐེབ་ཀྱི་ཡོད་པ་རེད།
དེང་སང་གི་དོན་རྐྱེན་དེ་ལ་གང་བྱུང་ཡོད་ཅེས་ན། བཙན་བྱོལ་བོད་གཞུང་གིས་ཡུན་རིང་པོ་འཛིན་སྐྱོང་བྱས་པའི་ལོ་རྒྱུས་ཀྱི་གསང་བ་བསྒྲགས་པ་རེད། བཙན་བྱོལ་བོད་གཞུང་གིས་༧རྒྱལ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་དེ་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་ཡུན་རིང་ཤོས་བསྡད་མཁན་དེ་རེད་ཅེས་ནས་ཡུན་རིང་པོ་བརྩི་སྲུང་བྱས། ཁོང་ཚོས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་ལ་བཞུགས་ཁྲི་ཐོབ་དབང་རྩོད་ལེན་བྱེད་མཁན་ཙམ་ཡིན་ཞིང་། མི་མང་ལ་གསུང་ཆོས་གནང་བའི་ཐོབ་ཐང་མེད་ཅིང་པཎ་ཆེན་རིན་པོ་ཆེ་ནང་བཞིན་བཀའ་སློབ་གནང་བའི་འགན་འཁུར་ཡོད་པ་མ་རེད་ཟེར། འོན་ཀྱང་བཙན་བྱོལ་བོད་གཞུང་གིས་ས་ལོ་ཉི་ཤུ་རྩ་གཉིས་རིང་ལས་འགུལ་གང་སྤེལ་བ་དེ་ལ་༧རྒྱལ་བ་རིན་པོ་ཆེས་ངོས་ལེན་མ་གནང་བ་མཐོང་གི་འདུག ། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེས་སྐོར་ལ་༧རྒྱལ་བ་རིན་པོ་ཆེའི་ཐུགས་འགྱུར་བ་གཏོང་ནས་གསུངས་པ་དེ་ལ་རང་བཙན་མི་མང་དང་དེ་ཚོའི་ཕྱི་རྒྱལ་བ་རྒྱབ་སྐྱོར་བ་ཚོས་གང་བཤད་རྒྱུ་ཡིན་པའི་སྐོར་མིག་ལྟ་ན་ཞེ་དྲགས་དབྱིངས་ཡོད་རེད། ཁོང་ཚོས་པཎ་ཆེན་རིན་པོ་ཆེ་བེད་སྤྱོད་བྱས་ནས་རྒྱ་ནག་གཞུང་སྡུག་ཅག་སྟོན་གྱི་ཡོད་རེད། པཎ་ཆེན་རིན་པོ་ཆེའི་སྐོར་༧རྒྱལ་བ་རིན་པོ་ཆེས་གསུངས་པའི་འགྲེལ་བརྗོད་དེ་བསྐྱར་དུ་འགྲེལ་བརྗོད་མ་བྱེད་ན། ཁོང་ཚོའི་ནུས་པ་ཕན་མེད་དུ་འགྱུར་གྱི་ཡོད་པ་མཐོང་གི་འདུག ། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ལ་༧རྒྱལ་བ་རིན་པོ་ཆེ་གཅིག་པོས་རྒྱབ་སྐྱོར་བྱེད་པ་མ་རེད། ཁོང་གིས་ངོས་འཛིན་བྱས་པའི་དེ་ཡང་སྐུ་འཚོ་བཞུགས་ཡིན་པར་གསུངས། གལ་ཏེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་རྫུན་མ་རེད་ཅེས་ནས་འཛམ་གླིང་གང་སར་ལས་འགུལ་སྤེལ་ན་༧རྒྱལ་བ་རིན་པོ་ཆེ་ལ་དགག་པ་རྒྱག་པས་ལེགས་པོ་གང་ཡང་མ་རེད། གཞན་ཡང་༧རྒྱལ་བ་རིན་པོ་ཆེས་ཁོང་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་ཡང་སྐུ་འཚོ་བཞུགས་ཡོད་པ་དང་སྤྱིར་བཏང་གི་སློབ་གཉེར་བྱེད་ཀྱི་ཡོད་གསུངས།
སྤྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས ༢༥ ཉིན། གར་སོང་ཆ་མེད་ཆགས་པའི་པཎ་ཆེན་རིན་པོ་ཆེ་དགུང་གྲངས་ཉི་ཤུ་རྩ་དགུར་སླེབས་པའི་ཉིན་མོ་བརྩི་སྲུང་བྱས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་རྡ་ས་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་པ་དང་དེ་དུས་བཀའ་འདྲི་ཞུས་པའི་ལན་དུ། དགེ་འདུན་ཆོས་ཀྱི་ཉི་མ་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་རེད་ཅེས་བཀའ་སྩལ་གནང་ཡོད་འདུག ། ཧང་སངས་དགོས་པ་ནི་༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གཞུང་འབྲེལ་གྱི་པཎ་ཆེན་རིན་པོ་ཆེ་ལ་ཡང་ཆེ་བསྟོད་གནང་ནས་གཞུང་འབྲེལ་གྱི་པཎ་ཆེན་རིན་པོ་ཆེ་ནི་དགེ་བའི་བཤེས་གཉེན་བཟང་པོ་ཞིག་གི་ལམ་སྟོན་འོག་ནས་སློབ་གཉེར་གང་ལ་གང་འཚམ་ཡག་པོ་བྱེད་ཀྱི་ཡོད་ས་རེད་ཅེས་གསུངས། རིན་པ་བཞིན་༧རྒྱལ་བ་རིན་པ་ཆེས་པཎ་ཆེན་རིན་པོ་གཉིས་ཀ་ཡང་སྤྲུལ་དངོས་ཡིན་སྲིད་པའི་རྒྱུ་མཚན་དང་ཁུངས་གསལ་སྟོན་གནང་ཡོད་པ་རེད། གཞུང་འབྲེལ་གྱི་པཎ་ཆེན་རིན་པོ་ཆེ་དངོས་གནས་ཡིན་སྲིད་ཀྱི་རེད་ཅེས་ནས་ཁོང་གིས་དངོས་སུ་གསུངས་སོང་།
བཙན་བྱོལ་བོད་གཞུང་གི་ལོ་ཉི་ཤུའི་རིང་ལས་འགུལ་གྱི་གཞི་རྩ་དེར་བརྟེན་ནས་༧རྒྱལ་ལ་བ་རིན་པོ་ཆེ་ནས་ཁས་ལེན་དེ་འདྲ་གནང་གི་རེད་ཅེས་སུ་གང་ཞིག་གིས་རེ་བ་ནམ་ཡང་རྒྱབ་ཡོད་མ་རེད། བཙན་བྱོལ་བོད་གཞུང་དེས་ཐ་མ་གཞུང་འབྲེལ་གྱི་པཎ་ཆེན་རིན་པོ་ཕྱོགས་སུ་ཞི་འཇམ་དུ་འགྱུར་པའི་རྟགས་སྟོན་ཐུབ་ཀྱི་ཡོད་དམ། གང་བྱས་ནས་གལ་ཆེན་ཆགས་ཀྱི་ཡོད་རེད།
༧པཎ་ཆེན་རིན་པོ་ཆེའི་གལ་གནད།
སྤྱིར་བཏང་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་ཕྱོགས་ལ་བསམ་བློ་གཏོང་ན། པཎ་ཆེན་རིན་པོ་ཆེ་ནི་བོད་ནང་མཛད་འཕྲིན་མཐོ་ཤོས་ཡང་གཉིས་པའི་གང་ལ་བརྩི་ཡི་ཡོད་རེད། ཁོང་དང་འདྲ་མཉམ་༧རྒྱལ་བ་རིན་པོ་ཆེ་མ་གཏོགས་གཞན་བླ་མ་སུ་གང་ཞིག་ཡོད་པ་མ་རེད། དངོས་གནས་བྱས་ན། བོད་ནང་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་སྐབས་༧རྒྱལ་བ་རིན་པོ་ཆེས་དབུ་འཛིན་གནང་མེད་དུས་དེ་ཚབ་ཏུ་པཎ་ཆེན་རིན་པོ་ཆེས་ཐུགས་འཁུར་གནང་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་གི་ཡོད། གཞུང་འབྲེལ་ཐུགས་ཕྲད་གནང་དགོས་དུས། དཔེར་ན་སྤྱི་ལོ་ ༡༩༥༥ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱ་ནག་གཞུང་དུ་རྒྱུན་དུ་ཆིབས་བསྐྱོད་གནང་དགོས་དུས་ཁོང་དང་ལྷན་དུ་པཎ་ཆེན་རིན་པོ་ཆེ་ཡང་བོད་རྒྱལ་ཁབ་ཀྱི་ཚབ་གནང་ནས་རྒྱལ་གཉེར་མི་སྣ་མཚོན་པར་ཞབས་གསོལ་འཁོད་གནང་།
༧རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་རྒྱུན་དུ་ཐུགས་ཉེས་པོ་ཞེ་དྲགས་ཡོད། ཐུགས་ཉེས་པོ་གང་འདྲ་ཞིག་ཡོད་ཅེས་ན། གལ་ཏེ་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ན་ཁོང་གི་ཡང་སྲིད་ངོས་འཛིན་གནང་རྒྱུ་དང་གདན་འདྲེན་ཞུ་དགོས་པ་དེ་༧རྒྱལ་བ་རིན་པོ་ཆེའི་ཐུགས་འཁུར་བཞེས་པ་རེད། དེ་བཞིན་དུ་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་གདན་འདྲེན་ཞུ་དགོས་པ་དེ་པཎ་ཆེན་རིན་པོ་ཆེའི་ཐུགས་འཁུར་བཞེས་དགོས་ཀྱི་ཡོད་པ་རེད།
དེ་ཡིན་ཙང་༧པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་རང་བཙན་ཚོགས་པའི་མི་དམངས་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་འཚོར་བ་རྐྱེན་པོ་ཆགས་ཤིང་། ༧རྒྱལ་བ་དབང་སྐུ་ཕྲེང་བཅུ་བཞི་པའི་དགོངས་པ་རྫོགས་པའི་རྗེས་སུ་འཇིགས་སྣང་ཆེན་པོ་བྱུང་གི་ཡོད་ས་རེད། ད་དུང་བཙན་བྱོལ་བོད་གཞུང་དེ་སོ་སོ་དམངས་གཙོའི་ལམ་ལུགས་ཡང་དག་པར་རྗེས་སུ་དྲངས་མཁན་ཡིན་ཞེས་བརྗོད་ཀྱང་། དེ་ལ་གསང་བ་གང་ཡང་ཡོད་པ་མ་རེད། ཐ་མའི་ཐག་གཅོད་ཚང་མ་༧རྒྱལ་བ་རིན་པོ་ཆེའི་ངོས་ལེན་ལ་ཐུག་དགོས་རེད། བཙན་བྱོལ་བོད་གཞུང་ལ་ལམ་སྟོན་བྱེད་པར་༧རྒྱལ་བ་རིན་པོ་ཆེ་མེད་ན། འགོ་བྱེད་མེད་ན་དེ་ཚོའི་གྲུ་གཟིངས་དང་འགྲུལ་པ་གང་ཆགས་ས་རེད། འཛམ་གླིང་དེད་དཔོན་རྣམས་ཀྱི་དགོངས་པ་བཞེས་ནས་བོད་མི་ཚོར་དཔལ་འབྱོར་གྱི་ཐོག་རོགས་རམ་དང་རྒྱབ་སྐྱོར་གནང་གི་ཡོད། གང་ཡིན་ཞེས་ན་དེ་ཁོ་ཚོ་ལ་༧རྒྱལ་བ་རིན་པོ་བཞུགས་ཡོད་རེད། བོད་ཀྱི་རྩ་དོན་ཟེར་བ་དེ་སྒྲུབ་པར་ལམ་ལྷོང་ཡོང་ཞེས་པ་དེ་༧རྒྱལ་བ་རིན་པོ་ཆེའི་མཚན་དང་མཛད་འཕྲིན་ལ་ལྟོས་དགོས་པས། ༧རྒྱལ་བ་རིན་པོ་ཆེ་མེད་ན་ཇི་ལྟར་ཕན་ནུས་སམ།
དེ་ཡིན་ཚང་བཙན་བྱོལ་བོད་གཞུང་དེ། པཎ་ཆེན་རིན་པོ་ཆེ་ཐད་ཀར་ཁོ་ཚོའི་དབང་དུ་དགོས་ཟེར་བ་ནི་འཆི་གསོན་གྱི་གནད་དོན་ཆགས་ཀྱི་ཡོད་རེད། ཁོ་ཚོ་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱས་པར་པཎ་ཆེན་རིན་པོ་ཆེ་དགོས་པས་དེས་ན་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རྫོགས་པའི་རྗེས་བོད་མི་ཚོ་དབུ་ཁྲིད་མེད་པ་གནས་ཀྱི་མ་རེད། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་འོག་ལ་དབང་དུ་བསྡུད་ཅིང་། རྡ་ས་ནས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་ཆགས་ཟེར་བ་དེས། རྗེས་མ་རྡ་ས་ནས་ངོས་འཛིན་བྱས་པའི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་དཀའ་ངལ་དང་བཅས་པ་གཉེན་ཁ་བཟོ་ཞིང་རྙོག་ཟིང་ལངས་རྒྱུ་ཡིན་གསལ་པོ་རེད། ལས་སླ་པོར་ཡོང་ཐུབ་ཀྱི་མ་རེད། ཡིན་ནའང་བཀའ་སྩལ་དེ་ལ་བརྟེན་ནས་༧རྒྱལ་བ་རིན་པོ་ཆེ་ཐུགས་འཕྲལ་མེད་པ་མཐོང་གི་འདུག །
༧རྒྱལ་བ་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་འཆར་གཞི་རྩ་མེད་གཏོང་གི་ཡོད་དམ།
དངོས་གནས་བྱས་ན། ད་ལྟའི་རྒྱུ་མཚན་ལ་ལྟས་ན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཐོག་ལ་༧རྒྱལ་བ་རིན་པོ་ཆེའི་གོ་གནས་དེ་ཞེས་དྲགས་མཐུན་གྱི་མེད་པ་དང་། ཁོང་གི་༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དེ་ད་ལྟ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེས་ངོས་འཛིན་བྱས་ན་ངོས་ལེན་བྱས་རྒྱུ་ཡིན་པའི་རྒྱུ་མཚན་གསལ་པོ་སྟོན་གྱི་འདུག ། མཐར་༧རྒྱལ་བ་རིན་པོ་ཆེས་གསལ་བསྒྲགས་དེ་གནང་ནས་ཐད་ཀར་བཙན་བྱོལ་བོད་གཞུང་དང་བོད་མི་རྒྱབ་སྐྱོར་བ་སྟོང་ཕྲག་ལྷག་གིས་ལོ་ཉི་ཤུའི་རིང་བདེན་པ་དག་སྐྱེལ་བྱས་པ་དེ་དག་ལ་དགག་པ་སྐྱོན་ཡོད་པ་རེད།
སྤྱི་ལོ་ ༡༩༩༥ ལོ་ནས་བཟུང་བཙན་བྱོལ་བོད་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་རྩ་མེད་བཟོ་ཡོད་ཚུལ་གྱི་སྐོར་ངོས་འཛིན་ཞིང་གསལ་བསྒྲགས་བྱས་ཡོད་པ་རེད། ཕྱོགས་གཞན་ན་བསམ་བློ་ཞིག་གཏོང་ན། བོད་དོན་རྒྱབ་སྐྱོར་བ་ཚོགས་པས་ལོ་ཉི་ཤུ་རྩ་གཉིས་རིང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དེ་རྒྱ་ནག་གཞུང་གི་གར་སོང་ཆ་མེད་གཏོང་ཡོད་པའི་སྐྱོན་བརྗོད་བྱེད་འདུག ཕྱོགས་གཞན་དུ་བསམ་ན་ཡང་༧རྒྱལ་བ་རིན་པ་ཆེས་ཁོང་འཚོ་བཞུགས་ཡོད་པ་དང་སྤྱིར་བཏང་གི་སློབ་གཉེར་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་གསུངས་དོན་གཙོ་བོ་དེ་པཎ་ཆེན་ཆུང་སྲིད་རིན་པ་ཆེའི་སྐོར་སུ་ཞིག་གིས་སེམས་འཕྲལ་བྱེད་དགོས་མེད་པའི་རྒྱུ་མཚན་གསལ་ཡོད། མགོན་པོ་ཉིད་ཀྱི་ཐུགས་འདོད་ལ་ཞི་འཇམ་གྱི་ཐོག་རྒྱ་ནག་གཞུང་དང་མཐུན་ལམ་ཡག་པོ་བཟོ་ནས་བོད་ལ་བསྐྱར་ལོག་གནང་པའི་ཐུགས་རེ་ཡོད།
དུས་དེ་ག་རང་ལ། ༧གོང་ས་ཆེན་པོ་མཆོག་གིས་གནང་བའི་འབྲེལ་བརྗོད་འདི་ལ་ལྟ་ཞིབ་བྱེད་ན་ཤུགས་བསྟན་དུ་རྒྱ་གཞུང་གིས་ངོས་འཛིན་བྱེད་པའི་༧པཎ་ཆེན་རིན་པོ་ཆེ་འདི་ཉིད་ངོས་འཛིན་གནང་བ་དེ་དོན་དང་ལྡན་པ་དང་མོས་མཐུན་ཡང་ཡོད་པ་སྟོན། ༧གོང་ས་མཆོག་གིས་ཁོང་གི་ཤེས་ཡོན་ཐོག་ལ་བསྔགས་པ་བརྗོད་དེ་ཁོང་སློབ་དགེ་མཁས་པ་བརྒྱུད་ནས་སློབ་གཉེར་ཡག་པོ་གནང་གིན་ཡོད་པ་ཡང་གསུངས། འདིས་རྒྱ་གཞུང་གིས་ངོས་འཛིན་གནང་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་བླ་མ་བཟང་པོ་དང་མ་འོངས་པ་ན་དགེ་རྒན་མཁས་པ་ཞིག་ཡོང་གི་ཡོད་པ་གསལ། དགེ་རྒན་བཟང་པོའི་སྐུ་མདུན་ནས་ཐོས་བསམ་སློབ་གཉེར་གནང་བ་ཡིན་དུས་ཁོང་གི་གང་ཤེས་པ་དེ་དག་ཁུངས་ལྡན་ཆགས་ཀྱི་ཡོད་པ་རེད།
འགྲེལ་བརྗོད་འདི་དག་གིས་༧གོང་ས་ཆེན་པོས་ལོ་ཉི་ཤུ་རྩ་གཉིས་ཀྱི་རིང་༧པཎ་ཆེན་རིན་པོ་ཆེའི་སྐོར་རྩོད་པ་འགྲན་པའི་ལུས་ཚུགས་དེ་ཕྱི་ནང་བརྗེ་འགྱུར་བརྩི་མཐོང་བྱས། ཡིན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་དུ་སེམས་ཁྲལ་ཆེན་པོ་བྱེད་དགོས་པའི་གནད་དོན་དེ་༧གོང་ས་མཆོག་གིས་དུས་གཅིག་ཏུ་བླ་མ་གཅིག་ལ་ཡང་སྲིད་གཉིས་ལས་མང་བ་ཡོད་སྲིད་པའི་ཁུངས་སྐྱེལ་ར་སྤྲོད་མཁོ་སྤྲོད་བྱེད་པ་འདི་ཆགས་པ་རེད། འདིས་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་འདི་ཉིད་ཀྱི་ཡང་སྲིད་གཙོ་བོ་ཡིན་པ་སྟོན་པ་དང་བེ་ཇིང་གིས་༧པཎ་ཆེན་རིན་པོ་ཆེ་ངོ་མ་དེ་ཁོང་ཚོས་སྟངས་འཛིན་བྱེད་པ་འདི་བོད་མིའི་ཚོས་སྔོན་མ་འདིའི་སྐོར་བསམ་བློ་རྩ་བ་ནས་མེད་པ་རེད།
༧པཎ་ཆེན་རིན་པོ་གཉིས་ཀྱི་སྐོར་ལོ་རྒྱུས།
ཁོང་གི་ངོ་གཏུགས་འདྲི་གླེང་ཐུང་ངུ་ནང་༧གོང་ས་ཆེན་པོས་དྭང་བླངས་ཀྱི་སྒོ་ནས་བླ་མ་འགའ་ཤས་ལ་ཡང་སྲིད་གཉིས་ཡང་ཕེབས་ཀྱི་ཡོད་པ་དང་ལོ་ ༡༠༠ སྔོན་དུ་བྱུང་ཡོད་པའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དཔེ་གཞག་གནང་བ་རེད། ཁོང་དགོངས་པ་རྫོགས་ནས་ཡང་སྲིད་མི་འདྲ་བ་ལྔ་ཕེབས་ཡོད། རྫོངས་གསར་མཁྱེན་བརྩེ། དཔལ་སྤུངས་དང་པོ་བ་བེར་ཧུ་མཁྱེན་བརྩེ། རྫོངས་ཆེན་མཁྱེན་བརྩེ། རྡིལ་གོ་མཁྱེན་བརྩེ་རིན་པོ་ཆེ། ཀ་ཐོག་རྫོངས་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
ཁོང་དགོངས་པ་རྫོགས་ནས་རྫོངས་གསར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གང་ཟག་མི་འདྲ་བ་གསུམ་དུ་སྐྱེ་བ་ལེན་པ་རེད། དེ་དག་ནི། མཁྱེན་བརྩེ་ཡེ་ཤེས། འཇིགས་མེད་མཁྱེན་བརྩེ། རྫོངས་གསར་མཁྱེན་བརྩེ།
མཁྱེན་བརྩེའི་ཡང་སྲིད་དང་མཐུན་པའི་༧གོང་ས་མཆོག་གིས་དཔེ་འདྲེན་པ་དང་འདིས་བླ་མ་ཞིག་གི་སྐྱེ་བ་གཅིག་ཏུ་ཡང་མི་འདྲ་བ་མང་པོ་ཕེབས་ཐུབ་པའི་ཁུངས་ཡང་དྲངས། ཨ་རིའི་གློག་བརྙན་ནང་ཀྱང་སྔོན་མ་འཆར་སྣང་འདི་ལྟ་བུ་ལོ་རྒྱུས་སུ་འགོད་ཡོད་རེད། Bernardo Bertolucci གིས་ལི་ཊལ་བུ་དྷ་ Little Buddha ཞེས་པའི་ལྟད་མོ་ནང་བླ་མ་རྡོ་རྗེ་ཞེས་པ་འདི་ལུས་ངག་ཡིད་གསུམ་གི་སྒོ་ནས་ཕྲུག་གུ་མི་འདྲ་བ་གསུམ་དུ་སྐྱེ་བ་ལེན། དང་ཞེན་གཅིག་ལ་མཁྱེན་བརྩེའི་ཡང་སྲིད་གཅིག་རྫོངས་གསར་མཁྱེན་བརྩེའི་ལོ་རྒྱུས་དེ་ལི་ཊལ་བུ་དྷ་ལྟད་མོ་དང་མཐུན་པའི་ལྟད་མོ་དེ་རིགས་པའི་གཞུང་ལུགས་དང་བྱུང་རབས་ལོ་རྒྱུས་དང་ཏག་ཏག་མཐུན།
འོ་ན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཡང་སྲིད་གཅིག་ལས་མང་བ་ཡོང་སྲིད་ཀྱི་ཡོད་དམ། ༧རྒྱལ་བ་རིན་པོ་ཆེ་ལ་ཁུངས་སྐྱེལ་ར་སྤྲོད་དེ་མངོན་གསལ་གནང་འདོད་ཡོད་རེད། ཡིན་ན་ཡང་དེ་ལ་ཡོང་སྲིད་ཀྱི་རེད། བརྙན་ཕྲིན་ནང་དོ་སྣང་བྱེད་དུས་དེ་ལ་གནས་ཚུལ་དེ་དྲན་ཆོག་ཆོག་གི་འབྲེལ་མེད་འདྲི་བ་དེ་འདྲ་གང་ཡང་མི་འདུག དངོས་གནས་བྱས་ན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཡོད་པ་དེ་ཚར་དང་པོ་མ་རེད། པཎ་ཆེན་སྐུ་ཕྲེང་ ༡༠ པའི་གནད་དོན་གོང་དུ་ཡང་པཎ་ཆེན་རིན་པོ་ཆེའི་བཞུགས་ཁྲི་བདག་པོ་སྐྱོན་པར་ཡང་སྲིད་གཉིས་ཡོད་པ་ཡོངས་གྲགས་སུ་ཁྱབ་ཡོད། མཐར་ཡང་སྲིད་གཉིས་ཀ་པཎ་ཆེན་རིན་པོ་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་བྱས། འོན་ཀྱང་ཡང་སྲིད་གཅིག་གི་བཞུགས་ཁྲི་བདག་པོ་སྐྱོན། གཞན་ཞིག་དེ་ཐུགས་ཀྱི་ཡང་སྤྲུལ་བྱས་ནས་བཞུགས་ཁྲིར་བཞེངས། གཞན་ཞིག་དེ་པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་རེད། པཎ་ཆེན་གྱི་ཡང་སྲིད།
ད་ནས་བཟུང་༧རྒྱལ་བ་རིན་པོ་ཆེའི་བཀའ་ལན་ལྟར། དེ་ལ་པཎ་ཆེན་རིན་པོ་སྐུ་ཕྲེང་ ༡༡ པའི་ཡང་སྲིད་གཉིས་ཡོད་པའི་སྐོར་གསུངས། དཔེར་ན་གཅིག་ཁོང་གིས་ངོས་འཛིན་ཞུས་རྗེས་གར་སོང་ཆ་མེད་ཆགས་པ་དེ་དང་གཅིག རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པ་དེ་རེད། འོན་ཀྱང་གལ་ཏེ་དུས་གཅིག་ཏུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཡང་སྤྲུལ་གཉིས་ཡོད་ན། ༧རྒྱལ་བ་རིན་པོ་ཆེས་ས་ལོ་ཉི་ཤུ་རྩ་གཉིས་རིང་དེ་ལ་པཎ་ཆེན་རིན་པོ་ཆེ་གཅིག་མ་གཏོགས་མེད་ཅིང་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་ཚུལ་གསུངས་པའི་རྒྱུ་མཚན་གང་ཡིན་ནམ། ༧རྒྱལ་རིན་པོ་ཆེས་ད་ལྟ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཀ་དངོས་གནས་ཡིན་ཚུལ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ལུང་དང་དཔེ་སོགས་གསལ་པོར་གསུངས་ཡོད། དེ་མིན་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བཀའ་འདྲི་དང་བསྟུན་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐོར་གནད་དོན་བཞག་དགོས་པའི་རྒྱུ་མཚན་མེད། མགོན་པ་ཉིད་འཇམ་ཞིང་སྤྱང་གྲུང་འཛོམས་པོའི་ཐོག་པཎ་ཆེན་རིན་པོ་ཆེ་གཉིས་ཀ་ཡང་སྲིད་དངོས་ཡིན་པ་དང་བཞུགས་ཁྲི་བདག་པོ་སྐྱོན་མཁན་གཙོ་བོ་གཅིག་རེད་ཅེས་འཛམ་གླིང་སྤྱི་ཡོངས་སུ་ངོས་ལེན་གྱི་ཆེད་དུ་བཀའ་སློབ་ལམ་སྟོན་གནང་། ཁོང་གིས་དེ་འདྲ་གནང་དགོས་རེད་གང་ཡིན་ཞེས་ན་ལོ་མང་པོའི་རིང་འཇམ་ཐིང་ཐིང་བཞུགས་ནས་ཁོང་གི་མི་དམངས་ལ་གཞུང་འབྲེལ་པཎ་ཆེན་རིན་པོ་ཆེ་དེ་རྫུན་མ་རེད་ཅེས་བཤད་བཅུག་པ་རེད། ད་ལྟ་ཁོང་རྟགས་རྟགས་ཕྱི་ནང་སློག་དགོས་བྱུང་འདུག །
གཅིག་བྱས་ན་༧གོང་ས་མཆོག་ནོར་བ་རེད་པས།
རྟོགས་པ་རྒྱུད་ལྡན་གྱི་བླ་ཆེན་རྣམས་ཀྱིས་རང་སྣང་གང་དྲན་ཐོག་ནས་བྱ་བ་མི་བྱེད། ༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་གཉིས་ཕེབས་དགོས་པའི་རྒྱུ་མཚན་ཅི་ཡིན་པ་དང་། ༧གོང་ས་མཆོག་གིས་ཡང་སྲིད་གཅིག་བཙན་ཁྲིད་བྱེད་དུ་བཅུག་པ་གང་ཡིན་ནམ། འདིར་རྒྱུ་མཚན་གཉིས་ཡོད་སྲིད།
འཁྲབ་ཚན་འཆར་གཞི་དང་པོ།
༧གོང་ས་མཆོག་གིས་འཆར་གཞི་མི་ལྡན་པའི་ནོར་འཕྲུལ་ཞིག་བཟོས་པ་དང་། ཁོང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འདི་ཉིད་ན་ཚོད་མ་ཟིན་པའི་ངོས་འཛིན་གནང་བས་ཕྲུག་གུ་དེ་རྩ་རླག་འགྲོ་བ་རེད། ཕྲུག་གུ་དེ་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེ་ངོ་མ་ཡིན་པ་དང་། ༧གོང་ས་མཆོག་གི་ཐག་གཅོད་གཏན་འབེབས་ལ་བརྟེན་ནས་བོད་མི་ཡོངས་ཀྱི་མི་ཚེ་ལ་ཉེན་ཁ་ཆེན་པོ་འབྱུང་ཡོད། གང་ཡིན་ཞེས་ན་༧པཎ་ཆེན་རིན་པོ་ཆེ་རྒྱ་ནག་ལག་པ་ན་སླེབས་པ་རེད།
འཁྲབ་ཚན་འཆར་གཞི་གཉིས་པ།
༧གོང་ས་མཆོག་གིས་འཆར་གཞི་གདིང་བའི་ཐག་གཅོད་གཏན་འབེབས་གནང་བ་དང་རྒྱ་གཞུང་གིས་སོ་སོའི་༧པཎ་ཆེན་ཡང་སྲིད་དུ་༧པཎ་ཆེན་ངོ་མ་དང་ཡང་སྲིད་གཙོ་བོ་དེ་ངོས་འཛིན་ཕྱིར་༧གོང་ས་མཆོག་གིས་དགོས་པའི་དབང་གིས་༧པཎ་ཆེན་ཡང་སྲིད་ཆུང་བ་དེ་ངོས་འཛིན་གནང་བ་རེད། དེ་ལྟར་རྒྱ་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་ངོ་མ་འདི་ཉིད་ཡོད་པ་དང་༧གོང་ས་མཆོག་གི་ཐག་གཅོད་གཏན་འབེབས་ལ་བརྟེན་ནས་ཡང་སྲིད་གཙོ་བོ་དེ་ལ་ཁྲི་འཛིན་པར་རྒྱ་གཞུང་གིས་ཀྱང་རྒྱབ་སྐྱོར་གང་མང་བྱེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་༧གོང་ས་མཆོག་གིས་བྱ་བ་བཟང་པོ་འདི་ལྟར་གནང་བ་རེད། ཁོང་གིས་ཐག་གཅོད་གཏེན་འབེབས་ཀྱི་བཀའ་དྲིན་ལ་རྒྱ་གཞུང་གི་རྒྱབ་སྐྱོར་གནང་པ་ལ་རྟེན་ནས་༧པཎ་ཆེན་ཡང་སྲིད་གཙོ་བོས་སོ་སོའི་ནུས་པ་སྟོན་ཐུབ་པ་རེད།
༧གོང་ས་མཆོག་གི་ཉེ་འཆར་འགྲེལ་བཤད་དེ་ཚོ་ལ་ཞིབ་འཇུག་བྱེད་ན་༧གོང་ས་མཆོག་གིས་གནང་བའི་ཕྱག་ལས་དེ་དག་ཀུན་སློང་དེ་འཁྲབ་ཚན་འཆར་གཞི་གཉིས་པ་དང་ལྡན་པ་གསལ་པོ་མཐོང་གི་འདུག ། གང་ལྟར་ཡང་བོད་མི་དང་ནང་པ་ཡོངས་ཀྱིས་༧གོང་ས་མཆོག་ནི་སྙིང་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་ལེན་བྱེད་ཀྱི་ཡོད་རེད། སྤྱན་རས་གཟིགས་ཀྱི་མངོན་ཤེས་འཕྲུལ་ཏེ་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་ཡང་སྲིད་ངོས་འཛིན་པར་འཁྲུག་པ་ནི་ཡིད་ཆེས་བྱེད་དུ་ཁག་པོ་ཡིན། འདི་ཡིན་དུས་འཁྲབ་ཚན་འཆར་གཞི་གཉིས་པ་དེ་ཆ་ཚང་རིམ་པ་སྒྲིག་པ་དང་ང་ཚོས་༧གོང་ས་མཆོག་སུ་དང་ཁོང་གི་སྐོར་ཤེས་པ་གནང་བཞིན་མཐུན་པས་ཁོང་གིས་ཕྱག་ལས་དེ་ཆེད་དུ་དམིགས་ཏེ་གནང་བ་རེད།
ལོ་ ༢༢ རིང་གང་ངོ་རྒོལ་བྱེད་དུ་བོད་མི་རྣམས་ལ་ཆོག་མཆན་སྦྱིན་པའི་སྒོ་ནས་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་སྐུ་ཉིད་ལ་ལོ་བཅུ་ཕྲག་གཉིས་རིང་རྒྱབ་རྐྱོར་གནང་མཁན་གྱི་རྒྱ་གཞུང་ལ་རྐྱེན་སློང་གནང་ཡོད་པ་རེད། འདིའི་འབྲས་བུར་བོད་མིའི་དང་བོད་མིའི་རྒྱབ་སྐྱོར་བ་རྣམས་ཀྱིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་དགོས་ཞེས་ངོ་རྒོལ་བྱེད་སྐབས་༧པཎ་ཆེན་རིན་པོ་ཆེ་སྐུ་ངོ་མ་ལ་ནང་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་ཤོད་སྟེགས་དང་དངུས་རྩིས་ཆ་ཚང་ཐོབ་ཡོད་པ་རེད།
སྤྱི་བཏང་ཞུས་ན་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གློ་བུར་འབབ་ལྷུང་དེ་སྤྱིར་ཤེས་བྱ་ཐམས་ཅད་རྟོགས་པའི་འཇིག་རྟེན་ལས་འདས་པའི་བླ་མ་རྣམ་ཉིད་ཀྱིས་སེམས་ཅན་ལ་ཕན་པའི་ཆེད་དུ་བོད་པ་དང་རྒྱ་མི་ལ་མ་ལྟོས་པར་མཛད་པ་འདི་ལྟར་སྟོན་པ་ནི་གསལ་པོ་རེད། དེ་ལྟར་རྒྱ་གཞུང་གིས་རྒྱབ་རྐྱོར་ཡོད་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཉིད་ལ་༧གོང་ས་མཆོག་གི་ཡང་མོས་མཐུན་ཡོད་པ་དེ་སྒྲུང་ཕྱི་ཤོས་ཁྲབ་པ་ནི་འཛམ་གླིང་ཡོངས་ཀྱི་ཁོང་ལ་ཡིད་ཆེས་བྱེད་པའི་ཆེད་དུ་ཡིན།
གང་ལྟར་ཡང་འདིར་༧གོང་ས་མཆོག་གི་འགྲེལ་བཤད་དེ་ཚོ་ལ་རྒྱུ་མཚན་ཕལ་པ་གཞན་ཡང་ཡོད་སྲིད་པ་དང་ཁོང་གིས་རྒྱ་གཞུང་གི་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་དེ་ལ་མོས་མཐུན་གནང་དགོས་པ་ནི་ཁོང་སོ་སོའི་ཕ་ཡུལ་བོད་དུ་ཕེབས་འདོད་ཡོད་པ་རེད།
བོད་དུ་ལོག་ཕེབས་པ།
ཉེ་ཆར་ཟླ་བ་འགའ་ཤས་ན་༧གོང་ས་ཆེན་པོ་མཆོག་གིས་རྒྱ་གཞུང་དང་འབྲེལ་བ་ཡོང་བའི་ཐབས་ཤེས་གང་མང་གནང་བཞིན་ཡོད་པ་དང་། ༧གོང་ས་ཆེན་པོ་མཆོག་བོད་དུ་ལོག་ཕེབས་པའི་བཀའ་མོལ་ཡང་ནས་ཡང་དུ་གསུངས་གིན་ཡོད་པ་མ་ཟད། ཁོང་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གཞུང་དང་གྲོས་མོལ་གནང་བར་གསང་བའི་ཚུལ་དུ་གཏོང་བ་རེད།
རྒྱ་གཞུང་གི་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་ལེན་བྱེད་པ་ཡིན་དུས་ལོ་ཉི་ཤུ་རྩ་གཉིས་རིང་གང་བོད་རང་བཙན་ལས་འགུལ་དེ་འདོར་གྱི་ཡོད་པ་དང་། འདིའི་གཞན་ག་རེད་སྟོན་ཞེས་ན། ༧གོང་ས་ཆེན་པོ་མཆོག་གིས་ད་བར་རྒྱ་གཞུང་ལ་ཚེར་མ་ག་ཚོད་འཕང་ཡོད་ཀྱང་ད་ལྟ་ཁོང་བོད་དུ་ལོག་ཕྱིར་རྒྱ་གཞུང་དང་འབྲེལ་བ་བཟོས་དགོས་བསམ་ནས་སོ་སོའི་ལང་སྟབས་དེ་ཀྲག་ཆུང་ཆུང་གནང་གིན་ཡོད་རེད།
དེའི་ཕྱིར་ཁོང་གིས་རྒྱ་གཞུང་གི་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་མོས་མཐུན་གནང་བ་ནི། ད་ལྟ་གུ་ཡང་གི་བསམ་ཤེས་ནང་ཐོ་གསར་ཤོས་དེ་ཆག་གི་ཡོད་པ་དང་། བོད་མི་རྣམས་ཀྱི་ད་དུང་ཡང་རེ་འདོད་ཆེ་བ་ཡོད་རེད། ཡིན་ན་ཡང་འདི་བོད་མི་དང་བོད་མིའི་དབུ་ཁྲིད་རྣམས་ཀྱི་ཆེད་དུ་དོན་ཅི་ཞིག་རེད།
- རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡོད་པ་ཡིན་དུས། ༧གོང་ས་ཆེན་པོ་མཆོག་གི་སྐུ་ཕྲེང་ཕྱི་མ་ངོས་འཛིན་གནང་མཁན་འདི་རྒྱ་གཞུང་ལག་པ་ལ་སླེབས་ཀྱི་ཡོད་རེད། བཙན་བྱོལ་བོད་གཞུང་གི་དུས་ནམ་ཡང་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་ངོས་ལེན་མི་བྱེད་ཐག་གཅོད་ཡིན་དུས། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ཕེབས་པ་ཡིན་ན་གཞུང་འདི་ཉིད་ལ་དབུ་ཁྲིད་མེད་པ་ཆག་རྒྱུ་དང་། དེ་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཉིད་ཟིང་འཁྲུག་ཡོང་རྒྱུར་གདོན་མི་ཟ།
- ཁོང་གིས་འགྲེལ་བརྗོད་གནང་བ་དེས་འབྲས་བུར་༧གོང་ས་ཆེན་པོ་མཆོག་གིས་བོད་ཀྱི་ཕུགས་ཀྱི་ཡུལ་བློས་གཏོང་བའི་གནས་སྟངས་ཆགས་ཡོད། ཁོང་གིས་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་བ་ཡིན་དུས། རྡ་སའི་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེས་རྡ་སས་༧གོང་ས་མཆོག་ངོས་འཛིན་གནང་བ་འོང་མི་སྲིད། ༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་མེད་ན་བཙལ་བྱོལ་གྱིས་སོ་སོའི་རང་བཙན་དང་རང་སྲིད་རང་སྐྱོང་སྲིད་དབང་ཆེད་དུ་འོས་དམིགས་དེས་གདོང་ལེན་དང་དམག་འཐབ་བྱེད་རྒྱུ་ཁག་པོ་ཡིན།
བོད་ལ་རྒྱབ་སྐྱོར་གནང་མཁན་གྱི་སྡེ་ཚན་ཁག་རྣམས་སྙིང་སྟོབས་འཇོམས་པ་དང་སེམས་ཤུགས་ཆགས་དགོས་པའི་རྒྱུ་མཚན་ཆ་ཚང་ཡོད་རེད། གལ་ཆེ་ཤོས་ལ་ཁོང་ཚོས་ལོ་ཉི་ཤུ་རྩ་གཉིས་ཀྱི་རིང་སོ་སོའི་དུས་ཚོད་དང་དངུལ་མང་པོ་འགྲོ་སོང་གཏོང་ནས་ཕྲུག་གུ་གཅིག་འཚོལ་དུ་གཏོང་བ་དེ་དག་ཚང་མ་བེད་མེད་དུ་འགྲོ་བ་དང་། ཕྲུག་གུ་དེ་ཡང་ཁོང་ཚོས་ཡིད་ཆེས་བྱེད་པ་དེ་མིན། གལ་ཏེ་ཁོང་ཕྲུག་གུ་དཀྱུས་མ་ཞིག་ཡིན་ན་ཁོང་ཚོས་དོན་མེད་དུ་མགོ་རྙོག་ཆེན་པོ་བཟོས་པ་རེད། གལ་ཏེ་ཁོང་ཡང་སྲིད་ཆུང་བ་ཞིག་ཡིན་ན། གནད་དོན་དེའི་ཆེད་དུ་མངགས་པ་དང་ཕྲུག་གུ་དེ་བློས་གཏོང་ནས་༧པཎ་ཆེན་རིན་པོ་ཆེ་ངོ་མ་དེ་ཁྲི་འཛིན་པར་འཆར་གཞི་སྟོན་གནང་བ་རེད། འདི་ཡིན་དུས་ལོ་མང་པོའི་རིང་གང་ཁོང་ཚོས་དམག་འགུལ་དེ་དག་སྤེལ་དགོས་པའི་དོན་དག་ག་རེད་ཡིན་ནམ།
བོད་མིའི་སྤྱི་ཚོགས་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པའི་རྒྱུ་མཚན་ཡོད་རེད། ༧གོང་ས་ཆེན་པོ་མཆོག་ནི་ཁོང་རང་དགུང་ལོ་བརྒྱད་བཅུ་གྱ་གསུམ་ཕེབས་ཚར་བ་ཡིན་པ་མཁྱེན་གྱི་ཡོད་པ་དང་། འཛམ་གླིང་ཡོངས་ཀྱིས་བོད་མི་རྣམས་ལ་ལྟ་སྣང་དེ་འགྱུར་བ་ཕྱིན་ཡོད་པ་ཡང་མཁྱེན་གྱི་ཡོད་ཀྱི་རེད། སྔོན་མ་ནང་བཞིན་གྱི་འཛམ་གླིང་སྤྱི་ཡོངས་བརྒྱུད་ནས་ད་ལྟ་རོགས་རམ་མེད་པ་རེད། སྔོན་མ་དེ་ཡང་ཁོང་ཚོས་མཐའ་ཤན་རྒྱག་པ་དང་རང་ཉིད་ཀྱིས་དཀྲོག་གཏམ་བཟོས་ནས་བཙན་བྱོལ་གཞུང་གི་མིང་གྱོན་ཆས་རྩབ་རལ་ནང་འཁྱེར་ཡོད་པས་དངུལ་རྩིས་རོགས་རམ་དང་ཕྱི་རྒྱལ་ནས་མཐུན་འགྱུར་འབྱོར་ཁག་པོ་ཞེ་དྲགས་ཡོད་པ་རེད།
གོ་ལ་སྤྱི་ཡོངས་ཀྱི་དཔལ་འབྱོར་ཉམས་ཆག་འགྲོ་བའི་རྐྱེན་གྱིས་སོ་སོའི་དཔལ་འབྱོར་འབྱུང་ཁུངས་སྲུང་སྐྱོབ་བྱེད་པ་དང་དངུལ་རྩིས་དང་ཞེན་རྐྱེན་གྱི་རྒྱལ་ཁབ་ཚང་མ་ཚོང་ལས་ཁེ་བཟང་དོན་དུ་རྒྱ་གཞུང་དང་འབྲེལ་བ་བྱེད་འདོད་ཀྱི་ཡོད་པ་རེད། འདས་པའི་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱུང་བ་ཡིན་ན་ཁེ་ཕན་ལྡན་གྱི་ཡོད་དེ་ད་ལྟ་འབྲེལ་བ་ཡོད་པ་ཆ་བཞག་ནའང་ཁེ་བཟང་གང་ཡང་མེད་པ་མ་ཟད་དཔལ་འབྱོར་དང་ཆབ་སྲིད་ཀྱི་ནུས་པ་ཆེན་པོ་དང་ལྡན་མཁན་རྒྱ་གཞུང་དང་རྒྱའི་མི་རིགས་རྣམས་ལ་རྒྱབ་འགལ་བྱེད་པ་མཚོན།
༧གོང་ས་ཆེན་པོ་ནི་ཆབ་སྲིད་ཀྱི་མི་སྣ་སྤྱང་པོ་ཞིག་ཡིན་པས་ཁོང་གིས་འདི་དག་མཁྱེན། གང་མཁྱེན་ཟེར་ན། ཁོང་གི་སྒོ་ཕྱི་ལོར་བོད་མིའི་སྦྱིན་བདག་ཆེན་པོ་རྒྱ་གར་གཞུང་དེ་ཉིད་རྒྱ་ནག་གཞུང་དང་གྲོགས་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་དཀར་ནག་གི་འབྲེལ་བ་དེ་བརྟན་པོ་ཆགས་པ་དང་རྒྱ་གཞུང་ཁ་གཏད་བྱེད་མཁན་བོད་པ་རྣམས་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱེད་མི་ཐུབ་པ་དང་། དེ་ནས་བཙན་བྱོལ་གཞུང་ནུས་མེད་ཆགས་སྟེ་རྒྱ་གར་གཞུང་གིས་སྲིད་ཇུས་ལམ་སང་འགྱུར་བ་གཏོང་སྲིད་པ་རེད། འདི་ཡིན་དུས་བོད་མི་རྣམས་རྒྱ་དཀར་ནག་གཉིས་ཀ་ཚང་མ་དང་མ་འབྲེལ་གོང་དུ་རྒྱ་ནག་གཞུང་དང་མཐུན་གྲོགས་ཡོང་བར་༧གོང་ས་ཆེན་པོས་ཐབས་འཇུས་ཀྱི་གོམ་པ་སྤོས་ཡོད་པ་རེད། འདི་འབར་བྱེད་ཀྱི་བསྒྲགས་གཏམ་དེ་རྒྱ་ནག་སྲིད་འཛིན་ཤི་ཅིང་ཕིང་དང་རྒྱ་གར་སྲིད་བློན་མོ་རྡིའི་གཉིས་བར་ཁང་པ་གཅིག་ནང་ཐུག་འཕྲད་མི་འབྱུང་ཉིན་འགའ་ཤས་སྔོན་དུ་སླེབས་པ་དང་། སྲིད་བློན་རྣམ་གཉིས་བར་ལ་བརྗོད་གཞི་གཞན་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་ཡང་གྲོས་བསྡུར་གནང་གི་ཡོད་ཞེས་རེ་བ་ཡོད་རེད། ཤུགས་ལ་ཁོང་གི་སྐད་ཆ་ཉན་མཁན་མེད་མ་ཆག་གོང་དུ་ད་ལྟ་རྒྱ་གཞུང་ཆེད་དུ་རིན་ཐང་ཡོད་པའི་གནས་སྐབས་སུ་དགོས་འདུན་ཆེད་དུ་རྩོད་མེད་མོས་མཐུན་བྱེད་དགོས་པ་ཡིན་དུས་༧གོང་ས་ཆེན་པོ་མཆོག་གིས་བོད་དུ་ལོག་ཕྱིར་ཁྲབ་སྟོན་མཐའ་མ་དེ་གནང་གིན་ཡོད་པ་རེད།
མཐུན་སྒྲིལ་དེ་ཐག་རིང་པོའི་གཉིད་ལམ།
༧གོང་ས་ཆེན་པོའི་འགྲེལ་བརྗོད་ལ་ཕྱོགས་གང་ས་ནས་དགའ་བསུ་ཞུས། འདིས་༧གོང་ས་ཆེན་པོ་མཆོག་ནི་ལོ་ཉི་ཤུའི་གནད་དོན་ཆེད་དུ་སོ་སོའི་གོ་གནས་ཀྲག་ཆུང་ཆུང་གནང་གིན་ཡོད་པ་སྟོན་པ་དང་། འདིས་མཐའ་ཟུར་གྱི་བོད་མིའི་སྡེ་ཚན་མང་པོ་དཀྲོག་གི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་བླ་ཆེན་དམ་པ་རྣམ་པ་བོད་མི་སྟོང་ཕྲག་མང་པོས་ཀྱང་རྒྱ་གཞུང་གིས་ངོས་འཛིན་པའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ཉིད་ངོས་ལེན་གནང་གི་ཡོད་པ་དང་། ཁོང་ཡང་ད་བར་ནང་ཆོས་ལ་ཐོས་བསམ་སློབ་གཉེར་ཡག་པོ་མཐོན་ཡོད་པ། རང་བཞིན་གྱི་སྤྱོད་པ་བཟང་པོ་དང་ལྡན་པ། ནང་ཆོས་ཀྱི་ཡོན་ཏན་ཞེ་དྲགས་ཀྱི་མཁྱེན་གྱི་ཡོད་པས་གསུང་ཆོས་དང་རྗེས་གནང་སོགས་གནང་ཐུབ་པ། ཉེ་ཆར་བོད་དུ་མི་སྟོང་ཕྲག་མང་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་བ་རེད།
འདས་པའི་ལོ་ཉི་ཤུའི་ནང་༧གོང་ས་ཆེན་པོ་མཆོག་རྒྱ་གཞུང་གི་༧པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞེ་དྲགས་ཀྱི་བཟོད་བསྲན་ཡོད་པས་རྒྱ་མིའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ངོས་ལེན་མི་གནང་ཏེ་ཁོང་གིས་ངོས་འཛིན་གནང་པའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འདི་ངོ་མ་ཡིན་གསུངས་གིན་ཡོད། རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་མཁན་ལ་བོད་མི་ཁ་གཏད་གཅོག་མཁན་རེད་ཞེས་ནག་ཉེས་འཛུགས་པ་དང་རྒྱ་མིའི་ཕོགས་ཟ་མཁན་ཡིན་པ་དང་བོད་པའི་སྤྱི་ཚོགས་ནང་སླུ་ཁྲིད་བྱེད་མཁན་རེད་ཞེས་བརྗོད་ཀྱི་ཡོད། རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་མཁན་རྣམས་ལ་དྲ་རྒྱའི་བརྒྱུད་ལམ་ནང་འཐབ་རྒོལ་བྱེད་ཀྱི་ཡོད་རེད། འདི་ལ་འགྱུར་བ་འཐེབ་དགོས་ཀྱི་ཡོད། རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་དང་ཁོང་ལ་མོས་མཐུན་གནང་མཁན་ལ་འཐབ་རྒོལ་བྱེད་པ་ཡིན་ན་༧གོང་ས་ཆེན་པོས་ད་ལྟ་མོས་མཐུན་གནང་བ་འདི་ལ་འཐབ་རྒོལ་བྱེད་པ་དང་མཚུངས་སོ།
གནད་དོན་ཆེན་པོ་གཞན་ཞིག་ནི་རྡོ་རྗེ་ཤུགས་ལྡན་གྱི་སྐོར་ཡིན་པས་༧གོང་ས་ཆེན་པོ་མཆོག་ནས་འདི་སྐོར་ལ་ཞེ་དྲགས་ཀྱི་འགྱུར་ལྡོག་མེད་པ་གནས་ཡོད། གང་ཡིན་ཞེ་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱིས་ཁོང་གི་བཀའ་གནང་བ་ལྟར་བསྟེན་གསོལ་བྱེད་རྒྱུ་དེ་མཚམས་འཇོག་བྱེད་དགོས་པ་ཡིན་ན་ཡང་། བཀའ་གནང་བ་ལྟར་ཁས་ལེན་མ་ཐུབ་པས་བསྟེན་གསོལ་གནང་མཁན་དེ་དག་ཆ་ཚང་བོད་པའི་སྤྱི་ཚོགས་ནས་ལོགས་སུ་དབྱེ་འབྱེད་བྱེད་ཡོད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡིན་ཟེར་མཁན་རྣམས་ཀྱི་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་དུས་རེ་དོགས་མེད་པར་ཁོང་ཚོ་ཡ་འགེལ་བ་དང་། འདི་ལྟར་ཕྱོགས་གཅིག་ན་ཁོང་ཚོས་༧གོང་ས་མཆོག་གི་བཀའ་ལ་མ་བརྩི་བ་དང་ཕྱོགས་གཅིག་ན་རྒྱ་གཞུང་གིས་གདམས་ག་བྱས་པའི་འོས་དམིགས་ལ་མོས་མཐུན་གནང་དུས་ནང་སླུ་བྱེད་མཁན་རེད་ཞེས་མིང་བྱང་ཉིས་བརྩེགས་རྒྱགས་པ་རེད།
ད་ལྟ་༧གོང་ས་མཆོག་གིས་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་ལ་མོས་མཐུན་གནང་གི་ཡོད་པས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་ཁོང་གིས་ངོས་ལེན་བྱེད་པ་རྣམ་པ་དང་པོ་འདི་འདྲ་རེད། འདི་ཡིན་དུས་དུས་ཚོད་གཅིག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱང་ཁོང་གིས་ངོས་ལེན་གནང་ཏེ་དམངས་གཙོ་གཞུང་ནང་སྤྱིར་ཚང་མ་ཁས་ལེན་དགོས་པ་ལྟར་ཡང་ཚང་མ་བོད་མིའི་སྤྱི་ཚོགས་ནང་ཁས་ལེན་ནམ། སྤྱིར་རྒྱ་མིའི་༧པཎ་ཆེན་རིན་པོ་ཆེ་ངོས་ལེན་བྱེད་པའི་གནད་དོན་དེ་གལ་ཆེན་པོ་ཞེ་དྲགས་ཡིན། གང་ཡིན་ཟེར་ན། ཁོང་ནི་བོད་ཀྱི་བླ་མ་ཆེས་ཤོས་གཉིས་པ་དེ་ཁོང་ཡིན། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་པ་ཟེར་ན་འདྲ། བོད་རང་དབང་དང་རང་སྐྱོང་སྲིད་དབང་ཀྱི་ནུས་པ་ལྡན་པ་གཉིས་པ་ཁོང་རེད། ༧གོང་ས་མཆོག་གིས་རྒྱ་མིའི་༧པཎ་ཆེན་རིན་པོ་ཆེ་ངོས་ལེན་བྱེད་པ་ལ་བརྟེན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱང་ངོས་ལེན་བྱེད་སྲིད་པ་མཐོང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་མང་ཆེ་བས་༧གོང་ས་མཆོག་ལ་དད་གུས་བྱེད་ཀྱི་ཡོད་པ་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་སྡོམ་དེས་ཁོང་ཚོ་སྡུག་བསྔལ་ཤིན་ཏུ་མྱོང་ཡོད་པས་༧གོང་ས་མཆོག་གིས་བཀག་སྡོམ་དེ་ཕྱི་ནང་བརྗེ་འགྱུར་གནང་ན་བསམ་པའི་རེ་བ་འཁྱེར་གྱི་ཡོད་རེད།
འདི་འདྲ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་གཅིག་པུ་འདོད་པ་མ་ཟད་བོད་མི་ཡོངས་ཀྱི་འདོད། གང་ཡིན་ཟེར་ན། གནད་དོན་འདིས་ཁོང་ཚོའི་སྤྱི་ཚོགས་ནང་འཁྲུག་རྩོད་སླེབས་ཏེ་ཞེ་བསུན་དང་ཆོ་མེད་ཆགས་ཡོད་རེད། གལ་སྲིད་འདི་རང་བཙན་དང་དབུ་མའི་ལམ་བར་ཡིན་ན་ཡིན། དབུས་གཙང་དང་ཁམས་བར་ཡིན་ན་ཡིན། འདི་ཀརྨ་པ་དང་ཕ་གི་ཀརྨ་པ་བར་ཡིན་ན་ཡིན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་དང་མི་བསྟེན་མཁན་བར་ལ་ཡིན་ན་ཡིན། ག་རེ་ཡིན་ན་ཡང་བོད་པའི་སྤྱི་ཚོགས་ནང་གི་གནད་དོན་མང་པོའི་རྐྱེན་གྱི་མཐུན་གཤིབ་སྤྱི་ཚོགས་ཆ་བགོས་ཐེབས་ཡོད་རེད། རང་བཙན་ཐོབ་རྒྱུ་དེ་ཐག་རིང་པོའི་སྐད་ཆ་ཡིན་པ་མཐོང་གིན་འདུག །
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་སྤྱི་ཚོགས་ནང་བསྡུས་པ་ཡིན་ན་སྤྱི་ཚོགས་ཀྱི་གནད་དོན་དེ་འགྱོག་པོ་གསལ་བ་མ་ཟད་གནད་དོན་གཞན་གང་ཡང་མི་ཡོང་། འདི་འདྲ་ཆགས་པ་ཡིན་ན་ཁོང་ཚོ་བོད་དང་རྒྱ་གར། ནུབ་ཕྱོགས་ག་པར་གནས་ནའང་མཐུན་སྒྲིལ་བྱེད་པའི་ཐོག་གནས་ཐུབ་ཀྱི་རེད། འདི་ལྟར་བོད་མིའི་ཚང་མའི་མི་ཚེ་ཡག་པོ་མི་ཡོང་བའི་དོགས་པ་གང་ཡང་མེད་པ་རེད། ཐུགས་རྗེ་གཟིགས། ༧གོང་ས་མཆོག་གིས་ཡང་བོད་ཕྱི་ནང་གཉིས་ཀར་ཞི་འཇམ་ཡོང་བ་འདོད་ཀྱི་ཡོད་པས་ཚང་མས་མཁྱེན་རོགས་གནང་། ༧གོང་ས་མཆོག་གིས་མི་ཚང་མས་རྒྱ་གཞུང་གི་ཁྲིམས་དང་བཀའ་སོགས་ལ་གུས་བརྩི་ཞུ་དགོས་ཞེས་གོ་བརྡ་སྟོན་པ་མ་ཟད་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཉིད་ཡང་སྲིད་གཙོ་བོ་ཡིན་ཞེས་པའི་༧གོང་ས་མཆོག་གིས་འགྲེལ་བརྗོད་དེས་འཛམ་གླིང་འཐོར་བའི་འགྲེལ་བརྗོད་གནང་འབྱུང་། རེད། བརྙན་འཕྲིན་འདི་ནང་༧གོང་ས་ཆེན་པོ་མཆོག་གིས་རྒྱ་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཉིད་ཡང་སྲིད་གཙོ་བོ་ཡིན་པ་གསལ་པོ་གསུངས་ཡོད།
Tibet.net: ཁུངས་ལྡན་གྱི་གནས་ཚུལ་ལྟར་ན་༧པཎ་ཆེན་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཡོད་པ་དང་། སྤྱིར་བཏང་གི་སློབ་གཉེར་ཡང་གནང་བཞིན་ཡོད་འདུ ག་ཞེས་༧གོང་ས་ཆེན་པོས་གསུངས
The Tibet Express: པཎ་ཆེན་རིན་པོ་ཆེའི་དགུང་ལོ་ཉི་ཤུ་རྩ་དགུ་ཕེབས་པའི་སྐུའི་འཁྲུ ངས་ཉིན་ཁོང་ད་ལྟ་སྐུ་འཚོ་བཞུགས་ཡོད་པ་དང་། སྤྱིར་སློབ་གཉེར་གནང་བཞིན་ཡོད་ཞེས་༧གོང་ས་ཆེན་པོས་གསུངས།
The Statesman: ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་འཚོ་བཞུགས་ཡོད་ཅིང་། སྤྱིར་སློབ་གཉེར་ཡང་གནང་བཞིན་ཡོད་པ་༧གོང་ས་ཆེན་པོས་གསུ ངས།
Modern Diplomacy: ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེའི་གླེང་གཞི་འདི་རྒྱ་གཞུང་དང་འབྲེལ་བ་སྒྲུབ་པའི་ཐབས་ལམ་གཞི་རེད།
Eurasia Review: ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེའི་གླེང་གཞི་འདི་རྒྱ་གཞུང་དང་འབྲེལ་བ་སྒྲུབ་པའི་ཐབས་ལམ་གཞི་རེད།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
1 ཡ་ལན་གནང་ཡུལ། རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།