སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དྲུང་དུ།
གུས་པས་ལག་གཉིས་ཐལ་མོ་སྦྱར་ནས་༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་རྒྱུ་ཡོད་པས། ཐུགས་བརྩེ་བ་ཆེན་པོས་ཐུགས་སྣང་གནང་རོགས།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཐོག་ལ་བྱུང་བའི་མ་ཉེས་ཁ་གཡོག་གམ་བཀག་སྡོམ་འགོ་བཙུགས་པ་ནས་བཟུང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་པ་རྣམས་ལ་བཙན་བྱོལ་བོད་གཞུང་གི་སྒྲིག་ཁོངས་ནས་བཙན་འབུད་གཏོང་ནས་ཞེ་དྲགས་གི་དཀའ་ངལ་ཆེན་པོ་ཕྲད་སོང་། ང་རང་ཚོ་སོ་སོའི་མི་དམངས་ནང་ཁུལ་ཁ་འབྲལ་སོང་བ་དང་དབྱེ་འབྱེད་བྱེད་པ་དེ་དག་ལ་ང་ཚོས་ངོས་ནས་བཟོད་སྒོམ་བྱེད་པ་ཡིན། ཡིན་ནའང་ང་ཚོ་ལ་སྐུ་ཉིད་ཀྱི་གསུང་ཆོས་གནང་ས་དང་། སྐུ་ཉིད་ཡོད་སར་ཡང་བཅར་ཆོག་པའི་ཆོག་མཆན་གནང་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་མི་ཚང་གི་ཕྲུ་གུ་ཚོ་བོད་པའི་སློབ་གྲྭར་འགྲོ་རྒྱུ་དཀའ་ངལ་བྱུང་ཤིང་། འགའ་ཤས་བཙན་འབུད་གཏོང་བ་དང་། དེ་བསྟེན་གསོལ་བྱེད་མཁན་གྱི་མི་ཚང་ཡིན་ན་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སྐྱབས་བཅོལ་བའི་གཞི་ཆགས་ནས་བཙན་འབུད་གཏོང་གི་ཡོད་པ་རེད། ང་ཚོ་བོད་པའི་ཉོ་ཚོང་ལས་དོན་ལ་མཉམ་ཞུགས་བྱེད་མི་ཆོག་པ་དང་། དེ་བཞིན་འགོ་འདོན་གནང་མཁན་ཡིན་པའི་ཆ་ནས་ནང་མི་འཚོ་སྐྱོང་གི་དོན་དུ་རྩ་བའི་མཁོ་སྤྲོད་འཚོལ་ཞིབ་དེ་ཡང་བཀག་སྡོམ་བྱས་ཡོད་པ་རེད། ཁྱོད་ཉིད་ཀྱི་བཙན་བྱོལ་གཞུང་ནས་ཕྱི་བསྐྱོད་ལག་དེབ་སེར་པོ་ལེན་དུས་བདག་ཅག་ལ་དགོས་མེད་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། ང་རང་ཚོ་ལ་ཛ་དྲག་གི་སྨན་བཅོས་དང་སྨན་དགོས་དུས་སྨན་ཁང་དུའང་ངོས་ལེན་བྱས་ཀྱི་ཡོད་པ་མ་རེད། དེ་ནས་གྲྭ་པ་ཡག་པོ་དེ་དག་གྲྭ་ཚང་ནས་བཙན་འབུད་གཏོང་ཡོད་པ་དང་། དེ་ཚོའི་ཇི་སྲིད་འཚོའི་བར་སྲོག་གི་ཕྱིར་ཡང་མི་གཏང་བའི་དམ་ཚིག་གཙང་མ་བཙན་དབང་གི་ཐོག་གཏོར་ནས་མནའ་སྐྱེལ་དུ་བཅུག་ཡོད་པ་རེད།
འདི་ཚོ་ང་ཚོའི་དཀའ་ངལ་ཆེ་བ་འགའ་ཤས་རེད། དེ་ལ་སེམས་འཚོར་དང་འབྲེལ་བའི་སྡུག་སྦྱོང་མང་པོ་ཡོད་པ་དེ་རེ་རེ་བྱས་ནས་བགྲང་ཐུབ་ཀྱི་མ་རེད། ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ང་འདྲ་བོ་ལ་ཆ་བཞག་ན། སྤྱི་ལོ་ ༡༩༩༦ ལོར་༧གོང་ས་མཆོག་སྐུ་ཉིད་དང་དབུས་བོད་མིའི་སྒྲིགས་འཛུགས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་གསལ་སྒྲགས་བྱས་དུས་ནས་བཟུང་བཟོད་སྒོམ་བྱེད་སྡད་ཡོད། དེ་དུས་ནས་བཟུང་། རྡོ་རྗེ་ཤུགས་ལྡན་ཐོག་ལ་བྱུང་བའི་བཀག་སྡོམ་མེད་པ་བཟོ་བའི་ཆེད་མི་མང་པོས་སྐད་འབོད་བྱས་ནས་ཁོ་ཚོའི་རེ་བ་དེ་༧གོང་ས་མཆོག་ལ་ཞུ་འབོད་བྱས་ཡོད་པ་རེད། འདི་དམངས་གཙོའི་ལམ་ལུགས་དང་མི་མཐུན་པར་དྲང་པོ་མ་ཡིན་པར། མི་སྤྱོད་ལས་འདས་པ་དང་ང་ཚོའི་རྩ་བའི་ཐོབ་ཐང་དང་རང་དབང་འཕྲོག་ཡོད་པ་རེད། གནས་ཚུལ་འདིས་སྐུ་ཉིད་ཀྱི་ཕྱག་ལས་ལ་གྲུབ་འབྲས་མེད་པ། ༧མགོན་པོ་ཉིད་ཀྱི་དགོངས་པའི་བསྒྲུབ་བྱ་དེ་ལ་སྐུ་ཉིད་ཀྱིས་བོད་མི་ཚོར་གནང་བའི་དམངས་གཙོའི་ལམ་ལུགས་ཀྱི་ལེགས་སྐྱེད་མེད་པ་དང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་རེ་བ་ལ་ངོས་ལེན་བྱས་མེད་པ་རེད།
ང་རང་ཚོ་ཚང་མ་བོད་མི་ཡིན་པ་དང་། ཆོས་གང་བྱེད་ཉམས་ལེན་གང་བྱེད་ཀྱང་ཁྱད་པརམེད། ང་ཚོ་ཆོལ་ཁ་གསུམ་གང་ནས་ཡིན་པ་དང་ད་ལྟ་གང་དུ་བསྡད་ཡོད་ཀྱང་ཁྱད་པར་མེད། ང་ཚོ་ཚང་མས་སྐུ་ཉིད་ལ་དད་གུས་དང་བརྩེ་བ་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོ་སྤྱི་ལོ་༡༩༩༦ལོ་ནས་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་གནང་བའི་རྐྱེན་གྱིས་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་རེད། ང་ཚོས་སྐུ་ཉིད་ཧ་ཅང་དྲན་གྱི་འདུག ངས་གང་ཤེས་པ་དེ་ངས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་མུ་འཐུད་ནས་བསྟེན་གསོལ་བྱེད་པ་ཡིན་ན། སྐུ་ཉིད་ཀྱི་གསུང་ཆོས་ལ་བཅར་ཆོག་གི་མེད་པ་དང་། ཆོས་ལ་མ་བརྟེན་པའི་གསུང་བཤད་གནང་ས། དེ་བཞིན་ཚོགས་ཞུགས་གང་འདྲ་ཞིག་ཡིན་ཀྱང་དེ་ལ་བཅར་མི་ཆོག་ཞེས་སྐུ་ཉིད་ཀྱིས་བཀའ་གནང་ཡོད་པ་རེད། མགོན་པོ་ཉིད་ང་ཚོའི་དབུ་ཁྲིད་ཡིན་པའི་ཆ་ནས། ངས་གུས་པ་ཆེན་པོའི་སྒོ་ནས་ཞུ་ཆོགབོད་མི་ཚང་མ་སྐུ་ཉིད་ཀྱི་ཆོས་དང་མ་འབྲེལ་བའི་གསུང་བཤད་དང་། ང་ཚོ་སྒར་གྱི་ཆོས་ཕྱོགས་ཀྱི་གོམས་འདྲིས་ལ་མ་ལྟོས་པར་བཀའ་སློབ་གནང་སར་བཅར་ཆོག་པའི་ཆོག་མཆན་ཞིག་གནང་རོགས་གནང་ཞུ་རྒྱུ། ཤེས་བཞིན་དུ་ང་ཚོས་ཆོས་ཀྱི་དམ་ཚིག་ཞུས་ཡོད་པས་ང་ཚོ་སྐུ་ཉིད་ཀྱི་གསུང་ཆོས་ལ་བཅར་ཆོག་གི་མེད་པ་རེད། ཡིན་ནའང་། རྒྱལ་ཁབ་ཞིག་གི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོས་དང་མ་འབྲེལ་བའི་གསུང་བཤད་གནང་དུས་དེར་མི་མང་མཉམ་དུ་བཅར་བ་ལ་དམིགས་བསལ་གྱི་ཆོས་དང་འབྲེལ་བའི་དམ་ཚིག་སྲུང་དགོས་པ་དེ་འདྲ་གང་ཡང་ཡོད་པ་རེད་པས།
ངས་སྙིང་ཐག་པ་ནས་དད་གུས་ཆེན་པོའི་ངང་ནས། སྐུ་ཉིད་ལ་སོ་སོའི་མི་མང་དེ་ཚོའི་ཆོས་དད་ལ་ལྟོས་ནས་དབྱེ་འབྱེད་མ་གནང་བའི་ཆེད་ནན་གྱིས་ཞུ་འབོད་བྱེད་ཀྱི་ཡོད། ང་ཚོ་ཆོས་ལུགས་གང་ནས་ཡིན་ཀྱང་ཁྱད་པར་མེད། ཡང་ན་གལ་སྲིད་ང་ཚོ་དཀོན་མཆོག་གསུམ་ཁས་མ་ལེན་མཁན་ཡིན་ནའང་། བོད་པའི་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་ཡོད་པ་བཟོ་རོགས་གནང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་མ་ཉེས་ཁ་གཡོག་བྱས་པའི་སྒྲིགས་གཞི་ཞེ་དྲགས་མ་བཀོད་རོགས་གནང་བཅས་ཞུ་རྒྱུ། བོད་མི་ཚང་མའི་ཆེད་དུ་ཡིན་ཞེས་པའི་བྱེད་སྒོ་དེ་དག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ཕྱིར་འབུད་མ་གནང་རོགས་གནང་ཞུ་རྒྱུ་ཡིན། ཡོངས་གྲགས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་གསུང་བཤད་གནང་དུས་སོ་སོའི་མི་སེར་སུ་འདྲ་ཞིག་ཡིན་རུང་བཅར་ཆོག་པའི་ཆོག་མཆན་གནང་ཞིང་ཆོས་ལུགས་དང་། རྒྱབ་ལྗོངས། མི་རིགས། ཕོ་མོ་ལ་ཁྱད་པར་ཡོད་པ་མ་རེད། བོད་མི་ཚང་མ་ལ་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་སྐབས་ལ་བཅར་ཆོག་པའི་ཐོབ་ཐང་ཡོད་དགོས་པ་དང་། བོད་པའི་སྤྱི་ཚོགས་ནང་འདྲ་མཉམ་སྤྱོད་ནས་དགའ་དགའ་སྤྲོ་སྤྲོ་ངང་ནས་སྡད་དགོས། གལ་ཏེ་དེ་བཀག་སྡོམ་གནང་མེད་པ་ཡིན་ན། ང་ལ་འགའ་ཤས་བཤད་རྒྱུ་ཡོད། ང་དང་ཤུགས་ལྡན་བསྟེན་མཁན་སྟོང་ཕྲག་མང་པོས་ང་ནང་བཞིན་བཀག་སྡོམ་གོ་བཙུགས་པ་ནས་བཟུང་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་༧གོང་ས་མཆོག་ལ་ཞུ་འབོད་བྱེད་དགོས་དོན་མེད།
འགའ་ཞིག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་རྒྱ་ནག་གཞུང་མཉམ་དུ་ངན་པ་ཁ་མཐུན་བྱེད་ནས་༧གོང་ས་མཆོག་དང་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་བར་དཀྲུག་ཤིང་རྒྱབ་ཀྱི་འདུག་ཟེར་བ་ནི་བདེན་པའི་ཆ་ཕྲ་མོའང་མེད། གཅིག་བྱས་ན་བོད་མི་འགའ་ཤས་ལ་འགྲོ་ས་ཡོད་རེད། འདི་འཛམ་གླིང་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རྟེན་རྟེན་བདེན་པ་མིན་པ་དང་ང་ལ་ཡིན་ནའང་དངོས་ནས་འགྲོ་ས་མེད་པ་རེད། དེ་ལ་འཛམ་གླིང་གང་སར་གཞུང་དང་མཉམ་དུ་གསང་བའི་ཐོག་ཁྲིམས་འགལ་གྱི་ལས་ཀ་ལས་མཁན་བོད་མི་མང་པོ་ཡོད་རེད། ཡིན་ནའང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དེ་འདྲ་གང་ཡང་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དེའི་ཁོངས་སུ་མ་བཅུག་རོགས་གནང་ཞུ་རྒྱུ་ཡིན། ༧གོང་ས་མཆོག་ལ་གནོད་པའི་ཆེད་དུ་ངས་ད་ལྟ་བར་སུ་ཞིག་དང་མཉམ་དུ་གསང་བའི་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱེད་མེད། ང་རང་ནང་པ་སངས་རྒྱས་པའི་གྲྭ་པ་ཞིག་ཡིན་པ་དང་ངས་ང་རང་གི་བྱང་སེམས་ཀྱི་སྡོམ་པ་དེ་གལ་ཆེན་པོ་དང་བརྟན་པོའི་ཐོག་ནས་འཛིན་གྱི་རེད། ངས་༧གོང་ས་མཆོག་ལ་གནོད་པའི་ཚིགས་གཅིག་ཀྱང་བཤད་མེད། ངས་༧གོང་ས་མཆོག་ལ་སྒེར་དང་སྤྱི་ཚོགས་མཉམ་དུ་དུས་ནམ་ཡང་ངོ་རྒོལ་བྱེད་མེད། ༧གོང་ས་མཆོག་ལ་ངས་ཡིད་ཆེས་དང་དད་གུས་རླག་མེད། ང་༧གོང་ས་མཆོག་གི་གསུང་བཤད་དང་གསུང་ཆོས་ལ་བཅར་ཆོག་པའི་ཉིན་མོ་དེ་སྒུག་སྡད་ཡོད། དངོས་གནས་བྱས་ན། ང་ལོ་བཅོ་ལྔ་ཡིན་དུས་སྐབས་ནས་བཟུང་ག་དུས་ཡིན་ནའང་༧གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཐོབ་འདོད་ཡོད། ང་ན་གཞོན་གྱི་དུས་ནས་བཟུང་། ངས་༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཡོད་པ་དང་། ད་དུང་མུ་འཐུད་ནས་བྱེད་བཞིན་ཡོད།
༧གོང་ས་མཆོག་གི་མཁྱེན་པ་བཞིན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་ལོ་བཞི་བརྒྱ་ལྷག་སོང་ཚར་བ་རེད། དེ་ཐོག་མར་ས་སྐྱ་པའི་ནང་ནས་བསྟེན་གསོལ་བྱུང་བ་རེད། དེ་ནས་ས་སྐྱའི་རྩ་ཆེན་ཆོས་བརྒྱུད་ནས་དགེ་ལུགས་ཏུ་དེའི་རྒྱུན་རིམ་པ་བཞིན་བྱུང་བ་རེད། ང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་ནི་ང་ཚོའི་བླ་མའི་ཆོས་དང་འབྲེལ་བའི་དམ་ཚིག་ཡིན་པས། དེ་ཕྱིར་བསྟེན་གསོལ་བྱེད་བཞིན་ཡོད་པ་ལས་གཞན་རྒྱུ་མཚན་གཞན་དག་གང་ཡང་ཡོད་པ་མ་ཡིན་ནོ།། ང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ངའི་རྩ་བའི་བླ་མ༧སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོག་ནས་སྩོལ་བ་ཡིན་པས་དེ་བསྟེན་གསོལ་བྱེད་ཀྱི་ཡོད་པ་དང་། དེ་བསྟེན་གསོལ་བྱེད་པའི་ཆེད་དུ་ངའི་བླ་མས་ལམ་སྟོན་གནང་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ངའི་བླ་མའི་དམ་ཚིགས་བཞིན་མུ་མཐུད་ནས་བྱེད་ཀྱི་ཡོད། གལ་སྲིད་ངས་མཚམས་བཞག་པ་ཡིན་ན། དེ་ནས་ངའི་བླ་མའི་དམ་ཚིག་དེ་གཏོར་འགྲོ་ཡི་འདུགཡིན་ནའང་ངས་ང་རང་བླ་མའི་དམ་ཚིག་དེ་མུ་འཐུད་ནས་བཟུང་གི་ཡོད་པ་དང་། དེ་ནས་བསོད་ནམས་དམན་པའི་རྐྱེན་གྱིས་༧གོང་ས་མཆོག་ལ་ཐུགས་ཉེས་པོ་མེད་པ་ཆགས་འགྲོ་གི་ཡོད་པ་འདི་འདྲ་མཐོང་གི་འདུག ༧གོང་ས་མཆོག་གི་ཐུགས་ཉེས་པོ་མེད་པ་བཟོ་འདོད་མེད། ཡིན་ནའང་ངས་ང་རང་གི་བསྟེན་གསོལ་དེ་མི་གཞན་སྟོང་ཕྲག་གིས་བྱེད་པ་བཞིན་མུ་མཐུད་ནས་བྱེད་དགོས་འདུགགང་ཡིན་ཞེ་ན་འདི་ཚོ་ཚང་མ་ངའི་བླ་མས་བཀའ་རེད། ང་ཚོས་རྩ་བའི་བླ་མའི་བཀའ་བཅག་རྒྱུ་མེད་པ་དང་། རྩ་བའི་བླ་མ་དང་མཉམ་དུ་ཁས་ལེན་གང་བྱས་པ་དེ་འཛིན་དགོས་པ་རེད། ༧གོང་ས་མཆོག་ནི་འདི་འདྲའི་རྩ་ཆེན་སྡོམ་པ་དང་དམ་ཚིག་གི་སྐོར་ལ་གསལ་པོར་མཁྱེན་གྱི་ཡོད་པ་རེད།
ངས་རྒྱ་ནག་མཉམ་དུ་གསང་བའི་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱེད་ཆེད་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་འདྲ་རྩ་བ་ཉིད་ནས་མིན་པ་དང་། ངས་ཆོས་ཀྱི་ཆེད་དུ་ཁོ་ན་མ་གཏོགས་གཞན་རྡོ་རྗེ་ཤུགས་ལྡན་དུས་ནམ་ཡང་བསྟེན་གསོལ་བྱེད་ཀྱི་མ་རེད། དེ་ལ་རྡོ་རྗེ་ཤུགས་ལྡན་དེ་འཇིག་རྟེན་ལས་འདས་པའི་སྲུང་མ་ཡིན་པ་དང་མིན་པའི་སྐོར་རིགས་པའི་རྩོད་པ་ཡོད་སྲིད་ཀྱི་རེད། ང་ཚོས་ངོ་བོ་འཇིག་རྟེན་ལས་འདས་པ་དང་། རྣམ་པ་འཇིག་རྟེན་པའི་རྣམ་པར་ཤར་བ་ཡིན་པ་འདོད་ཀྱི་ཡོད། ཡིན་ནའང་༧གོང་མཆོག་གིས་ང་ཚོ་ལ་དབྱེ་འབྱེད་མེད་པར་བསྟེན་གསོལ་བྱེད་ཆོག་པའི་ཆོས་དད་རང་དབང་གནང་བ་ཡིན་ན་དེ་ལ་སྐྱོན་གང་ཡང་ཡོད་པ་མ་རེད།
འགའ་ཞིག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བཀག་སྡོམ་བྱེད་མེད་ཟེར་ཀྱང་༧གོང་ས་མཆོག་གིས་གསུང་ཚིག་དེ་ཚོ་ལ་ནུས་པ་ཞེ་དྲག་ཆེན་པོ་འདུག༧གོང་ས་མཆོག་ནས་གསུང་བཤད་འགའ་ཤས་ཀྱི་སྐབས་སུ། ༧ཡང་ན་༧གོང་ས་མཆོག་བདམ་དགོས་པ་དང་། ཡང་ན་རྡོ་རྗེ་ཤུགས་ལྡན་བདམ་དགོས་ཀྱི་ཤུགས་དྲག་པོས་ཐོག་ནས་གསུངས་ཀྱི་ཡོད་པ་དང་། དེས་མི་མང་པོ་ཞིག་ལ་བཙན་དབང་བྱས་ནས་བདམ་བཅུག་པས་གནོད་སྐྱོན་ཤུགས་ཆེན་པོ་ཕོག་གི་འདུག རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རང་བཞིན་གྱིས་མཐོང་ཆུང་གཏོང་གི་འདུགཞེ་ལོག་བྱེད་ཅིང་སྨད་ར་གཏོང་གི་འདུགམགོན་པོ་མཆོག་གི་དགྲ་རེད་ཅེས་ཚིག་ངན་སྣ་ཚོགས་དང་མིང་འདོགས་ངན་པ་སྣ་ཚོགས་འདོགས་ཀྱི་འདུག ས་ལོ་ངོ་ཉི་ཤུས་རིང་༧གོང་ས་མཆོག་ནས་ས་གནས་མང་པོ་ཞིག་ལ་ཚར་མང་པོ་ཞིག་མི་མང་ཚོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་དོར་དགོས་རེད་ཅེས་གསུངས་ཀྱི་འདུག གལ་ཏེ་ཁོ་ཚོས་མ་བྱེད་ན། ༧གོང་ས་མཆོག་གི་ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་གསུང་བཤད་གང་དུའང་བཅར་མི་ཆོག་པས་གྱོང་གུད་ཅན་ཞིག་རེད། གང་ཡིན་ཞེ་ན་སྐུ་ཉིད་ཀྱི་གསུང་ཚིག་དེ་དག་ནི་བོད་པའི་སྤྱི་ཚོགས་ནང་ལ་སྒྲིགས་ཁྲིམས་ལྟ་བུ་ཞིག་རེད། སྐུ་ཉིད་ནས་དམ་བསྒྲགས་ཆེན་པོའི་སྒོ་ནས་དེ་ཚོ་བཀག་སྡོམ་རེད་ཅེས་དངོས་སུ་གསུངས་དགོས་ཡོད་པ་མ་རེད། ཡིན་ནའང་མགོན་པོ་ཉིད་ནས་ཐུགས་མི་དགའ་བ་ཙམ་གྱི་བཀག་སྡོམ་མཚོན་གྱི་ཡོད་པ་རེད། མུ་མཐུད་ནས་བསྟེན་གསོལ་བྱེད་མཁན་ང་ཚོ་ནི་ཆོས་དད་ཀྱི་རྐྱེན་གྱིས་བསྟེན་པ་ཡིན་པ་དང་། དེ་ལ་དབྱེ་འབྱེད་བྱེད་ཅིང་དམའ་འབེབ་བྱེད་ཀྱི་ཡོད་པས་དེ་ནི་དམངས་གཙོའི་ལམ་ལུགས་ནང་དེ་འདྲ་མེད་པ་ཞིག་དགོས་པ་རེད། བོད་པའི་སྤྱི་ཚོགས་ནང་སྐུ་ཉིད་ཀྱི་གསུང་ཚིག་དེ་དག་ལ་ནུས་པ་ཆེན་པོ་ཞེ་དྲག་ཡོད་པ་རེད། སྐུ་ཉིད་ཀྱི་ཐུགས་མ་དགའ་ནས་གསུང་ཚིག་སྟོན་པ་ཙམ་གྱིས་བཀག་སྡོམ་གནང་བ་དང་གཅིག་མཚུངས་རེད། ཡིན་ནའང་༧གོང་ས་མཆོག་ནས་ཆ་ཚང་མཁྱེན་གྱི་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་གང་འདྲ་བྱེད་ནས་དེ་འདྲ་ཡོང་གི་ཡོད་པ་དང་། ནུབ་ཕྱོགས་པའི་དབུ་ཁྲིད་ཚོས་དེ་འདྲ་བྱེད་ས་མེད་པ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ལ་བརྟེན་ནས་ང་རང་ལ་སྤྱི་ཚོགས་དྲ་ལམ་ནས་རྒོལ་འཛིངས་དང་སྐྱོན་བརྗོད་བྱས་བྱུང་། གནས་དོན་དེའི་རྐྱེན་གྱིས་གྲྭ་པ་ཉམས་ཆུང་བརྒྱ་ཕྲག་ལྷག་དགོན་པ་བཞག་ནས་འགྲོ་སོང་། སྤྱི་ལོ་ ༢༠༠༩ ལོར། ཨལ་ཛ་ཛི་ར་ཞེས་པའི་ཚད་ལྡན་གསར་ཁང་སྐད་གྲགས་ཆེན་པོ་ཞིག་གིས། རྒྱ་གར་དང་བལ་ཡུལ་དེ་ནས་འཛམ་གླིང་གང་སར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དེ་ཚོ་སྡུག་པོ་མྱོང་སྡད་ཡོད་པར་ཞིབ་འཇུག་བྱས་ནས་ཤེས་སོང་ཞེས་རྒྱལ་སྤྱིའི་གསར་འགྱུར་ནང་བསྟན་པ་རེད། ཨལ་ཛ་ཛི་རས་གསར་འགྱུར་གྱི་འགོ་བརྗོད་དུ་གསལ་པོར་བསྟན་འདུག དེང་སང་གི་དུས་དང་དུས་རབས་འདི་ལ་སུ་ཞིག་ནས་གཞན་གྱི་ཆོས་དད་ལ་སྐྱོན་བརྗོད་དང་འཐབ་རྒོལ་བྱེད་ཆོག་གི་མ་རེད། ངས་གུས་ཞབས་དང་ལྡན་པའི་ཐོག་ནས་ཞུ་རྒྱུ་ལ། ཡུལ་གྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་ཆོས་སྲིད་གང་གི་ཐོག་ལ་གསུང་བཤད་གནང་དུས་དེ་ཡོང་ཆོག་མི་ཆོག་གི་ཁྱད་པར་ཕྱེ་ན་མི་འགྲིགས། གང་ཡིན་ཞེ་ན་དེས་མི་མང་བར་ལ་ཁ་བྲལ་གཏོང་གི་ཡོད་པ་རེད། དབུ་ཁྲིད་ཚང་མས་དམང་གཙོའི་ལམ་ལུགས་གཞིར་བཟུང་ནས། ཆོས་ཕྱོགས་དང་། མི་རིགས། ཕོ་མོ་སོགས་འདྲ་མཉམ། དྲང་པོ་དྲང་རྐྱང་གི་སྒོ་ནས་ཐུན་མོང་གི་ཁེ་ཕན་ལོངས་སུ་སྤྱོད་དགོས། ང་ཚོ་ལ་རྒྱ་གར་དུ་གནས་པའི་བོད་པའི་སྤྱི་ཚོགས་ནང་ལ་ཡང་འདི་འདྲ་བ་ཞིག་གི་དམངས་གཙོའི་ལམ་ལུགས་དགོས། སྔོན་མ་ནས་ཕན་ཚུན་འགྲན་རྩོད་ཚད་ལས་བརྒལ་བ་མཐུན་ལམ་མ་བྱུང་བའི་གནོད་པ་ཅན་གྱི་དོན་རྐྱེན་མང་པོ་བྱུང་བའི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ང་ཚོ་ལ་ཆིག་སྒྲིལ་དང་མཐུན་ལམ་བཟོད་སྒོམ་བྱེད་དགོས། སྐུ་ཉིད་ཀྱི་ཁོ་ཚོ་ལ་གང་འདོད་པའི་ཆོས་ལུགས་དེ་དབྱེ་འབྱེད་མེད་པའི་སྒོ་ནས་བསྟེན་གསོལ་བྱེད་དུ་བཅུག་རོགས་གནང་ཞུ་རྒྱུ་ཡིན།
༧གོང་ས་མཆོག་སྐུ་ཉིད་ནས་བོད་མི་མང་ལ་ཕན་ཐོགས་གནང་གི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་དང་། སྐུ་ཉིད་ཀྱིས་ཐུགས་ཐགས་གཅོད་པའི་ལས་དོན་ཁ་ཤས་མི་ཁ་ཤས་ལ་ཕན་གྱི་ཡོད་ཀྱང་། མི་མང་པོ་ཞིག་ལ་གནོད་སྐྱོན་ཡོང་གི་འདུག རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་དེ་བཀག་སྡོམ་གནང་བ་དེས། ང་དང་བཅས་པ་བོད་མིའི་སྤྱི་ཚོགས་ལ་གནོད་སྐྱོང་བྱུང་སྡད་ཡོད་པ་རེད། འདི་སྐོར་མཁྱེན་པ་གནང་རོགས་གནང་ཞུ་རྒྱུ།
འཛམ་གླིང་ནང་གློ་བུར་དུ་འགྱུར་བ་ཕྱིན་ཡོད་པ། བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་དབུ་ཁྲིད་ཚོས་མཐུན་འབྲེལ་བསྐྱར་གསོ་བྱེད་པ་དེ་ཚོ་ལ་ང་ཚོས་དབུ་ཁྲིད་ཚོས་དཔེ་བལྟ་དགོས་འདུག གནས་ཚུལ་འདི་ཚོ་ཉིན་འགའ་ཤས་སྔོན་ལ་བྱུང་བ་རེད། སྤྱི་ལོ་༢༠༡༨ཕྱི་ཟླ་ ༤ཚེས་ ༢༧ཉིན་འདི་འདྲ་བྱུང་ཡོད་པ་རེད། དེ་འདྲ་ཡོང་གི་ཡོད་པ་རེད་བསམ་མཁན་སྔོན་མ་སུ་ཞིག་གིས་ཀྱང་དྲན་ཡོད་པ་མ་རེད། འདི་ལྷོ་བྱང་ཀོ་རི་གཉིས་ཀྱི་མི་མང་ཚོ་ལ་ཧ་ལས་པའི་གནས་ཚུལ་ཆེན་པོ་རེད། ངས་ཁོ་ཚོ་བསྐྱར་དུ་འབྲེལ་བ་ཡག་པོ་ཆགས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེ་ག་ནང་བཞིན་གལ་ཏེ་ང་ཚོ་ཕན་ཚུན་བསམ་བློ་རྒྱ་ཆེན་པོ་བཏང་ནས། ངས་བལྟས་པ་ཡིན་ན་རྟེན་རྟེན་སྐུ་ཉིད་དང་ལྷན་དུ་ང་ཚོ་ཕན་ཚུན་འབྲེལ་བ་བཟང་པོ་བསྐྱར་མཐུད་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག བྱང་ཀོ་རི་ཡ་དང་ལྷ་ཀོ་རི་ཡ་གཉིས་ཀྱི་བར་ཕན་ཚུན་ལོ་རྒྱུས་ཀྱི་ཐོག་ནས་ཐུགས་འཕྲད་བྱུང་བ་ལ་རྙོག་གྲ་ཆེན་པོ་བྱུང་ཡོད་པ་བཞིན་། ངས་༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་བར་ལ་དེ་འདྲ་པོ་རྙོག་དྲ་ཆེན་པོ་གང་ཡང་ཡིན་གྱི་མ་རེད་བསམ་གྱི་ཡོད་པས།ང་ཚོ་ཡང་བསྐྱར་དུ་མགྱོགས་པོ་ཆིག་སྒྲིལ་བྱེད་དགོས།
དེ་ག་ནང་བཞིན་དུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་མཐུན་ལམ་དེ་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ། རྒྱ་གར་སྲིད་གྱི་སྲིད་འཛིན་དཔལ་ལྡན་ན་རེན་དྷ་མོ་དི་མཆོག་དང་རྒྱ་ནག་གི་སྲིད་འཛིན་དཔལ་ལྡན་ཞི་ཛིང་པིང་མཆོག་གཉིས་ཁོང་ཚོའི་བར་གྱི་འབྲེལ་བ་དེ་དག་ལེགས་ཏུ་འགྲོ་བཞིན་པ་ང་ཚོ་ཚང་མས་མཐོང་གི་ཡོད། ཁ་དམག་རྒྱབ་ཡ། བསམ་བློ་མི་མཐུན་པ། བསམ་བློ་གུ་ཡངས་མེད་པ་སོགས་ཀྱི་ཐོག་ནས་བསྡད་བསྡད་པ་ཡིན་ན་སུ་གང་ཞིག་ལ་ཕན་ཐོགས་ཡོད་པ་མ་རེད། རྒྱ་གར་དང་རྒྱ་ནག་གཉིས་མཐུན་ལམ་ཡག་པོ་ཞིག་ཡོང་བ་ལ་དུས་ཚོད་ཞེ་དྲག་འགོར་གྱི་རེད། སྔོན་དུ་འདི་འདྲ་ཇི་ལྟར་ཡོང་གི་ཡོད་དམ་བསམ་པའི་སྐོར་ཐེ་ཚོམ་ཅན་རེད། ཡིན་ནའང་དེ་བྱུང་སོང་། རྒྱ་ནག་དང་རྒྱ་གར་གཉིས་མཐུན་ལམ་ཡག་པོ་ཆགས་པ་ཡིན་ན། འཛམ་གླིང་ཡོངས་ལ་ཕན་བརླབས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་རེད། མི་མང་ཕན་ཚུན་མཐུན་ལམ་ཐོག་མཉམ་གནས་བྱུང་སྲིད་པ་དང་། ངེས་པར་དུ་མཉམ་གནས་བྱེད་དགོས་པའི་གནས་ཚུལ་ཡང་གལ་ཆེན་པོ་ཆགས་སྲིད་པ་རེད། གལ་ཏེ་དེ་འདྲ་ཡོང་བར་དབུ་ཁྲིད་ཆེན་པོ་དེ་ཚོས་བསམ་བློ་རྒྱ་ཆེན་པོ་གཏོང་བའི་སྒོ་ནས་བྱེད་ཐུབ་ཀྱི་ཡོད། རྟེན་རྟེན་༧གོང་ས་མཆོག་རང་ཉིད་ནས་སྐུ་ཉིད་དང་རྡོ་རྗེ་ཤུགས་ལྡན་བར་གྱི་དབྱེ་མཚམས་ཕྱེ་ཡོད་པ་དེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མཉམ་དུ་མཐུན་ལམ་ཇི་ལྟར་བཟོ་དགོས་ཚུལ་གསལ་པོར་མཁྱེན་ཐུབ་ཀྱི་རེད། ང་ཚོ་སྐུ་ཉིད་དང་ལྷན་དུ་ཡང་བསྐྱར་གཅིག་ཏུ་སྒྲིལ་འདོད་ཡོད། སྐུ་ཉིད་ནས་ཁོ་ཚོའི་ཆོས་དད་ལ་མ་ལྟོས་པར་གཅིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན།
ཉེ་ཆར་སྤྱི་ལོ་༢༠༡༨ཕྱི་ཟླ་ ༤ཚེས་ ༢༥ཉིན་༧གོང་ས་མཆོག་རང་ཉིད་ཀྱིས་རྒྱ་ནག་གཞུང་ནས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་དཔེ་སྦྱར་ནས་བསྐོར་ནས་ངོས་ལེན་གནང་ཡོད་པ་རེད། དེ་ལ་པཎ་ཆེན་རིན་པོ་ཆེ་གཉིས་ཡོང་སྲིད་ཀྱི་རེད་ཅེས་༧གོང་ས་མཆོག་གིས་ཤུགས་ལ་བསྟན་ཡོད་པ་དང་། ཤིན་ཏུ་ཕྲ་མོ་ཡིན་ཀྱང་གསལ་པོ་གཏིང་ཟབ་པོ་བཀའ་སློབ་དེ་ངས་གསལ་པོར་ཤེས་བྱུང་། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་དང་། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་གཉིས་ཀ་དེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དངོས་གནས་ཡིན་པ་གསུངས་འདུག འདི་ཧ་ཅང་ཡ་མཚན་ཅན་གྱི་གནས་ཚུལ་ཡིན་པ་དང་། རྒྱ་ནག་དང་མཉམ་དུ་མཐུན་ལམ་སྐྲུན་རྒྱུ་དེ་༧གོང་ས་མཆོག་ནས་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།རྒྱ་ནག་གཞུང་གི་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་ལ་བསྐོར་ནས་ངོས་འཛིན་གནང་བར་ང་ཞེ་དྲག་དགའ་པོ་བྱུང་། འདིས་བོད་མི་མང་ཚང་མའི་དོན་དུ༧གོང་ས་མཆོག་དང་རྒྱ་ནག་གཞུང་གི་བར་གྲོས་སྡུར་ཡག་པོ་བྱེད་པར་མེད་དུ་མི་རུང་བ་བའི་སེམས་ཚོར་བཟོ་ཐུབ་ཀྱི་རེད། གཅིག་བྱས་ན་བོད་དང་རྒྱ་ནག་ལ་ཆིབས་བསྒྱུར་གནང་ནས་སྐུ་ཉིད་པོ་ཏཱ་ལར་ཕེབས་པའི་གཟིམ་ལམ་བཞིན་དོན་འགྲུབ་ཐུབ་ཀྱི་ཡོད་པར་མངོན་གྱི་འདུག ༧གོང་ས་མཆོག་ནས་འདི་འགྲུབ་དགོས་པ་དགོངས་པ་བཞིན་ང་ཡང་དེ་ག་རང་འདོད་ཀྱི་ཡོད། འདི་འགྲུབ་པར་ངས་ཞེ་དྲགས་རེ་བ་རྒྱབ་ཀྱི་ཡོད། ༧གོང་ས་མཆོག་བོད་པའི་མི་རིགས་ཞིག་ཡིན་པའི་ཆ་ནས་བོད་ཡུལ་དྲན་གྱི་ཡོད་པ་དང་། ཤུགས་ལྡན་བསྟེན་མཁན་དང་མ་བསྟེན་མཁན་གཉིས་ཀས་ཡིད་ལ་༧གོང་ས་མཆོག་དྲན་གྱི་ཡོད་པ་རེད།
ད་འདྲ་སོང་ཙང་། ལག་གཉིས་ཐལ་མོ་སྦྱང་ཞིང་པུས་མོ་ས་ལ་བཙུགས་ཏེ། ངས་༧གོང་ས་མཆོག་གི་སྐུ་མདུན་ལ་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱས་པའི་མིང་ངན་པ་དང་། བསྒྲགས་གཏམ་ངན་པ། ལོག་བཤད། གཞུང་དང་རྡ་ས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ནང་འཇོག་པ་དེ་ཚོ་རྣམས་མེད་པ་བཟོ་རོགས་གནང་བཅས་ཞུས་ཀྱི་ཡོད། དེ་རྗེས་རྡོ་རྗེ་ཤུགས་ལྡན་ཐོག་ལ་བྱུང་བའི་བཀག་སྡོམ་རྣམས་མེད་པ་ཆགས་ཐུབ་ཀྱི་རེད། ངས་༧གོང་ས་མཆོག་ལ་བོད་མི་ཚོའི་ཆོས་དད་གང་ལ་ཡོད་མེད་ལ་མ་ལྟོས་པར་གཅིག་ཏུ་སྒྲིལ་རོགས་གནང་ཞེས་གུས་ཞབས་ཆེན་པོའི་སྒོ་ནས་ཞུས་ཀྱི་ཡོད། ༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ཀྱི་བར་ལ་གཅིག་བདམ་དགོས་པ་རེད་ཅེས་པ་འདི་རྩ་བ་ནས་མ་གསུངས་རོགས་གནང་། ང་ཚོས་བཙན་དབང་གི་སྒོ་ནས་གཅིག་བདམ་ནས་གཞན་པ་དེ་དོར་འདོད་མེད། ང་ཚོས་དམངས་གཙོའི་ལམ་ལུགས་དངོས་གནས་དེར་བདམ་ག་བྱེད་ཚུལ་བཟོ་ཆོག་གི་མ་རེད། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཡིན་མཁན་བླ་རྒན་མང་པོ་སེམས་ལ་དཀའ་ངལ་ཕྲད་ནས་གྲོངས་ཚར་བ་རེད། གང་ཡིན་ཞེ་ན། ཁོ་ཚོ་༧གོང་ས་མཆོག་དང་རྡོ་རྗེ་ཤུགས་གཉིས་ནས་གཅིག་བདམ་འདོད་ཡོད་པ་མ་རེད། ང་ཚོས་བརྟགས་ཞིབ་བྱས་པ་ཡིན། ལོ་བརྒྱ་ཕྲག་ནས་བརྒྱ་ཕྲག་རིང་དགེ་ལུགས་ཆོས་བརྒྱུད་ནང་རྡོ་རྗེ་ཤུགས་ལྡན་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ཀ་བསྟེན་མཁན་ཡོད་པ་རེད། དེ་བཞིན་ང་ཚོས་ཀྱང་མུ་མཐུད་ནས་དེ་ལྟར་ཡོང་བའི་རེ་སྨོན་བཟང་པོ་ཡོད། བསྐྱར་དུ་གཅིག་དུ་སྒྲིལ་ཐུབ་མིན་ནི་སྐུ་ཉིད་ལ་ཐུག་ནས་བསྡད་དེ་ཡོད་པ་རེད། སྐུ་ཉིད་ཀྱི་སྐུ་དབང་རེད།
དུས་ཚོད་ཡོད་པའི་རིང་ལ་འདི་དང་འབྲེལ་བའི་དོན་ཆེན་འགའ་ཤས་ཞིག་གནང་རོགས་གནང་། ང་རང་ཚོས་ཆོས་ལུགས་གང་ལ་དད་པ་བྱེད་ཀྱང་སྐུ་ཉིད་ང་ཚོའི་དབུ་ཁྲིད་གནང་རོགས། མགོན་པོ་ཉིད་ཡང་བསྐྱར་མཇལ་ཆོག་པ་དང་། སྐུ་ཉིད་ཀྱི་རྩ་ཆེན་གྱི་བྱིན་རླབས་ཀྱིས་འོད་བརླབས་གནང་རོགས་གནང་། སྐུ་ཉིད་ནི་ཡིད་བཞིན་གྱི་ནོར་བུ་རང་རེད། བར་སྐབས་ནས་འཛམ་གླིང་ནང་འགྱུར་བ་ཆེན་པོ་འགྲོ་བའི་དོན་རྐྱེན་མང་པོ་བྱུང་བཞིན་ཡོད། དེ་ག་ནང་བཞིན་རྡོ་རྗེ་ཤུགས་ལྡན་གྱི་ཐོག་ལ་བཀག་འགོག་དེ་དག་ཀྱང་བསལ་ནས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བྱུང་བའི་མ་ཉེས་ཁ་གཡོག་ཐམས་ཅད་གཙང་མ་བཟོ་བའི་ཆེད་དུ་ངས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ཞིང་ཞུས་ཀྱི་ཡོད། རྡོ་རྗེ་ཤུགས་ལྡན་དང་དེ་བསྟེན་གསོལ་བྱེད་མཁན་ཚོར་མ་ཉེས་ཁ་གཡོག་བྱས་ནས་ལོག་བཤད་ཀྱི་དཔེ་དེབ། སྒྲ་འཇུག་བྱས་པའི་ལོག་བཤད། གཞུང་གི་དྲ་རྒྱ་སྣ་ཚོགས་ཏུ་བཀོད་པའི་ལོ་རྒྱུས་རྣམས་རྩ་མེད་བཟོ་བ་ནི་དམངས་གཙོའི་ལམ་ལུགས་ཅན་གྱི་གཞུང་དང་དབུ་ཁྲིད་ལ་མཚུངས་པོ་དང་ལེགས་པོ་ཡོད་པ་རེད། གང་ཡིན་ཟེར་ན་རྒྱུ་མཚན་དེ་དག་ཡང་དག་པ་མ་རེད།
༧སྐྱབས་མགོན་རིན་པོ་ཆེ་མཆོག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། སྐུ་ཉིད་ཀྱི་མཁྱེན་པ་དང་ཐུགས་བརྩེ་ནི་རྒྱ་མཚོ་ལྟ་བུ་ཡིན་པས་དེའི་སྒོ་ནས་སྐུ་ཉིད་ཀྱི་མི་མང་རྣམས་གཅིག་ཏུ་སྒྲིལ་རོགས་གནང་ཞུ་རྒྱུ། ང་ཚོས་ཆོས་གང་བྱེད་ཀྱང་རུང་ལྷ་གང་ལ་དད་པ་བྱེད་ཀྱང་ང་ཚོ་གཅིག་སྒྲིལ་ཡོང་བ་གནང་རོགས་གནང་། ངས་སེམས་ཀྱི་གཏིང་ནས་བསམ་པ་རྣམ་དག་ཐོག་ནས་ཞུས་པ་ཡིན། ངས་༧གོང་ས་མཆོག་ལ་རྩ་ཆེན་ངོས་འཛིན་ཞུ་གི་ཡོད། ཐུགས་ལ་མ་བབས་པ་དེ་འདྲ་གང་ཡང་ཞུས་མེད་པས། ངའི་བརྡ་ཕྲིན་དེ་ལ་གཟིགས་ནས་དགོངས་འགལ་མེད་པ་གནང་རོགས་གནང་ཞུ་རྒྱུ་ཡིན། ཡིན་ནའང་ཛ་དྲག་གི་གནད་དོན་དེ་དག་ཞུས་ས་༧གོང་ས་མཆོག་ཁོ་ན་རེད།
གུས་པས།
ལག་གཉིས་ཐལ་མོ་སྦྱར་ནས།
ཚེམས་རིན་པོ་ཆེས།
དགའ་ལྡན་ཤར་རྩེ་གྲྭ་ཚང་དང་ཀེ་ཆ་ར་ནང་པའི་ཆོས་ཚོགས།
སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣༠
འབྲེལ་ཡོད་བརྙན་འཕྲིན།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DalaiLamabansDorjeShugdenpracticeandexpelsmonks.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=YQa0mZEtRGA
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/AlJazeeraDS.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=rKu2j4lLbH4
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/RTNorthSouthKorea.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=KHaqUl9rshM
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/ModiXiMeeting.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=KPh68dX6u7k
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DalaiLamaOn11thPanchenLama.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=8hsyWE-fhZU
སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དྲུང་དུ།
གུས་པས་ལག་གཉིས་ཐལ་མོ་སྦྱར་ནས་༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་རྒྱུ་ཡོད་པས། ཐུགས་བརྩེ་བ་ཆེན་པོས་ཐུགས་སྣང་གནང་རོགས།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཐོག་ལ་བྱུང་བའི་མ་ཉེས་ཁ་གཡོག་གམ་བཀག་སྡོམ་འགོ་བཙུགས་པ་ནས་བཟུང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་པ་རྣམས་ལ་བཙན་བྱོལ་བོད་གཞུང་གི་སྒྲིག་ཁོངས་ནས་བཙན་འབུད་གཏོང་ནས་ཞེ་དྲགས་གི་དཀའ་ངལ་ཆེན་པོ་ཕྲད་སོང་། ང་རང་ཚོ་སོ་སོའི་མི་དམངས་ནང་ཁུལ་ཁ་འབྲལ་སོང་བ་དང་དབྱེ་འབྱེད་བྱེད་པ་དེ་དག་ལ་ང་ཚོས་ངོས་ནས་བཟོད་སྒོམ་བྱེད་པ་ཡིན། ཡིན་ནའང་ང་ཚོ་ལ་སྐུ་ཉིད་ཀྱི་གསུང་ཆོས་གནང་ས་དང་། སྐུ་ཉིད་ཡོད་སར་ཡང་བཅར་ཆོག་པའི་ཆོག་མཆན་གནང་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་མི་ཚང་གི་ཕྲུ་གུ་ཚོ་བོད་པའི་སློབ་གྲྭར་འགྲོ་རྒྱུ་དཀའ་ངལ་བྱུང་ཤིང་། འགའ་ཤས་བཙན་འབུད་གཏོང་བ་དང་། དེ་བསྟེན་གསོལ་བྱེད་མཁན་གྱི་མི་ཚང་ཡིན་ན་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སྐྱབས་བཅོལ་བའི་གཞི་ཆགས་ནས་བཙན་འབུད་གཏོང་གི་ཡོད་པ་རེད། ང་ཚོ་བོད་པའི་ཉོ་ཚོང་ལས་དོན་ལ་མཉམ་ཞུགས་བྱེད་མི་ཆོག་པ་དང་། དེ་བཞིན་འགོ་འདོན་གནང་མཁན་ཡིན་པའི་ཆ་ནས་ནང་མི་འཚོ་སྐྱོང་གི་དོན་དུ་རྩ་བའི་མཁོ་སྤྲོད་འཚོལ་ཞིབ་དེ་ཡང་བཀག་སྡོམ་བྱས་ཡོད་པ་རེད། ཁྱོད་ཉིད་ཀྱི་བཙན་བྱོལ་གཞུང་ནས་ཕྱི་བསྐྱོད་ལག་དེབ་སེར་པོ་ལེན་དུས་བདག་ཅག་ལ་དགོས་མེད་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། ང་རང་ཚོ་ལ་ཛ་དྲག་གི་སྨན་བཅོས་དང་སྨན་དགོས་དུས་སྨན་ཁང་དུའང་ངོས་ལེན་བྱས་ཀྱི་ཡོད་པ་མ་རེད། དེ་ནས་གྲྭ་པ་ཡག་པོ་དེ་དག་གྲྭ་ཚང་ནས་བཙན་འབུད་གཏོང་ཡོད་པ་དང་། དེ་ཚོའི་ཇི་སྲིད་འཚོའི་བར་སྲོག་གི་ཕྱིར་ཡང་མི་གཏང་བའི་དམ་ཚིག་གཙང་མ་བཙན་དབང་གི་ཐོག་གཏོར་ནས་མནའ་སྐྱེལ་དུ་བཅུག་ཡོད་པ་རེད།
འདི་ཚོ་ང་ཚོའི་དཀའ་ངལ་ཆེ་བ་འགའ་ཤས་རེད། དེ་ལ་སེམས་འཚོར་དང་འབྲེལ་བའི་སྡུག་སྦྱོང་མང་པོ་ཡོད་པ་དེ་རེ་རེ་བྱས་ནས་བགྲང་ཐུབ་ཀྱི་མ་རེད། ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ང་འདྲ་བོ་ལ་ཆ་བཞག་ན། སྤྱི་ལོ་ ༡༩༩༦ ལོར་༧གོང་ས་མཆོག་སྐུ་ཉིད་དང་དབུས་བོད་མིའི་སྒྲིགས་འཛུགས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་གསལ་སྒྲགས་བྱས་དུས་ནས་བཟུང་བཟོད་སྒོམ་བྱེད་སྡད་ཡོད། དེ་དུས་ནས་བཟུང་། རྡོ་རྗེ་ཤུགས་ལྡན་ཐོག་ལ་བྱུང་བའི་བཀག་སྡོམ་མེད་པ་བཟོ་བའི་ཆེད་མི་མང་པོས་སྐད་འབོད་བྱས་ནས་ཁོ་ཚོའི་རེ་བ་དེ་༧གོང་ས་མཆོག་ལ་ཞུ་འབོད་བྱས་ཡོད་པ་རེད། འདི་དམངས་གཙོའི་ལམ་ལུགས་དང་མི་མཐུན་པར་དྲང་པོ་མ་ཡིན་པར། མི་སྤྱོད་ལས་འདས་པ་དང་ང་ཚོའི་རྩ་བའི་ཐོབ་ཐང་དང་རང་དབང་འཕྲོག་ཡོད་པ་རེད། གནས་ཚུལ་འདིས་སྐུ་ཉིད་ཀྱི་ཕྱག་ལས་ལ་གྲུབ་འབྲས་མེད་པ། ༧མགོན་པོ་ཉིད་ཀྱི་དགོངས་པའི་བསྒྲུབ་བྱ་དེ་ལ་སྐུ་ཉིད་ཀྱིས་བོད་མི་ཚོར་གནང་བའི་དམངས་གཙོའི་ལམ་ལུགས་ཀྱི་ལེགས་སྐྱེད་མེད་པ་དང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་རེ་བ་ལ་ངོས་ལེན་བྱས་མེད་པ་རེད།
ང་རང་ཚོ་ཚང་མ་བོད་མི་ཡིན་པ་དང་། ཆོས་གང་བྱེད་ཉམས་ལེན་གང་བྱེད་ཀྱང་ཁྱད་པརམེད། ང་ཚོ་ཆོལ་ཁ་གསུམ་གང་ནས་ཡིན་པ་དང་ད་ལྟ་གང་དུ་བསྡད་ཡོད་ཀྱང་ཁྱད་པར་མེད། ང་ཚོ་ཚང་མས་སྐུ་ཉིད་ལ་དད་གུས་དང་བརྩེ་བ་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོ་སྤྱི་ལོ་༡༩༩༦ལོ་ནས་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་གནང་བའི་རྐྱེན་གྱིས་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་རེད། ང་ཚོས་སྐུ་ཉིད་ཧ་ཅང་དྲན་གྱི་འདུག ངས་གང་ཤེས་པ་དེ་ངས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་མུ་འཐུད་ནས་བསྟེན་གསོལ་བྱེད་པ་ཡིན་ན། སྐུ་ཉིད་ཀྱི་གསུང་ཆོས་ལ་བཅར་ཆོག་གི་མེད་པ་དང་། ཆོས་ལ་མ་བརྟེན་པའི་གསུང་བཤད་གནང་ས། དེ་བཞིན་ཚོགས་ཞུགས་གང་འདྲ་ཞིག་ཡིན་ཀྱང་དེ་ལ་བཅར་མི་ཆོག་ཞེས་སྐུ་ཉིད་ཀྱིས་བཀའ་གནང་ཡོད་པ་རེད། མགོན་པོ་ཉིད་ང་ཚོའི་དབུ་ཁྲིད་ཡིན་པའི་ཆ་ནས། ངས་གུས་པ་ཆེན་པོའི་སྒོ་ནས་ཞུ་ཆོགབོད་མི་ཚང་མ་སྐུ་ཉིད་ཀྱི་ཆོས་དང་མ་འབྲེལ་བའི་གསུང་བཤད་དང་། ང་ཚོ་སྒར་གྱི་ཆོས་ཕྱོགས་ཀྱི་གོམས་འདྲིས་ལ་མ་ལྟོས་པར་བཀའ་སློབ་གནང་སར་བཅར་ཆོག་པའི་ཆོག་མཆན་ཞིག་གནང་རོགས་གནང་ཞུ་རྒྱུ། ཤེས་བཞིན་དུ་ང་ཚོས་ཆོས་ཀྱི་དམ་ཚིག་ཞུས་ཡོད་པས་ང་ཚོ་སྐུ་ཉིད་ཀྱི་གསུང་ཆོས་ལ་བཅར་ཆོག་གི་མེད་པ་རེད། ཡིན་ནའང་། རྒྱལ་ཁབ་ཞིག་གི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོས་དང་མ་འབྲེལ་བའི་གསུང་བཤད་གནང་དུས་དེར་མི་མང་མཉམ་དུ་བཅར་བ་ལ་དམིགས་བསལ་གྱི་ཆོས་དང་འབྲེལ་བའི་དམ་ཚིག་སྲུང་དགོས་པ་དེ་འདྲ་གང་ཡང་ཡོད་པ་རེད་པས།
བརྙན་འཕྲིན་གཟིགས་རོགས། ‘Dalai Lama bans Dorje Shugden practice and expels monks‘
– ཡུ་ཊུབ་ཏུ་གཟིགས་རོགས། https://www.youtube.com/watch?v=YQa0mZEtRGA
– གསབ་ལེན་པར་གཟིགས་རོགས། https://bit.ly/2I3gcP4
ངས་སྙིང་ཐག་པ་ནས་དད་གུས་ཆེན་པོའི་ངང་ནས། སྐུ་ཉིད་ལ་སོ་སོའི་མི་མང་དེ་ཚོའི་ཆོས་དད་ལ་ལྟོས་ནས་དབྱེ་འབྱེད་མ་གནང་བའི་ཆེད་ནན་གྱིས་ཞུ་འབོད་བྱེད་ཀྱི་ཡོད། ང་ཚོ་ཆོས་ལུགས་གང་ནས་ཡིན་ཀྱང་ཁྱད་པར་མེད། ཡང་ན་གལ་སྲིད་ང་ཚོ་དཀོན་མཆོག་གསུམ་ཁས་མ་ལེན་མཁན་ཡིན་ནའང་། བོད་པའི་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་ཡོད་པ་བཟོ་རོགས་གནང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་མ་ཉེས་ཁ་གཡོག་བྱས་པའི་སྒྲིགས་གཞི་ཞེ་དྲགས་མ་བཀོད་རོགས་གནང་བཅས་ཞུ་རྒྱུ། བོད་མི་ཚང་མའི་ཆེད་དུ་ཡིན་ཞེས་པའི་བྱེད་སྒོ་དེ་དག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ཕྱིར་འབུད་མ་གནང་རོགས་གནང་ཞུ་རྒྱུ་ཡིན། ཡོངས་གྲགས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་གསུང་བཤད་གནང་དུས་སོ་སོའི་མི་སེར་སུ་འདྲ་ཞིག་ཡིན་རུང་བཅར་ཆོག་པའི་ཆོག་མཆན་གནང་ཞིང་ཆོས་ལུགས་དང་། རྒྱབ་ལྗོངས། མི་རིགས། ཕོ་མོ་ལ་ཁྱད་པར་ཡོད་པ་མ་རེད། བོད་མི་ཚང་མ་ལ་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་སྐབས་ལ་བཅར་ཆོག་པའི་ཐོབ་ཐང་ཡོད་དགོས་པ་དང་། བོད་པའི་སྤྱི་ཚོགས་ནང་འདྲ་མཉམ་སྤྱོད་ནས་དགའ་དགའ་སྤྲོ་སྤྲོ་ངང་ནས་སྡད་དགོས། གལ་ཏེ་དེ་བཀག་སྡོམ་གནང་མེད་པ་ཡིན་ན། ང་ལ་འགའ་ཤས་བཤད་རྒྱུ་ཡོད། ང་དང་ཤུགས་ལྡན་བསྟེན་མཁན་སྟོང་ཕྲག་མང་པོས་ང་ནང་བཞིན་བཀག་སྡོམ་གོ་བཙུགས་པ་ནས་བཟུང་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་༧གོང་ས་མཆོག་ལ་ཞུ་འབོད་བྱེད་དགོས་དོན་མེད།
འགའ་ཞིག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་རྒྱ་ནག་གཞུང་མཉམ་དུ་ངན་པ་ཁ་མཐུན་བྱེད་ནས་༧གོང་ས་མཆོག་དང་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་བར་དཀྲུག་ཤིང་རྒྱབ་ཀྱི་འདུག་ཟེར་བ་ནི་བདེན་པའི་ཆ་ཕྲ་མོའང་མེད། གཅིག་བྱས་ན་བོད་མི་འགའ་ཤས་ལ་འགྲོ་ས་ཡོད་རེད། འདི་འཛམ་གླིང་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རྟེན་རྟེན་བདེན་པ་མིན་པ་དང་ང་ལ་ཡིན་ནའང་དངོས་ནས་འགྲོ་ས་མེད་པ་རེད། དེ་ལ་འཛམ་གླིང་གང་སར་གཞུང་དང་མཉམ་དུ་གསང་བའི་ཐོག་ཁྲིམས་འགལ་གྱི་ལས་ཀ་ལས་མཁན་བོད་མི་མང་པོ་ཡོད་རེད། ཡིན་ནའང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དེ་འདྲ་གང་ཡང་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དེའི་ཁོངས་སུ་མ་བཅུག་རོགས་གནང་ཞུ་རྒྱུ་ཡིན། ༧གོང་ས་མཆོག་ལ་གནོད་པའི་ཆེད་དུ་ངས་ད་ལྟ་བར་སུ་ཞིག་དང་མཉམ་དུ་གསང་བའི་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱེད་མེད། ང་རང་ནང་པ་སངས་རྒྱས་པའི་གྲྭ་པ་ཞིག་ཡིན་པ་དང་ངས་ང་རང་གི་བྱང་སེམས་ཀྱི་སྡོམ་པ་དེ་གལ་ཆེན་པོ་དང་བརྟན་པོའི་ཐོག་ནས་འཛིན་གྱི་རེད། ངས་༧གོང་ས་མཆོག་ལ་གནོད་པའི་ཚིགས་གཅིག་ཀྱང་བཤད་མེད། ངས་༧གོང་ས་མཆོག་ལ་སྒེར་དང་སྤྱི་ཚོགས་མཉམ་དུ་དུས་ནམ་ཡང་ངོ་རྒོལ་བྱེད་མེད། ༧གོང་ས་མཆོག་ལ་ངས་ཡིད་ཆེས་དང་དད་གུས་རླག་མེད། ང་༧གོང་ས་མཆོག་གི་གསུང་བཤད་དང་གསུང་ཆོས་ལ་བཅར་ཆོག་པའི་ཉིན་མོ་དེ་སྒུག་སྡད་ཡོད། དངོས་གནས་བྱས་ན། ང་ལོ་བཅོ་ལྔ་ཡིན་དུས་སྐབས་ནས་བཟུང་ག་དུས་ཡིན་ནའང་༧གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཐོབ་འདོད་ཡོད། ང་ན་གཞོན་གྱི་དུས་ནས་བཟུང་། ངས་༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཡོད་པ་དང་། ད་དུང་མུ་འཐུད་ནས་བྱེད་བཞིན་ཡོད།
༧གོང་ས་མཆོག་གི་མཁྱེན་པ་བཞིན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་ལོ་བཞི་བརྒྱ་ལྷག་སོང་ཚར་བ་རེད། དེ་ཐོག་མར་ས་སྐྱ་པའི་ནང་ནས་བསྟེན་གསོལ་བྱུང་བ་རེད། དེ་ནས་ས་སྐྱའི་རྩ་ཆེན་ཆོས་བརྒྱུད་ནས་དགེ་ལུགས་ཏུ་དེའི་རྒྱུན་རིམ་པ་བཞིན་བྱུང་བ་རེད། ང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་ནི་ང་ཚོའི་བླ་མའི་ཆོས་དང་འབྲེལ་བའི་དམ་ཚིག་ཡིན་པས། དེ་ཕྱིར་བསྟེན་གསོལ་བྱེད་བཞིན་ཡོད་པ་ལས་གཞན་རྒྱུ་མཚན་གཞན་དག་གང་ཡང་ཡོད་པ་མ་ཡིན་ནོ།། ང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ངའི་རྩ་བའི་བླ་མ༧སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོག་ནས་སྩོལ་བ་ཡིན་པས་དེ་བསྟེན་གསོལ་བྱེད་ཀྱི་ཡོད་པ་དང་། དེ་བསྟེན་གསོལ་བྱེད་པའི་ཆེད་དུ་ངའི་བླ་མས་ལམ་སྟོན་གནང་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ངའི་བླ་མའི་དམ་ཚིགས་བཞིན་མུ་མཐུད་ནས་བྱེད་ཀྱི་ཡོད། གལ་སྲིད་ངས་མཚམས་བཞག་པ་ཡིན་ན། དེ་ནས་ངའི་བླ་མའི་དམ་ཚིག་དེ་གཏོར་འགྲོ་ཡི་འདུགཡིན་ནའང་ངས་ང་རང་བླ་མའི་དམ་ཚིག་དེ་མུ་འཐུད་ནས་བཟུང་གི་ཡོད་པ་དང་། དེ་ནས་བསོད་ནམས་དམན་པའི་རྐྱེན་གྱིས་༧གོང་ས་མཆོག་ལ་ཐུགས་ཉེས་པོ་མེད་པ་ཆགས་འགྲོ་གི་ཡོད་པ་འདི་འདྲ་མཐོང་གི་འདུག ༧གོང་ས་མཆོག་གི་ཐུགས་ཉེས་པོ་མེད་པ་བཟོ་འདོད་མེད། ཡིན་ནའང་ངས་ང་རང་གི་བསྟེན་གསོལ་དེ་མི་གཞན་སྟོང་ཕྲག་གིས་བྱེད་པ་བཞིན་མུ་མཐུད་ནས་བྱེད་དགོས་འདུགགང་ཡིན་ཞེ་ན་འདི་ཚོ་ཚང་མ་ངའི་བླ་མས་བཀའ་རེད། ང་ཚོས་རྩ་བའི་བླ་མའི་བཀའ་བཅག་རྒྱུ་མེད་པ་དང་། རྩ་བའི་བླ་མ་དང་མཉམ་དུ་ཁས་ལེན་གང་བྱས་པ་དེ་འཛིན་དགོས་པ་རེད། ༧གོང་ས་མཆོག་ནི་འདི་འདྲའི་རྩ་ཆེན་སྡོམ་པ་དང་དམ་ཚིག་གི་སྐོར་ལ་གསལ་པོར་མཁྱེན་གྱི་ཡོད་པ་རེད།
ངས་རྒྱ་ནག་མཉམ་དུ་གསང་བའི་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱེད་ཆེད་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་དེ་འདྲ་རྩ་བ་ཉིད་ནས་མིན་པ་དང་། ངས་ཆོས་ཀྱི་ཆེད་དུ་ཁོ་ན་མ་གཏོགས་གཞན་རྡོ་རྗེ་ཤུགས་ལྡན་དུས་ནམ་ཡང་བསྟེན་གསོལ་བྱེད་ཀྱི་མ་རེད། དེ་ལ་རྡོ་རྗེ་ཤུགས་ལྡན་དེ་འཇིག་རྟེན་ལས་འདས་པའི་སྲུང་མ་ཡིན་པ་དང་མིན་པའི་སྐོར་རིགས་པའི་རྩོད་པ་ཡོད་སྲིད་ཀྱི་རེད། ང་ཚོས་ངོ་བོ་འཇིག་རྟེན་ལས་འདས་པ་དང་། རྣམ་པ་འཇིག་རྟེན་པའི་རྣམ་པར་ཤར་བ་ཡིན་པ་འདོད་ཀྱི་ཡོད། ཡིན་ནའང་༧གོང་མཆོག་གིས་ང་ཚོ་ལ་དབྱེ་འབྱེད་མེད་པར་བསྟེན་གསོལ་བྱེད་ཆོག་པའི་ཆོས་དད་རང་དབང་གནང་བ་ཡིན་ན་དེ་ལ་སྐྱོན་གང་ཡང་ཡོད་པ་མ་རེད།
འགའ་ཞིག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བཀག་སྡོམ་བྱེད་མེད་ཟེར་ཀྱང་༧གོང་ས་མཆོག་གིས་གསུང་ཚིག་དེ་ཚོ་ལ་ནུས་པ་ཞེ་དྲག་ཆེན་པོ་འདུག༧གོང་ས་མཆོག་ནས་གསུང་བཤད་འགའ་ཤས་ཀྱི་སྐབས་སུ། ༧ཡང་ན་༧གོང་ས་མཆོག་བདམ་དགོས་པ་དང་། ཡང་ན་རྡོ་རྗེ་ཤུགས་ལྡན་བདམ་དགོས་ཀྱི་ཤུགས་དྲག་པོས་ཐོག་ནས་གསུངས་ཀྱི་ཡོད་པ་དང་། དེས་མི་མང་པོ་ཞིག་ལ་བཙན་དབང་བྱས་ནས་བདམ་བཅུག་པས་གནོད་སྐྱོན་ཤུགས་ཆེན་པོ་ཕོག་གི་འདུག རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རང་བཞིན་གྱིས་མཐོང་ཆུང་གཏོང་གི་འདུགཞེ་ལོག་བྱེད་ཅིང་སྨད་ར་གཏོང་གི་འདུགམགོན་པོ་མཆོག་གི་དགྲ་རེད་ཅེས་ཚིག་ངན་སྣ་ཚོགས་དང་མིང་འདོགས་ངན་པ་སྣ་ཚོགས་འདོགས་ཀྱི་འདུག ས་ལོ་ངོ་ཉི་ཤུས་རིང་༧གོང་ས་མཆོག་ནས་ས་གནས་མང་པོ་ཞིག་ལ་ཚར་མང་པོ་ཞིག་མི་མང་ཚོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་དོར་དགོས་རེད་ཅེས་གསུངས་ཀྱི་འདུག གལ་ཏེ་ཁོ་ཚོས་མ་བྱེད་ན། ༧གོང་ས་མཆོག་གི་ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་གསུང་བཤད་གང་དུའང་བཅར་མི་ཆོག་པས་གྱོང་གུད་ཅན་ཞིག་རེད། གང་ཡིན་ཞེ་ན་སྐུ་ཉིད་ཀྱི་གསུང་ཚིག་དེ་དག་ནི་བོད་པའི་སྤྱི་ཚོགས་ནང་ལ་སྒྲིགས་ཁྲིམས་ལྟ་བུ་ཞིག་རེད། སྐུ་ཉིད་ནས་དམ་བསྒྲགས་ཆེན་པོའི་སྒོ་ནས་དེ་ཚོ་བཀག་སྡོམ་རེད་ཅེས་དངོས་སུ་གསུངས་དགོས་ཡོད་པ་མ་རེད། ཡིན་ནའང་མགོན་པོ་ཉིད་ནས་ཐུགས་མི་དགའ་བ་ཙམ་གྱི་བཀག་སྡོམ་མཚོན་གྱི་ཡོད་པ་རེད། མུ་མཐུད་ནས་བསྟེན་གསོལ་བྱེད་མཁན་ང་ཚོ་ནི་ཆོས་དད་ཀྱི་རྐྱེན་གྱིས་བསྟེན་པ་ཡིན་པ་དང་། དེ་ལ་དབྱེ་འབྱེད་བྱེད་ཅིང་དམའ་འབེབ་བྱེད་ཀྱི་ཡོད་པས་དེ་ནི་དམངས་གཙོའི་ལམ་ལུགས་ནང་དེ་འདྲ་མེད་པ་ཞིག་དགོས་པ་རེད། བོད་པའི་སྤྱི་ཚོགས་ནང་སྐུ་ཉིད་ཀྱི་གསུང་ཚིག་དེ་དག་ལ་ནུས་པ་ཆེན་པོ་ཞེ་དྲག་ཡོད་པ་རེད། སྐུ་ཉིད་ཀྱི་ཐུགས་མ་དགའ་ནས་གསུང་ཚིག་སྟོན་པ་ཙམ་གྱིས་བཀག་སྡོམ་གནང་བ་དང་གཅིག་མཚུངས་རེད། ཡིན་ནའང་༧གོང་ས་མཆོག་ནས་ཆ་ཚང་མཁྱེན་གྱི་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་གང་འདྲ་བྱེད་ནས་དེ་འདྲ་ཡོང་གི་ཡོད་པ་དང་། ནུབ་ཕྱོགས་པའི་དབུ་ཁྲིད་ཚོས་དེ་འདྲ་བྱེད་ས་མེད་པ་རེད།
བརྙན་འཕྲིན་གཟིགས་རོགས། ‘The Dalai Lama: The Devil Within (Al Jazeera)‘
– ཡུ་ཊུབ་ཏུ་གཟིགས་རོགས། http://www.youtube.com/watch?v=rKu2j4lLbH4
– གསབ་ལེན་པར་གཟིགས་རོགས། https://bit.ly/2KsylnP
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ལ་བརྟེན་ནས་ང་རང་ལ་སྤྱི་ཚོགས་དྲ་ལམ་ནས་རྒོལ་འཛིངས་དང་སྐྱོན་བརྗོད་བྱས་བྱུང་། གནས་དོན་དེའི་རྐྱེན་གྱིས་གྲྭ་པ་ཉམས་ཆུང་བརྒྱ་ཕྲག་ལྷག་དགོན་པ་བཞག་ནས་འགྲོ་སོང་། སྤྱི་ལོ་ ༢༠༠༩ ལོར། ཨལ་ཛ་ཛི་ར་ཞེས་པའི་ཚད་ལྡན་གསར་ཁང་སྐད་གྲགས་ཆེན་པོ་ཞིག་གིས། རྒྱ་གར་དང་བལ་ཡུལ་དེ་ནས་འཛམ་གླིང་གང་སར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དེ་ཚོ་སྡུག་པོ་མྱོང་སྡད་ཡོད་པར་ཞིབ་འཇུག་བྱས་ནས་ཤེས་སོང་ཞེས་རྒྱལ་སྤྱིའི་གསར་འགྱུར་ནང་བསྟན་པ་རེད། ཨལ་ཛ་ཛི་རས་གསར་འགྱུར་གྱི་འགོ་བརྗོད་དུ་གསལ་པོར་བསྟན་འདུག དེང་སང་གི་དུས་དང་དུས་རབས་འདི་ལ་སུ་ཞིག་ནས་གཞན་གྱི་ཆོས་དད་ལ་སྐྱོན་བརྗོད་དང་འཐབ་རྒོལ་བྱེད་ཆོག་གི་མ་རེད། ངས་གུས་ཞབས་དང་ལྡན་པའི་ཐོག་ནས་ཞུ་རྒྱུ་ལ། ཡུལ་གྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་ཆོས་སྲིད་གང་གི་ཐོག་ལ་གསུང་བཤད་གནང་དུས་དེ་ཡོང་ཆོག་མི་ཆོག་གི་ཁྱད་པར་ཕྱེ་ན་མི་འགྲིགས། གང་ཡིན་ཞེ་ན་དེས་མི་མང་བར་ལ་ཁ་བྲལ་གཏོང་གི་ཡོད་པ་རེད། དབུ་ཁྲིད་ཚང་མས་དམང་གཙོའི་ལམ་ལུགས་གཞིར་བཟུང་ནས། ཆོས་ཕྱོགས་དང་། མི་རིགས། ཕོ་མོ་སོགས་འདྲ་མཉམ། དྲང་པོ་དྲང་རྐྱང་གི་སྒོ་ནས་ཐུན་མོང་གི་ཁེ་ཕན་ལོངས་སུ་སྤྱོད་དགོས། ང་ཚོ་ལ་རྒྱ་གར་དུ་གནས་པའི་བོད་པའི་སྤྱི་ཚོགས་ནང་ལ་ཡང་འདི་འདྲ་བ་ཞིག་གི་དམངས་གཙོའི་ལམ་ལུགས་དགོས། སྔོན་མ་ནས་ཕན་ཚུན་འགྲན་རྩོད་ཚད་ལས་བརྒལ་བ་མཐུན་ལམ་མ་བྱུང་བའི་གནོད་པ་ཅན་གྱི་དོན་རྐྱེན་མང་པོ་བྱུང་བའི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ང་ཚོ་ལ་ཆིག་སྒྲིལ་དང་མཐུན་ལམ་བཟོད་སྒོམ་བྱེད་དགོས། སྐུ་ཉིད་ཀྱི་ཁོ་ཚོ་ལ་གང་འདོད་པའི་ཆོས་ལུགས་དེ་དབྱེ་འབྱེད་མེད་པའི་སྒོ་ནས་བསྟེན་གསོལ་བྱེད་དུ་བཅུག་རོགས་གནང་ཞུ་རྒྱུ་ཡིན།
༧གོང་ས་མཆོག་སྐུ་ཉིད་ནས་བོད་མི་མང་ལ་ཕན་ཐོགས་གནང་གི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་དང་། སྐུ་ཉིད་ཀྱིས་ཐུགས་ཐགས་གཅོད་པའི་ལས་དོན་ཁ་ཤས་མི་ཁ་ཤས་ལ་ཕན་གྱི་ཡོད་ཀྱང་། མི་མང་པོ་ཞིག་ལ་གནོད་སྐྱོན་ཡོང་གི་འདུག རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་དེ་བཀག་སྡོམ་གནང་བ་དེས། ང་དང་བཅས་པ་བོད་མིའི་སྤྱི་ཚོགས་ལ་གནོད་སྐྱོང་བྱུང་སྡད་ཡོད་པ་རེད། འདི་སྐོར་མཁྱེན་པ་གནང་རོགས་གནང་ཞུ་རྒྱུ།
བརྙན་འཕྲིན་གཟིགས་རོགས། ‘RT News: Key highlights of the meeting between North and South Korea’s leaders‘
– ཡུ་ཊུབ་ཏུ་གཟིགས་རོགས། http://www.youtube.com/watch?v=KHaqUl9rshM
– གསབ་ལེན་པར་གཟིགས་རོགས། https://bit.ly/2I8NTim
འཛམ་གླིང་ནང་གློ་བུར་དུ་འགྱུར་བ་ཕྱིན་ཡོད་པ། བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་དབུ་ཁྲིད་ཚོས་མཐུན་འབྲེལ་བསྐྱར་གསོ་བྱེད་པ་དེ་ཚོ་ལ་ང་ཚོས་དབུ་ཁྲིད་ཚོས་དཔེ་བལྟ་དགོས་འདུག གནས་ཚུལ་འདི་ཚོ་ཉིན་འགའ་ཤས་སྔོན་ལ་བྱུང་བ་རེད། སྤྱི་ལོ་༢༠༡༨ཕྱི་ཟླ་ ༤ཚེས་ ༢༧ཉིན་འདི་འདྲ་བྱུང་ཡོད་པ་རེད། དེ་འདྲ་ཡོང་གི་ཡོད་པ་རེད་བསམ་མཁན་སྔོན་མ་སུ་ཞིག་གིས་ཀྱང་དྲན་ཡོད་པ་མ་རེད། འདི་ལྷོ་བྱང་ཀོ་རི་གཉིས་ཀྱི་མི་མང་ཚོ་ལ་ཧ་ལས་པའི་གནས་ཚུལ་ཆེན་པོ་རེད། ངས་ཁོ་ཚོ་བསྐྱར་དུ་འབྲེལ་བ་ཡག་པོ་ཆགས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེ་ག་ནང་བཞིན་གལ་ཏེ་ང་ཚོ་ཕན་ཚུན་བསམ་བློ་རྒྱ་ཆེན་པོ་བཏང་ནས། ངས་བལྟས་པ་ཡིན་ན་རྟེན་རྟེན་སྐུ་ཉིད་དང་ལྷན་དུ་ང་ཚོ་ཕན་ཚུན་འབྲེལ་བ་བཟང་པོ་བསྐྱར་མཐུད་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག བྱང་ཀོ་རི་ཡ་དང་ལྷ་ཀོ་རི་ཡ་གཉིས་ཀྱི་བར་ཕན་ཚུན་ལོ་རྒྱུས་ཀྱི་ཐོག་ནས་ཐུགས་འཕྲད་བྱུང་བ་ལ་རྙོག་གྲ་ཆེན་པོ་བྱུང་ཡོད་པ་བཞིན་། ངས་༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་བར་ལ་དེ་འདྲ་པོ་རྙོག་དྲ་ཆེན་པོ་གང་ཡང་ཡིན་གྱི་མ་རེད་བསམ་གྱི་ཡོད་པས།ང་ཚོ་ཡང་བསྐྱར་དུ་མགྱོགས་པོ་ཆིག་སྒྲིལ་བྱེད་དགོས།
དེ་ག་ནང་བཞིན་དུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་མཐུན་ལམ་དེ་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ། རྒྱ་གར་སྲིད་གྱི་སྲིད་འཛིན་དཔལ་ལྡན་ན་རེན་དྷ་མོ་དི་མཆོག་དང་རྒྱ་ནག་གི་སྲིད་འཛིན་དཔལ་ལྡན་ཞི་ཛིང་པིང་མཆོག་གཉིས་ཁོང་ཚོའི་བར་གྱི་འབྲེལ་བ་དེ་དག་ལེགས་ཏུ་འགྲོ་བཞིན་པ་ང་ཚོ་ཚང་མས་མཐོང་གི་ཡོད། ཁ་དམག་རྒྱབ་ཡ། བསམ་བློ་མི་མཐུན་པ། བསམ་བློ་གུ་ཡངས་མེད་པ་སོགས་ཀྱི་ཐོག་ནས་བསྡད་བསྡད་པ་ཡིན་ན་སུ་གང་ཞིག་ལ་ཕན་ཐོགས་ཡོད་པ་མ་རེད། རྒྱ་གར་དང་རྒྱ་ནག་གཉིས་མཐུན་ལམ་ཡག་པོ་ཞིག་ཡོང་བ་ལ་དུས་ཚོད་ཞེ་དྲག་འགོར་གྱི་རེད། སྔོན་དུ་འདི་འདྲ་ཇི་ལྟར་ཡོང་གི་ཡོད་དམ་བསམ་པའི་སྐོར་ཐེ་ཚོམ་ཅན་རེད། ཡིན་ནའང་དེ་བྱུང་སོང་། རྒྱ་ནག་དང་རྒྱ་གར་གཉིས་མཐུན་ལམ་ཡག་པོ་ཆགས་པ་ཡིན་ན། འཛམ་གླིང་ཡོངས་ལ་ཕན་བརླབས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་རེད། མི་མང་ཕན་ཚུན་མཐུན་ལམ་ཐོག་མཉམ་གནས་བྱུང་སྲིད་པ་དང་། ངེས་པར་དུ་མཉམ་གནས་བྱེད་དགོས་པའི་གནས་ཚུལ་ཡང་གལ་ཆེན་པོ་ཆགས་སྲིད་པ་རེད། གལ་ཏེ་དེ་འདྲ་ཡོང་བར་དབུ་ཁྲིད་ཆེན་པོ་དེ་ཚོས་བསམ་བློ་རྒྱ་ཆེན་པོ་གཏོང་བའི་སྒོ་ནས་བྱེད་ཐུབ་ཀྱི་ཡོད། རྟེན་རྟེན་༧གོང་ས་མཆོག་རང་ཉིད་ནས་སྐུ་ཉིད་དང་རྡོ་རྗེ་ཤུགས་ལྡན་བར་གྱི་དབྱེ་མཚམས་ཕྱེ་ཡོད་པ་དེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མཉམ་དུ་མཐུན་ལམ་ཇི་ལྟར་བཟོ་དགོས་ཚུལ་གསལ་པོར་མཁྱེན་ཐུབ་ཀྱི་རེད། ང་ཚོ་སྐུ་ཉིད་དང་ལྷན་དུ་ཡང་བསྐྱར་གཅིག་ཏུ་སྒྲིལ་འདོད་ཡོད། སྐུ་ཉིད་ནས་ཁོ་ཚོའི་ཆོས་དད་ལ་མ་ལྟོས་པར་གཅིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན།
བརྙན་འཕྲིན་གཟིགས་རོགས། ‘The Quint: Key highlights of the meeting between Indian PM Modi and Chinese President Xi‘
– ཡུ་ཊུབ་ཏུ་གཟིགས་རོགས། http://www.youtube.com/watch?v=KPh68dX6u7k
– གསབ་ལེན་པར་གཟིགས་རོགས། https://bit.ly/2jn1lBe
ཉེ་ཆར་སྤྱི་ལོ་༢༠༡༨ཕྱི་ཟླ་ ༤ཚེས་ ༢༥ཉིན་༧གོང་ས་མཆོག་རང་ཉིད་ཀྱིས་རྒྱ་ནག་གཞུང་ནས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་དཔེ་སྦྱར་ནས་བསྐོར་ནས་ངོས་ལེན་གནང་ཡོད་པ་རེད། དེ་ལ་པཎ་ཆེན་རིན་པོ་ཆེ་གཉིས་ཡོང་སྲིད་ཀྱི་རེད་ཅེས་༧གོང་ས་མཆོག་གིས་ཤུགས་ལ་བསྟན་ཡོད་པ་དང་། ཤིན་ཏུ་ཕྲ་མོ་ཡིན་ཀྱང་གསལ་པོ་གཏིང་ཟབ་པོ་བཀའ་སློབ་དེ་ངས་གསལ་པོར་ཤེས་བྱུང་། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་དང་། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་གཉིས་ཀ་དེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དངོས་གནས་ཡིན་པ་གསུངས་འདུག འདི་ཧ་ཅང་ཡ་མཚན་ཅན་གྱི་གནས་ཚུལ་ཡིན་པ་དང་། རྒྱ་ནག་དང་མཉམ་དུ་མཐུན་ལམ་སྐྲུན་རྒྱུ་དེ་༧གོང་ས་མཆོག་ནས་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།རྒྱ་ནག་གཞུང་གི་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་ལ་བསྐོར་ནས་ངོས་འཛིན་གནང་བར་ང་ཞེ་དྲག་དགའ་པོ་བྱུང་། འདིས་བོད་མི་མང་ཚང་མའི་དོན་དུ༧གོང་ས་མཆོག་དང་རྒྱ་ནག་གཞུང་གི་བར་གྲོས་སྡུར་ཡག་པོ་བྱེད་པར་མེད་དུ་མི་རུང་བ་བའི་སེམས་ཚོར་བཟོ་ཐུབ་ཀྱི་རེད། གཅིག་བྱས་ན་བོད་དང་རྒྱ་ནག་ལ་ཆིབས་བསྒྱུར་གནང་ནས་སྐུ་ཉིད་པོ་ཏཱ་ལར་ཕེབས་པའི་གཟིམ་ལམ་བཞིན་དོན་འགྲུབ་ཐུབ་ཀྱི་ཡོད་པར་མངོན་གྱི་འདུག ༧གོང་ས་མཆོག་ནས་འདི་འགྲུབ་དགོས་པ་དགོངས་པ་བཞིན་ང་ཡང་དེ་ག་རང་འདོད་ཀྱི་ཡོད། འདི་འགྲུབ་པར་ངས་ཞེ་དྲགས་རེ་བ་རྒྱབ་ཀྱི་ཡོད། ༧གོང་ས་མཆོག་བོད་པའི་མི་རིགས་ཞིག་ཡིན་པའི་ཆ་ནས་བོད་ཡུལ་དྲན་གྱི་ཡོད་པ་དང་། ཤུགས་ལྡན་བསྟེན་མཁན་དང་མ་བསྟེན་མཁན་གཉིས་ཀས་ཡིད་ལ་༧གོང་ས་མཆོག་དྲན་གྱི་ཡོད་པ་རེད།
བརྙན་འཕྲིན་གཟིགས་རོགས། ‘His Holiness the Dalai Lama’s extraordinary comments on His Holiness the 11th Panchen Lama‘
– ཡུ་ཊུབ་ཏུ་གཟིགས་རོགས། http://www.youtube.com/watch?v=8hsyWE-fhZU
– གསབ་ལེན་པར་གཟིགས་རོགས། https://bit.ly/2HLnBzd
ད་འདྲ་སོང་ཙང་། ལག་གཉིས་ཐལ་མོ་སྦྱང་ཞིང་པུས་མོ་ས་ལ་བཙུགས་ཏེ། ངས་༧གོང་ས་མཆོག་གི་སྐུ་མདུན་ལ་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱས་པའི་མིང་ངན་པ་དང་། བསྒྲགས་གཏམ་ངན་པ། ལོག་བཤད། གཞུང་དང་རྡ་ས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ནང་འཇོག་པ་དེ་ཚོ་རྣམས་མེད་པ་བཟོ་རོགས་གནང་བཅས་ཞུས་ཀྱི་ཡོད། དེ་རྗེས་རྡོ་རྗེ་ཤུགས་ལྡན་ཐོག་ལ་བྱུང་བའི་བཀག་སྡོམ་རྣམས་མེད་པ་ཆགས་ཐུབ་ཀྱི་རེད། ངས་༧གོང་ས་མཆོག་ལ་བོད་མི་ཚོའི་ཆོས་དད་གང་ལ་ཡོད་མེད་ལ་མ་ལྟོས་པར་གཅིག་ཏུ་སྒྲིལ་རོགས་གནང་ཞེས་གུས་ཞབས་ཆེན་པོའི་སྒོ་ནས་ཞུས་ཀྱི་ཡོད། ༧གོང་ས་མཆོག་དང་རྡོ་རྗེ་ཤུགས་ཀྱི་བར་ལ་གཅིག་བདམ་དགོས་པ་རེད་ཅེས་པ་འདི་རྩ་བ་ནས་མ་གསུངས་རོགས་གནང་། ང་ཚོས་བཙན་དབང་གི་སྒོ་ནས་གཅིག་བདམ་ནས་གཞན་པ་དེ་དོར་འདོད་མེད། ང་ཚོས་དམངས་གཙོའི་ལམ་ལུགས་དངོས་གནས་དེར་བདམ་ག་བྱེད་ཚུལ་བཟོ་ཆོག་གི་མ་རེད། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཡིན་མཁན་བླ་རྒན་མང་པོ་སེམས་ལ་དཀའ་ངལ་ཕྲད་ནས་གྲོངས་ཚར་བ་རེད། གང་ཡིན་ཞེ་ན། ཁོ་ཚོ་༧གོང་ས་མཆོག་དང་རྡོ་རྗེ་ཤུགས་གཉིས་ནས་གཅིག་བདམ་འདོད་ཡོད་པ་མ་རེད། ང་ཚོས་བརྟགས་ཞིབ་བྱས་པ་ཡིན། ལོ་བརྒྱ་ཕྲག་ནས་བརྒྱ་ཕྲག་རིང་དགེ་ལུགས་ཆོས་བརྒྱུད་ནང་རྡོ་རྗེ་ཤུགས་ལྡན་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ཀ་བསྟེན་མཁན་ཡོད་པ་རེད། དེ་བཞིན་ང་ཚོས་ཀྱང་མུ་མཐུད་ནས་དེ་ལྟར་ཡོང་བའི་རེ་སྨོན་བཟང་པོ་ཡོད། བསྐྱར་དུ་གཅིག་དུ་སྒྲིལ་ཐུབ་མིན་ནི་སྐུ་ཉིད་ལ་ཐུག་ནས་བསྡད་དེ་ཡོད་པ་རེད། སྐུ་ཉིད་ཀྱི་སྐུ་དབང་རེད།
དུས་ཚོད་ཡོད་པའི་རིང་ལ་འདི་དང་འབྲེལ་བའི་དོན་ཆེན་འགའ་ཤས་ཞིག་གནང་རོགས་གནང་། ང་རང་ཚོས་ཆོས་ལུགས་གང་ལ་དད་པ་བྱེད་ཀྱང་སྐུ་ཉིད་ང་ཚོའི་དབུ་ཁྲིད་གནང་རོགས། མགོན་པོ་ཉིད་ཡང་བསྐྱར་མཇལ་ཆོག་པ་དང་། སྐུ་ཉིད་ཀྱི་རྩ་ཆེན་གྱི་བྱིན་རླབས་ཀྱིས་འོད་བརླབས་གནང་རོགས་གནང་། སྐུ་ཉིད་ནི་ཡིད་བཞིན་གྱི་ནོར་བུ་རང་རེད། བར་སྐབས་ནས་འཛམ་གླིང་ནང་འགྱུར་བ་ཆེན་པོ་འགྲོ་བའི་དོན་རྐྱེན་མང་པོ་བྱུང་བཞིན་ཡོད། དེ་ག་ནང་བཞིན་རྡོ་རྗེ་ཤུགས་ལྡན་གྱི་ཐོག་ལ་བཀག་འགོག་དེ་དག་ཀྱང་བསལ་ནས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བྱུང་བའི་མ་ཉེས་ཁ་གཡོག་ཐམས་ཅད་གཙང་མ་བཟོ་བའི་ཆེད་དུ་ངས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ཞིང་ཞུས་ཀྱི་ཡོད། རྡོ་རྗེ་ཤུགས་ལྡན་དང་དེ་བསྟེན་གསོལ་བྱེད་མཁན་ཚོར་མ་ཉེས་ཁ་གཡོག་བྱས་ནས་ལོག་བཤད་ཀྱི་དཔེ་དེབ། སྒྲ་འཇུག་བྱས་པའི་ལོག་བཤད། གཞུང་གི་དྲ་རྒྱ་སྣ་ཚོགས་ཏུ་བཀོད་པའི་ལོ་རྒྱུས་རྣམས་རྩ་མེད་བཟོ་བ་ནི་དམངས་གཙོའི་ལམ་ལུགས་ཅན་གྱི་གཞུང་དང་དབུ་ཁྲིད་ལ་མཚུངས་པོ་དང་ལེགས་པོ་ཡོད་པ་རེད། གང་ཡིན་ཟེར་ན་རྒྱུ་མཚན་དེ་དག་ཡང་དག་པ་མ་རེད།
༧སྐྱབས་མགོན་རིན་པོ་ཆེ་མཆོག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། སྐུ་ཉིད་ཀྱི་མཁྱེན་པ་དང་ཐུགས་བརྩེ་ནི་རྒྱ་མཚོ་ལྟ་བུ་ཡིན་པས་དེའི་སྒོ་ནས་སྐུ་ཉིད་ཀྱི་མི་མང་རྣམས་གཅིག་ཏུ་སྒྲིལ་རོགས་གནང་ཞུ་རྒྱུ། ང་ཚོས་ཆོས་གང་བྱེད་ཀྱང་རུང་ལྷ་གང་ལ་དད་པ་བྱེད་ཀྱང་ང་ཚོ་གཅིག་སྒྲིལ་ཡོང་བ་གནང་རོགས་གནང་། ངས་སེམས་ཀྱི་གཏིང་ནས་བསམ་པ་རྣམ་དག་ཐོག་ནས་ཞུས་པ་ཡིན། ངས་༧གོང་ས་མཆོག་ལ་རྩ་ཆེན་ངོས་འཛིན་ཞུ་གི་ཡོད། ཐུགས་ལ་མ་བབས་པ་དེ་འདྲ་གང་ཡང་ཞུས་མེད་པས། ངའི་བརྡ་ཕྲིན་དེ་ལ་གཟིགས་ནས་དགོངས་འགལ་མེད་པ་གནང་རོགས་གནང་ཞུ་རྒྱུ་ཡིན། ཡིན་ནའང་ཛ་དྲག་གི་གནད་དོན་དེ་དག་ཞུས་ས་༧གོང་ས་མཆོག་ཁོ་ན་རེད།
གུས་པས།
ལག་གཉིས་ཐལ་མོ་སྦྱར་ནས།
ཚེམས་རིན་པོ་ཆེས།
དགའ་ལྡན་ཤར་རྩེ་གྲྭ་ཚང་དང་ཀེ་ཆ་ར་ནང་པའི་ཆོས་ཚོགས།
སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣༠
ཁ་སྐོང་།
སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༥ ཉིན། རེའུ་ཊར་(Reuters)ཞེས་པ་རྒྱལ་སྤྱིའི་གསར་ཁང་སྤེལ་ཡུལ་དེས། ངའི་ཤར་གླིང་ཡེ་ཤི་ཡའི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་ཞེས་པ་དེའི་སྐོར་རྩོམ་བྲིས་དེ་སྤེལ་འདུག རྩོམ་བྲིས་འདི་ནང་ཨེ་ཤི་ཡ་དང་འཛམ་གླིང་གང་སར་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་མཐུན་ལམ་ཡག་པོ་དང་ཞི་བདེ་ཡོང་དགོས་ཞེས་པ་ངའི་བསམ་འཆར་དེའི་སྐོར་བཤད་འདུག འདི་ངའི་གོང་གི་བརྡ་ཕྲིན་ནང་གང་བཤད་པ་དེའི་སྐོར་རེད།
བོད་ཡིག་ཐོག།
མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་ཆེན་པོ་མཆོག་ནས་ཡེ་ཤི་ཡ་འགྲིགས་འཇགས་ཀྱི་སྨོན་ལམ་གསོལ་འདེབས་གནང་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གིས་ངོས་འཛིན་ཞུས་པའི། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ སྐོར་སྐུ་ཡོན་གསན་བསམ་ཡག་པོ་ཡོད་པའི་གསུང་བཤད་གནང་བ་ཡིན་པས། མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་ཆེན་པོ་མཆོག་ནས་བོད་མི་སྤུན་གྲོགས་ཡོངས་ལ་སྨོན་ལམ་གསོལ་འདེབས་གནང་ཡོད།
པེ་ཏ་ལིང་ཇ་ཡ། མ་ལེ་ཤི་ཡ། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན།
ཤར་གླིང་ཨེ་ཤི་ཡ་ནང་འཁྲུག་རྩོད་སོགས་གནས་སྟངས་ཞན་དུ་འགྲོ་ཡོད་པས། ཟླ་བ་འདི་ཞེ་དྲགས་ཀྱི་དྲན་འོས་པ་ཞིག་ཆགས་བཞིན་ཡོད་ཞེས། དགེ་ལུགས་པའི་བླ་ཆེན་དང་མ་ལེ་ཤི་ཡའི་ཀེ་ཆ་ར་ནང་པའི་ཆོས་ཚོགས་ཀྱི་ཆོས་ཀྱི་དབུ་ཁྲིད། མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་མཆོག་གིས་གསུངས་པ་རེད། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དྷར་མཱོ་དྷི་མཆོག་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་དང་གཞུང་གཉིས་བར་གྱི་འབྲེལ་བ་སླར་མཐུད་སྒྲིག་བྱེད་པར་གྲོས་མོལ་ཆེད་དུ་རྒྱ་ནག་ལ་ཕེབས་པ་རེད། དེ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡ་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཁོང་རྣམས་ཀྱི་རིག་གཞུང་གཅིག་པ་དེ་སྲུང་བརྩི་བྱེད་པ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཞིག་ཏུ་བསྒྱུར་དགོས་པའི་མཐར་ཐུག་གི་དམིགས་ཡུལ་ལ་གྲོས་མཐུན་ཡང་བྱུང་། ཀིམ་ཇུང་ཨུན་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཌ་ཊམ་མཉམ་དུ་ཡང་མགྱོགས་པོ་ཐུག་འཕྲད་གནང་ཡ་རེད་འདུག །
དེ་ག་ནང་བཞིན། ༧གོང་ས་ཆེན་པོས་ངོས་འཛིན་གནང་བའི་མངོན་གསལ་མེད་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་དགུང་ལོ་ཉི་ཤུ་རྩ་དགུ་ཕེབས་པའི་སྐུའི་འཁྲུངས་ཀར་ཉིན་མོ་དེར། ༧གོང་ས་ཆེན་པོ་མཆོག་ཁོང་རང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དེ་ཉིད། ཁུངས་ལྡན་གྱི་གནས་ཚུལ་ལྟར་ན། ཁོང་ད་ལྟ་སྐུ་འཚོ་བཞུགས་ཡོད་པ་དང་སྐུ་ཁམས་བཟང་པོ་ཡོད་པ་རེད་ཞེས། ༧གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གནང་བ་རེད།
༧གོང་ས་མཆོག་གིས་བློ་ཁ་ཕྱོགས་ཏེ། ཧང་སངས་བའི་རྣམ་པ་དང་བཅས་རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡རྒྱལ་མཚན་ནོར་བུ་༧པཎ་རིན་པོ་ཆེ་གཙོ་བོ་འདི་ཉིད་ཡང་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་ནས་ཤེས་ཡོན་ཡོན་ཏན་གང་མང་ཐོབ་ཡོད་པ་ཡང་གསུངས། འདིས་ཤུགས་ལ་གང་སྟོན་ཟེར་ན། རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་དེ་ལ་༧གོང་ས་མཆོག་ནས་དེང་སྔ་སྐྱོན་བརྗོད་གནང་གི་ཡོད་པ་དང་། ད་ལྟ་ཚད་ལྡན་ཡིན་པ་དང་མ་འོངས་པ་ན། དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། འདི་འདྲ་གསུངས་བའི་དོན་ནི། ༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་གཉིས་ཀར་མོས་མཐུན་གནང་བ་རེད།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྐུ་ཞབས་བློ་བཟང་སེང་གེ་མཆོག་དང་། བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཟུར་ནས་རྒོལ་ཡོད་པ་རེད། དེ་ནས་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཡོད་པས་ཁུངས་སྐྱེལ་ར་སྤྲོད་གནང་བར། དེའི་དཔེ་རུ་མཁན་ཆེན་དམ་པ་འཇམ་དབྱངས་མཁན་བརྩེ་དབང་པོ་དཔེ་བཀོད་གནང་བ་རེད། ༧གོང་ས་མཆོག་གིས་རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ངོ་མ་ཡིན་པ་བསྐོར་ནས་གསལ་པོ་གསུངས་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༤ པ་གཞི་རྩར། པེ་ཏ་ལིང་ཇ་ཡ། མ་ལེ་ཤི་ཡར། ༧སྐྱབས་མཆོག་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་མཆོག་ནས་འཛམ་གླིང་གང་སར་གནས་ཚུལ་དོན་དང་ལྡན་པ་མང་པོ་ཞིག་ཡོང་བ་ཡིན་དུས་ཁོང་ནས་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་སྨོན་ལམ་དང་གསོལ་འདེབས་ཀྱི་རིམ་པ་མང་པོ་ཞིག་གནང་ཡོད་པ་རེད།
དཔལ་ལྡན་མཁས་དབང་༧སྐྱབས་མཆོག་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ མཆོག་གི་གསུང་གཞིར་བཟུང་བྱེད་ན། ཟླ་བ་འདིའི་ནང་གི་འགྲིགས་འཇགས་ཡོང་བའི་གཞི་རྒྱ་ཆེན་པོ་དེ། རྒྱ་ནག་གཞུང་དང་བླ་ཆེན་རྣམས་ཀྱིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དང་། ༧གོང་ས་མཆོག་ཁོང་རང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་སྐོར་ལ། ༧གོང་ས་མཆོག་ནས་ཐུགས་སེམས་བཟང་པོ་དང་ཐུགས་གུ་ཡངས་ཀྱི་ཐོག་ནས་གསལ་བཤད་གནང་བ་དེ་འགྲིགས་འཇགས་ཆེན་པོ་ཡིན་པ་དང་ང་རང་ཡང་འདི་ལ་རྗེས་སུ་ཡི་རང་བྱེད་ཀྱི་ཡོད།
ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་། དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ཁྲིམས་འགལ་རེད་ཞེས་ཁས་ལེན་བྱེད་པ་རེད་དེ། ཡིན་ནའང་དེའི་འབྲས་བུ་དུས་ཡུན་གང་མཚམས་ཞིག་གི་རིང་གནད་དོན་དེའི་སྐོར་རྒྱུ་མཚན་དང་ལྡན་པའི་གྲོས་བསྡུར་འབྱུང་མེད་པས། ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མང་པོ་ཡོང་སྲིད་པ་རེད་ཅེས་གསལ་བཤད་གནང་བ་དེ་ལ་རྟེན་ནས་འགྲིགས་འཇགས་ཡོང་རྒྱུ་འགོ་འཛུགས་པ་རེད།
རྒྱལ་ཁབ་ནང་ཕན་ཚུན་བར་འབྲེལ་བ་ཡག་པོ་ཡོང་བ་དང་། བོད་མི་ནང་ཕན་ཚུན་བར་མཐུན་སྒྲིལ་ཡོང་བའི་ཆེད་དུ། དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥པ་མཆོག་ནས་སྨོན་ལམ་དང་གསོལ་འདེབས་གནང་བ་རེད། ང་རང་ཚོའི་སྤྱི་ཚོགས་ནང་དབྱེ་འབྱེད་བྱེད་པ་དང་། གང་ཟག་གཞན་ཞིག་གིས་ཆོས་ལུགས་གཞན་དང་གཞན་ལ་དད་པ་བྱེད་པ་ལ་སྐྱོན་བརྗོད་པ་ནི་མཚམས་འཇོག་ངེས་པར་དུ་དགོས་ཏེ། གཅིག་གི་གཅིག་ལ་གུས་པ་བྱས་ནས་སོ་སོའི་འདོད་པ་གང་ཡོད་ལ་ཆོས་བྱེད་རྒྱུ་རང་དབང་དགོས་པ་ནི་དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་མཆོག་ནས་རེ་བ་སྨོན་ལམ་གནང་བ་རེད། དེ་དང་འབྲེལ་བའི་ཐོག་ནས་དཔལ་ལྡན་ཚེམས་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་ཆོས་བརྒྱུད་ཀྱི་སྐོར་གྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་ཞུས་པ་དང་། རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡང་ཆོས་བརྒྱུད་དེ་ཉམས་ལེན་གནང་གི་ཡོད་པ་རེད། ད་ལྟའི་དུས་འདི་སྤུན་ཟླ་དང་སྲིང་མོ་རྣམས་མཐུན་སྒྲིལ་བྱེད་དགོས་པའི་དུས་རེད་ཞེས། དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥པས་གསུངས་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པ་དང་རྒྱ་ནང་གཞུང་དབར་འབྲེལ་བ་ཡག་པོ་ཡོང་བར་ཧ་ཅང་གི་སྐུ་ལས་སྐྱོན་པས། འཛམ་གླིང་ཡོངས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་འགྲུབ་པར་རྒྱབ་སྐྱོར་གནང་དགོས་པ་དང་། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བོད་དང་རྒྱ་ནག་གཙོས་པའི་འཛམ་གླིང་གང་སར་ཞི་བདེ་དང་ལམ་ལྷོང་ཡོང་བར་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥མཆོག་གིས་སྨོན་འདུན་རྒྱ་ཆེན་པོ་གནང་བ་རེད།
གནས་ཚུལ་མང་པོ་གསན་པའི་ཆེད་དུ། འདིར་ཕེབས་རོགས། https://www.tsemrinpoche.com/
དེ་མིན་གསར་འགྱུར་གཞན་ཁག །
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
[…] […]