བླ་མ་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་བོ་ཆེ་ནས་བཤེས་གཉེན་བསྟེན་ཚུལ་གྱི་སྐོར།
བརྩེ་བའི་བསྐུར་འོས་གུས་ཞབས་ལྡན་པའི་གྲོགས་པོ་ལྷན་རྒྱས་ཡོངས་ཀྱི་ཆེད་ཞུ།
མཁས་ཆེན་འདུལ་བ་འཛིན་པ་ཡོན་ཏན་བླ་ན་མེད་པ་དང་ལྡན་པ་ཆོས་གྲོགས་རྗེ་བཙུན་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་པོ་ཆེ་མཆོག་ནི་དེང་སང་བོད་ནང་གི་བླ་མ་ཆེན་པོ་ཞིག་རེད། ཁོང་མཁས་ཞིང་གྲུབ་ཆེན་ཅན་དང་སྐུ་ཉིད་ཀྱི་གསུང་ཆོས་ལ་དད་ལྡན་མི་སྟོང་ཁྲག་ནས་སྟོང་ཁྲག་མང་པོ་ལ་ཆོས་གསུང་གི་ཡོད། ཁོང་དོན་དུ་གཉེར་བའི་བླ་མ་ཆེན་པོ་ཡིན་ཞིང་། ཁོང་བོད་དང་རྒྱ་ནག་ཡོངས་རྫོགས་སུ་གསུང་ཆོས་གནང་བར་ཕེབས་རོགས་ཞེས་རེ་སྐུལ་ཞུ་མཁན་ཤུགས་ཆེན་པོ་ཡོད། ཁོང་གི་གསུང་ཆོས་གནང་དུས་དངོས་སུ་ལག་ལེན་གྱི་ཐོག དོན་དང་ལྡན་པ་དང་། མཚན་སྙན་གྲགས་སམ་མིང་ལ་མགོ་དུད། འགོ་ས། རྒྱུ་དཔལ་འབྱོར། གནས་བབས་སོགས་དང་། ཡང་ན་བཞུགས་ཁྲི་མཐོ་བོར་གནས་པ་སོགས་རྩ་བ་ནས་ཞལ་བཞེས་གནང་གི་མ་རེད། དཀའ་ངལ་གང་འདྲ་ཞིག་ཕྲད་ཀྱང་བཤེས་གཉེན་བསྟེན་ཚུལ་བསྟེན་དགོས་པ་དང་སོ་སོའི་བླ་མའི་བཀའ་སྲུང་སྤྱི་གྲུབ་བྱེད་དགོས་པ་དེ་ཁོང་གི་ཡང་ནས་ཡང་དུ་གསུངས། དེ་རིང་ཁ་སང་མི་མང་ཆེ་བ་བླ་མ་བཞུགས་ཁྲི་མཐོ་བོར་བཞུགས་མཁན། མཚན་སྙན་གྲགས་ཡོད་མཁན། གོ་གནས་ཐོ་བོ་ཡོད་མཁན་གྱི་བླ་མའི་རྗེས་སུ་བཟུང་བ་གང་ཞིག་ལ་ཆོས་མཉམ་ལེན་གནང་པར་བརྗེད་ཀྱི་ཡོད་རེད། ཆོས་མཉམ་སུ་ལེན་པའི་དོན་ནི་སོ་སོའི་བླ་མ་སྙན་གྲགས་ཅན་ཡིན་མིན་གྱི་དོན་མིན། གལ་ཏེ་ཁྱོད་ཀྱི་བླ་མས་ཁྱོད་ལ་ཆོས་ཡང་དག་པར་གསུངས་ཏེ་དེའི་མཉམ་ལེན་བྱེད་པ་ལ་བརྟེན་ནས་བློ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ན་བླ་མ་དེ་ཉིད་ལ་མོས་གུས་བྱེད་དགོས་པ་གལ་ཆེན་པོ་རེད། བླ་མ་གཞན་ཞིག་གོ་གནས་མཐོ་བོ་གང་འདྲ་ཡིན་ཡང་ཁོང་གིས་བདག་ལ་སོ་སོའི་དགེ་བའི་བཤེས་གཉེན་དང་འབྲེལ་ཐག་གཅོད་མི་རུང་བ་མ་ཟད་དགེ་བའི་བཤེས་གཉེན་དུ་ཐེ་ཚོམས་སྐྱེད་པར་བྱེད་མི་རུང་། སོ་སོའི་བླ་མ་གོ་གནས་མཐོ་བོ་ཡང་ན་དགེ་སྦྱོང་སྙེམ་ཆུང་ཞིག་གང་ཡིན་ཡང་། ཁོང་དང་དམ་ཚིག་གཙང་མ་ཉར་ཏེ་བཤེས་གཉེན་བསྟེན་ཚུལ་ཡག་དག་པར་བསྟེན་པས་ན་རྟོགས་པ་ཡོན་ཏན་ཐོབ་པ་དང་རང་བློ་གོང་འཕེལ་དུ་འགྲོ་རྒྱུ་ཐེ་ཚོམས་མེད། མཐར་པ་ཐོབ་པར་སོ་སོའི་དགེ་བའི་བཤེས་གཉེན་དང་དད་པ་དང་དམ་ཚིག་གཙང་མ་ཡོད་མེད་ལ་རག་ལས་ཀྱི་རེད་མ་ཏོགས་གོ་གནས་ལ་རག་མི་ལས།
རྗེ་བཙུན་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་པོ་ཆེས་སོ་སོའི་འདུལ་བྱ་སྟོང་ཕྲག་ནས་སྟོང་ཕྲག་མང་པོ་ལ་སོ་སོའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་དམ་ཚིག་གཙང་མ་འཛིན་དགོས་པ་དེ་གལ་ཆེན་པོ་ཡིན་པ་གསུངས། འདི་ནི་ཐེག་པ་ཆེན་པོས་གསང་སྔགས་ཀྱི་སྙིང་པོ་ཡིན། སོ་སོའི་བླ་མ་དང་བཤེས་གཉེན་བསྟེན་ཚུལ་འགལ་ན་ལས་ངན་ཆེན་པོ་བསག་པ་ནི་བླ་མ་ལྔ་བཅུ་པ་ནང་གསལ། བླ་མ་མཚན་སྙན་གྲགས་ཅན་ཡིན་པ་དང་གོ་གནས་མཐོ་བོ་ཡིན་པའི་རྒྱུ་མཚན་ལ་རྟེན་ནས་རྗེས་སུ་བཟུང་རྒྱུ་མེད་རེད། བླ་མ་སྙན་གྲགས་ཅན་ཞིག་གིས་བཀའ་སློབ་ལ་རྟེན་ནས་སོ་སོའི་དགེ་རྒན་གྱི་བཀའ་སློབ་ལ་སེམས་ནང་མ་ཉེས་ཁ་ཡོག་བྱེད་དུ་མི་རུང་། སོ་སོའི་བླ་མས་གནང་པའི་ཆོས་བརྒྱུད་དང་མཉམ་ལེན་དེ་བླ་མ་སྙན་གྲགས་ཆེན་པོ་ཞིག་གིས་མཉམ་ལེན་དེ་བྱེད་རྒྱུ་མེད་རེད་ཞེས་གསུང་ནའང་སོ་སོའི་མཉམ་ལེན་དེ་འདོར་རྒྱུ་མེད། དགེ་རྒན་སྙན་གྲགས་ཅན་ཡིན་པའི་རྒྱུ་མཚན་དེ་འདྲ་ལ་རྟེན་ནས་བླ་མ་དེའི་རྗེས་སུ་བཟུང་མི་རུང་། དེ་ལས་སོ་སོའི་དགེ་བའི་བཤེས་གཉེན་ཐག་ཅིག་ཏུ་རྗེས་སུ་བཟུང་ན་དེར་རྟེན་རྟོགས་པ་ཡོན་ཏན་ཐོབ་ཀྱི་ཡོད་པ་ཐག་གཅོད། ཁྱེད་རང་སོ་སོའི་བླ་མ་དང་དམ་ཚིག་གཙང་མ་ཉར་དགོས་པ་དང་དུས་ནམ་ཡང་འགལ་རྒྱུ་མེད་པ་རེད། སོ་སོའི་བླ་མ་ལ་དུས་ནམ་ཡང་བསམ་པ་ངན་པ་དང་ལྟ་བ་ལོག་པ་འཛིན་མི་ཆོག་པ་དང་བླ་མའི་སྐོར་སྐད་ཆ་ལོག་པ་ཁྱབ་གདལ་བྱེད་མི་ཆོག ། དེ་ལས་སོ་སོའི་བླ་མས་བྱམས་རྩེའི་ཐོག་ནས་གནང་པའི་ཆོས་དེ་ཐོབ་པ་རེད་ཞེས་དགའ་བ་སྒོམ་དགོས། དེར་གང་ཡིན་ཡང་སོ་སོའི་དགེ་བའི་བཤེས་གཉེན་མཉམ་དུ་དད་པ་དང་དམ་ཚིག་གཙང་མ་འཛིན་དགོས་པ་དེ་གལ་ཆེན་པོ་ཡིན།
སོ་སོའི་དགེ་བའི་བཤེས་གཉེན་ལ་དད་གུས་ཆེན་པོ་བྱེད་དགོས་པའི་བོད་དང་རྒྱ་གར་ནས་འབྱུང་བའི་ནང་པའི་ལྟ་གྲུབ་དང་རྒྱུད་སྲོལ་དངོས་འདི་ཉིད་རྗེ་བཙུན་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་པོ་ཆེས་རྗེས་སུ་བཟུང་གིན་ཡོད་པ་དང་། ཚང་མའི་སོ་སོའི་བླ་མའི་བཀའ་རྗེས་སུ་བཟུང་དགོས་ཅིང་། དེར་སོ་སོའི་ངོས་ནས་ཡང་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དང་སེམས་བརྒྱུད་སྒྱུར་བ་གཏོང་ཐུབ་པ་དགོས། འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་འཁྲུལ་བ་མེད་པ་ཆོས་ཀྱི་སྙིང་པོ་ཡིན། དེར་རྟེན་རྟོགས་པ་ཡོན་ཏན་བརྒྱུད་ལ་སྐྱེས་ཐུབ་ཀྱི་ཡོད་པ་ནི་ཤིན་ཏུ་གསལ།
ཚེམས་སྤྲུལ་སྐུས།།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/LamaWangchukGuruDevotion.mp4
བོད་ཡིག་ཐོག །
བླ་མ་བཤེས་གཉེན་བསྟེན་ཚུལ་འགལ་ཟེར་དུས་ཡིན་ཅི་མིན་ཅི་བླ་མའི་སྐེ་སྒྲོག་འཇུ་སྟེ་འགྲམ་ལྕག་གཞུ་དགོས་པ་རེད་ཡས། དགོས་མ་རེད། རྩ་བ་ཉིད་ནས་དགོས་མ་རེད། རིག་གནས་གསར་བརྗེ་ཆེན་པོ་ནང་བཞིན་བྱུང་དགོས་རེད་པས། དེ་འདྲ་རྩ་བ་ཉིད་ནས་དགོས་མ་རེད། ངའི་བླ་མའི་ཆོས་སྐྱོང་བསྟེན་པ་རེད། ངས་བསྟེན་གྱི་མེད་བཤད་པ་ཡིན་ན། ཁོས་དངོས་གནས་བཤད་པ་ཡིན་ན་བཤེས་གཉེན་བསྟེན་ཚུལ་འགལ་ཚར་རེད་གང་ལྟར། ཏན་ཏན་འགལ་ཚར་རེད། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེད་ཞིང་། རྣམ་མིན་གྱི་རྣམ་ཐར་དེ་ལ་སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེས་ཞེས། ལོག་ལྟ་རྩ་བ་ཉིད་ནས་སྐྱེས་རྒྱུ་མེད་རེད། སྐད་ཅིག་ཙམ་གྱི་ལོག་ལྟ་སྐྱེས་སོང་ན། དེ་ནས་བཤེས་གཉེན་བསྟེན་ཚུལ་འགལ་འགྲོའི་རེད། དེང་སང་དེ་འདྲ་མ་རེད་བ། བླ་མ་སྐད་གྲགས་ག་ཆེར་ཆེར་དེའི་བཀའ་སྒྲུབ་དགོས་ཀྱིས། བླ་མ་སྙོམ་ཆུང་ཞིག་གིས་བཀའ་ཕན་ཐོག་ཅན་གསུང་ནའང་ཅི་མེད་གཏོང་བ་དང་། སྐད་གྲགས་ཆེ་ན་ཕན་ཐོག་གི་ཡོད་མ་རེད། རང་དངོས་གནས་སྐྱབས་མཁན་འདི་རང་གི་རྩ་བའི་བླ་མའི་སྐྱབས་དགོས་རེད་མ་གཏོགས་སྐད་གྲགས་ཆེ་ཆུང་བཤད་ས་རག་གི་མ་རེད། དེ་འདྲ་ཡིན་དུས་ལས་ང་རང་ཚོ་རང་རང་སོ་སོའི་རྩ་བའི་བླ་མའི་བཀའ་དགོངས་མ་འགལ་པ་འཆི། ལྟ་གྲུབ་གཙང་མར་བསྟན་པ་སྐྱོང་བར་འཛིན་པ་ནང་ནས། དངོས་གནས་འདྲ་ནས་བསྟན་པ་སྐྱོང་བ་ལ་བར་ཆད་ཆེན་པོ་ཡོད་རེད། བར་ཆད་ཡོད་པའི་རྒྱུ་མཚན་ཅི་རེད། འདུ་ཁང་གཅིག་ལ་ཅ་ལག་ཡག་པོ་གཅིག་ཡོད་ན། ཅ་ལག་ཡག་པོ་དེ་ལ་རྐུན་མ་ཤོར་གྱི་ཡོད་རེད། ཇག་པ་ཤོར་གྱི་ཡོད་རེད། ནང་ལོར་རྐུན་མ་ཤོར་གྱི་རེད། ཕྱི་ལོག་ལ་རྐྱུན་མ་ཤོར་གྱི་རེད། བདག་པོ་ཡག་པོ་མ་རྒྱག་ན་དཀའ་ལས་ཁག་པོ་ཡོད་རེད། ཅ་ལག་སྡུག་པོ་ཞིག་ཕྱི་ལོར་བཞག་ན་ཁྱིས་ཟ་རྒྱུ་རེད་མ་གཏོགས་སྐྱོན་གང་ཡང་ཡོད་མ་རེེད། བདག་པོ་འཛིན་མཁན་ཡོད་མ་རེད། དཔེར་དེ་བཞིན་དུ། ང་རང་ཚོའི་རི་བོ་དགེ་ལུགས་པ་དེ་བསྟན་པ་དེ་བསམ་གྱི་མི་ཁྱབ་པ་ནོར་བུ་བླ་ན་མེད་པ་ཡིན་ཐག་བཅོད་རེད། འདི་འཛིན་སྐྱོང་དཔལ་སྲུང་བྱེད་པ་ལ་བར་ཆད་ཆེན་པོ་ཡོད་པ་རེད། དེ་ནང་མི་དང་མི་མིན་གྱི་བར་ཆད། སྣ་ཚོགས་ཀྱི་བར་ཆད་ཆེན་པོ་ཡོད་རེད། བར་ཆད་དེ་འདྲ་ཡོད་ཚར་དུས་ལ་བར་ཆད་དེ་སྲུང་མཁན་ཡིན་ཅི་མིན་ཅི་སྲུང་མ་ནུས་པ་ཁྱད་པར་ཅན་མེད་མི་ཆོག་རེད། དེ་བྱེད་ནས་སྔོན་མ་དངོས་ཀྱི་དམ་བཅའ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དམ་བཅའ་དེ་འདྲ་ཡོད་རེད། སྔོན་གྱི་དམ་བཅའ་གང་འདྲ་ཡོད་རེད་ཟེར་ན། སྤྱིར་བཏང་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཇོ་བོ་ཡིད་ཤེས་ནོར་བུ་བདག་ཅག་སྟོན་པ་ཁོང་གི་རྩ་བའི་བླ་མ་རེད། བདག་ཅག་སྟོན་པ་ཤ་ཀྱ་ཐུབ་པ་འདི་ཡང་ཁོང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་རྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་གསུང་པ་རེད། འདི་ཡིན་དུས་ལས་རྗེ་བཙུན་འཇམ་དཔལ་དབྱངས་ལ་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས་ཞེས་བརྗོད་པའི་རྒྱུ་མཚན་འདི་རེད། རྗེས་མ་བདག་ཅག་སྟོན་པ་ཤ་ཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ་ལ་ཡང་ཁོང་སློབ་མའི་ཚུལ་དུ་བྱེད་པ་རེད། ཁོང་དམ་བཅའ་གང་འདྲ་འཇོག་ཡོད་རེད་ཟེར་ན། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ལ་བཀོད་མ་ཐུབ་ཀྱི་བར་དུ་ང་སངས་རྒྱས་ཀྱི་མེད་ཞེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ངག་གི་དམ་བཅའ་འཇོག་པ་རེད། ཁོད་བླ་མ་དགོས་སར་བླ་མ་སྤྲུལ་གྱི་ཡིན། ཡིད་དམ་དགོས་སར་ཡིད་དམ་སྤྲུལ་གྱི་ཡིན། སྲུང་མ་དགོས་སར་སྲུང་མ་སྤྲུལ་གྱི་ཡིན། སློབ་མ་དགོས་སར་སློབ་མ་སྤྲུལ་གྱི་ཡིན་གསུངས་ཡོད་རེད། དོན་དངོས་ནས་ལ་གནས་པ་རེད། བླ་མ་སྤྲུལ་པ་དེ་ཡོངས་སུ་གྲགས་པ་དེ་རྗེ་ཙོང་ཁ་པ་ཆེན་པོ་རེད། ཡིད་དམ་སྤྲུལ་པ་དེ་འཇིགས་བྱེད་རེད། སྲུང་མ་སྤྲུལ་པ་དེ་དམ་ཅན་ཆོས་ཀྱི་རྒྱལ་པོ་དང་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་དེ་འདྲ་རེད། དེ་འདྲ་སློབ་པ་སྤྲུལ་མཁན་མང་པོ་ཡོད་རེད། ཁོང་གིས་དེ་འདྲ་སྤྲུལ་གྱི་ཡིན་ཞེས་དམ་བཅའ་དེ་འདྲ་ཡོད་རེད། ཕྱི་སུ་རྗེ་བླ་མ་བློ་བཟང་གྲགས་པ་དེ་ནི་དགའ་ལྡན་ལ་བཞུགས་པའི་སྐབས་སུ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐབས་དེ་དུས་ལའང་ཚུལ་མཛད་པའི་ལོ་རྒྱུས་ཡོད་རེད།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།