༧གོང་ས་སྐྱབས་མགོན་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་རྩོམ་གནང་བ།
འཛམ་གླིང་གང་སར་གནས་པའི་བརྩེ་བའི་གྲོགས་པོ་ཚོ།
༧གོང་ས་མཆོག་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་ཡིན་པས་ཁོང་ནི་བྱང་ཆུབ་སེམས་དཔའ་ཡིན་པ་དང་མཁས་བཙུན་བཟང་གསུམ་ལ་གནས་པར་ངེས།
༧གོང་ས་མཆོག་རྟོགས་པ་མཐོན་པོ་སོན་པའི་གང་ཟག་ཞིག་ཡིན་ཚེ་ཁོང་དགུང་ལོ་༨༠ཡིན་ནའང་འདྲ། དགུང་ལོ་༡༠ཡིན་ནའང་འདྲ་ཁོང་ཉིད་ཀྱི་ནང་གི་རྟོགས་པ་ལ་བསྒྱུར་བ་མེད་པ་གཅིག་དགོས།
དེ་འདྲ་ཡིན་དུས་༧གོང་ས་མཆོག་གིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་འཕྲིན་བཅོལ་བསྟོད་པ་རྩོམ་གནང་སྐབས་ཀྱི་དུས་དང་། ད་ལྟའི་དུས་ཀྱི་རྟོགས་པ་གཉིས་གཅིག་པ་ཡིན་དགོས་པའི་ཕྱིར། དེ་འདྲ་སོང་ཙང་སྐུ་ཉིད་ཀྱི་སྔ་མོ་རྡོ་རྗེ་ཤུགས་ལྡན་ལ་ཁྱད་དུ་འཕགས་པ་གཟིགས་པ་དང་། ད་ལྟ་སྡུག་ཅག་ཡིན་པ་གཟིགས་ཀྱི་ཡོད་ནང་སྐུ་ཉིད་ལ་མ་གུས་པ་མེད་ཀྱང་ཡིན་ནའང་གནས་ཚུལ་དེ་ལ་བརྟག་དཔྱད་བྱེད་འདོད་ཡོད།
གལ་སྲིད་༧གོང་ས་མཆོག་ནས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་སྲུང་མར་ལོ་བཅུ་ཕྲག་ཁ་ཤས་གསོལ་མཆོད་བྱེད་པ་དང་། འཕྲིན་བཅོལ་གསོལ་འདེབས་རྩོམ་པ་དང་། བཀའ་ལུང་གནང་བར་ཡིད་ཆེས་གནང་བ་རེད།
དེ་ལྟ་ནའང་ཇི་ལྟར་སྐུ་ཉིད་ཀྱི་གློ་བུར་དུ་ཆོས་སྐྱོང་དེ་མི་ལེགས་པ་མཐོང་། གང་འདྲ་ཆོས་སྐྱོང་གི་༧གོང་ས་མཆོག་ལ་ལོ་མང་པོར་ལམ་ནོར་པ་འཁྲིད་དམ། དེར་གོ་དོན་མེད་པ་ཆགས་ཀྱི་འདུག དེར་བརྟེན་༧གོང་ས་མཆོག་ནི་ཐམས་ཅད་མཁྱེན་པ་ཡིན་པས་ལེགས་དང་མི་ལེགས་དེ་ནི་ཐོག་མར་འཕྲད་དུས་དངོས་སུ་རྟོགས་ཐུབ་པ་དགོས་དེ་འདྲ་ནི་༧གོང་ས་མཆོག་གི་གཙོས་པའི་བྱང་ཆུབ་སེམས་པ་རྣམས་ཀྱི་ཁྱད་ཆོས་ཡིན། གལ་སྲིད་ང་ཚོས་སྐུ་་ཉིད་ཀྱི་ཀྱང་ནོར་འཁྲུལ་ཤོར་སྲིད་པ་ཡིན་ན་༧གོང་ས་མཆོག་གིས་སྔ་མ་ཡག་པོ་ཡིན་གསུངས་བ་དང་། རྗེས་སུ་གདུག་འདྲེ་རེད་གསུངས་པ་དེ་དག་སྔ་ཕྱི་འགལ་བ་ལྟ་བུ་མཐོང་བས་ཐེ་ཚོམ་དུ་འགྱུར། གང་ཡིན་ཟེར་ན་སྐུ་ཉིད་ཀྱི་རྗེས་སུའང་ནོར་འཁྲུལ་མི་ཤོར་བ་མི་སྲིད་པ་མ་རེད། དེར་བརྟེན་ཆོས་སྐྱོང་བཀག་སྡོམ་གནང་བ་དེ་དག་ནོར་སྲིད། ངའི་བསམ་ཚུལ་གཅིག་པུ་སྟོན་པ་ཡིན།
མངོན་ཤེས་ཡོད་མཁན་ཞིག་ཡིན་ན་གཟུགས་མེད་ཀྱི་གང་ཟག་དེ་ཚོ་དང་པོ་འཕྲད་དུས་ལེགས་པ་དང་མི་ལེགས་པ་ངོས་བཟུང་ཐུབ་པ་བྱེད་དགོས། ༧གོང་ས་མཆོག་གིས་གྲོ་མོ་དུང་དཀར་དགོན་པ་ན་བཞུགས་དུས་རྡོ་རྗེ་ཤུགས་ལྡན་ནི་ས་མཐོན་པོ་ལ་གནས་པའི་བྱང་ཆུབ་སེམས་པ་ཞིག་ཡིན་པར་ངོས་འཛིན་གནང་བ་དང་ཕྱིས་སུ་གདུག་འདྲེ་རེད་གསུངས། རྗེས་སུ་ཤུགས་ལྡན་བསྟེན་གསོལ་བཀག་འགོག་གནང་བ་རེད། དེ་འདྲ་ཡིན་ན་མཁས་དབང་ཆེན་པོ་གྲོ་མོ་དགེ་བཤེས་རིན་པོ་ཆེ་དང་སྐྱེ་བ་སྔོ་མ་ཚོ་ཡང་ནོར་བ་དང་། ལོ་བཞི་བརྒྱ་ནང་དུ་ཆོས་སྐྱོང་བསྟེན་མཁན་རྣམས་ཡང་མ་ནོར་བ་མཚུངས་པ་དང་། གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་ནས་རྡོ་རྗེ་ཤུགས་ལྡན་སྐུ་འཕྲེང་མང་པོའི་རིང་བསྟེན་གསོལ་བྱེད་པ་རེད། བླ་མའི་ཡང་སྲིད་དེ་དུས་ནམ་ཡང་ནོར་མེད་པ་དང་ངན་སོང་གསུམ་དུ་མ་སྐྱེས་པ་མ་ཟད་འོན་ཀྱང་གོང་ནས་གོང་དུ་སོང་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་ངན་སོང་གསུམ་དུ་གཏོང་གི་མེད་པ་ཁུངས་སྐྱེལ་ཡོད། ༧གོང་ས་མཆོག་ནས་གཞོན་ནུས་སྐབས་རྡོ་རྗེ་ཤུགས་ལྡན་ལེགས་པ་དང་ཕྱིས་སུ་སྡུག་ཅག་ཆག་པ་བཀའ་གནང་དགོས་དོན་ཅི་ཡིན་ནམ།
དེ་ནི་༧གོང་ས་མཆོག་གིས་དུང་དཀར་དགོན་པའི་ནང་དུ་རྩོམ་གནང་བའི་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་ཡིན། འཕྲིན་བཅོལ་དེ་འདོན་ན་ཕན་འདོགས་ཆེན་པོ་ཡོད་པ་བཀའ་གནང་གི་ཡོད་རེད། བསྟོད་པ་དེའི་ནང་༧གོང་ས་མཆོག་གི་ཆོས་སྐྱོང་ལ་འདི་ལྟར་བསྟོད་པ་གནང་ཡོད།
མདོར་ན་ལྷ་ཁྱོད་བླ་མ་ལྷ་སྲུང་ཀུན།
འདུས་པའི་བདག་ཉིད་མཆོག་ཏུ་མངའ་གསོལ་ན།
རྣམ་བཞིའི་འཕྲིན་ལས་སྤྲིན་ཆེན་གཏིབས་པ་ལས།
གྲུབ་གཉིས་འདོད་དགུའི་གྲུ་ཆར་སྙིལ་བར་མཛོད།།
ཞེས་གསུངས་པས་མི་དཀྱུས་མ་ཞིག་ཡིན་ན་དངོས་གྲུབ་གཉིས་གནང་མི་ཐུབ་དེའི་ཕྱིར་༧གོང་ས་མཆོག་གིས་འཕྲིན་བཅོལ་དེའི་ནང་ཆོས་སྐྱོང་ནི་དངོས་གྲུབ་གཉིས་ཐོབ་ཟིན་པ་ཞིག་ངོས་འཛིན་གསལ་པོ་གནང་ཡོད། དངོས་གྲུབ་གཉིས་ནི། མཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་གཉིས་ཡིན། འདྲེ་ཞིག་གིས་སྐུ་ཉིད་ལ་དབུ་བསྐོར་ནམ་ཡང་བཏང་མི་ཐུབ། ༧གོང་ས་མཆོག་གིས་དངོས་གྲུབ་གཉིས་ཐོབ་པའི་ཆེད་དུ་རྡོ་རྗེ་ཤུགས་ལྡན་སྲུང་མ་ཁྱད་པར་དུ་འཕགས་པ་ཞིག་གི་རྣམ་སྤྲུལ་ཡིན་པར་ངོས་འཛིན་གནང་འདུག
ཚེམས་སྤྲུལ་སྐུ།
༧གོང་ས་སྐྱབས་མགོན་ཆེན་པོའི་རྡོ་རྗེ་ཤུགས་ལྡན་ལ་འཕྲིན་བཅོལ་རྩོམ་གནང་སའི་དགོན་པ་དེའི་བདག་པོ་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་ནི་བོད་ཀྱི་བྱུང་རབས་ནང་གྲུབ་ཐོབ་ཆེན་པོ་ཞིག་རེད། སྐྱེས་བུ་དམ་པའི་སྤྱོད་ཚུལ་དང་ལྡན་པ་རིས་མེད་གནང་མཁན་ཞིག་ཡིན། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་ཆང་མཆོག་གིས་རིན་པོ་ཆེ་དང་ང་གཉིས་གཅིག་པ་ཡིན་ཞེས་གསུངས་ཀྱི་ཡོད། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་མྱང་ངན་ལས་མ་འདས་སྔོན་དུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་ལ་དགོན་པ་དེ་ལྟ་སྐྱོང་གནང་རོགས་ཞེས་ཞུས། ༧རྒྱལ་བ་སྐུ་འཕྲེང་བཅུ་སུམ་པས་རིན་པོ་ཆེ་ལ་རྗེ་རིན་པོ་ཆེ་རྣམ་སྤྲུལ་ཡིན་པ་གསུངས་ཡོད་པ་དང་དེ་བཞིན་༧གོང་ས་སྐུ་འཕྲེང་ ༡༣ དང་ ༡༤ གཉིས་ཀས་དུང་དཀར་དགོན་པའི་སྐུ་རྟེན་ལ་དཀའ་ངལ་འཕྲད་དུས་ལམ་སྟོན་ཡག་པོ་བྱེད་མྱོང་ཞེས་བསྟོད་བསྔགས་གནང་གི་ཡོད།
འཕྲིན་བཅོལ་དེར་༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་ནི་ས་མཐོན་པོ་ལ་གནས་པའི་ཡེ་ཤེས་པ་རྒྱུད་ལ་ལྡན་པ་མདོ་སྔགས་ཀྱི་མཁྱེན་པ་ཡག་པོ་ཡོད་པ་གསུངས་ཡོད། འདྲེ་ཞིག་ཡིན་རྗེ་བཙུན་འཇམ་པ་མགོན་པོའི་གནས་དགའ་ལྡན་ལྷ་ཡུལ་དང་རྣལ་འབྱོར་མའི་མཁའ་སྤྱོད་ཤིང་ནས་སླེབས་མ་ཐུབ་པ་དང་འདྲེ་ཞིག་ཡིན་ན་འཕྲིན་བཅོལ་དེ་ལ།
མདོ་སྔགས་ལམ་གྱི་གཤོག་རླབས་ཟུང་འཇུག་པས།
རྣམ་གྲོལ་འཆི་མེད་ལམ་ལ་རྩེན་པར་མཛོད།
གསུངས་པ་ལྟར་ས་མཐོན་པོ་གཤེགས་ཐུབ་ཀྱི་མ་རེད།
༧གོང་ས་སྐུ་འཕྲེང་བཅུ་བཞི་པ་མཆོག་གི་སྐུ་པར་འདི་བོད་དུ་རིག་གནས་གསར་བརྗེ་སྐབས་ཡིན། ཕྱི་ལོ་ ༡༩༥༡ ལོར་༧གོང་ས་མཆོག་དུང་དཀར་དགོན་པར་བཞུགས་སྐབས་རེད། དགོན་པ་དེ་ཅུམ་བྷི་གྲོང་རྡལ་ཡིན་པ་དང་། དེ་བོད་ཀྱི་ལྷོ་ཕྱོགས་འབྲུག་ཡུལ་དང་སི་ཀིམ་གཉིས་ཀྱི་ས་མཚམས་སུ་གནས་ཡོད་པ་དང་དེང་དུས་རྒྱ་གར་གོ་སྒྲིག་ཡང་གནང་།
སྐུ་ཉིད་དང་ཉིད་ཀྱི་ཆིབས་ཞབས་དང་དེ་བཞིན་བཀའ་བློན་བཅས་ཀྱི་བསྐོར་ནས་ཡོད། ༧གོང་ས་ཆེན་པོ་མཆོག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཅན་གྱི་རིང་སེལ་རྩ་ཆེན་དེ་གསེར་གྱི་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་ནས་རབ་གནས་གནང་བ་རེད། གསེར་གྱི་མཆོད་རྟེན་ནང་དུ་ཡོད་པའི་རིང་སེལ་དེ་ནི་སི་རི་ལང་ཀའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཡིན་པ་དང་། རབ་གནས་གནང་བའི་ཆེད་དུ་གཡར་གནང་བ་རེད། དེ་ནི་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་མཆོག་གི་བཞུགས་ས་དུང་དཀར་དགོན་པ་ཡིན་པ་དང་། ༧གོང་ས་ཆེན་པོ་མཆོག་གི་ཆོས་སྐྱོང་གི་འཕྲིན་བཅོལ་རྩོམ་གནང་ས་དེར་རེད།
ཕྱི་ལོ་ ༡༩༣༦ ལོར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་ངག་དབང་སྐལ་བཟང་མཆོག་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་དགོན་པའི་ཕྱག་མཛོད་ཚོ་ནས་རིན་པོ་ཆེའི་སྐུ་ཕུང་དམར་གདུང་འཇོག་པའི་ཆེད་དུ་བོད་གཞུང་ལ་ཆོག་མཆན་ཞུས། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་སྐུ་ཕུང་ཁོ་ན་ལ་གདུང་རྟེན་ཆེན་པོའི་ནང་དམར་གདུང་དྲི་སྦྱོར་བྱེད་ཆོག་པ་ཡིན་ནའང་ཆོག་མཆན་ཐོབ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས་བོད་ལྷོ་ཁ་ཁུལ་དང་དེ་བཞིན་སི་ཀིམ་ལ་སོགས་པའི་གནས་དེར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་རྣམས་རྗེ་ཅོང་ཁ་པ་དང་འདྲ་གསུངས། དེ་དང་བསྟུན་ཏེ་ང་ཚོའི་ཆོག་མཆན་སྤྲོད་པ་ཡིན། རྩ་ཆེན་མཆོད་རྟེན་དེ་ཕྱི་ལོ་ ༡༩༣༨ ལོར་ ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ནས་རབ་གནས་གནང་བ་རེད། བོད་དུ་རིག་གཞུང་གསར་བརྗེའི་སྐབས་དུང་དཀར་དགོན་པ་ཡང་གཏོར་གཤིག་གཏོང་བ་རེད།
༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་འཛིན་སྐྱོང་གི་འོག་ན་ཡོད་པའི་དུང་དཀར་དགོན་པ་དེ་རྡོ་རྗེ་ཤུགས་སྐུ་རྟེན་གྱི་བཞུགས་གནས་ཞིག་ཆགས་པ་དང་། མི་མང་པོའི་གུས་བཀུར་ཞུ་ས་ཡང་ཆགས། དུང་དཀར་དགོན་པ་ནི་བོད་དང་རྒྱ་གར་གཉིས་ཀྱི་ཕན་ཚུན་འགྲོ་བསྐྱོད་བྱེད་སའི་ལམ་གྱི་གཙོ་བོ་ལྟ་བུ་གྱུར། དེ་བཞིན་དུ་ལྷ་སའི་བརྒྱུད་ནས་ཡོང་བའི་བོད་པ་ཚོ་དང་ཕྱི་རྒྱལ་དཔོན་པོ་ཁག་གི་འབྲེལ་བ་བྱེད་སའི་ས་གནས་ལྟ་བུ་ཞིག་ཆགས། དེ་འདྲ་སོང་ཙང་དུང་དཀར་དགོན་པ་ནི་དེ་དུས་རྒྱལ་སྤྱིའི་འབྲེལ་ལམ་བྱེད་ས་ལྟ་བུ་ཞིག་ལ་འགྱུར་བ་དེར་བོད་ལ་རྒྱུན་ལྡན་དང་མི་འདྲ་བ་རེད།
༧གོང་ས་སྐུ་འཕྲེང་ ༡༣ པ་མཆོག་ ༡༩༡༢ ལོར་རྒྱ་གར་ནས་བསྐྱར་དུ་ལོག་ཕེབས་དུས་གྲོ་མོ་ས་ཁུལ་དུ་ངལ་གསོ་སྐྱོན་པའི་སྐབས་ག་ལིང་ཁང་དུ་ཡོད་པའི་བཀའ་འགྱུར་ལྷ་ཁང་ནང་༧གོང་ས་སྐུ་འཕྲེང་༡༣པ་དང་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གཉིས་མཇལ་འཕྲད་གནང་བ་རེད། ཉིན་གཅིག་ཞོགས་པ་༧གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཁོང་གི་ཞབས་ཕྱི་ཞིག་ལ་དེ་རིང་ཕྱི་དྲོ་དམིགས་བསལ་གྱི་མགྲོན་པོ་ཞིག་ཡོང་གི་ཡོད་ཅེས་གསུངས་པ་རེད། དེ་ཉིན་དེར་༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གྲྭ་བ་དཀྱུས་མ་ཞིག་གི་ཚུལ་དུ་ཞིམ་ཟས་འཁྱེར་ནས་ཡུན་རིང་པོར་གཏམ་བཤད་བྱུང་། ཉིན་མོ་དེའི་དགོང་མོ་༧གོང་ས་མཆོག་གིས་ཞབས་ཕྱི་རྣམས་ལ་ཁྱོད་རང་ཚོའི་ཉིན་མོའི་གུང་ཕེབས་པའི་མི་དེ་མཐོང་བྱུང་ངམ་ཞེས་བཀའ་འདྲི་གནང་སྐབས་ཞབས་འབྲིང་པ་ཚོས་ང་ཚོས་གྲ་ཆས་ཧྲུལ་པོ་གྱོན་པའི་གྲྭ་བ་ཞིག་མཐོང་བྱུང་ཞེས་ཟེར། ༧གོང་ས་མཆོག་ནས་གསུངས། བསོད་བདེ་སྐམ་པོ་རེ་འདུག ངས་ཁོང་རྗེ་ཙོང་ཁ་པ་རང་མཇལ་བྱུང་།
ལོ་མང་པོའི་རྗེས་ལ་ ༡༩༥༠ ལོར་དུང་དཀར་དགོན་པར་༧གོང་ས་མཆོག་དང་གཞུང་ཞབས་པ་རྣམས་ཕེབས་ནས་དགོན་པར་ཡུན་རིང་བཞུགས་སྐབས་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་རྩོམ་གནང་བ་རེད།
དེ་ནི་དུང་དཀར་དགོན་པ་ན་སྐུ་རྟེན་སྙན་གྲགས་ཅན་རྡོ་རྗེ་ཤུགས་ལྡན་དྲག་པོ་བ་ཞུགས་པའི་སྐབས་ཀྱི་ཡིན། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གི་བཀའ་དྲིན་གྱི་སྐུ་རྟེན་ལུང་བསྟན་པ་དེ་སྙན་གྲགས་དུ་འགྱུར། བོད་གངས་ལྗོངས་དང་སོག་ཡུལ། རྒྱ་གར་བྱང་ཕྱོགས་ནས་མི་མང་པོ་ཤུགས་ལྡན་ལ་ལམ་སྟོན་བཀའ་སློབ་ཞུ་བའི་ཆེད་དུ་དུང་དཀར་དགོན་པ་ལ་ཕེབས་ཀྱི་ཡོད། ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་གིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་རྗེ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གུ་རུ་རིན་པོ་ཆེ་པདྨ་སམ་བྷ་བ་བཅས་བླ་ན་མེད་པ་བསྟེན་གྱི་ཡོད་རེད། དེ་དུས་མི་ཚོ་མི་མཐུན་པ་དང་འཁྲུག་པ་མེད། ༧གོང་ས་ཆེན་པོ་མཆོག་གི་དུང་དཀར་དགོན་པ་ན་ཞུགས་དུས་སྐུ་རྟེན་ལ་དེ་དང་གོ་སྡུར་ཞུ་གནང་གི་ཡོད་རེད། གང་ཡིན་ཟེར་ན་ཤུགས་ལྡན་གྱི་བཀའ་ལུང་དེ་ཚོ་ནོར་འཁྲུལ་མེད་པ་དང་སྙིང་བསྡུས་གསལ་པོ་ཡོད་པས་༧གོང་ས་མཆོག་གི་མོས་གུས་དང་དད་པ་གོང་དུ་འཕེལ་བས་ཤུགས་ལྡན་འཕྲིན་བཅོལ་རྩོམ་གནང་བ་རེད།
ཁོང་ནི་དུང་དཀར་དགོན་པའི་ནང་རྡོ་རྗེ་ཤུགས་ལྡན་ཞི་བ་སྐུ་ཕེབས་སྐབས་ཀྱི་སྐུ་རྟེན་ཁོ་རང་ཡིན། ཞི་བ་སྐུ་ཕེབས་སྐབས་ཁོང་ཡུན་རིང་པོ་གནས་ནས་སྐད་ཆ་མང་པོ་བཤད་ཐུབ། དྲག་པོ་སྐུ་ཕེབས་སྐབས་ཡུན་རིང་པོ་གནས་མི་ཐུབ། འདུལ་འཛིན་རྡོ་རྗེ་ཤུགས་ལྡན་ཞི་བའི་སྐུ་ཕེབས་དུས་ཁོང་གྲྭ་ཆས་དང་པཎྜི་ཏའི་ཞྭ་མོ་གྱོན་གྱི་ཡོད། རྡོ་རྗེ་ཤུགས་ལྡན་གྱི་སྐུ་གོང་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་ཆེན་པོ་ཡིན་པའི་དེའི་ཕྱིར་ཞི་བའི་སྐུ་ཕེབས་སྐབས་གྲྭ་ཆས་དང་པཎྜི་ཏའི་ཞྭ་མོ་གྱོན་པ་རེད།
ཞི་བའི་སྐུ་ཕེབས་སྐབས་རྡོ་རྗེ་ཤུགས་ལྡན་གྱིས་མདོ་དང་སྔགས་ཀྱི་གཞུང་གང་ལ་ཡང་མ་བལྟ་བར་དུས་ཡུན་རིང་པོར་ཆོས་རྒྱ་ཆེན་པོ་གསུངས་བ་དང་ཆོ་ག་རྒྱ་ཆེན་པོ་བྱེད་པ་མ་ཟད་དབང་གནང་བ་སོགས་བྱེད་ཀྱི་ཡོད། སྐུ་རྟེན་ལ་ཡོན་ཏན་ཆེན་པོ་མེད་ཡིན་ནའང་ཤུགས་ལྡན་སྐུ་བཞུགས་པའི་སྐབས་མི་འདྲ་བ་ཞིག་ཡོད། གང་ལྟར་ཞི་བའི་སྐབས་སུ་ཡིན་ཡང་དྲག་པོ་སྐབས་སུ་ཡིན་ཡང་བཀའ་ལུང་གནང་བ་དེ་དོན་ཕན་རྒྱ་ཆེན་པོ་ཡོད། དུང་དཀར་དགོན་པ་ནང་སྐུ་རྟེན་ལ་ཁོང་ནི་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་ནས་རྩ་སྒོ་འབྱེད་པ་དང་བསྐོ་བཞག་བྱེད་པ་དང་བྱིན་རློབ་ཆེན་པོ་གནང་ཡོད།
ཚེམས་སྤྲུལ་སྐུ།
འདིར་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་མ་ཟད། ༧རྒྱལ་བ་ལྔ་པ་མཆོག་ནས་ཀྱང་རྡོ་རྗེ་ཤུགས་ལྡན་ལ་འཕྲིན་བཅོལ་དང་བསྟོད་པ་རྩོམ་གནང་ཡོད།
༧རྒྱལ་བ་ལྔ་པ་མཆོག་ནས་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ལ་བསྟོད་པ་དང་འཕྲིན་བཅོལ།
བསྟོད་པ་ཐུང་ངུ་རྩོམ་པ་དེའི་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ལྟར་ཡང་གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་དེ་དག་གིས་སྦྱིན་སྲེག་དང་ཆོ་ག་མང་པོ་བྱས་ནས་མེད་པ་བཟོ་རྒྱུའི་ཐབས་ཤེས་མང་པོ་བྱེད་ཡོད་ཀྱང་། དེ་ལས་ལྡོག་ཏེ་ཁོང་གི་རྫུ་འཕྲུལ་གྱི་ནུས་པ་ཆེ་ཆེར་འགྲོ་ཡོད། རྡོ་རྗེ་ཤུགས་ལྡན་ལ་དྲག་ལས་བྱེད་ན་ཕན་ཐོགས་མེད་པ་ཤེས་ནས་༧གོང་ས་ལྔ་པ་མཆོག་གི་བསྟོད་པ་ཐུང་ངུ་དེ་རྩོམ་པ་རེད།
སྲུང་མ་མེད་པ་བཟོ་མ་ཐུབ་པར་བརྟེན་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་གསུངས་པ་བཞིན་ ༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ལྡན་གཉིས་ཀར་ཆེ་བའི་ཡོན་ཏན་གསང་བ་འདུས་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་དེ་དག་གཞན་ལ་སྟོན་བྱེད་ཡིན་ཅིང་༧གོང་ས་ལྔ་པ་མཆོག་ནས་བསྟོད་པ་རྩོམ་པ་མ་ཟད་རྡོ་རྗེ་ཤུགས་ལྡན་གྱི་སྐུ་འདྲ་སྙན་གྲགས་ཅན་ཞིག་རང་ཉིད་ཀྱི་ཕྱག་ནས་བཟོས་པ་དེ་ད་ལྟ་ཡང་ཡོད།
༧གོང་ས་ལྔ་པ་མཆོག་ནས་བསྟོད་པ་རྩོམ་པ་མ་ཟད་རྡོ་རྗེ་ཤུགས་ལྡན་གྱི་སྐུ་འདྲ་ཡང་བཞེངས་ཡོད། རྡོ་རྗེ་ཤུགས་ལྡན་སྐུ་འདྲ་དེ་ད་ལྟ་བལ་ཡུལ་དགའ་ལྡན་འཕེལ་རྒྱས་གླིང་དགོན་པའི་ནང་དུ་བཞུགས་ཡོད། ང་སྐུ་འདྲ་རྩ་ཆེན་པོ་དེ་མཇལ་ཁ་ཐོབ་པ་དེ་ཞེས་དྲག་གི་བསོད་ནམས་ཆེན་པོ་ཡིན་བསམ་གྱི་ཡོད།
༧གོང་ས་ལྔ་པ་མཆོག་ཁོ་རང་ཡང་རྡོ་རྗེ་ཤུགས་ལྡན་ལ་རྩི་བཀུར་བྱེད་ཀྱི་ཡོད། ༧གོང་ས་ལྔ་པ་མཆོག་དང་༧གོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་གཉིས་ཀ་བློ་རྒྱུན་གཅིག་པ་ཡིན་པས་གཉིས་ཀ་སྤྱན་རས་གཟིགས་ཡིན། དེ་ལྟར་ཡིན་ན་ཁོང་རྣམས་ནོར་འཁྲུལ་ཤོར་མི་སྲིད་པའི་ཁོང་གི་རྡོ་རྗེ་ཤུགས་ལྡན་ཆོས་སྐྱོང་སྲུང་མ་ཡིན་པ་མཁྱེན་ཞིང་རྡོ་རྗེ་ཤུགས་ལྡན་ལ་བསྟོད་པ་ཡང་རྩོམ་ཡོད། ༧གོང་ས་ལྔ་པ་མཆོག་ནས་ལྷ་སར་རྡོ་རྗེ་ཤུགས་ལྡན་གྱི་ཆེད་དུ་མཆོད་ཁང་བཟོ་བ་བསྐོ་བཞག་གནང་ཡོད། མཆོད་ཁང་དེ་ད་དུང་ལ་ཡང་དེར་ཡོད་པའི་མོས་གུས་བྱེད་མི་སྟོང་ཕྲག་མང་པོ་གནས་བསྐོར་ལ་ཡོང་གི་ཡོད། མཆོད་ཁང་དེའི་མིང་ལ་སྤྲོ་བདེ་ཁང་གསར་ཟེར་གྱི་ཡོད། མ་འོངས་པ་ན་ངས་མགྱོགས་པོ་གསལ་བཤད་བྱེད་ཆོག
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།