རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
ང་རང་ཚོ་ནང་ཕན་ཚུན་མི་མཐུན་པ་དེ་དག་འགྲིགས་འཇགས་བྱུང་བ་ཡིན་ན། ང་ཚོས་འཛམ་གླིང་འདི་ནང་མཐུན་གཤིབ་ཚད་དང་ལྡན་པ་འཁྱེར་ཐུབ། ང་རང་ཚོའི་དུས་འདིར། སྔ་དུས་ཀྱི་དཀའ་རྙོག་དེ་དག་སྐྱར་དུ་མ་ཡོང་བར་དེ་དག་ལས་ཐར་ཐབས་འབད་རྩོལ་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་། འཛམ་གླིང་འདི་ཡར་རྒྱས་འགྲོ་མི་འགྲོ ། ང་ཚོས་གནད་དོན་དེ་དག་ད་ལྟ་གང་འདྲ་སེལ་ཐབས་བྱེད་མི་བྱེད་ལ་རག་ལུས་པས། ང་ཚོའི་མི་ཚེ་ཡར་རྒྱས་འགྲོའི་ཡོད་པ་དང་ཕན་ཐོགས་ཅན་དང་ཡུན་གནས་ཀྱི་ནོར་སྐལ་ཐོབ་ཐང་སོགས་ལོངས་སུ་སྤྱོད་ཐུབ། ང་ཚོས་སེམས་ནང་གང་ཉར་དགོས་ཟེར་ན། ང་རང་ཚོ་འགྲོ་བ་མིའི་རིགས་ནི་ཁྱོད་དང་ང་། ཁོང་ཚོ་དང་ང་ཚོ། མི་རིགས། ཆོས་ལུགས། གཞི་རྩ། དུས་རབས། འཛམ་གླིང་ག་ནས་ཡིན་པ་དང་། དེ་མིན་མིང་བྱང་གཞན་དག་ཆ་ཚང་ང་རང་ཚོའི་བསམ་ཚུལ་ནས་ཡོང་གི་ཡོད་པས། དེ་ལྟ་བུའི་བསམ་ཚུལ་གྱིས་ང་རང་ཚོ་ཁ་བྲལ་བཟོས་ཀྱི་ཡོད་པ་རེད། ང་ཚོས་སྐད་ཆ་འདི་དག་སེམས་ནང་ཉར་ཐུབ་པ་ཡིན་ན། ང་རང་ཚོའི་བར་ལ་ཞི་འཇམ་དང་མཐུན་གཤིབ་ཡོང་བ་བཟོས་ཐུབ། འདི་ང་རང་ཚོ་འགྲོ་བ་མིའི་རིགས་ཀྱི་སྙིང་སྟོབས་དང་འགྲིགས་འཇགས་ཀྱི་ལས་འགུལ་དེ། ཤར་གླིང་ཨེ་ཤི་ཡ་ནང་ཟླ་བ་འགའ་ཤས་སྔོན་ནས་དར་ཚར་བ་དང་། ད་དུང་ཡང་ཡར་རྒྱས་འགྲོ་བཞིན་པ་རེད། ཚང་མ་ལ་ཕན་ཐོགས་ཆེན་པོ་ཡོང་བའི་སྨོན་འདུན་དང་རེ་བ་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ ཉིན། སུ་ཞིག་གི་ཀྱང་བསམ་བློ་མ་འཁོར་བའི་གནད་དོན་ཞིག་འབྱུང་ཡོད་པ་རེད། གནད་དོན་དེ་བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡ་གཉིས་བར་འབྲེལ་ལམ་ཡག་པོ་ཡོང་རྒྱུའི་སྐོར་ཚོགས་འདུ་ཚོགས་པ་རེད། ཕྱི་ལོ་ ༡༩༥༣ ལོའི་ཀོ་རི་ཡའི་དམག་འཁྲུག་ཚར་བའི་རྗེས་སུ། ད་བར་རྒྱབ་ཁབ་འདི་གཉིས་བར་གྱི་འབྲེལ་བ་དེ་ཟིང་ཆ་ཚ་པོ་ཡོད་སྡད་པ་རེད། བཟོ་ལས་ཀྱི་སྐོར་དང་ཡང་དངོས་འབྲེལ་ཞུས་ན། རྒྱབ་ཁབ་འདི་གཉིས་བར་ཞི་བདེ་ཡོང་བའི་སྐོར་ཆིང་ཡིག་རྩ་བ་ནས་ངོས་ལེན་མེད་པ་དང་། རྟག་པར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ཙམ་ཡོད་པ་མ་གཏོགས། ལོ་ངོ་ ༦༥ རིང་གར་དམག་འཁྲུག་འབྱུང་བ་རེད། དེར་བྱང་ཀོ་རེ་ཡ་དང་ལྷོ་ཀོ་རི་ཡ་དབུ་ཁྲིད་གཉིས་ཀ་ཐུག་འཕྲད་གནང་བ་དེ་མི་སུས་ཀྱང་བསམ་བློ་ལ་མེད་པ་རེད། ཡིན་ན་ཡང་དེ་འབྱུང་བ་རེད། རྒྱབ་ཁབ་གཉིས་ཀའི་དབུ་ཁྲིད་རྣམས་ནས་སོ་སོའི་མི་མང་དེ་ཚོ་ཕན་ཚུན་ཁ་བྲལ་ཏེ་གནས་པ་ལས་ཕན་ཚུན་གྲོགས་པོ་བྱེད་དུ་བཅུག་འདོད་ཡོད་འདུག །། རྒྱལ་ཁབ་དེ་གཉིས་ཀྱིས་སོ་སོའི་བར་ལ་འགལ་ཟླ་ཆེན་པོ་དེ་སེལ་བར་ཐུག་འཕྲད་སྐད་གྲགས་ཅན་དེ་གནང་བ་དེ་དྲན་རྟེན་ཞིག་ཆག་གི་ཡོད་པ་རེད།
དེ་ག་ནང་བཞིན། ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་གཞན་རྒྱ་གར་དང་རྒྱ་ནག་གཉིས། ཁོང་རང་ཚོའི་ལོ་བཅུ་ཕྲག་མང་པོའི་རིང་གི་འབྲེལ་བ་འཚབ་འཚུབ་དེ་བཞག་ནས་མཐུན་འབྲེལ་གནང་གི་ཡོད་པ་རེད། ད་ལྟ་ཁོང་རྣམ་གཉིས་ཀྱིས་མི་མང་ཚང་མའི་དོན་དུ་སོ་སོའི་དབྱེ་མཚམས་དེ་དག་སེལ་བར་ལམ་ཕྱོགས་འདི་བཟུང་བ་རེད། ཉེ་ཆར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དྷར་མཱོ་དྷི་མཆོག་གིས་ནང་ཁུལ་འགྲིགས་འཇགས་བྱ་བའི་བརྒྱུད་རིམ་དེའི་ཆེད་དུ་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་གནང་བ་རེད། སྲིད་བློན་སྐུ་ཞབས་ནཱ་རེན་དྷར་མཱོ་དྷི་མཆོག་ནི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་གནང་བར་ཞེ་དྲགས་ཀྱི་སེམས་ངར་སྐྱེས་ཡོད་པས། ཐུག་འཕྲད་གནང་བར་ཉིན་མ་ཁ་ཤས་སྔོན་ལ་ཕེབས་པ་རེད། ཡང་འདི་ང་ཚོ་སུས་ཀྱང་སེམས་ནང་བསམ་མེད་པ་ཞིག་རེད། ཡིན་ན་ཡང་དབུ་ཁྲིད་འདི་གཉིས་ནས་མ་འོངས་པའི་སྐོར་བསམ་བློ་འཁྱེར་ནས་སྔོན་དུ་འགྲོ་གི་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀ་ཨེ་ཤི་ཡ་ནང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་ཆེ་ཤོས་གཉིས་ཡིན་པ་དང་། འཛམ་གླིང་ནང་ནས་མི་མང་བརྒྱ་ཆ་ ༣༥ རྒྱལ་ཁབ་འདི་གཉིས་ཀྱི་ནང་ལ་ཡོད་པ་རེད། དེར་ཁོང་གཉིས་བར་ལ་འཁྲུག་རྩོད་བྱུང་ན། ཁོང་རང་ཚོ་ལ་གནོད་པ་མ་ཟད་གཡས་གཡོན་དུ་ཡོད་པའི་རྒྱལ་ཁབ་སོགས་ལ་ཡང་གནོད་ཀྱི་ཡོད་པ་རེད། དེ་ལྟར་འགྲིགས་འཇགས་བཟོས་ནས་ལས་དོན་མཉམ་དུ་སྤེལ་བ་ཡིན་ན་ཚང་མ་ལ་ཁེ་བཟང་ཆེན་པོ་ཡོད་པ་རེད།
དུས་ཡུན་མཚན་གཅིག་ནང་རྒྱ་དཀར་ནག་གི་འབྲེལ་བ་དང་བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འབྲེལ་བའི་བར་མཐུན་གཤིབ་ཡོང་མི་ཐུབ་ནའང་། ཕྱོགས་གཉིས་ཀའི་གནས་ཚུལ་ཡག་ཏུ་འགྲོ་གི་ཡོད་པ་ནི་གསལ་པོ་རེད། གང་ཟག་སུས་ཀྱང་འཇིགས་སྣང་དང་། བློ་མི་མཐུན་པ། བློ་གཏད་མི་ཐུབ་པ་ཡོད་སར་གནས་མི་འདོད་པ་དང་། གང་ལྟར་ཡང་། དཔེ་འདི་གཉིས་ཀྱིས་འཛམ་གླིང་ཡར་རྒྱས་འགྲོ་བཞིན་ཡོད་པ་སྟོན་པ་དང་། མུ་མཐུད་ནས་ཡར་རྒྱས་འགྲོ་བའི་རེ་བ་ཡོད།
དེ་བཞིན་དུ་༧གོང་ས་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གིས་ཀྱང་ཕྱོགས་གཉིས་སུ་གྱེས་བའི་བོད་མིའི་སྤྱི་ཚོགས་དེ་གཅིག་བསྒྲིལ་ཡོང་བར་ཕྱག་ལས་འགོ་འཛུགས་ཚར་བ་རེད། ཉེ་ཆར་༢༠༡༨ཟླ་༤ཚེས་༢༥ཉིན་ཁོང་གི་བསྒྲགས་གཏམ་དེས་རྒྱ་ནག་གཞུང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་འདི་ཉིད་༧གོང་ས་མཆོག་གིས་སྐོར་ནས་ངོས་ལེན་གནང་བ་དེ། བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གི་དབུ་ཁྲིད་བར་གྱི་སེར་ཁ་དེ་བསྐྱར་གསོ་གནང་དགོས་པ་དང་། འདི་ཉིད་བར་འགྲིགས་འཇགས་དང་ཞི་འཇམ་ཡོང་ཐུབ་པ་བཟོས་པའི་བསྒྲགས་གཏམ་དེ་སྤེལ་བ་རེད། ལོ་རྒྱུས་ཅན་གྱི་འཇམ་དབྱངས་མཁན་བརྩེ་དབང་པོས་དུས་གཅིག་ཏུ་ཡང་སྲིད་མི་འདྲ་བ་ལྔ་ཕེབས་ཡོད་པའི་དཔེ་བཞག་སྟེ་༧པཎ་ཆེན་རིན་པོ་ཆེ་གཉིས་ཀ་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོ་མ་ཡིན་པ་བསྐོར་ནས་གསུངས་པ་རེད། ཁོང་གིས་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་འདི་ཉིད་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཙོ་བོ་ཡིན་པ་དང་། ཁོང་རང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་པ་དང་། ཤེས་ཡོན་སློབ་སྦྱོང་ཆ་ཚང་ཐོབ་བཞིན་ཡོད་པ་ཡང་གསུངས་བ་རེད། ཁོང་གི་འགྲེལ་བརྗོད་འདི་ལ་རྟེན་ནས་ལོ་ཉི་ཤུ་རྩ་གཉིས་ཀྱི་རིང་གར་རྒྱ་ནག་གཞུང་གིས་ཕྲུག་གུ་ལ་སྟངས་འཛིན་ལོག་པ་བྱེད་ཡོད་ཞེས་བོད་མི་རྣམས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པས། ཁུངས་མ་སྐྱེལ་བའི་གནད་དོན་དེ་ད་འགྲེལ་བརྗོད་དེས་སེལ་བར་བྱེད་ཀྱི་རེད།
བརྙན་འཕྲིན། ༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐོར་གསུང་བཤད།
ཡང་ན་ཁ་བྱང་འདི་ནས་བརྙན་འཕྲིན་དེ་གཟིགས་རོགས་གནང་།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DalaiLamaOn11thPanchenLama.mp4
ཡང་ན་ཡུ་ཊུབ་ནང་ནས་གཟིགས་རོགས་གནང་། https://www.youtube.com/watch?v=8hsyWE-fhZU
འདི་འདྲ་འགྲིགས་འཇགས་སྐོར་གྱི་གསར་འགྱུར་དེ་དག་ལ་རྟེན་ནས་གྲུབ་འབྲས་མི་འདྲ་བ་ཡོང་སྲིད་པ་མཐོང་གི་ཡོད་པ་དང་། ང་རང་ཚོ་ཚང་མས་མ་འོངས་པ་ན། གཅིག་གི་གཅིག་ལ་ཕན་ཐོགས་ཡོང་བར་ག་རེད་བྱེད་དགོས་ཞེས་བསམ་བློ་བཏང་དགོས་ཀྱི་འདུག ། འཛམ་གླིང་གི་དབུ་ཁྲིད་རྣམས་ནས་དཀའ་ངལ་སོགས་སེལ་བར་འབད་རྩོན་གནང་བ་ཡིན་ན་གྲུབ་འབྲས་ཡང་དག་པ་ཞིག་ཐོན་གྱི་ཡོད་པས། རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་ལྟ་བུ་ནི་དཀའ་ངལ་སེལ་ཡ་ལས་སླ་པོ་རེད། ལོ་མང་པོའི་རིང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བོད་པའི་སྤྱི་ཚོགས་ཁོངས་ནས་བཙན་འབུད་བཏང་ཡོད་པ་དང་། དབྱེ་འབྱེད་བྱེད་པ། དེ་དག་མཉམ་དུ་གཏམ་མི་སྨྲ་བ་དང་ཟས་མི་ཟ་བ་སོགས་ཐབས་སྡུག་གི་ལས་སྣ་ཚོགས་ཞིག་བྱེད་པ་རེད། གལ་སྲིད་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་སྐོར་བསྒྲགས་གཏམ་དེ་ལྟ་བུ་སྤེལ་ཐུབ་ཀྱི་ཡོད་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་བཀག་སྡོམ་གནང་བ་དེ་མེད་པར་བཟོ་རྒྱུའི་སྐོར་གསུང་ཡ་དེ་ལས་སླ་པོ་རེད། བོད་མིའི་སྤྱི་ཚོགས་དེ་ཉིད་ཕྱོགས་གཉིས་སུ་གྱེས་ཡོད་པས། འདིའི་གོང་དུ་དཀའ་ངལ་གཞན་དག་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་པའི་ཡི་གེ་དེའི་ནང་དོན་གཙོ་བོ་ཡང་དེ་འབྲི་ཡོད།
གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་ན་ང་རང་ཚོ་མ་འོངས་པ་ན་མི་ཚེ་ཡག་པོ་ཡོང་བ་དང་། དབྱེ་འབྱེད་བྱེད་ན་སེམས་ནང་སྡུག་བསྔལ་མང་དུ་འགྲོ་གི་ཡོད། དེ་འདྲ་ཡིན་དུས་འགྲིགས་འཇགས་བརྒྱུད་ནས་ང་ཚོས་ག་རེད་ཡིན་ན་ཡང་དོན་འབྲས་ཐོབ་ཐུབ། ང་ཚོ་ཚང་མའི་བར་ལ་མུ་མཐུད་ནས་མཐུན་སྒྲིལ་ཡོང་བའི་རེ་སྨོན་ཡོད། ད་ལྟའི་གནས་སྐབས་སུ་གནད་དོན་གང་འདྲ་ཞིག་ཡོད་པའི་སྐོར་ངས་ངོས་ནས་བསམ་ཚུལ་བཀོད་པ་དེ་རུའི་ཊར་གསར་ཁང་ནས་འགྲེམས་སྤེལ་བྱེད་འདུག་པས། རུའི་ཊར་གསར་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་བོད་མིའི་དབུ་ཁྲིད་དང་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་རྣམས་ལ་གང་ཞུས་འདོད་ཡོད་ཟེར་ན། དབྱེ་འབྱེད་བྱེད་པ་དང་ཁ་བྲལ་གཏོང་བ་སོགས་མཚམས་འཇོག་བྱེད་ནས། གཅིག་སྒྲིལ་དང་ཞི་བདེ་ཡོང་བ་ཞིག་གནང་རོགས་གནང་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན། དབྱེ་འབྱེད་བྱེད་ན་གྲུབ་འབྲས་ཡག་པོ་མི་ཡོང་བ་ཐག་ཆོད་པ་ཡིན་པ་དང་། ཡིན་ན་ཡང་བྱམས་སྙིང་རྗེ་དང་། རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་ཐོག་ནས་འགྲིགས་འཇགས་སོགས་ཀྱི་ལས་ཀ་བྱེད་ན་འཇམ་གླིང་ནང་ཡར་རྒྱས་འགྲོ་གི་རེད། དོན་རྐྱེན་དེ་ལྟ་བུ་གནང་བ་ཡིན་ན། ང་ཚོ་ཚང་མས་དེ་དག་ལ་ངེས་པར་དུ་རྒྱབ་སྐྱོར་དང་སྤེལ་ཐབས་བྱེད་དགོས། དེར་བརྟེན་ངའི་སྨོན་ལམ་དེ་ཤར་གླིང་ཨེ་ཤི་ཡ་ཙམ་ལ་མ་ཡིན་པར། འཛམ་གླིང་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད།
ང་རང་ཚོའི་རྒྱལ་ཁབ་དང་མི་མང་རྣམས་ཀྱི་དགོས་མེད་ཀྱི་སྡུག་བསྔལ་དེ་མེད་པར་འགྱུར་ཏེ་ནང་ཕན་ཚུན་འགྲིགས་འཇགས་ཡོང་བའི་སྨོན་འདུན་ཞུ། ང་རང་ཚོ་འགྲོ་བ་མིའི་རིགས་ལ་རྟེན་པ་ཡིན་དུས་ང་རང་ཚོ་ཁ་བྲལ་གཏོང་མཁན་གྱི་རྐྱེན་དེ་མེད་པ་བཟོས་དགོས། ཐལ་མོ་སྦྱར་ནས་ཞུ་འབུལ་བྱེད་ཀྱི་ཡོད།
ཚེམས་རིན་པོ་ཆེ་ནས།
བོད་ཡིག་ཐོག།
མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་ཆེན་པོ་མཆོག་ནས་ཡེ་ཤི་ཡ་འགྲིགས་འཇགས་ཀྱི་སྨོན་ལམ་གསོལ་འདེབས་གནང་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གིས་ངོས་འཛིན་ཞུས་པའི། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ སྐོར་སྐུ་ཡོན་གསན་བསམ་ཡག་པོ་ཡོད་པའི་གསུང་བཤད་གནང་བ་ཡིན་པས། མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་ཆེན་པོ་མཆོག་ནས་བོད་མི་སྤུན་གྲོགས་ཡོངས་ལ་སྨོན་ལམ་གསོལ་འདེབས་གནང་ཡོད།
པེ་ཏ་ལིང་ཇ་ཡ། མ་ལེ་ཤི་ཡ། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན།
ཤར་གླིང་ཨེ་ཤི་ཡ་ནང་འཁྲུག་རྩོད་སོགས་གནས་སྟངས་ཞན་དུ་འགྲོ་ཡོད་པས། ཟླ་བ་འདི་ཞེ་དྲགས་ཀྱི་དྲན་འོས་པ་ཞིག་ཆགས་བཞིན་ཡོད་ཞེས། དགེ་ལུགས་པའི་བླ་ཆེན་དང་མ་ལེ་ཤི་ཡའི་ཀེ་ཆ་ར་ནང་པའི་ཆོས་ཚོགས་ཀྱི་ཆོས་ཀྱི་དབུ་ཁྲིད། མཆོག་ཏུ་བསྐུར་འོས་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་མཆོག་གིས་གསུངས་པ་རེད། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་དྷར་མཱོ་དྷི་མཆོག་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་དང་གཞུང་གཉིས་བར་གྱི་འབྲེལ་བ་སླར་མཐུད་སྒྲིག་བྱེད་པར་གྲོས་མོལ་ཆེད་དུ་རྒྱ་ནག་ལ་ཕེབས་པ་རེད། དེ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡ་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཁོང་རྣམས་ཀྱི་རིག་གཞུང་གཅིག་པ་དེ་སྲུང་བརྩི་བྱེད་པ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཞིག་ཏུ་བསྒྱུར་དགོས་པའི་མཐར་ཐུག་གི་དམིགས་ཡུལ་ལ་གྲོས་མཐུན་ཡང་བྱུང་། ཀིམ་ཇུང་ཨུན་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཌ་ཊམ་མཉམ་དུ་ཡང་མགྱོགས་པོ་ཐུག་འཕྲད་གནང་ཡ་རེད་འདུག །
དེ་ག་ནང་བཞིན། ༧གོང་ས་ཆེན་པོས་ངོས་འཛིན་གནང་བའི་མངོན་གསལ་མེད་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་དགུང་ལོ་ཉི་ཤུ་རྩ་དགུ་ཕེབས་པའི་སྐུའི་འཁྲུངས་ཀར་ཉིན་མོ་དེར། ༧གོང་ས་ཆེན་པོ་མཆོག་ཁོང་རང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དེ་ཉིད། ཁུངས་ལྡན་གྱི་གནས་ཚུལ་ལྟར་ན། ཁོང་ད་ལྟ་སྐུ་འཚོ་བཞུགས་ཡོད་པ་དང་སྐུ་ཁམས་བཟང་པོ་ཡོད་པ་རེད་ཞེས། ༧གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གནང་བ་རེད།
༧གོང་ས་མཆོག་གིས་བློ་ཁ་ཕྱོགས་ཏེ། ཧང་སངས་བའི་རྣམ་པ་དང་བཅས་རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡རྒྱལ་མཚན་ནོར་བུ་༧པཎ་རིན་པོ་ཆེ་གཙོ་བོ་འདི་ཉིད་ཡང་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་ནས་ཤེས་ཡོན་ཡོན་ཏན་གང་མང་ཐོབ་ཡོད་པ་ཡང་གསུངས། འདིས་ཤུགས་ལ་གང་སྟོན་ཟེར་ན། རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་དེ་ལ་༧གོང་ས་མཆོག་ནས་དེང་སྔ་སྐྱོན་བརྗོད་གནང་གི་ཡོད་པ་དང་། ད་ལྟ་ཚད་ལྡན་ཡིན་པ་དང་མ་འོངས་པ་ན། དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། འདི་འདྲ་གསུངས་བའི་དོན་ནི། ༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་གཉིས་ཀར་མོས་མཐུན་གནང་བ་རེད།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྐུ་ཞབས་བློ་བཟང་སེང་གེ་མཆོག་དང་། བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཟུར་ནས་རྒོལ་ཡོད་པ་རེད། དེ་ནས་༧གོང་ས་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཡོད་པས་ཁུངས་སྐྱེལ་ར་སྤྲོད་གནང་བར། དེའི་དཔེ་རུ་མཁན་ཆེན་དམ་པ་འཇམ་དབྱངས་མཁན་བརྩེ་དབང་པོ་དཔེ་བཀོད་གནང་བ་རེད། ༧གོང་ས་མཆོག་གིས་རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ངོ་མ་ཡིན་པ་བསྐོར་ནས་གསལ་པོ་གསུངས་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༤ པ་གཞི་རྩར། པེ་ཏ་ལིང་ཇ་ཡ། མ་ལེ་ཤི་ཡར། ༧སྐྱབས་མཆོག་མཁས་དབང་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་མཆོག་ནས་འཛམ་གླིང་གང་སར་གནས་ཚུལ་དོན་དང་ལྡན་པ་མང་པོ་ཞིག་ཡོང་བ་ཡིན་དུས་ཁོང་ནས་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་སྨོན་ལམ་དང་གསོལ་འདེབས་ཀྱི་རིམ་པ་མང་པོ་ཞིག་གནང་ཡོད་པ་རེད།
དཔལ་ལྡན་མཁས་དབང་༧སྐྱབས་མཆོག་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ མཆོག་གི་གསུང་གཞིར་བཟུང་བྱེད་ན། ཟླ་བ་འདིའི་ནང་གི་འགྲིགས་འཇགས་ཡོང་བའི་གཞི་རྒྱ་ཆེན་པོ་དེ། རྒྱ་ནག་གཞུང་དང་བླ་ཆེན་རྣམས་ཀྱིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དང་། ༧གོང་ས་མཆོག་ཁོང་རང་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་སྐོར་ལ། ༧གོང་ས་མཆོག་ནས་ཐུགས་སེམས་བཟང་པོ་དང་ཐུགས་གུ་ཡངས་ཀྱི་ཐོག་ནས་གསལ་བཤད་གནང་བ་དེ་འགྲིགས་འཇགས་ཆེན་པོ་ཡིན་པ་དང་ང་རང་ཡང་འདི་ལ་རྗེས་སུ་ཡི་རང་བྱེད་ཀྱི་ཡོད།
ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་། དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་དེ་ཉིད་ཁྲིམས་འགལ་རེད་ཞེས་ཁས་ལེན་བྱེད་པ་རེད་དེ། ཡིན་ནའང་དེའི་འབྲས་བུ་དུས་ཡུན་གང་མཚམས་ཞིག་གི་རིང་གནད་དོན་དེའི་སྐོར་རྒྱུ་མཚན་དང་ལྡན་པའི་གྲོས་བསྡུར་འབྱུང་མེད་པས། ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མང་པོ་ཡོང་སྲིད་པ་རེད་ཅེས་གསལ་བཤད་གནང་བ་དེ་ལ་རྟེན་ནས་འགྲིགས་འཇགས་ཡོང་རྒྱུ་འགོ་འཛུགས་པ་རེད།
རྒྱལ་ཁབ་ནང་ཕན་ཚུན་བར་འབྲེལ་བ་ཡག་པོ་ཡོང་བ་དང་། བོད་མི་ནང་ཕན་ཚུན་བར་མཐུན་སྒྲིལ་ཡོང་བའི་ཆེད་དུ། དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥པ་མཆོག་ནས་སྨོན་ལམ་དང་གསོལ་འདེབས་གནང་བ་རེད། ང་རང་ཚོའི་སྤྱི་ཚོགས་ནང་དབྱེ་འབྱེད་བྱེད་པ་དང་། གང་ཟག་གཞན་ཞིག་གིས་ཆོས་ལུགས་གཞན་དང་གཞན་ལ་དད་པ་བྱེད་པ་ལ་སྐྱོན་བརྗོད་པ་ནི་མཚམས་འཇོག་ངེས་པར་དུ་དགོས་ཏེ། གཅིག་གི་གཅིག་ལ་གུས་པ་བྱས་ནས་སོ་སོའི་འདོད་པ་གང་ཡོད་ལ་ཆོས་བྱེད་རྒྱུ་རང་དབང་དགོས་པ་ནི་དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་མཆོག་ནས་རེ་བ་སྨོན་ལམ་གནང་བ་རེད། དེ་དང་འབྲེལ་བའི་ཐོག་ནས་དཔལ་ལྡན་ཚེམས་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་ཆོས་བརྒྱུད་ཀྱི་སྐོར་གྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་ཞུས་པ་དང་། རྒྱ་གཞུང་གིས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡང་ཆོས་བརྒྱུད་དེ་ཉམས་ལེན་གནང་གི་ཡོད་པ་རེད། ད་ལྟའི་དུས་འདི་སྤུན་ཟླ་དང་སྲིང་མོ་རྣམས་མཐུན་སྒྲིལ་བྱེད་དགོས་པའི་དུས་རེད་ཞེས། དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥པས་གསུངས་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པ་དང་རྒྱ་ནང་གཞུང་དབར་འབྲེལ་བ་ཡག་པོ་ཡོང་བར་ཧ་ཅང་གི་སྐུ་ལས་སྐྱོན་པས། འཛམ་གླིང་ཡོངས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་འགྲུབ་པར་རྒྱབ་སྐྱོར་གནང་དགོས་པ་དང་། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བོད་དང་རྒྱ་ནག་གཙོས་པའི་འཛམ་གླིང་གང་སར་ཞི་བདེ་དང་ལམ་ལྷོང་ཡོང་བར་དཔལ་ལྡན་ཚེམས་རིན་པོ་ཆེ་སྐུ་ཕྲེང་༢༥མཆོག་གིས་སྨོན་འདུན་རྒྱ་ཆེན་པོ་གནང་བ་རེད།
གནས་ཚུལ་མང་པོ་གསན་པའི་ཆེད་དུ། འདིར་ཕེབས་རོགས། https://www.tsemrinpoche.com/
ཁ་སྐོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
འོག་ལ་ཡོད་པའི་འདྲ་པར་དེ་ Tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་པར་རེད། འདིའི་ནང་རྡོ་རྗེ་ཤུགས་ལྡན་སྐོར་སྡེ་ཚན་ཁག་ཁག་ཞིག་བཟོས་ནས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་སྐོར་ཞེ་ལོག་དང་དགག་ཆ། སྐད་ཆ་རྩུབ་པོ་ཀྱང་ཀྱང་བྲིས་ཡོད་པ་རེད། དམངས་གཙོའི་དབུ་ཁྲིད་སུས་ཆོས་ལུགས་སྡེ་ཚན་ཞིག་ལ་དམིགས་སུ་ཀར་ནས་སོ་སོའི་དྲ་རྒྱའི་ནང་ལ་བྱ་བ་འདི་འདྲ་གནང་གི་ཡོད་དམ། གལ་ཏེ་ཨ་རི་དང་ཁེ་ན་ཌ་དེ་བཞིན་དམངས་གཙོའི་གཞུང་གཞན་གྱིས་སོ་སོའི་དྲ་རྒྱའི་ནང་མི་མང་སྐོར་འདི་འདྲ་སྡེ་ཚན་བཟོས་ན་སྡིར་ར་གང་འདྲ་འབྱུང་ས་རེད་དམ།
༧གོང་ས་མཆོག་གི་དྲ་རྒྱ།
འདྲ་པར་འདི་ནི་ DalaiLama.com ༧གོང་ས་མཆོག་གི་གཞུང་དང་འབྲེལ་བའི་དྲ་རྒྱའི་པར་རེད། ༧གོང་ས་མཆོག་གི་དྲ་རྒྱ་ཁོ་རང་ནང་སྡེ་ཚན་འདི་འདྲ་ཡོད་དུས་བོད་མི་རྣམས་ཀྱིས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབྱེ་བ་འབྱེད་པ་དང་ཁོང་ཚོ་དང་འབྲེལ་མེད་བཟོ་བར་བློ་སྤོབས་སྐྱེད་པར་བྱེད་ཀྱི་ཡོད་རེད། སྡེ་ཚན་འདིས་ག་རེད་སྟོན་གྱི་ཡོད་རེད་ཟེར་ན། ༧གོང་ས་མཆོག་ཁོང་རང་གིས་ཆོག་མཆན་གནང་བ་མཐོང་ཐུབ། རྡོ་རྗེ་ཤུགས་ལྡན་ལ་མ་དགའ་མཁན་ཞིག་གིས་འདི་མཐོང་དུས་ཁོང་རྣམས་ཀྱི་གང་དྲན་གྱི་ཡོད་རེད་ཟེར་ན། ཤུགས་ལྡན་བསྟེན་དགོས་མིན་འདུག ༧གོང་ས་མཆོག་གི་བཀའ་རེད་ཟེར། ༧གོང་ས་མཆོག་གིས་འདི་ལ་མོས་མཐུན་གནང་གི་ཡོད་པ་བདག་གི་བསམ་པ་མེད། ཡིན་ཡང་དྲ་རྒྱ་བེད་སྤྱོད་བྱེད་མཁན་དང་༧གོང་ས་མཆོག་གི་དྲ་རྒྱའི་རྒྱབ་ལ་ལས་འགུལ་སྤེལ་མཁན་རྣམས་ཀྱིས་འདི་འདྲ་རྡོ་རྗེ་ཤུགས་ལྡན་འགལ་ཟླས་སྡེ་ཚན་བཟོས་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། འདིས་ཆོས་ལུགས་སྡེ་ཚན་ཞིག་ལ་དབྱེ་བ་འབྱེད་པ་མང་པོ་ཡོང་གི་འདུག དུས་རབས་ཉི་ཤུ་གཅིག་པའི་ནང་༧གོང་ས་མཆོག་ལྟ་བུ་རང་བཞིན་གྱི་དབུ་ཁྲིད་ཤིག་ཆགས་ཐུབ་ཀྱི་མི་འདུག དབྱེ་འབྱེད་མ་གནང་རོགས་གནང་། བཟོད་སྲན་བྱེད་དགོས་པ་གལ་ཆེ།
གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པ་རེད་ཞེས་བསླབ་བྱ་ཙམ་ཡིན་པ་ཡིན་ན། དྲ་རྒྱ་ཆ་ཚང་ནང་རྡོ་རྗེ་ཤུགས་ལྡན་སྐོར་ལོགས་སུ་སྡེ་ཚན་ཕྱེ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
གཞུང་གི་ལས་བྱེད་པ་རྣམས་ཀྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་མེད་ཞེས་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་བྱེད་ཡོད།
ཕྱི་ལོ་ ༡༩༩༢ ནང་བོད་མིའི་དབུ་ཁྲིད་རྣམས་ཀྱིས་གཏན་འབེབས་བྱེད་པའི་གྲོས་ཆོད་དེ་བོད་ཀྱི་སྡེ་ཚན་ཆ་ཚང་དང་ལས་བྱེད་པ་ཡོངས་ལ་ལག་སྤྲོད་བྱས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པའི་(དོན་ཚན་བརྒྱད་པ་) བཀའ་གཏོང་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ཡིན་ན་དེས་༧གོང་ས་མཆོག་གི་སྐུ་ཚེ་དང་བོད་ཀྱི་རྩ་དོན་ལ་གནོད་ཀྱི་འདུག་ཞེས་གྲོས་ཆོད་འདི་ནང་བཀོད་ཡོད་པ་རེད། འདི་འདྲ་ཡིན་དུས་བོད་པའི་སྤྱི་ཚོགས་དང་གཞུང་ནང་སུས་རྡོ་རྗེ་ཤུགས་ལྡན་དངོས་སུ་བསྟེན་ཐུབ་བམ། བསྟེན་པ་ཡིན་ནའང་ཁོང་ཚོ་༧གོང་ས་མཆོག་ལ་རྒྱབ་འགལ་བྱེད་མཁན་རེད། བོད་གཞུང་ལ་རྒྱབ་འགལ་བྱེད་མཁན་རེད། དམ་ཚིག་ལས་འགལ་བ་རེད་ཟེར། དངོས་སུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་རྣམས་ལ་ལོ་ ༢༠ རིང་ནས་སྐྱོན་བརྗོད་ཀྱི་ཡོད་པ་དང་། ཚིག་རྩུབ་པོ་བེད་སྤྱོད་བྱེད་པ་དང་བརྡབ་སིག་གཏོང་བ་དང་དབྱེ་འབྱེད་སོགས་བྱེད་ཀྱི་ཡོད་རེད། དེར་ཁོང་རྣམས་ལ་ཐབས་ལམ་གསུམ་ཡོད་རེད། ཡང་ན་བསྟེན་གསོལ་བྱེད་རྒྱུ་མཚམས་བཞག་དགོས། (མི་མང་པོ་འདི་འདྲ་གནང་མི་ཐུབ།) གསང་བའི་ཐོག་ནས་བསྟེན་གསོལ་བྱེད་རྒྱུ་དང་། ཡང་ན་སོ་སོའི་ལས་ཀ་བློས་གཏོང་རྒྱུ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ནི་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་བཀོད་ཡོད་པ་རེད
tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་དྲ་རྒྱའི་པར་རེད། འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་ནང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ནང་བཀོད་འདུག (དོན་ཚན་གསུམ་པ། ཡིག་འབེབ་གཉིས་པ།)
བརྙན་འཕྲིན། ༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་ནས་གྲྭ་པ་རྣམས་བཙན་འབུད་གཏོང་བ།
ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་བློ་གསལ་གླིང་དུ་༧གོང་ས་མཆོག་གིས་གང་གསུངས་པ་རེད་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་མི་འཇོག་མཁན་གྱི་གྲྭ་པ་རྣམས་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་དགོས་ཞེས་གསལ་པོ་བྱེད་ནས་གསུངས་པ་བསྡུ་འཇུག་བྱས་ཡོད། མ་ཟད་༧གོང་ས་མཆོག་གི་གཞན་གང་གསུངས་པ་རེད་ཟེར་ན། གལ་ཏེ་ཁོང་ཚོས་མ་ཉན་པ་ཡིན་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བཙན་འབུད་གཏོང་དགོས་པ་ནི་༧གོང་ས་མཆོག་གི་བཀའ་རེད་ཅེས་ཞེས་ཁོང་གིས་འདི་འདྲ་གསུངས།
ངས་དྲི་བ་ནི། གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་འཇོག་དགོས་ཞེས་པ་དེ་བཀའ་ཙམ་ཡིན་པ་དང་། འདི་ང་ཚོས་གང་བསྟེན་གསོལ་བྱེད་ཀྱང་སོ་སོའི་འདོད་པ་རང་དབང་ཡིན་པ་ཡིན་ན། འདི་བསྟེན་གསོལ་བྱེད་མཁན་རྣམས་ལ་ཧ་ལས་པའི་གནོན་ཤུགས་དང་དཀའ་ངལ་ཡོད་པ་རྒྱུ་མཚན་ཅི་ཡིན་ནམ། ༧གོང་ས་མཆོག་གིས་དེ་འདྲ་གསུངས་པ་ལ་བརྟེན་ནས་ཤུགས་ལྡན་བསྟེན་གསོལ་གནང་མཁན་གྱི་གྲྭ་པ་སྟོང་ཕྲག་མང་པོ་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་ཡོད་པ་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་དགོས་ན་སོ་སོའི་ཁག་ཁག་དགོན་པ་བཟོ་བར་ནུས་ཤུགས་སྤེལ་བ་རེད།
དགའ་ལྡན་དགོན་པར་ངོ་རྒོལ་འཐབ་འཛིངས་བྱུང་བ།
ལོ་ཉི་ཤུ་སྔོན་ནས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱུང་བ་ནས་བཟུང་། བཙན་འབྱོལ་བོད་གཞུང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དེའི་ཁ་གཏད་དུ་སྡང་སེམས་ཅན་གྱི་ལས་འགུལ་མུ་མཐུད་ནས་གོ་སྒྲིག་བྱེད་ཀྱི་ཡོད་རེད། དེ་འདྲ་བྱེད་ནས། བཙན་བྱོལ་བོད་གཞུང་དེ་༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་བཟོད་སྒོམ་གྱི་གསུང་ཆོས་སྙིང་པོ་དེ་དང་འགལ་ཞིང་། དེ་རྗེས་བྱ་སྤྱོད་དེ་འདྲའི་རང་བཞིན་གྱི་ཐོག་འཛམ་གླིང་ཡོངས་ལ་མགོ་སྐོར་གཏོང་གི་འདུག ། བཙན་བྱོལ་བོད་པའི་དབུ་ཁྲིད་ཚོས་དེ་ནང་འགྲོ་སོང་གཏོང་བའི་ཆེད་དུ་ནུབ་ཕྱོགས་ནས་སྦྱིན་བདག་དང་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བསྒྲུབ་པར་རྩེ་གཅིག་ཏུ་འབད་བརྩོན་བྱེད་ཅིང་། ཡིན་ནའང་སྤྱིར་སྟངས་ཁོ་ཚོས་མ་རྩ་དེ་བོད་པའི་སྤྱི་ཚོགས་ནང་ཆོས་དད་རང་དབང་ལ་བཙན་གནོན་བྱས་ནས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཁ་གཏད་དུ་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་གདུག་བརྩུབ་ཅན་གྱི་ངན་བསླབ་རྒྱག་ནས་བཙན་གནོན་གྱི་ལས་འགུལ་ལ་འགྲོ་སོང་གཏོང་གི་ཡོད།
བརྙན་ཐུང་འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་འོག་ལོ་ཉི་ཤུའི་རིང་དེ་ཚོའི་སྲོག་གི་ཉན་ཁ་ཡོད་བཞིན་ཇི་ལྟར་སྡོད་ཡོད་ཚུལ་གསལ་པོ་སྟོན་ཡོད། དེ་ལྟར་ཡང་བཙན་བྱོལ་བོད་པའི་དབུ་ཁྲིད་ཚོ་དང་དེའི་རྒྱབ་སྐྱོར་བ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་དང་བཙན་དབང་གིས་མུ་འཐུད་ནས་གདུག་རྩུབ་སྣ་ཚོགས་དང་ལོག་བྱུས་ཀྱི་ཐབས་ལམ་བཀོལ་སྤྱོད་བྱས་ཀྱང་། བསྟེན་གསོལ་བྱེད་མཁན་དེ་ཚོས་འཁྲུག་རྩོད་གང་ཡང་བྱེད་ཡོད་མ་རེད ། དེ་ཚབ་ཏུ། དེ་ཚོས་མུ་འཐུད་ནས་དེ་ཚོའི་རྡོ་རྗེ་ཤུགས་ལྡན་བླ་མ་གང་ལ་ཞི་བདེའི་ཐོག་བློ་གཏད་ནས་སོ་སོའི་སྲུང་མ་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་ཆོས་བརྒྱུད་གང་ཐོབ་པ་དེ་ཚུལ་བཞིན་དུ་བསྟེན་གསོལ་བྱེད་ཀྱི་ཡོད་རེད། གློག་བརྙན་དེའི་ཚན་པ་གཙོ་བོ་ནི་སྤྱི་ལོ་ ༢༠༠ ལོར་གློག་བརྙན་པར་འདེབས་བྱས་ཡོད་པ་དང་། འདིས་སེར་སྐྱ་མི་མང་ ༣༠༠ ལྷག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་འཁྲུག་ཟིང་རྒྱབ་པར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་ཕྱོགས་སུ་རྒྱུག་བཞིན་པ།
ངོས་ལེན་མེད་པའི་གསལ་བསྒྲགས། བརྙན་འཕྲིན་འདི་སྡེ་པ་གསུམ་པའི་བརྙན་འཕྲིན་རེད། དྲ་རྒྱ་འདིར་བཀོད་སྒྲིགས་བྱེད་པའི་དབང་ཆ་བདག་ལ་ཐོབ་ཅིང་། བརྙན་འཕྲིན་འདི་ཚོང་ལས་ཁྱབ་བསྒྲགས་ཀྱི་ཆེད་དུ་མིན་པར། སློབ་གསོ་ཁོ་ནའི་དོན་དུ་བཀོད་སྒྲིགས་བྱས་ཡོད་པ་མཁྱེན་དགོས།
བརྙན་འཕྲིན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་ནས་ངོས་ལེན་མ་བྱས་པ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཞིག་གིས་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་དུ་ཁང་མིག་གོང་ཚད་འདྲི་དུས་མགྲོན་ཁང་ལས་བྱེད་ཀྱིས་ངོས་ལེན་མ་བྱས་ཤིང་ཐོན་འགྲོ་བར་འབོད་བསྐུལ་ཞུས།
བརྙན་འཕྲིན། France 24 ཞེས་པ་ཕ་རེན་སི་གསར་ཁང་ནང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་སྙན་སེང་ཞུས་པ།
France 24 ཞེས་པ་ཕ་རེན་སི་ནང་ཡོད་པའི་གྲགས་ཅན་གསར་ཁང་དེ། དེ་ཚོའི་དམིགས་ཡུལ་ཅན་གྱི་སྙན་སེང་བྱེད་སྟངས་དེ་ཡོངས་གྲགས་རེད། དེ་ཚོས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་རྒྱས་ཤིང་རྒྱས་པ་བཀོད་ཅིང་དེ་ཚོས་བརྒྱུད་ལམ་ཁག་ཏུ་གསར་འགྱུར་དེ་བཀོད་དོན་དུ་དུས་ཚོད་གང་མང་སྐྱེལ་ཡོད་པས་གནད་དོན་དེ་ཛ་དྲག་ཚ་བོ་ཡིན་པ་མཁྱེན་གསལ་རེད། དེའི་བརྙན་འཕྲིན་ནང་། ཕ་རེན་སི་གསར་ཁང་དེས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྲྭ་བ་ཚོ་ལ་དབྱེ་འབྱེད་བྱས་པའི་གློག་བརྙན་པར་འདེབས་བྱས་འདུག །
བརྙན་འཕྲིན། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་ནང་དུ་ཡང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་བཀོད་འདུག །
དབུས་ཤར་ཕྱོགས་ཀྱི་བརྒྱུད་ལམ་དུ་ནུབ་ཕྱོགས་རིག་གཞུང་ལ་ཤུགས་རྐྱེན་ཤུགས་ཆེན་པོར་འཐེབ་ཡོད་པ་དང་། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་གིས་བརྒྱུད་ལམ་དུ་ལེན་བཀོད་ཡོད་རེད། དེ་ཚོས་རྩོད་རྙོག་ཅན་གྱི་བརྗོད་གཞི་བཀོད་ཀྱི་ཡོད་རེད། བརྒྱུད་ལམ་གཞན་གྱིས་བཀོད་འདོད་མེད་པའི་བརྗོད་གཞི་རྣམས་ཁོ་ཚོས་བཀོད་ཀྱི་ཡོད་པ་དང་། དེང་སང་གསར་འགྱུར་གསར་ཤོས་དེ་ཚོ་ཚང་མ་བཀོད་ཀྱི་ཡོད་རེད།
བཀག་སྡོམ་བྱེད་པའི་བདེན་དཔང་།
ལོ་འགའ་ཤས་རིང་། ངའི་དགེ་ཕྲུག་ཚོས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱེད་ཡོད་པའི་བདེན་དཔང་དེ་དག་ཕྱོགས་སྒྲིགས་བྱས་ཡོད་རེད། ང་རང་ངོས་ནས་ཕྲན་བུའི་བློ་ཕམ་པོ་བྱུང་བ་དང་སེམས་པ་སྐྱོ་པོ་བྱུང་། ཁོ་ཚོས་འདི་འདྲ་མང་པོ་དཔང་རྟགས་ཕྱོགས་བསྡུས་བྱས་འདུག གང་ཡིན་ཞེས་ན་བཀག་སྡོམ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་ཡོད་རེད། སྐུ་ཉིད་ཀྱིས་འོག་ལ་གཟིགས་ཐུབ་ཀྱི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་བྱས་པའི་གསལ་བསྒྲགས་བོད་པའི་གཞི་ཆགས་གང་སར་མཐོང་ཐུབ་ཀྱི་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་སྨན་ཁང་དང་། དེ་བཞིན་ཟ་ཁང་། ཚོང་ཁང་གང་དུ་ཡིན་ནའང་འབྲེལ་བ་བྱེད་མི་ཆོག་ཞིང་། ཁོ་ཚོས་ཞབས་ཞུ་ཞུ་བར་ངོས་ལེན་ཡང་བྱེད་ཀྱི་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བོད་པའི་སྤྱི་ཚོགས་དང་གཞིས་ཆགས་ནང་ཞེ་དྲག་གི་གདུག་རྩུབ་བྱེད་ཀྱི་འདུག ། བཀའ་སློབ་འདི་གང་འདྲ་ཞིག་ཡིན་ནམ།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
[…] […]