བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
འཛམ་གླིང་ནང་གི་འདུ་འཛོམས་ཁྲིམས་ལུགས་གཡོ་འགུལ་ནང་ནས་བོད་མིའི་རྩ་དོན་དེ་འདུག་རྩུབ་ཅན་མིན་པ་ཡོངས་གྲགས་རེད། དངོས་འབྲེལ་བྱས་ན་ཚང་མས་མཁྱེན་གསལ་རེད་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདུག་རྩུབ་མིན་པའི་གཏུག་བཤེར་དང་དྲག་པོའི་ཐབས་ལམ་སོགས་ལ་ལས་ཀར་མི་ཞུགས་པ་དང་དེ་དག་བྱེད་རྒྱུ་ཁས་མི་ལེན་མཁན་ཞིག་ཡིན་པས་ཁོང་གིས་ནོ་ལྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད། དེ་དང་བོད་མི་རྣམས་ནི་ནང་པ་སངས་རྒྱས་པ་ཡིན་པ་ཡོངས་གྲགས་དང་ལྟ་བའི་སྒོ་ནས་བཤད་ན་ཁོང་ཚོས་དྲག་རྩུབ་དང་སྲོག་གཅོད་ཐོག་ལ་ཞེན་ལོག་སྐྱེས། དེ་ཡིན་ཙང་བོད་མིའི་རང་ལུས་མེར་སྲེག་གནང་དུས་ང་ཚོ་སྤྱི་ཚོགས་ཀྱི་རེ་བ་དང་ཆ་མཐུན་གྱི་མིན་འདུག །
འོན་ཀྱང་ཉེས་ཆར་ལོ་འགའ་ཤས་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་མང་རུ་འགྲོ་ཡོད་པ་དང་ཁོང་ཚོས་སོ་སོའི་རེ་བ་སྟོང་གི་ཡོད་པ་དེ་སོ་སོའི་ལུས་མེར་སྲེག་པའི་སྒོ་ནས་སྟོན་བཞིན་ཡོད། ༢༠༡༨ ལོར་ནང་ཁོ་རང་བོད་མི་ ༡༥༠ རྣམས་ཀྱི་བོད་ཀྱི་ཆེད་དུ་སོ་སོའི་སྲོག་གློད་གཏོང་ཡོད་པ་དང་དེ་མཐོང་དུས་བདག་སེམས་མི་བདེ་པ་ཡོང་གི་ཡོད་པ་དང་ད་དུང་ཡང་ཐབས་ལམ་དེ་མཚམས་རྫོགས་པ་མཐོང་གི་མིན་འདུག ། ཅི་ཡིན་ནམ། གང་ཡིན་ཟེར་ན་ཁོང་ཚོས་བོད་ཆེད་དུ་རང་སྲོག་གློད་གཏོང་བ་དང་མི་མང་གཞན་གྱི་བོད་ཀྱི་གནད་དོན་སྐོར་དོ་སྣང་ལེབས་ཕྱིར་དེ་འདྲ་བྱས་པ་ཡིན་གསུངས་ཡང་ལོ་ ༦༠ ནང་བོད་མི་རྩ་དོན་འདིར་ཡར་རྒྱས་གཅིག་ཀྱང་འགྲོ་ཡོད་མ་རེད། སེམས་ནང་རེ་བ་མེད་པ་དང་བྱེད་ཐབས་གཞན་འཚོལ་མི་ཐུབ་པའི་རྐྱེན་གྱི་ཁོང་ཚོས་ཐབས་ལམ་འདི་རྗེས་སུ་བཟུང་བ་རེད། རང་ལུས་མེར་སྲེག་གཏོང་དགོས་པའི་ཁོང་ཚོའི་རྒྱུ་མཚན་ལ་ལྟ་ནས་དྲང་པོ་ཞུས་ན་ཁོང་ཚོའི་རང་ལ་གནོད་པའི་བྱ་བ་འདི་ལས་སླ་པོ་མཚམས་རྫོགས་ཀྱི་མེད་པ་མཐོང་། གང་ཡིན་ཟེར་ན་བོད་མིའི་ཆབ་སྲིད་ཡུལ་བཀོད་ལ་འགྱུར་བ་འཐེབ་ཡོད་མ་རེད། བོད་པའི་དབུ་ཁྲིད་ཚོས་རྒྱ་གཞུང་ལ་ལོ་ ༦༠ རིང་ལ་སྐྱོན་འཛུགས་པ་ལྟར་ད་ལྟ་ཡང་མུ་མཐུད་ནས་སྐྱོན་འཛུགས་བཞིན་ཡོད་རེད། དེ་བཞིན་དུ་རྒྱ་གཞུང་གིས་ཀྱང་དེ་ལྟར་ལོ་༦༠ རིང་ལ་སྣང་མེད་བཏང་ཡོད་པ་དང་གཞུང་གཞན་མཉམ་དུ་འབྲེལ་བ་བཟང་པོ་བཟོས་ཡོད་རེད། འདི་འདྲ་ཡིན་ན་རྗེས་ལ་བོད་མིའི་དབུ་ཁྲིད་ལ་རྒྱབ་སྐྱོར་གནང་མཁན་ཉུང་ནས་ཉུང་དུ་འགྲོའི་རེད།
དེ་ལྟ་ནའང་། རང་ལུས་མེར་སྲེག་སྟེ་མི་མང་པོས་སོ་སོའི་སྲོག་བཅོམ་པ་དེ་ཞེ་དྲགས་ཀྱི་བསུན་པོ་བཟོ་བའི་གནས་སྟངས་ཞིག་ཆག་གི་ཡོད་མ་དང་གཞན་ཡང་བོད་མི་དབུ་ཁྲིད་རྣམས་ཁག་ཁག་ཞུགས་ཏེ་རང་ལ་གནོད་པའི་བྱ་བ་འདི་ལྟ་བུ་བྱེད་རྒྱུ་མེད་ཞེས་སེམས་ཤུགས་གང་ཡང་མི་གཅོག །། ཁོང་ཚོས་ཁ་བསངས་ནའང་ངར་ཤུགས་མེད་པ་དང་ཤུགས་མེད་དང་གཡོ་བ་ཅན་གྱི་སྒོ་ནས་ཁ་བསངས། འདི་ཡིན་དུས་ཁོང་ཚོ་ཁག་ཁག་སྡོད་ནས་བྱ་བ་དེ་ལ་རྒྱབ་རྐྱོར་བྱེད་ཀྱི་ཡོད་པ་མཐོང་། བོད་མིའི་དབུ་ཁྲིད་རྣམས་ཁག་ཁག་ཞུགས་ཀྱང་གཞན་མི་མང་ཁག་ཁག་ཞུགས་ཀྱི་ཡོད་མ་རེད། དཔེར་ན་རིའུ་ཊར་ ( Reuters) ལྟ་བུ། རིའུ་ཊར་ནི་གསར་འགྱུར་བརྒྱུད་ལམ་ངོ་ཚབ་སྡེ་ཁག་གཅིག་ཡིན་པ་དང་ཁོང་ཚོས་གསར་འགྱུར་དང་རྩོམ་བྲིས་སོགས་ཞིབ་ཚགས་པོ་ཏག་ཏག་འགྲེམས་ཀྱི་ཡོད་པ་སྐད་གྲགས་རེད། ཁོང་ཚོའི་ཉེས་ཆར་རྩོམ་བྲིས་དེ་དོ་སྣང་ཆེན་པོ་སྤྲོད་དགོས་པ་ཆག་གི་ཡོད། བདག་གི་བརྡ་ལན་དེ་ཁོང་ཚོས་འགྲེམས་སྤེལ་བྱས་པས་ཁོང་ཚོ་ལ་བདག་གིས་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། བརྡ་ལན་དེ་ཁོང་རྣམས་ཀྱི་གསར་འགྱུར་བརྒྱུད་ནས་ཕྱོགས་གང་སར་ཁྱབ་ཀྱི་ཡོད་པ་བདག་ལ་ཡིད་ཆེས་ཡོད། རིའུ་ཊར་བརྒྱུད་ལམ་གྱི་ཕྱོགས་ཞེན་མེད་པའི་གསར་འགྱུར་འགྲེམས་སྤེལ་བྱེད་ཀྱི་ཡོད་པའི་རྐྱེན་གྱི་བརྒྱུད་ལམ་ནང་ནས་ཁོང་ཚོ་སྐད་གྲགས་ཞིག་ཆག་གི་ཡོད་པ་དང་ད་ལྟ་བདག་གི་བརྡ་ལན་དེ་ཉིད་འགྲེམས་སྤེལ་བྱེད་པ་ལ་རྟེན་ཁོང་ཚོས་གསར་འགྱུར་འགྲེམས་པར་ག་ཚོད་དཀའ་ལས་སྐྱོང་གི་ཡོད་པ་དང་དོན་དངོས་གནད་ཚུལ་སོགས་སྤེལ་བར་ཁུངས་ལྡན་ཡིན་པ་དང་ཁོང་ཚོའི་དམིགས་དོན་ཧ་ལས་པ་ཡག་པོ་ཡིན་པ་མཐོང་ཐུབ།།
ངས་སྤྱིར་བཏང་བྱེད་ན་ཆབ་སྲིད་གནད་དོན་སྐོར་བཤད་ཀྱི་ཡོད་མ་རེད། ཡིན་ཡང་རང་ལུས་མེར་སྲེག་གཏོང་ཡ་ནི་བདག་གི་ཆེད་དུ་ཆབ་སྲིད་ཀྱི་གནད་དོན་མིན། ང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་མི་མང་ལ་རྒྱུ་མཚན་གང་གི་ཡིན་ཡང་རང་ཉིད་སོ་སོའི་སྲོག་གཅད་པ་མཐོང་དུས་བདག་གིས་བྱ་བ་འདི་བཤོལ་འདེབས་པར་དེའི་སྐོར་གང་རེད་བཤད་དགོས་ཡོད་པ་ཡིན་ན་བདག་གིས་བྱེད་དགོས། བོད་ན་མང་ཆེ་བ་ནི་ནང་པ་ཡིན་པའི་ཚང་མས་ལས་འབྲས་ཁས་ལེན། ལས་ནི་ང་ཚོས་བྱ་བ་གང་འདྲ་ཞིག་བྱེད་ཀྱང་འདིའི་འབྲས་བུ་ང་ཚོའི་མྱོང་དགོས། བྱ་བ་འགའ་ཤས་སྤྱིར་བཏང་ནས་ངན་པ་དང་འགའ་ཤས་བཟང་བ་ཡིན་སྲིད། རང་སྲོག་གཅད་པ་དེ་གང་ཟག་གཞན་ཞིག་གི་སྲོག་གཅོད་པའི་ཉེས་པ་ཡོད་པ་འདྲ་མཉམ་རེད། འདི་ཞེ་དྲགས་ཀྱི་སྨིན་མ་བསྡུ་བ་ཞིག་དང་ནང་ཆོས་ན་རང་ཉིད་སོ་སོའི་སྲོག་གཅད་པ་དེ་སེམས་ཤུགས་གཅོག་གི་ཡོད་རེད། སུ་ཡིན་ཡང་སོ་སོའི་སྲོག་གཅེས་སྲུང་བྱེད་དགོས་པ་དང་གཞན་སེམས་ཅན་དུད་འགྲོ་ལ་སོགས་པ་ཀྱི་སྲོག་ཡང་གཅེས་སྲུང་བྱེད་དགོས། དེ་ཡིན་དུས་བོད་མིའི་དབུ་ཁྲིད་པ་རྣམས་ནི་ནང་པ་ཆོས་ལུགས་མི་མིང་འཁྱེར་ཡིན་དུས་ཁོང་རྣམས་པས་རང་ལ་གནོད་པའི་བྱ་བ་དང་རང་སྲོག་གཅད་པའི་བྱ་བ་བྱེད་རྒྱུ་མེད་ཞེས་ཡིག་གེ་དང་དྲྭ་ལམ། གཉེན་འཕྲིན་སོགས་ནང་སྤེལ་ཏེ་ནང་པའི་ཆོས་ཀྱི་རྣམ་བཞག་སྐོར་བོད་མི་རྣམས་ལ་སློབ་སྦྱོང་སྤྲོད་དགོས་པ་དང་དེ་འདྲ་བྱེད་རྒྱུ་མེད་ཞེས་ཞུ་འབོད་གཏོང་དགོས་པ་ཁོང་ཚོའི་ལས་འགན་ཡིན། བདག་གིས་གུས་ཞབས་ཆེན་པོ་དང་ལྡན་པའི་སྒོ་ནས་༧གོང་ས་ཆེན་པོ་མཆོག་ལ་རེ་སྐུལ་ག་རེད་ཞུ་འདོད་ཡོད་ཟེར་ན། ༧གོང་ས་མཆོག་གིས་མི་མང་ལ་སོ་སོ་མི་ཚེ་བཤིག་རྒྱུ་མེད་པ་དང་ཁོང་ཚོའི་རྩ་དོན་དེ་སྒྲུབ་པ་བྱེད་པར་ཞི་བདེ་ཐབས་ལམ་འཚོལ་བར་སྐུལ་མ་འདེབས་རོགས་ཞེས་ཞུ་རྒྱུ་ཡིན། དེར་བདག་གིས་སྐུ་ཉིད་ལ་ཞེ་སུན་བཟོས་ཡོད་པ་ཡིན་ན་དགོངས་པ་གནང་རོགས་གནང་། བདག་གི་དགོངས་པ་དེ་འདྲ་མིན།
བདག་གིས་བོད་མིའི་དབུ་ཁྲིད་དང་འཛམ་གླིང་གང་སར་གྱི་སྲིད་སྐྱོང་རྣམས་ལ་དགོས་མེད་ཀྱི་དཀའ་སྡུག་འདི་ལྟ་བུ་རྫོགས་མཚམས་གནང་རོགས་ཞེས་འབུལ་སྐུལ་ཞུའི་ཡིན། ཐུགས་རྗེ་གཟིགས། སྙིང་རྗེ་སྒོམ་རོགས་གནང་། ཐུགས་བསམ་བཤེས་རོགས་གནང་། འཇམ་སྙིང་རྗེ་དང་རྣམ་དཔྱོད་ཀྱི་སྒོ་ནས་གནད་དོན་མཐའ་དག་གསལ་ཏེ་འཛམ་གླིང་འདི་ཡར་རྒྱས་གཏོང་རོགས་གནང་། སྤྱི་ཚོགས་ཡར་རྒྱས་བཏང་བར་ང་ཚོས་ཐབས་ལམ་ཡག་པོ་རྙེད་ཐུབ། ང་ཚོ་ཚང་མས་གནད་དོན་འདི་སྐོར་ཆ་ཚང་ལ་སློབ་སྦྱོང་ཤུགས་ཆེན་པོ་སྤྲོད་དགོས་ཀྱི་ཡོད་པ་དང་ང་ཚོའི་མི་ཚེ་ནང་དང་པོ་ཉིད་ནས་དཀའ་སྡུག་ཡོད་པའི་ད་དུང་རང་ལ་གནོད་བྱ་བ་འདི་ཐམས་ཅད་བཀག་དགོས་ཀྱི་ཡོད།
སོ་སོའི་རྩ་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་དུ་བདག་གི་བསྔོ་བ་སྨོན་ལམ་ཡོད། ཁོང་རྣམས་ཀྱི་ནང་མི་དང་སྤུན་གྲོགས་ཆེད་དུ་ཡང་བདག་གི་དཀའ་སྡུག་དང་སེམས་གསོ་ཡོད་པའི་བསྔོ་བ་སྨོན་ལམ་ཡོད།
ཚེམས་རིན་པོ་ཆེ་ནས་ཐལ་མོ་གཉིས་སྦྱར་ཏེ།།
རྩོམ་བྲིས་མ་དཔེའི་བོད་ཡིག་ཐོག །
རང་ལུས་མེར་སྲེགས་མཚམས་འཇོག་ཆེད་དུ་མཁས་དབང་ཚེམས་རིན་པོ་ཆེ་མཆོག་གི་གསུང་བཤད།
ཕྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་རྒྱབ། ཆུ་ཚོད་ ༡༥:༣༡ pm
ཉེ་འཆར་ཐོན་པའི་རང་ལུས་མེར་སྲེགས་དང་འབྲེལ་བའི་གནས་ཚུལ་གསར་པ་དེ་དང་འབྲེལ་བའི་གནས་ཚུལ་གསུམ་གྱི་སྐོར། མཁས་དབང་༧སྐྱབས་རྗེ་ཚེམས་རིན་པོ་ཆེ་མཆོག་གིས་བརྟན་པོའི་ཐོག་ནས་གསུང་བཤད་གནང་ཡོད། བོད་མི་ཚོ་རང་ལུས་མེར་སྲེག་དང་དེ་ཚོའི་སྲོག་བློས་གཏོང་ལྟ་བུ་མ་བྱེད་པར་དེའི་ཚབ་དུ་ཞི་བདེའི་ཐོག་ནས་ལས་ཀ་བྱེད་དགོས་ཀྱི་སྐོར་གསུང་བཤད་གནང་ཡོད་རེད།
ཀོཨ་ལ་ལམ་པུར། མ་ལེ་སི་ཡ། (Kuala Lumpur, Malaysia ) ཕྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས ༠༨ ཉིན
ཀོཨ་ལ་ལམ་པུར། མ་ལེ་སི་ཡ། (Kuala Lumpur, Malaysia ) ཟླ་བ་ ༠༣ ཚེས ༠༨ ཉིན། ཉེ་འཆར་བོད་པ་རབ་ཏུ་བྱུང་བ་ཞིག་གིས་རང་ལུས་མེར་སྲེག་གཏོང་རྒྱུ་འཇིགས་བསྐུལ་གཏོང་། དེ་ནས་བོད་པ་མི་སྐྱ་ཞིག་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་ཚུལ་གསུམ་གྱི་གཏམ་བཤད་ལ། བོད་ཀྱི་ནང་པ་སངས་རྒྱས་པ་ནང་གི་དགེ་ལུགས་བླ་མ་རྩ་ཆེན་ཞིག་གི་ཡང་སྲིད་ཀེ་ཆ་ར་ནང་པའི་ཆོས་ཚོགས། ཡང་ན་ཀེ་ཆ་ར་ཤེས་ཡོན་བསྟི་གནས་ཀྱི་སློབ་སྟོན་པ་མཁས་དབང་ཚེམས་རིན་པོ་ཆེ་སྐུ་འཕྲེང་ཉེར་ལྔ་པ་མཆོག་ནས་དེ་དག་ལ་མོས་མཐུན་མེད་པ་དང་། རང་སྲོག་བློས་གཏོང་གི་རང་ལུས་མེར་སྲེག་བྱེད་པའི་ལས་དོན་དེ་དག་མཚམས་འཇོག་བྱེད་དགོས་ཤིང་། དེའི་ཚབ་ཏུ་གནོད་མེད་ཞི་བདེའི་ལས་ཀ་ལག་ལེན་བྱེད་དགོས།
ཉེ་འཆར་གྱི་གནས་ཚུལ་གསར་པ་དེ་ཚོ་ནི། ལོ་འདིའི་ཟླ་བ་ ༢ ཚེས་ ༢༤ ཉིན། བཙན་འབྱོལ་བོད་གཞུང་ནང་ཆབ་སྲིད་ཀྱི་རྐྱེན་གྱིས་རབ་ཏུ་བྱུང་བ་ཞིག་གིས་རང་ལུས་མེར་སྲེག་གཏོང་བར་གྲོས་འཆར་སྟོན་ཞེས་པ་དེ་ Tibetan Journal ཞེས་པའི་དྲ་རྒྱའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་གཅིག ཟླ་བ་ ༣ ཚེས་ ༥ ཉིན་དབུ་གཙང་གི་རབ་ཏུ་བྱུང་བ་ཞིག་གིས་བློ་བཟང་སེང་གེ་ལ་རང་ལུས་མེར་སྲེག་གཏོང་ནས་འཇིགས་སྣང་སྐུལ་པ་དེ་ Tibet Star ཞེས་པའི་དྲ་ལམ་བརྒྱུད་ལམ་དུ་གསལ་ཡོད་པ་གཉིས། དེ་ནས་རྔ་བ་རྫོངས་སི་ཁྲོན་དུ་བོད་མི་རང་ལུས་མེར་སྲེག་གཏོང་ཞེས་པ་དེ་ཡང་ཟླ་བ་ ༣ ཚེས་ ༧ ཉིན་ཨེ་ཤི་ཡ་རང་དབང་ལུང་ཕྲིན་ཁང་དུ་གསལ་བ་བཅས་གསུམ་མོ།།
རབ་བྱུང་གཉིས་བོད་མི་སྐྱབས་བཅོལ་བ་མཁན་ཉེ་ཆར་འཇིགས་སྣང་སྐུལ་མཁན་བོད་པའི་སྐྱེས་པ་མང་ཆེ་བ་ཞིག་ཁོ་རང་སོ་སོའི་ཕ་ཡུལ་ལ་སྡོད་མཁན་ཚོ་ཡིན་ལ། གོང་དུ་བཤད་པའི་གཉིས་པོ་དེ་དག་ནི་ཕལ་ཆེར་རྒྱ་གར་བཙན་བྱོལ་བོད་གཞུང་ནང་ཆབ་སྲིད་ཀྱི་གནས་སྟངས་མ་སྒྲིག་པའི་རྐྱེན་གྱིས་ཡིན་ཞིང་། ཐ་མ་དེ་བོད་ནང་རྒྱ་ནག་གི་དབང་སྒྱུར་དང་སྲིད་ཇུས་ལ་ངོ་རྒོལ་བྱེད་ནས་ཡིན་པ་ལྟར་མཐོང་གི་འདུག
སྤྱི་ལོ་ ༢༠༠༩ ནས་བོད་མི་ ༡༥༢་རབ་བྱུང་བ་ཞེ་གཅིག་དང་ཨ་ནེ་བརྒྱད་དང་བཅས་པ་དེ་ཚོས་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་གཏང་བ་རེད།
མི་གཞན་ལ་ནུས་ཤུགས་སྤེལ་བ་དང་དེ་ཚོས་བློ་ཐག་གཅོད་པའི་རྒྱུ་མཚན་དང་རྩ་དོན་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ནམ་སྙམ་ནས་དེ་ཚོ་སོ་སོའི་རང་སྲོག་བློས་གཏོང་། མི་མང་པོས་སྲོག་བློས་གཏོང་བ་རྣམས་ལ་བསྔགས་བརྗོད་བྱེད་ནས་བོད་པའི་དཔའ་བོ་རེད་ཅེས་སྲུང་བརྩི་བྱས། མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་མཆོག་གི་གསུང་བཤད་སྐབས་འགྲེལ་བརྗོད་སྐྱོན་གནང་ཡོ།
གང་ལྟར་ཡང་མི་འགའ་ཤས་ཀྱི་རང་ལུས་མེར་སྲེག་བྱས་པ་དེ་ལ་སུ་ཞིག་གིས་སོ་སོའི་རང་དོན་སྒྲུབ་པའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་ལས་འཆར་མཐར་སྐྱེལ་བའི་དམིགས་ཡུལ་དུ་བཟུང་ནས་ཆེ་བསྟོད་བྱེད་རྒྱུ་དང་། ཐབས་བྱུས། བསྐུལ་མ་གཏོང་རྒྱུ་མེད་པ་རེད་ཞེས་ཁོང་གིས་གསུངས། དེ་བཞིན་མོས་མཐུན་མེད་པའི་ཐབས་ལམ་འཁྲུག་པོའི་རྗེས་སུ་བཟུང་མཁན་གྱི་བོད་མི་མང་པོ་དེ་དག་ལ་མི་ལྟོས་པར་ཁོང་ཚོའི་བྱ་བ་འདི་དག་གིས་འགྱུར་ལྡོག་ཉུང་ཉུང་ངམ་གོ་བསྡུར་ལོངས་ཞེས་ཁོང་གིས་བརྗོད། འདི་ཞེས་དྲགས་ཀྱི་ཕལ་བ་ཆག་པ་རེད། བོད་མིའི་མི་ཚེ་གལ་གནད་མེད་པ་ཡིན་ཙང་ང་ཚོས་སྣང་མེད་བཏང་བ་ཡིན་ནམ། ཁོང་གིས་དྲིས། ག་རེད་ཡིན་ཡང་། ངོ་རྒོལ་བྱེད་ཕྱིར་རང་ལུས་མེར་སྲེག་གཏོང་བའི་བྱ་བ་དེ་གོ་མི་ཆོད་པ་གསལ་པོ་ཡིན་པ་དང་དེ་ཕྱིར་བོད་མི་རྣམས་ཀྱིས་ཐབས་ལམ་ལེགས་པོ་གཞན་པ་ཞིག་འཚོལ་ཞིང་དོ་སྣང་བྱེད་དགོས་ཀྱི་དུས་ཚོད་ཞིག་སླེབས་ཡོད་པ་རེད།
གནོད་འཚེ་འདྲ་མིན་སྣ་ཚོགས་ཁས་མི་ལེན་ཏེ་འདིར་ཞི་འཇམ་ཐོག་ནས་ངོ་རྒོལ་བྱེད་པའི་ཐབས་ལམ་མང་པོ་ཡོད་པ་དང་། ཐབས་ལམ་དེ་དག་དམངས་གཙོ་དང་མཐུན་པ། ནུས་པ་དང་ལྡན་པ། སྒུལ་ཤུགས་དང་ལྡན་པ་རེད་ཞེས་ཁོང་གིས་གསུངས། ནང་པ་སངས་རྒྱས་པའི་ལམ་གྱིས་འགྲོ་བ་མི་སྡུག་བསྔལ་ལས་སྒྲོལ་བར་བྱེད། སངས་རྒྱས་ཀྱི་གསུང་གི་ནང་། འགྲོ་བ་མིའི་ནང་ལ་ཡོད་པའི་རིང་ང་ཚོ་ཚང་མས་འཇིག་རྟེན་འདི་ནང་མཐུན་སྒྲིལ་ཡོང་བའི་ལས་འགུལ་སྤེལ་དགོས་པ་དང་། གཞན་ལ་བློ་སྟོབས་ཡང་སྤེལ་ཏེ་འགྱུར་བ་གང་བཏང་དགོས་པ་དེ་དག་འགྱུར་བ་བཏང་དགོས་ཞེས་མཁས་དབང་ཚེམས་རིན་པོ་ཆེས་གསུངས། བོད་མི་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་གི་རྗེས་སུ་འགྲོ་ནས་སོ་སོའི་སེམས་རྒྱུད་ཀྱི་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བརྒྱུད་ནས་བྱམས་སྙིང་རྗེ་དང་མ་བྲལ་བའི་ཐོག་ནས་བྱེད་ཐབས་མང་པོ་ཡོད་པ་མཐོང་དགོས། བོད་མི་ཚང་མ་མཐུན་སྒྲིལ་ཡོང་བ་དང་། ཆོས་ཉིད་ཀྱི་ལམ་ཉམས་སུ་ལེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་བྱེད་པ་དང་། རང་གཞན་གཉིས་ཀར་ཕན་པར་བྱེད་དགོས་ཞེས་ཁོང་གིས་གསུངས།
མཁས་དབང་ཚེམས་རིན་པོ་ཆེས་དབུས་བོད་མིའི་སྒྲིག་འཛུགས་དང་གཞན་གཞུང་འཛིན་གཙོ་བོ་རྣམས་ལ་བོད་མིའི་གནས་སྟངས་ཞི་འཇམ་འཚོལ་ཏེ་ཚང་མའི་ཆེད་དུ་ཐུན་མོང་གི་ཁེ་ཕན་ཡོང་བའི་ཐུགས་བསམ་ཞེས་དགོས་པར་གསུངས། རང་ལུས་མེར་སྲེག་དེ་བོད་པའི་དབུ་ཁྲིད་རྣམས་ཀྱིས་བཀག་སྡོམ་བྱེད་པར་རྒྱ་གར་ས་ཕྱོགས་གང་སར་ཡོད་པའི་བོད་པའི་གཞིས་ཆགས་ཁག་ནང་སྐུ་ཚབ་གཏོང་བ་དང་ཡིག་འགྲུལ་སོགས་སྤེལ་དགོས་པ་དང་། དེ་བཞིན་བོད་ནང་ཡང་བརྡ་ལན་དེ་དག་གསལ་པོ་བྱེད་ནས་མཐུན་རྐྱེན་འཛོམས་པར་བྱེད་དགོས་ཞེས་ཁོང་གིས་འབོད་བསྐུལ་ཞུས།
ང་ནི་བྱམས་པ་དང་སྙིང་རྗེ་སྡོམ་པ་དང་ལྡན་པའི་གྲྭ་པ་གྲྭ་ཀྱང་ཞིག་ཡིན། དེ་ཡིན་ཙང་མི་ལུས་རིན་པོ་ཆེ་དགོས་མེད་དུ་འཇིག་པ་མཐོང་ཐུབ་ཀྱི་མིན་འདུག་ཞེས་མཁས་དབང་ཚེམས་རིན་པོ་ཆེས་གསུངས། བདག་གིས་སེམས་ཁྲལ་ངོ་མ་ལངས་ནས་རེ་བསྐུལ་འདི་འདྲ་ཞུས་བཞིན་ཡོད་པ་དང་། ཆབ་སྲིད་དང་དོན་འགྲེལ་གཞན་གང་ཡང་ཆེད་དུ་མིན་ཞེས་སློབ་མ་ཚང་མ་ལ་ཞུས་པ་ཡིན།
ཀེ་ཆ་རའི་སྐོར། ཀེ་ཆ་ར་ནང་པའི་ཆོས་ཚོགས་ནི་མཁས་དབང་ཚེམས་རིན་པོ་ཆེས་གཞི་འཛུགས་གནང་བ་དང་། ཁོང་ཤེས་རབ་ཀྱི་ལྷའི་བདེན་གསུང་ཐོག་ལ་ཉམས་ལེན་གནང་། མཁས་དབང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ ༢༥ པ་ཁོང་གིས་ཀེ་ཆ་རའི་ཚོགས་གཙོ་ཡིན་པ་དང་། སྤྱི་ཚོགས་ཀྱི་ལས་དོན་རྒྱ་ཆེན་པོ་སྤེལ་གྱི་ཡོད་པ་མ་ལེ་ཤི་ཡ་དང་། རྒྱ་གར། བལ་ཡུལ་སོགས་ནང་ཡོངས་སུ་གྲགས་པ་རེད། སོ་སོའི་མི་ཚེ་ནང་འཕྲད་པའི་དཀའ་ངན་སོགས་ལ་སེམས་བསྐུལ་ཐེབས་པས་ཁོང་གིས་གཏོང་ཕོད་ཀྱི་ལས་གཞི་སོགས་འགོ་འཛུགས་པ་དང་། དེ་བཞིན་རྒྱ་གར་ནང་དབུལ་ཕོངས་ཆེད་དུ་སློབ་གྲྭ་དང་སྨན་ཁང་སོགས་འགོ་འཛུགས། དེ་བཞིན་མ་ལེ་ཤི་ཡ་དང་བལ་ཡུལ་ནང་དཀའ་ངན་འཕྲད་མཁན་སྟོང་ཕྲག་མང་པོར་ཁྱིམ་མེད་རྣམས་ལ་ལྟོ་སྟེར་བ་དང་རོགས་རམ་གནང་གི་ཡོད།
དཔལ་ལྡན་ཚེམས་རིན་པོ་ཆེ་མཆོག་ནས་ཁ་སྐོང་བསམ་ཚུལ།།
ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་བཏང་རྒྱུ་ནི་བདག་གི་ཉམས་ལེན་དང་འགལ་གྱི་ཡོད། བོད་སྲོལ་ལུགས་ཀྱི་གྲྭ་པ་རྣམས་ཀྱི་སྡོམ་པ་ ༢༥༣ བཟུང་དགོས་ཀྱི་ཡོད་རེད། ཡིན་ཡང་སྲོལ་ལུགས་གང་གའི་གྲྭ་པ་རྣམས་ཀྱི་རྩ་བ་བཞི་དེ་བཟུང་དགོས་པའི་སྲོག་གཅོད་ཀྱི་བྱ་བ་དེ་སྤོང་དགོས་ཡོད། གྲྭ་པ་ཞིག་གིས་སྲོག་གཅད་དེ་སོ་སོའི་རྩ་བའི་སྡོམ་པ་དང་འགལ་བ་ཡིན་ན་ཁོང་གྲྭ་པ་ལོག་གི་ཡོད་རེད། དེ་ཡིན་དུས་སྲོག་མི་གཅོད་ཀྱི་སྡོམ་པ་དེ་གནད་ཆེ་ཞིག་རེད། འདི་ངའི་ཁྲིམས་དང་ངའི་བཟོ་བ་འདི་འདྲ་མིན་ཡིན་ཡང་འདི་བདག་ཅག་སྟོན་པ་རང་ཉིད་ཀྱི་སོ་སོའི་འདུལ་བྱ་རྣམས་ཀྱི་ཆེད་དུ་བཀོད་པ་དང་ལོ་བརྒྱ་ཕྲག་མང་པོ་ནད་འདི་བཟུང་བཞིན་ཡོད་རེད། སྲོག་གཅོད་མི་རུང་བའི་ཁྲིམས་དེ་གྲྭ་བ་ཙམ་མ་ཡིན་པར་གང་ཟག་ཐམས་ཅད་ཀྱི་བཟུང་དགོས་པ་ཞིག་རེད།
དེར་ང་ཚོའི་ནང་ཆོས་ཀྱི་ཚེ་ཐམས་ཅད་རྩ་ཆེན་ཡིན་པ་སློབ་ཀྱི་ཡོད་པ་དང་ང་ཚོ་མིའི་སྐྱེ་བ་ལེན་ཐུབ་པའི་བསོད་རྣམས་དང་ལྡན་ཡོད་པ་ཡིན་ན་དེ་བའི་ཀྱང་སྐྱེ་བ་བཟང་། མིའི་རྟེན་དུ་ང་ཚོ་དབང་ཡན་ལག་དང་ལྡན་པ་དང་སློབ་གཉེར་བྱེད་པར། སྦྱོང་བར། ཐར་པ་ཐོབ་པར་ཆོས་ཉམས་སུ་ལེན་ཆེད་དུ་དངོས་གཟུགས་ཀྱི་ཡན་ལག་ཡང་ཚང་ཡོད་པ་རེད། འདི་ཡིིན་དུས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་མཚན་ག་ཚོད་ཀྱི་ཡག་པོ་ཡོད་ནའང་འདིའི་སྐོར་ཐོས་དུས་བདག་ལ་སུན་པོ་ཆག་གི་འདུག །།
སོ་སོའི་ཡིད་ཆེས་ཡོད་པའི་རྩ་དོན་ཆེད་དུ་རང་སྲོག་གློད་གཏོང་ཐུབ་མཁན་ཆེད་དུ་སྤྱིར་བདག་གི་ཡིད་འགུ་བྱེད་ཐུབ། གང་ལྟར་ཡང་སྐད་ཆ་བདེན་པ་དེ་གང་རེད་ཟེར་ན་འདི་ལྟར་འཆི་རྒྱུ་ནི་ཧ་ཅང་སྡུག་བསྔལ་ཆེན་པོ་ཡོད་པ་དང་དུས་ཡུན་སྣོར་སྡུག་བསྔལ་མྱོང་དགོས་བ་དང་འདི་འདྲ་ལྟ་ནའང་ཧ་ཅང་འདུག་རྩུབ་མཐོང་། འདི་འདྲ་དངོས་སུ་མཐོང་མཁན་རྣམས་ཀྱི་སེམས་ལ་མི་བདེ་བ་ཆེན་པོ་ཡོང་གི་ཡོད་པ་དང་གནོད་ཡུལ་གང་ཟག་གི་ནང་མི་རྣམས་ལའང་ཧ་ཅང་གནོད། འདི་དག་གང་ཟག་སོ་སོའི་དད་པ་དང་ཡིད་ཆེས་བརྟན་པོ་ཡོད་པ་དང་དེར་ཁོང་ཚོས་གཞན་གྱི་ཆེད་དུ་དམིགས་པ་གཏོང་བ་སྟོན་གྱི་ཡོད་པ་བདག་གི་ཤེས། གང་ཡིན་ཟེར་ན། བདག་ཀྱང་སོ་སོའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་སྐོར་དེ་བཞིན་ཚོར་བ་ལེབས་ཀྱི་ཡོད་པ་དང་གུས་ཞེན་ཆེན་པོ་བྱེད། གང་ལྟར་ཡང་བོད་མི་མང་གི་མི་ཚེ་མེད་པར་འགྱུར་བ་མཐོང་དུས་ཧ་ཅང་སེམས་ཕམ་གྱི་འདུག ། སེམས་ཕམ་དགོས་པ་དེ་མི་འགའ་ཤས་སོ་སོའི་རང་སྲོག་གཅད་པ་མཐོང་ནས་མིན། ཡིན་ཡང་ཁོང་ཚོས་སྲོག་གློད་པ་དེ་ལ་སྣང་མེད་གཏོང་གི་ཡོད་པ་མཐོང་དུས་སེམས་བདེ་ཀྱི་མིན་འདུག །།
རྡ་སར་གནད་ཡོད་པའི་བོད་མིའི་དུབ་ཁྲིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རང་ལུས་མེར་སྲེག་བཏང་རྒྱུ་ནི་ངེས་པར་དུ་བཀག་ཐུབ། ཁོང་ཚོའི་ཆེད་དུ་ལས་འགུལ་འདི་ལས་སླ་པོ་ཡིན་ཡང་། ཁོང་ཚོས་རང་ལུས་མེར་སྲེག་བཏག་རྒྱུ་དེ་བཀག་བའི་འབད་བརྩོན་བྱེད་ཀྱི་ཡོད་མ་རེད། དེར་དྲང་པོ་ཞུས་ན་ཁོང་ཚོས་དེ་དག་བྱེད་རྒྱུ་ཡང་མི་འདོད། དེར་རང་ལུས་མེར་སྲེག་བཏང་མཁན་ཡོད་ན་བོད་མིའི་དབུ་ཁྲིད་རྣམས་ཀྱི་དམིགས་ཡུལ་སྒྲུབ་ཀྱི་ཡོད་པ་མཐོང་གིན་འདུག །། འདི་གང་འདྲ་རེད་ཟེར་ན། ཁོང་ཚོས་བོད་མི་མང་རྣམས་བོད་ཀྱི་ཆེད་དུ་རྒྱབ་སྐྱོར་མི་རྙེད་པས་རེ་བ་དང་བྲལ་གྱི་ཡོད་པ་དང་དཀའ་སྡུག་འཕྲད་ཀྱི་ཡོད་པ་སྟོན་གྱི་ཡོད་པ་རེད། ངས་ཁོང་རྣམས་ཀྱི་དམིགས་པ་གང་ཡིན་པ་ཤེས་ཀྱི་ཡོད། ཡིན་ཡང་བསམ་པ་ཐམས་ཅད་སྒྲུབ་ཀྱི་མ་རེད། དེ་ཡིན་དུས་བོད་མིའི་དབུ་ཁྲིད་རྣམས་ཁག་ཁག་ཞུགས་ཀྱི་ཡོད་པ་དང་རང་ལུས་མེར་སྲེག་བཀག་པར་ཁ་ཤུགས་ཆེན་པོ་མ་བསངས་བ་གང་ཡིན་ན་ཞེས་ང་ཡང་ནས་ཡང་དུ་ཡ་མཚན་གྱི་འདུག ། ངས་བསམ་ཚུལ་ལ་མི་རེ་རེ་འཚི་དུས་དབུད་བོད་མིའི་སྒྲིག་འཛུགས་ལ་ཕྱི་རྒྱལ་ནས་དངུལ་དང་ཞལ་འདེབས་ཐོབ་ཀྱི་ཡོད་ཙང་ཡིན་གྱི་རེད་ཞེས་དྲན་གྱི་འདུག ། ཡང་འདི་ངས་བཟོ་བ་གང་ཡང་མ་རེད། འདི་འདྲ་ཡིན་པ་ཁུངས་སྐྱེལ་ར་སྤྲོད་བྱེད་མཁན་ནི་ཨིན་ཡུལ་གསར་འགྱུར་བརྒྱུད་ལམ་གར་ཌི་ཡན་(Guardian) གྱི་ཞིབ་འཇུག་བྱེད་ནས་དངུལ་གྱི་གནད་དོན་གསལ་པོར་སྟོན་ཡོད་རེད།
དེར་བདག་གི་ག་རེད་མཐོང་གིན་འདུག་ཟེར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སོ་སོའི་མི་མང་དང་ཁོང་ཚོའི་མ་འོངས་པའི་ཆེད་དུ་གང་བྱེད་པ་མཐོང་གི་མིན་འདུག ། དེ་མ་ཟད་དངུལ་ཁེ་བཟང་གི་ཆེད་དུ་ཚེ་ལས་འདས་པ་རྣམས་བཤུ་གཞོག་གཏོང་གི་ཡོད་རེད། དེ་ལྟར་རང་ལུས་མེར་སྲེག་བཏང་བར་དབུ་ཁྲིད་རྣམས་ཀྱིས་ཆོག་མཆན་སྦྱིན་གྱི་ཡོད་པས་འདིས་གང་སྟོན་ཟེར་ན་དབུ་ཁྲིད་རྣམས་ཀྱིས་ཁོང་ཚོའི་ཆབ་སྲིད་མངོན་འདོད་སྐོར་ཡར་རྒྱས་འགྲོའི་ཡོད་མ་རེད། གང་ཡིན་ཟེར་ན། ཡར་རྒྱས་འགྲོ་བ་ཡིན་ན་ང་ཚོའི་མི་མང་རྣམས་ཀྱིས་ཐབས་མེད་པའི་བྱ་བ་བྱེད་ཀྱི་མ་རེད་ཞེས་བསམ་གྱི་ཡོད་རེད། དུས་རབས་ཆེད་ཀ་ལས་མང་བ་འགྲོ་ཚར་རེད་དེ་ལས་དོན་འགའ་ཤས་མ་གཏོགས་སྒྲུབ་ཐུབ་ཡོད་མ་རེད་འདི་ཡིན་དུས་ད་ལྟ་ང་ཚོའི་མི་མང་རྣམས་སོ་སོའི་སྲོག་གློད་ཕྱིར་ནུས་ཤུགས་སྤེལ་གྱི་ཡོད་རེད།
འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་སྲེག་འགྱོགས་པོ་བཀག་ཐུབ་པའི་ཐབས་ལམ་ལས་སླ་པོ་ཡིན་ཡང་ནུས་པ་དང་ལྡན་པ་འགའ་ཤས་ཡོད་རེད།
༡༽ བོད་མིའི་དབུ་ཁྲིད་རྣམས་ཀྱིས་རང་ལུས་མེར་སྲེག་ལ་དགག་ལན་རྒྱན་ནས་རྒྱ་གར་ན་ཡོད་པའི་གཞིས་ཆགས་ཡོངས་ན་ཐོ་དེབ་གཏོང་ཐུབ་ཀྱི་རེད།
ཐོ་དེབ་དེ་ནང་རང་ལུས་མེར་སྲེག་བཏང་མི་ཆོག་ཞེས་བཤོལ་འདེབས་ཤུགས་ཆེན་པོ་འགྲེམས་དགོས་པ་དང་འདི་རྒྱ་གར་དང་བལ་ཡུལ་ན་གནས་ཡོད་པའི་བོད་མི་ ༡༢༠,༠༠༠ བར་དུ་གཏོང་དགོས། དེ་བཞིན་འགྲེམ་ཡིག་དང་དེབ་ཆུང་། དེབ་སོགས་སྐད་ཡིག་མི་འདྲ་གསུམ་ ( ཨིིན་སྐད། རྒྱ་སྐད། བོད་སྐད། ) ཡོད་པའི་དེབ་བཟོ་ནས་རྒྱ་གར་དང་བལ་ཡུལ་ནང་བོད་དང་འཛམ་གླིང་གང་སར་ནང་བགོ་འགྲེམས་བྱེད་དགོས། རྒྱུ་ཆ་དེ་དག་ན་མགོན་སྡེ་ཁག་དང་ཆོས་ལུགས་ཁག་མི་འདྲ་བ་རྣམས་ཀྱི་མཁན་པོ་དང་བོད་ཀྱི་ཆོས་ཀྱི་སྒོ་གནས་སོགས་ཀྱིས་རང་ལུས་མེར་སྲེག་སྐོར་དགག་ལན་ཕུལ་དགོས། གང་ཡིན་ཟེར་ན། བོད་མི་རྣམས་ཀྱིས་སོ་སོའི་ཆོས་རྒྱུན་གྱི་བླ་མའི་བཀའ་ལ་བརྩིའི་ཡོད་རེད།
འདི་ཁོང་རྣམས་ཀྱིས་བྱེད་མི་ཐུབ་པ་དང་རང་འགུལ་ནུས་པ་མེད་པ་མ་རེད། འདས་པའི་དུས་ན་ཁོང་ཚོས་རྡོ་རྗེ་ཤུགས་ལྡན་དད་ལྡན་མོས་གུས་རྣམས་ལ་དེ་འདྲ་བྱས་ཡོད་རེད། དེ་མ་ཟད་ཁོང་རྣམས་ཀྱི་ཁ་གཏད་དུ་དྲ་ལྗོངས་ཡོངས་རྫོགས་བཟོས་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ལྟ་བུ་ཆོས་ལུགས་ཀྱི་གནད་དོན་ལས་བོད་མི་ཚོས་རང་ལུས་མེར་སྲེག་ནས་སྲོག་གློད་མཁན་གནད་དོན་འདི་གལ་ཆེན་པོ་ཞིག་ཡིན་པའི་འདིའི་སྐོར་བོད་མིའི་དབུ་ཁྲིད་རྣམས་ཀྱིས་ཐུགས་བསམ་བཞེད་དེ་འདི་བཀག་པར་ཐབས་ལམ་འཚོལ་དགོས། ཉེ་ཆར་ཁོང་ཚོས་གདན་ས་ཁག་གི་མཁན་པོ་ ༡༡ འདུས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ཁ་གཏད་དུ་བརྙན་འཕྲིན་བཟོས་པ་རེད། དེར་ཁོང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་སྡོམ་སྐོར་རྒྱུ་ཆ་བཟོ་བར་འགྲོ་སོང་མང་པོ་དེ་འདྲ་གཏོང་ཐུབ་ཀྱི་ཡོད་ན་རང་ལུས་མེར་སྲེག་བཏང་རྒྱུ་དེ་དེ་ལས་ཚབས་ཆེན་ཞིག་ཡིན་དུས་འདི་བཀག་པར་འགྲོ་སོང་མ་བཏང་བ་གང་ཡིན་ནམ། གང་ཟག་གཞན་གྱི་ཆོས་ལུགས་ཞིག་ལ་ཁ་གཏད་བཅོག་པར་གདན་ས་ཁག་གི་མཁན་པོ་ཡོངས་ལ་བཙན་སྐུལ་བྱས་ཏེ་འདྲ་མིན་ལབས་ཏེ་ཁ་བསངས་བཅོག་པ་དང་། ད་ལྟ་བོད་མི་ཚོས་སོ་སོའི་སྲོག་གཅོད་དུས་བླ་མ་དེ་དག་ལ་གང་ཡང་ལབ་པར་སྐུལ་མ་མི་གདེབས་པ་ཡིན་དུས་བདག་གི་སྐད་ཆ་འདི་ལྡོག་པ་ཅན་མཐོང་གི་འདུག ། ཁྱོད་ཀྱི་ཆོས་ལུགས་དང་དད་པ་ལ་མི་ལྟོས་པར་རང་ཉིད་དང་མིའི་སྲོག་གཅོད་རྒྱུ་དེ་ནི་བསྔགས་པ་བརྗོད་རྒྱུ་མེད་རེད། འདི་སྔོན་འགོག་བྱེད་པར་ང་ཚོས་ག་རེེད་ཡིན་ཡང་བྱེད་ཐུབ་དགོས།།
༢༽དབུས་བོད་མི་སྒྲིགས་འཛུགས་ཁང་གིས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོའི་གནང་མི་ཚོར་ཆད་པ་ཡང་ན་ཁྲིམས་ཆད་རྒྱབ་ན་ཆོག
རང་ལུས་མེར་སྲེག་གཏོང་འདོད་ཡོད་མཁན་ཚོས་གལ་སྲིད་རང་ལུས་མེར་སྲེག་གཏོང་ན། དེ་ཚོའི་སྤུན་ཉེ་ཚོ་ལ་དྲི་རྩད་བྱེད་ཅིང་དགོན་པ་ནས་བཙན་འབུད་གཏོང་གི་རེད་ཅེས་སྔར་ཤེས་ཡོད་ན། ཁོང་ཚོས་རང་ལུས་མེར་སྲེག་གཏོང་བར་དོགས་ཟོན་བྱེད་ཀྱི་རེད། བོད་པའི་སྤྱི་ཚོགས་ནང་མི་ཚང་གི་སྡེ་མཚན་སོགས་ད་དུང་བརྟེན་པོ་ཞེ་དྲགས་ཡོད་པས། མི་ཚང་གི་བསྐུལ་འདེད་བྱེད་ན་ངེས་པར་དུ་ཤུགས་རྐྱེན་ཐད་ཀྱི་རེད། དབུས་བོད་མི་སྒྲིགས་འཛུགས་ཁང་ནས་མི་དམངས་ཚོ་ལ་ད་དུང་དཔལ་ལྡན་ལྷ་མོའི་སྐུ་ཐང་བདུན་དུ་རང་ལུས་མེར་སྲེག་དེ་གཏོང་གི་མེད་ཅེས་ནས་གནའ་སྐྱེལ་དམ་བཅའ་ངེས་པར་དུ་བཞག་བཅུག་དགོས་རེད།
དེ་ལ་བྱེད་སྲོལ་དེ་འདྲ་སྔོན་མ་ནས་ཡོད་པ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་ནང་མི་ཚོ་ལ་དྲི་རྩད་བྱས་ཡོད་རེད། སྐབས་སྐབས་སུ། བསྟེན་གསོལ་དེ་འཚམས་འཇོག་བྱེད་པའི་ཆེད་དུ་ཁང་ཐོག་ཏུ་རྡོ་ཞུས་ནས་སེམས་ཀྱི་བཀའ་ངལ་ཆེར་བཏང་བ་སོགས་མང་པོ་བྱུང་ཡོད། གྲྭ་བ་དང་ཨ་ནེ་ལ་གལ་སྲིད་རྡོ་རྗེ་ཤུགས་ལྡན་མཚམས་འཇོག་དེ་མཁས་མ་ལེན་ན། བཙན་འབུད་གཏོང་གི་ཡིན་ཞེས་ཟེར་ནས་འཇིགས་སྣང་སྐུལ་ཡོད། བཙན་འབུད་ནི་སྤྱིར་བཏང་བྱེད་ན་ཁྱིམ་མེད་ལུང་མེད་བཟོ་བ་ཙམ་རེད། གང་ཡིན་ཞེས་ན་གྲྭ་བ་དང་ཨ་ནེ་དེ་ཚོ་ལ་འགྲོ་ས་གཞན་གང་ཡང་ཡོད་མ་རེད། ལྷག་པར་ཏུ་མི་ཚེ་གང་ག་དགོན་པ་ལ་སྐྱེལ་བསྡད་མཁན་ལོ་རྒན་པ་དེ་ཚོ་ཡིན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བློས་གཏོང་མཁན་གྲྭ་བ་རྒྱ་ཕྲག་ལྷག་གི་འགོག་ཏུ་མེད་པའི་བཙན་འབུད་དེས་རྒྱ་གར་ལྷོ་ཕྱོགས་སུ་སེར་སྤོམ་དང་ཤར་དགའ་ལྡན་ལྟ་བུ་གྲྭ་ཚང་གསར་དུ་འཛུགས་པར་སྔོན་དུ་སོང་བ་རེད།
དེ་ག་ནང་བཞིན། གྲྭ་བ་དང་ཨ་ནེ་རྣམས་ལ་བསེ་ཕྲབ་ཀྱི་ཞལ་མཐང་༼བཀག་སྡོམ་མ་བྱུང་སྔོན་ཙམ་དུ་ང་ལ་འཕུལ་བའི་གོ་སྐབས་བྱུང་།༽དེའི་མདུན་དུ་མནའ་སྐྱེལ་བར་བཙན་སྐུལ་བྱས། འོ་ན་བཙན་བྱོལ་བོད་གཞུང་གིས་སོ་སོ་རང་ཉིད་ཀྱི་མི་ཚེ་དེ་དང་འབྲེལ་བའི་རང་ལུས་མེར་སྲེགགས་ལ་གཏན་འབེབ་སྔར་བཞིན་དུ་རྗེས་སུ་མ་བྲངས་པ་གང་ཡིན་ནམ། ཡིན་ནའང་དེ་ཚོས་སྒེར་དང་སོ་སོའི་ཆོས་དད་ལ། དུས་ཚོད་དང་། ནུས་པ། མཐུན་རྐྱེན་གང་མང་བེད་སྤྱོད་གཏོང་གི་འདུག །
རབ་འབྱུང་བ་ཚོ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་མེད་ཟེར་ནས་མནའ་སྐྱེལ་བཅུག་པའི་བརྙན་འཕྲིན་མཚན་པ་དང་པོ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/GadenMonksSwearOut001.mp4
རབ་འབྱུང་བ་ཚོ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་མེད་ཟེར་ནས་མནའ་སྐྱེལ་བཅུག་པའི་བརྙན་འཕྲིན་མཚན་པ་དང་པོ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/GadenMonksSwearOut002.mp4
༣༽བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རྩ་ཁྲིམས་ནང་རང་ལུས་མེར་སྲེགས་གཏོང་བ་དེ་ཁྲིམས་འགལ་དུ་བཀོད་མཆོག །
དེ་འདྲ་བྱས་ནས། རང་ལུས་མེར་སེགས་གཏོང་མཁན་ཚོ་ནི་བོད་རྒྱབ་འགལ་བ་དང་དེ་ཚོ་བོད་ཀྱི་སྒྲིགས་ཁྲིམས་གཏོར་ཤིག་གཏོང་ཡོད་རེད། བསྐྱར་དུ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དེ་ག་རང་བྱས་ཡོད་རེད། དེ་ཚོའི་བསྟེན་གསོལ་གཅེས་སྲུང་དེ་ལ་མ་འབེབས་བྱས་ནས་སེམས་ཤུགས་གཅོག་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ལ་ཁྲིམས་འགལ་བཟོས་ནས། བཙན་བྱོལ་བོད་གཞུང་གིས་དངོས་སུ་གནོད་འཚེའི་ལས་ཀ་འགོ་བཙུགས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་སྐྱོན་བརྗོད་བྱས། དེ་ནས་དེ་བསྟེན་གསོལ་བློས་གཏོང་དུ་གནན་སྐུལ་བྱས་ནས་བོད་ཀྱི་རྩ་ཁྲིམས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་ཟེར། དེ་ནས་གལ་སྲིད་བཙན་བྱོལ་བོད་གཞུང་དེ་རང་ལུས་མེར་སྲེག་འཚམས་འཇོག་གི་སྐོར་ཚབས་ཆེན་ཡོད་ན། སྔ་མ་བོད་མི་དམངས་སོ་སོའི་ཁ་གཏད་དུ་ནན་སྐུལ་ཇི་ལྟར་བྱས་པ་བཞིན། དེ་ཚོས་བྱེད་ཐུབ་པའི་ཐབས་ཤེས་གཞན་ཞིག་གཏོང་ཐུབ་ཀྱི་ཡོད་རེད།
༤༽རང་ལུས་མེར་སྲེགས་མཚམས་འཇོག་བྱེད་པར་ཐབས་ཤེས་མྱུར་ཤོས་དེ་ནི། རང་ལུས་མེར་སྲེགས་གཏོང་མི་མཆོག་གི་སྐོར་༧གོང་ས་མཆོག་རང་ཉིད་ཀྱིས་དེའི་དགག་ལན་ཡོངས་གྲགས་སུ་གསལ་གྲགས་གནང་དགོས།
མི་དམངས་དཀྱིལ་ལ་གཏམ་བཤད་དང་བཅར་འདྲི་གང་དུ་ཡིན་ནའང་། རང་ཤི་རྒྱབ་པའི་ལས་ངན་པ་ཡིན་པའི་སྐོར་བཀའ་གནང་ཐུབ། དངོས་ནས་བྱས་ན། ལྷག་པར་ཏུ་༧གོང་ས་མཆོག་ལྟ་བུ་རབ་བྱུང་བ་སྙན་གྲགས་ཆེན་པོ་ཞིག་ལ་རང་ཤིག་རྒྱབ་པའི་ལས་འབྲས་ཀྱིརིམ་པའི་སྐོར་གསུངས་བཤད་གནང་དགོས་པ་ནི་ཧ་ཅང་འོས་པ་ཞིག་རེད། རང་ཤིག་རྒྱབ་ཆོག་གི་མ་རེད་ཅེས་༧གོང་ས་མཆོག་གི་བཀའ་ལ་བརྩི་སྐུར་མ་བྱེད་ན་དམ་ཚིག་དང་ཇི་ལྟར་འགལ་ཚུལ་དང་། གལ་སྲིད་ཁོ་ཚོས་༧གོང་ས་མཆོག་གི་བཀའ་དང་ཐགུས་རེ་ལ་བརྩི་སྐུར་མ་བྱེད་ན་༧གོང་ས་མཆོག་གི་ཐུགས་ཕམ་པོ་ཇི་ལྟར་འབྱུང་ཚུལ། གལ་སྲིད་རང་ལུས་མེར་སྲེགས་གཏོང་ན། དེ་ཚོའི་གནང་མི་ཚོ་ལ་༧གོང་ས་མཆོག་གི་གསུངས་ཆོས་སུ་བཅར་མི་ཆོག་པ་སོགས། དེ་བཞིན་བོད་མི་ལྟེ་གནས་ཚོགས་སྡེ་ཁག་དཔེར་ན། བོད་གཞུང་གི་སྡེ་མཚན་དང་། བོད་སྨན་ཁང་དང་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཚང་མ་ཐམས་ཅད་དུ། གལ་སྲིད་རང་ལུས་མེར་སྲེགས་གཏོང་ན་དེའི་གནང་མི་ཚོའི་དེ་སྡེ་མཚན་དེའི་མཐུན་རྐྱེན་བེད་སྤྱོད་བྱེད་མི་ཆོག་ཞེས་ཟེར་ནས་སེམས་ཤུགས་གཅོག་ཐུབ་ཀྱི་ཡོད་རེད། བོད་མི་མང་ཕལ་ཆེ་བས་དེ་ཚོའི་གནང་མིར་བཀའ་སྡུག་ཕྲད་མ་བཅུག་པའི་ཆེད་དུ། སོ་སོ་ལ་མ་གནོད་གོང་དུ་ཚར་གཉིས་བསམ་བློ་གཏོང་གི་ཡོད་རེད། རང་ལུས་མེར་སྲེགས་དེ་ཁྲིམས་འགལ་གྱི་རིགས་གང་རུང་ཞིག་དང་སྡུག་ཅག་གང་རུང་རེད་ཅེས་ནས་བཤད་མི་འདུག །ཡིན་ནའང་འདི་ཚོ་བོད་མིའི་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་བྱེད་དགོས་པ་དང་དེ་ཡང་ནས་ཡང་དུ་ནན་བརྗོད་བྱེད་དགོས་འདུག ། ༧གོང་ས་མཆོག་གིས་ཧ་ཅང་བརྟན་པོའི་ཐོག་ནས་གསུངས་པ་ཡིན་ན། བོད་མི་ཕལ་ཆེ་བས་བརྩི་སྲུང་བྱེད་ཀྱི་རེད།
དངོས་ནས་བྱས་ན། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་ཡང་ལོ་ཉི་ཤུ་རིང་དེ་ག་རང་བྱས་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་བོད་མི་དམངས་ཞབས་སུ་ཁང་ལ་ལས་ཀ་བྱེད་ཆོག་གི་མི་འདུག ། དཔེར་ན་སྨན་ཁང་སྡེ་མཚན་ཁག་ཏུ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་སློབ་ཕྲུག་ཚོ་ལ་ཡིན་ན་ཐུབ་ཚོད་གཏོང་ནས་སློབ་གྲྭ་ནས་བཙན་འབུད་གཏོང་ཡོད་རེད། བོད་པའི་སྨན་ཁང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ལ་སྨན་བཅོས་ཞབས་སུ་མཁས་ལེན་བྱེད་ཀྱི་ཡོད་མ་རེད། དེ་ནས་རྒྱ་གར་བོད་པའི་སྤྱི་ཚོགས་ཕལ་ཆེར་ནང་ད་དུང་འདི་འདྲ་བ་གནས་སྟངས་འབྱུང་བཞིན་ཡོད། བཙན་བྱོལ་བོད་གཞུང་ནས་བརྟན་པོ་གང་འདྲ་ཐོག་ནས། རང་ལུས་མེར་སྲེགས་ཀྱི་གྲངས་ཆད་ཇེ་ཆེ་ཆེར་འགྲོ་བ་དེར་ ལེན་འདེབས་སྟངས་དེ་ལ་ལྟས་དུས་སོ་སོའི་བོད་མིའི་སྲོགས་ཇི་ཙམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཚུལ་གྱི་སྐོར་གསལ་པོར་མཐོང་ཐུབ་ཀྱི་འདུག ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་མྱོང་བའི་སྡུག་སྦྱོང་གི་ལོ་རྒྱུས་གཞི་བཟུང་བྱས་ན། ང་ཚོས་དོན་དངོས་ཀྱི་ཐོག་ནས་ལྟ་དུས། བཙན་བྱོལ་བོད་གཞུང་གིས་བརྟན་པོའི་ཐོག འགྱུར་བ་མེད་ཅིང་ད་དུང་གདུག་རྩུབ་ཀྱིས་སྒོ་ནས། ཁོ་རང་དགོས་དོན་གང་ཡིན་པ་དེ་ཐོབ་པར་འབད་རྩོན་བྱེད་ཀྱི་ཡོད་རེད། དཔེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ཕྱིར་འདོར་ནས། བྱུང་སྲིད་པའི་ཁ་གཏད་དང་མིང་རྗེས་ངན་པ་ལ་མ་ལྟོས་པར། བཙན་བྱོལ་བོད་གཞུང་གིས་དེ་ཚོས་བྱེད་དགོས་བསམ་དུས། ཁྲིམས་གཅོད་འདི་འདྲ་བ་ཐག་གཅོད་ཐུབ་ཀྱི་ཡོད་ན། དེ་ཚོས་དེ་ལས་ཀྱང་ཐབ་ལམ་ཤུགས་ཆེར་གཏོང་ནས་བོད་མི་རང་ལུས་མེར་སྲེགས་ཀྱི་མཚམས་འཇོག་བྱེད་ཐུབ་པ་བྱེད་དགོས། གང་ཡིན་ཞེས་ན། སོ་སོའི་ཕ་ཡུལ་དང་བཅས་པ་བློས་གཏོང་ནས་༧གོང་ས་མཆོག་ལ་རྗེས་སུ་བྲངས་ཤིང་བཙན་བྱོལ་དུ་འབྱོར་མཁན་བོད་མི་སྐྱབས་བཅོལ་བའི་སྲོགས་སྲུང་སྐྱོབ་བྱེད་པ་ལས་གལ་ཆེན་པོ་གཞན་གང་ཡང་ཡོད་མ་རེད།
ངས་གོང་དུ་བསམ་འཆར་བཞི་རོབ་བསྡུས་བྱེད་ནས་འབྲི་ཡོད་པ་དེ་དག་རྣམས་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ས་ལོ་ཉི་ཤུ་རིང་བཀག་སྡོམ་ངོས་ལེན་བྱས་པ་དེ་ཡིན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ལམ་ལུགས་ལྟར་སྤྱི་ཚོགས་དབྱེ་འབྱེད་བྱས་ནས། བསྟེན་གསོལ་དེ་བློས་གཏོབ་བར་གནན་སྐུལ་བྱས་ཡོད་རེད། དེ་ནས་ངའི་འདྲི་བ་ནི། བཙན་བྱོལ་བོད་གཞུང་དེ་རང་ལུས་མེར་སྲེགས་གཏོང་དུས་འཇམ་ཐིང་ཐིང་བསྡད་ཅིང་མི་སྡུག་པའི་རང་སྲོག་གནོད་སྐྱོན་དེར་འཇམ་ཐིང་ཐིང་བསྡད་པ་གང་ཡིན་ནམ།
༧གོང་ས་མཆོག་གིས་རང་ལུས་མེར་སྲེགས་དེའི་སྐོར་གསུངས་བཤད་གནང་གི་ཡོད་པ་ང་ལ་དངོས་ནས་རེ་བ་ཆེན་ཡོད། གནས་སྟངས་འདི་འདྲ་བའི་སྐོར་ལ་གོང་ས་མཆོག་དེ་ཉིད་ལ་ཐུགས་སྣང་གནང་དགོས་ཚུལ་གྱི་སྐོར་ཞུ་འབོད་བྱས་པ་དེ། ངས་ཁོང་ལ་བརྩི་སྐུར་གང་ཡང་མེད་ནས་བཤད་རྒྱུ་མ་རེད། ཡིན་ནའང་ང་རང་ཚོའི་བོད་མི་དམངས་ཉུང་ཙམ་མ་གཏོགས་ཡོད་མ་རེད། དེ་ནས་འདས་གྲོངས་རེ་རེར་ང་ཚོའི་དྲི་མ་མེད་པའི་རིགས་གཞུང་འཛིན་མཁན་ཉུང་ངུར་འགྲོ་བཞིན་ཡོད་རེད། བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོ་འཇམ་ཐིང་ཐིང་བསྡད་པས། ༧གོང་ས་མཆོག་གིས་བཀའ་སློབ་སྩལ་གནང་བའི་རེ་བ་ཆེན་པོ་ཡོད་ཞུ། དེ་ནས་དེ་ཚོའི་འཇམ་ཐིང་ཐིང་ནང་། དེ་ཚོས་མི་དམངས་རང་ཤི་རྒྱག་པ་དེ་དགོས་ངེས་ཀྱི་ཐོག་ཆག་ཡང་གཏོང་ཞིང་ངོས་ལེན་བྱས་འདུག ། དེ་བཞིན་ང་ཚོས་སྣང་མེད་དུ་སྐྱུར་མ་ཐུབ་པའི་བློ་ཕམ་པོ་ཅན་གྱི་རང་ལུས་མེར་སྲེགས་ཀྱི་དངོས་ཡོད་དེ་རེ ། འདི་སྒྲུབ་བྱ་གཙོ་བོར་བཟུང་ནས་བྱས་པའི་དམིགས་གསལ་གྱི་རང་ཤི་རྒྱབ་པ་དེ་རེད།
བཙན་བྱོལ་བོད་གཞུང་གི་དབུ་ཁྲི་གཅིག་པོ་འཇམ་ཐིང་ཐིང་བསྡད་ཅིང་། རང་ལུས་མེར་སྲེགས་ཤུགས་ཆེར་གཏོང་བ་དེ་ལ་སེམས་ཤུག་གཅོག་ཐུབ་ཀྱི་མི་འདུག །ཡིན་ནའང་ཁོ་ཚོས་རྡ་སར་རང་ལུས་མེར་སྲེགས་གཏོང་མཁན་ཚོ་དཔའ་བོ་ཡིན་ཞེས་ནས་དུས་དྲན་སྲུང་བརྩི་བྱེད་པའི་ཆེད་དུ། དྲན་རྟེན་དང་། མཛེས་རྒྱན་བྱང་བུ། གཟུགས་བརྙན་སོགས་བཟོ་འདུག ། དེ་ཚོས་འདས་གྲོངས་དེ་ལ་བརྟེན་ནས་མི་གཞན་ལ་སྤོབས་པ་སྐྱེས་བཅུག་གི་འདུག་པས། ད་དུང་མ་གཞན་པ་མང་པོས་ལས་རིམ་ཇི་མ་ཇི་བཞིན་བྱེད་པར་བློ་སྟོབས་སྤེལ་གྱི་འདུག ། ཡིན་ད་ཡིན། ཕོ་མོ་དེ་དག་ནི་དཔའ་བོ་དཔའ་མོ་ཡིན། ཡིན་ནའང་དེ་ཚོས་ལས་རིམ་དེ་དག་ལ་བློ་སྟོབས་སྤེལ་ཆོག་གི་མ་རེད། ང་ཚོས་འདས་གྲོངས་དང་སྲོགས་གཅོད། རང་ཤི་ལ་དུས་ནམ་གཡང་བློ་སྟོབས་སྤེལ་རྒྱུ་མིན།
རང་ཉིད་སོ་སོའི་དོན་དུ་བསམ་བློ་གཏོང་ཞིག ། མི་དམངས་༡༥༢་འདས་གྲོངས་སུ་ཕྱིན་པ་ཁོ་ཚོས་ཤེས་དུས། སུ་རུང་ཞིག་ལ་འཇམ་ཐིང་ཐིང་མི་བྱ་མཐུ་མེད་གང་བཟོ་ཡིན་ཡིན་ནམ། གང་ཡིན་ཞེས་ན། འདིས་བཙན་བྱོར་བོད་གཞུང་གི་དཔོན་པོ་ཚོའི་རང་དོན་གྲུབ་བྱ་གྲུབ་བཅུག་གི་རེད། བོད་མི་སོ་སོ་རང་ཉིད་ལ་གནོད་སྐྱོན་བྱང་བ་ཙམ་གྱི་སྒྲིགས་ཀྱི་རེད། གང་ཡིན་ཞེས་ན་འདིས་བཙན་བྱོལ་བོག་གཞུང་གི་དཔོན་པོ་ཚོའི་བྱེད་སྟངས་ཆབ་སྲིད་ལམ་ལུགས་ལྟར་མཐུན་ཞིང་། སྙིང་རྗེའི་ཐོག་གསོ་སྐྱོང་དང་དཔལ་འབྱོར་གྱི་རོགས་རམ་གྲུབ་པར བོད་མི་ཚོ་གནོད་འཚེ་ཕོག་ཡུལ་ལྟར་མཐོང་གི་འདུག ། འདིས་དངོས་ནས་བསུན་པོ་བཟོ་བ་དང་། དྲང་པོ་ཞུ་ན་༼དགོངས་འགལ་མེད་པ་ཞུ༽བརྙས་གཙེར་ཅན་རེད། ང་ཚོའི་བོད་མི་ཚོ་ལག་ཆ་མ་ཡིན་ཞིང་། མི་དམངས་ཚོ་ལ་གཡོ་ཐབས་བྱེད་ནས་ཆབ་སྲིད་ཀྱི་ལག་ལྟར་བཞིན་བྱེད་སྤྱོད་རྩ་ནས་བྱེད་ཆོག་གི་མ་རེད།
ང་ལ་ངའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ལ་རང་དབང་མེད་པའི་འདོད་པ་ཤུགས་ཆེན་པོ་ཡོད། འདིས་ང་ལ་བསྟན་གསོལ་དེའི་ཕན་ཡོན་ཁྱབ་སྤེལ་བྱེད་ཆོག་པའི་གོ་སྐབས་བཟང་པོ་བྱུང་ཡོད། ང་ཚོའི་མི་ཚེ་ཐུང་ཞིག་ནང་། ང་ཚོ་ལ་བར་ཆད་དང་། དཀའ་སྡུག བློ་ཕམ་བྱུང་བ་སོགས་མང་པོ་ཡོངས་ཀྱི་ཡོད་པ་ཡིན་ཙང་། རྡོ་རྗེ་ཤུགས་ལྡན་གྱི་རྣམ་སྤྲུལ་གང་ལ་ཐོགས་རེག་ཅན་གྱི་རེ་བ་ཡོད་རེད། གང་ཡིན་ཞེས་ན། ཆོས་སྐྱོང་དེ་ཉིད་ཡང་དག་པར་བསྟེན་གསོལ་དེ་གང་ལ་། བཙན་བྱོད་གཞུང་ནས་བཙན་གནོན་བྱེད་ཡོད་རེད། ངས་དེའི་སྐོར་བཤད་བཞིན་པ་ཡིན། མི་འགས་ངས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་སྤེལ་ནས་མི་ཚོ་ལ་རང་ལུས་མེར་སྲེགས་ཏུ་བཀོལ་སྤྱོད་བྱེད་ཡོད་པ་དྲན་སྲིད་ཀྱི་རེད། ཡིན་ནའང་ངའི་གྲུབ་བྱ་དེ་རེད། ངའི་དགོས་དོན་ནི། བཙན་བྱོལ་བོད་གཞུང་དཔོན་པོ་ཚོས་གང་བྱེད་ཐུབ་ཀྱི་ཡོད་པ་དང་གལ་སྲིད་ཁོ་ཚོས་དངོས་ནས་བྱེད་དགོས་ན་བྱེད་ཐུབ་པའི་ཐབས་ལམ་མཐའ་མ་དེའི་དཔེ་ཟླ་སྟོན་པ་དེ་ཡིན་ལགས། ཐ་མ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་བྱེད་པར་གདུག་རྩུབ་ཅན་དང་སེམས་སྐྱོ་བའི་ཐབས་ཤེས་གཏོང་བྱུང་། དེའི་ཚབ་ཏུ་བརྟན་པོའི་ཐོག་ཡང་ནས་ཡང་དུ་རང་ལུས་མེར་སྲེགས་བཀག་སྡོམ་དུ་འབད་བརྩོན་བྱེད་དགོས། ངས་རྒྱུན་དུ་དེ་འདྲ་བྱས་པ་དེ་བོད་མི་ཚོ་ལ་ཞི་བདེ་དང་། གོང་ཕེལ། བདེ་སྐྱིད་ཀྱི་ཡོང་བའི་ཆེད་དུ་ཡིན། དེ་ཚོ་ཇི་ལྟར་སྒྲུབས་ཐུབ་དགོས་པ་དེ་ཚོ་ངའི་དབང་ཆ་ནང་མ་རེད། ཡིན་ན་འང་དེ་ཚོ་རྒྱ་གཞུང་དཔོན་པོ་དང་བོད་གཞུང་དཔོན་པོ་ཐུགས་ཕྲད་བྱེད་ནས་ལྷག་བསམ་ཅན་གྱི་ལྟ་བ་ཟླ་སྒྲིལ་བྱེད་པ་དེ་ལ་རག་ལས་ཀྱི་ཡོད་རེད། བཙན་བྱོལ་བོད་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་ནས་ཨ་ལིབ་ཡལ་ག་སྟེ་ཞི་བདེའི་མཚོན་རྟགས་ཁྱབ་སྤེལ་བྱེད་དགོས།
ངས་༧གོང་ས་མཆོག་གི་བྱམས་བརྩེ་མི་དམང་ཚོ་ལ་རང་ལུས་མེར་སྲེགས་མ་གཏོང་བའི་ཆེད་དུ་སེམས་ཤུགས་གཅག་པའི་བཀའ་གནང་བའི་རེ་སྨོན་ཡོད། བཙན་བྱོལ་བོད་གཞུང་གི་དཔོན་པོ་ཚོས་རང་ལུས་མེར་སྲེགས་གཏོང་ཆོག་པ་དེ་ཆབ་སྲིད་ཀྱི་ལས་དོན་གང་ཡང་མ་གྲུབ་པ་དང་དེ་འདྲ་བྱེད་པ་ནི་སོ་སོ་མི་རིགས་ཀྱི་སྲོགས་འཕྲོ་བརླག་གཏོང་བ་ཙམ་ཡིན་ཤེས་ཐུབ་པའི་རེ་སྨོན་ཡོད། དེ་ཚོས་འདས་གྲོངས་དེའི་སེམས་ཤུགས་གཅག་པར་ཐབས་ལམ་གང་ཡིན་ཀྱང་བྱེད་དགོས། རག་ལུས་མེར་སྲེགས་གཏོང་བ་དེ་སྡུག་ཅག་རེད་ཅེས་བཤད་ནས་གཅིག་པོ་མ་ཡིན་པར་ཁོ་ཚོ་ལ་ལམ་སྟོན་ཡག་པོ་བྱེད་མཁན་དབུ་ཁྲིད་བྱེད་ནས་བྱེད་དགོས། དངོས་ནས་བྱེད་ན། འདི་ནི་བོད་ཀྱི་གྲོས་གཞི་སྐབས་ཞེ་དྲགས་གལ་ཆེན་པོ་རེད། བཙན་བྱོལ་བོད་གཞུང་ནང་གི་དབུ་ཁྲིད་ཚོའི་དོན་དུ། རང་ལུས་མེར་སྲེགས་གཏོང་མཚམས་འཇོག་བྱེད་དགོས་པ་དང་བོད་མི་ཚོའི་སྲོགས་སྲུང་སྐྱོབ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ཚོས་ཐབས་ལམ་གསར་པའི་སྐོར་བསམ་བློ་གཏོང་དགོས། ཆབ་སྲིད་ཀྱི་རེ་འདོད་བསྒྲུབ་པ་ལ། ཚེ་སྲོགས་བློས་གཏོང་མི་དགོས་པའི་ཐོག་ནས། དེ་ནས་ངས་སྨོན་ལམ་རྒྱབ་ཀྱི་ཡིན། མི་དམངས་ཞིག་གིས་ལས་དེ་འདྲ་བ་བྱས་མཁན་ཚོ། བདེ་བ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་གནས་ས། ཆབ་སྲིད་སྐྱོན་མེད་སར་སྐྱེད་པའི་རེ་སྨོན་ཡོད། སོ་སོའི་རེ་བ་གང་ཡོད་པ་དེ་ལ། ཡ་མེད་ཚ་བོ་དང་རེ་མེད་བློ་ཕམ་བྱུང་དགོས་ཡོད་མ་རེད།
སྒྲུབ་བོ།
ཚེམས་རིན་པོ་ཆེ་ནས།
ཁ་སྐོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
འོག་ལ་ཡོད་པའི་འདྲ་པར་དེ་ Tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་པར་རེད། འདིའི་ནང་རྡོ་རྗེ་ཤུགས་ལྡན་སྐོར་སྡེ་ཚན་ཁག་ཁག་ཞིག་བཟོས་ནས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་སྐོར་ཞེ་ལོག་དང་དགག་ཆ། སྐད་ཆ་རྩུབ་པོ་ཀྱང་ཀྱང་བྲིས་ཡོད་པ་རེད། དམངས་གཙོའི་དབུ་ཁྲིད་སུས་ཆོས་ལུགས་སྡེ་ཚན་ཞིག་ལ་དམིགས་སུ་ཀར་ནས་སོ་སོའི་དྲ་རྒྱའི་ནང་ལ་བྱ་བ་འདི་འདྲ་གནང་གི་ཡོད་དམ། གལ་ཏེ་ཨ་རི་དང་ཁེ་ན་ཌ་དེ་བཞིན་དམངས་གཙོའི་གཞུང་གཞན་གྱིས་སོ་སོའི་དྲ་རྒྱའི་ནང་མི་མང་སྐོར་འདི་འདྲ་སྡེ་ཚན་བཟོས་ན་སྡིར་ར་གང་འདྲ་འབྱུང་ས་རེད་དམ།
༧གོང་ས་མཆོག་གི་དྲ་རྒྱ།
འདྲ་པར་འདི་ནི་ DalaiLama.com ༧གོང་ས་མཆོག་གི་གཞུང་དང་འབྲེལ་བའི་དྲ་རྒྱའི་པར་རེད། ༧གོང་ས་མཆོག་གི་དྲ་རྒྱ་ཁོ་རང་ནང་སྡེ་ཚན་འདི་འདྲ་ཡོད་དུས་བོད་མི་རྣམས་ཀྱིས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབྱེ་བ་འབྱེད་པ་དང་ཁོང་ཚོ་དང་འབྲེལ་མེད་བཟོ་བར་བློ་སྤོབས་སྐྱེད་པར་བྱེད་ཀྱི་ཡོད་རེད། སྡེ་ཚན་འདིས་ག་རེད་སྟོན་གྱི་ཡོད་རེད་ཟེར་ན། ༧གོང་ས་མཆོག་ཁོང་རང་གིས་ཆོག་མཆན་གནང་བ་མཐོང་ཐུབ། རྡོ་རྗེ་ཤུགས་ལྡན་ལ་མ་དགའ་མཁན་ཞིག་གིས་འདི་མཐོང་དུས་ཁོང་རྣམས་ཀྱི་གང་དྲན་གྱི་ཡོད་རེད་ཟེར་ན། ཤུགས་ལྡན་བསྟེན་དགོས་མིན་འདུག ༧གོང་ས་མཆོག་གི་བཀའ་རེད་ཟེར། ༧གོང་ས་མཆོག་གིས་འདི་ལ་མོས་མཐུན་གནང་གི་ཡོད་པ་བདག་གི་བསམ་པ་མེད། ཡིན་ཡང་དྲ་རྒྱ་བེད་སྤྱོད་བྱེད་མཁན་དང་༧གོང་ས་མཆོག་གི་དྲ་རྒྱའི་རྒྱབ་ལ་ལས་འགུལ་སྤེལ་མཁན་རྣམས་ཀྱིས་འདི་འདྲ་རྡོ་རྗེ་ཤུགས་ལྡན་འགལ་ཟླས་སྡེ་ཚན་བཟོས་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། འདིས་ཆོས་ལུགས་སྡེ་ཚན་ཞིག་ལ་དབྱེ་བ་འབྱེད་པ་མང་པོ་ཡོང་གི་འདུག དུས་རབས་ཉི་ཤུ་གཅིག་པའི་ནང་༧གོང་ས་མཆོག་ལྟ་བུ་རང་བཞིན་གྱི་དབུ་ཁྲིད་ཤིག་ཆགས་ཐུབ་ཀྱི་མི་འདུག དབྱེ་འབྱེད་མ་གནང་རོགས་གནང་། བཟོད་སྲན་བྱེད་དགོས་པ་གལ་ཆེ།
གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པ་རེད་ཞེས་བསླབ་བྱ་ཙམ་ཡིན་པ་ཡིན་ན། དྲ་རྒྱ་ཆ་ཚང་ནང་རྡོ་རྗེ་ཤུགས་ལྡན་སྐོར་ལོགས་སུ་སྡེ་ཚན་ཕྱེ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
གཞུང་གི་ལས་བྱེད་པ་རྣམས་ཀྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་མེད་ཞེས་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་བྱེད་ཡོད།
ཕྱི་ལོ་ ༡༩༩༢ ནང་བོད་མིའི་དབུ་ཁྲིད་རྣམས་ཀྱིས་གཏན་འབེབས་བྱེད་པའི་གྲོས་ཆོད་དེ་བོད་ཀྱི་སྡེ་ཚན་ཆ་ཚང་དང་ལས་བྱེད་པ་ཡོངས་ལ་ལག་སྤྲོད་བྱས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་རྒྱུ་མེད་པའི་(དོན་ཚན་བརྒྱད་པ་) བཀའ་གཏོང་བ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ཡིན་ན་དེས་༧གོང་ས་མཆོག་གི་སྐུ་ཚེ་དང་བོད་ཀྱི་རྩ་དོན་ལ་གནོད་ཀྱི་འདུག་ཞེས་གྲོས་ཆོད་འདི་ནང་བཀོད་ཡོད་པ་རེད། འདི་འདྲ་ཡིན་དུས་བོད་པའི་སྤྱི་ཚོགས་དང་གཞུང་ནང་སུས་རྡོ་རྗེ་ཤུགས་ལྡན་དངོས་སུ་བསྟེན་ཐུབ་བམ། བསྟེན་པ་ཡིན་ནའང་ཁོང་ཚོ་༧གོང་ས་མཆོག་ལ་རྒྱབ་འགལ་བྱེད་མཁན་རེད། བོད་གཞུང་ལ་རྒྱབ་འགལ་བྱེད་མཁན་རེད། དམ་ཚིག་ལས་འགལ་བ་རེད་ཟེར། དངོས་སུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་རྣམས་ལ་ལོ་ ༢༠ རིང་ནས་སྐྱོན་བརྗོད་ཀྱི་ཡོད་པ་དང་། ཚིག་རྩུབ་པོ་བེད་སྤྱོད་བྱེད་པ་དང་བརྡབ་སིག་གཏོང་བ་དང་དབྱེ་འབྱེད་སོགས་བྱེད་ཀྱི་ཡོད་རེད། དེར་ཁོང་རྣམས་ལ་ཐབས་ལམ་གསུམ་ཡོད་རེད། ཡང་ན་བསྟེན་གསོལ་བྱེད་རྒྱུ་མཚམས་བཞག་དགོས། (མི་མང་པོ་འདི་འདྲ་གནང་མི་ཐུབ།) གསང་བའི་ཐོག་ནས་བསྟེན་གསོལ་བྱེད་རྒྱུ་དང་། ཡང་ན་སོ་སོའི་ལས་ཀ་བློས་གཏོང་རྒྱུ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ནི་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་བཀོད་ཡོད་པ་རེད
tibet.net དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་དྲ་རྒྱའི་པར་རེད། འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བྱུང་རབས་ཀྱི་ནག་ཅན་རེད་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་ནང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ནང་བཀོད་འདུག (དོན་ཚན་གསུམ་པ། ཡིག་འབེབ་གཉིས་པ།)
བརྙན་འཕྲིན། ༧གོང་ས་མཆོག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་ནས་གྲྭ་པ་རྣམས་བཙན་འབུད་གཏོང་བ།
ཕྱི་ལོ་ ༢༠༠༨ ལོར་འབྲས་སྤུངས་བློ་གསལ་གླིང་དུ་༧གོང་ས་མཆོག་གིས་གང་གསུངས་པ་རེད་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་མི་འཇོག་མཁན་གྱི་གྲྭ་པ་རྣམས་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་དགོས་ཞེས་གསལ་པོ་བྱེད་ནས་གསུངས་པ་བསྡུ་འཇུག་བྱས་ཡོད། མ་ཟད་༧གོང་ས་མཆོག་གི་གཞན་གང་གསུངས་པ་རེད་ཟེར་ན། གལ་ཏེ་ཁོང་ཚོས་མ་ཉན་པ་ཡིན་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བཙན་འབུད་གཏོང་དགོས་པ་ནི་༧གོང་ས་མཆོག་གི་བཀའ་རེད་ཅེས་ཞེས་ཁོང་གིས་འདི་འདྲ་གསུངས།
ངས་དྲི་བ་ནི། གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མཚམས་འཇོག་དགོས་ཞེས་པ་དེ་བཀའ་ཙམ་ཡིན་པ་དང་། འདི་ང་ཚོས་གང་བསྟེན་གསོལ་བྱེད་ཀྱང་སོ་སོའི་འདོད་པ་རང་དབང་ཡིན་པ་ཡིན་ན། འདི་བསྟེན་གསོལ་བྱེད་མཁན་རྣམས་ལ་ཧ་ལས་པའི་གནོན་ཤུགས་དང་དཀའ་ངལ་ཡོད་པ་རྒྱུ་མཚན་ཅི་ཡིན་ནམ། ༧གོང་ས་མཆོག་གིས་དེ་འདྲ་གསུངས་པ་ལ་བརྟེན་ནས་ཤུགས་ལྡན་བསྟེན་གསོལ་གནང་མཁན་གྱི་གྲྭ་པ་སྟོང་ཕྲག་མང་པོ་དགོན་པ་གྲྭ་ཚང་ནས་བཙན་འབུད་གཏོང་ཡོད་པ་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་དགོས་ན་སོ་སོའི་ཁག་ཁག་དགོན་པ་བཟོ་བར་ནུས་ཤུགས་སྤེལ་བ་རེད།
དགའ་ལྡན་དགོན་པར་ངོ་རྒོལ་འཐབ་འཛིངས་བྱུང་བ།
ལོ་ཉི་ཤུ་སྔོན་ནས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱུང་བ་ནས་བཟུང་། བཙན་འབྱོལ་བོད་གཞུང་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དེའི་ཁ་གཏད་དུ་སྡང་སེམས་ཅན་གྱི་ལས་འགུལ་མུ་མཐུད་ནས་གོ་སྒྲིག་བྱེད་ཀྱི་ཡོད་རེད། དེ་འདྲ་བྱེད་ནས། བཙན་བྱོལ་བོད་གཞུང་དེ་༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་བཟོད་སྒོམ་གྱི་གསུང་ཆོས་སྙིང་པོ་དེ་དང་འགལ་ཞིང་། དེ་རྗེས་བྱ་སྤྱོད་དེ་འདྲའི་རང་བཞིན་གྱི་ཐོག་འཛམ་གླིང་ཡོངས་ལ་མགོ་སྐོར་གཏོང་གི་འདུག ། བཙན་བྱོལ་བོད་པའི་དབུ་ཁྲིད་ཚོས་དེ་ནང་འགྲོ་སོང་གཏོང་བའི་ཆེད་དུ་ནུབ་ཕྱོགས་ནས་སྦྱིན་བདག་དང་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བསྒྲུབ་པར་རྩེ་གཅིག་ཏུ་འབད་བརྩོན་བྱེད་ཅིང་། ཡིན་ནའང་སྤྱིར་སྟངས་ཁོ་ཚོས་མ་རྩ་དེ་བོད་པའི་སྤྱི་ཚོགས་ནང་ཆོས་དད་རང་དབང་ལ་བཙན་གནོན་བྱས་ནས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ཁ་གཏད་དུ་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་གདུག་བརྩུབ་ཅན་གྱི་ངན་བསླབ་རྒྱག་ནས་བཙན་གནོན་གྱི་ལས་འགུལ་ལ་འགྲོ་སོང་གཏོང་གི་ཡོད།
བརྙན་ཐུང་འདིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་འོག་ལོ་ཉི་ཤུའི་རིང་དེ་ཚོའི་སྲོག་གི་ཉན་ཁ་ཡོད་བཞིན་ཇི་ལྟར་སྡོད་ཡོད་ཚུལ་གསལ་པོ་སྟོན་ཡོད། དེ་ལྟར་ཡང་བཙན་བྱོལ་བོད་པའི་དབུ་ཁྲིད་ཚོ་དང་དེའི་རྒྱབ་སྐྱོར་བ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་དང་བཙན་དབང་གིས་མུ་འཐུད་ནས་གདུག་རྩུབ་སྣ་ཚོགས་དང་ལོག་བྱུས་ཀྱི་ཐབས་ལམ་བཀོལ་སྤྱོད་བྱས་ཀྱང་། བསྟེན་གསོལ་བྱེད་མཁན་དེ་ཚོས་འཁྲུག་རྩོད་གང་ཡང་བྱེད་ཡོད་མ་རེད ། དེ་ཚབ་ཏུ། དེ་ཚོས་མུ་འཐུད་ནས་དེ་ཚོའི་རྡོ་རྗེ་ཤུགས་ལྡན་བླ་མ་གང་ལ་ཞི་བདེའི་ཐོག་བློ་གཏད་ནས་སོ་སོའི་སྲུང་མ་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་ཆོས་བརྒྱུད་གང་ཐོབ་པ་དེ་ཚུལ་བཞིན་དུ་བསྟེན་གསོལ་བྱེད་ཀྱི་ཡོད་རེད། གློག་བརྙན་དེའི་ཚན་པ་གཙོ་བོ་ནི་སྤྱི་ལོ་ ༢༠༠ ལོར་གློག་བརྙན་པར་འདེབས་བྱས་ཡོད་པ་དང་། འདིས་སེར་སྐྱ་མི་མང་ ༣༠༠ ལྷག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་འཁྲུག་ཟིང་རྒྱབ་པར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་ཕྱོགས་སུ་རྒྱུག་བཞིན་པ།
ངོས་ལེན་མེད་པའི་གསལ་བསྒྲགས།: བརྙན་འཕྲིན་འདི་སྡེ་པ་གསུམ་པའི་བརྙན་འཕྲིན་རེད། དྲ་རྒྱ་འདིར་བཀོད་སྒྲིགས་བྱེད་པའི་དབང་ཆ་བདག་ལ་ཐོབ་ཅིང་། བརྙན་འཕྲིན་འདི་ཚོང་ལས་ཁྱབ་བསྒྲགས་ཀྱི་ཆེད་དུ་མིན་པར། སློབ་གསོ་ཁོ་ནའི་དོན་དུ་བཀོད་སྒྲིགས་བྱས་ཡོད་པ་མཁྱེན་དགོས།
བརྙན་འཕྲིན།: རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་ནས་ངོས་ལེན་མ་བྱས་པ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཞིག་གིས་དགའ་ལྡན་ཤར་རྩེ་ནོར་གླིང་གསོལ་མགྲོན་ཁང་དུ་ཁང་མིག་གོང་ཚད་འདྲི་དུས་མགྲོན་ཁང་ལས་བྱེད་ཀྱིས་ངོས་ལེན་མ་བྱས་ཤིང་ཐོན་འགྲོ་བར་འབོད་བསྐུལ་ཞུས།
བརྙན་འཕྲིན། : France 24 ཞེས་པ་ཕ་རེན་སི་གསར་ཁང་ནང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་སྙན་སེང་ཞུས་པ།
France 24 ཞེས་པ་ཕ་རེན་སི་ནང་ཡོད་པའི་གྲགས་ཅན་གསར་ཁང་དེ། དེ་ཚོའི་དམིགས་ཡུལ་ཅན་གྱི་སྙན་སེང་བྱེད་སྟངས་དེ་ཡོངས་གྲགས་རེད། དེ་ཚོས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་རྒྱས་ཤིང་རྒྱས་པ་བཀོད་ཅིང་དེ་ཚོས་བརྒྱུད་ལམ་ཁག་ཏུ་གསར་འགྱུར་དེ་བཀོད་དོན་དུ་དུས་ཚོད་གང་མང་སྐྱེལ་ཡོད་པས་གནད་དོན་དེ་ཛ་དྲག་ཚ་བོ་ཡིན་པ་མཁྱེན་གསལ་རེད། དེའི་བརྙན་འཕྲིན་ནང་། ཕ་རེན་སི་གསར་ཁང་དེས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྲྭ་བ་ཚོ་ལ་དབྱེ་འབྱེད་བྱས་པའི་གློག་བརྙན་པར་འདེབས་བྱས་འདུག །
བརྙན་འཕྲིན། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་ནང་དུ་ཡང་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་བཀོད་འདུག །
དབུས་ཤར་ཕྱོགས་ཀྱི་བརྒྱུད་ལམ་དུ་ནུབ་ཕྱོགས་རིག་གཞུང་ལ་ཤུགས་རྐྱེན་ཤུགས་ཆེན་པོར་འཐེབ་ཡོད་པ་དང་། ཨལ་ཛ་ཛི་ར་ཞེས་པ་གསར་ཁང་གིས་བརྒྱུད་ལམ་དུ་ལེན་བཀོད་ཡོད་རེད། དེ་ཚོས་རྩོད་རྙོག་ཅན་གྱི་བརྗོད་གཞི་བཀོད་ཀྱི་ཡོད་རེད། བརྒྱུད་ལམ་གཞན་གྱིས་བཀོད་འདོད་མེད་པའི་བརྗོད་གཞི་རྣམས་ཁོ་ཚོས་བཀོད་ཀྱི་ཡོད་པ་དང་། དེང་སང་གསར་འགྱུར་གསར་ཤོས་དེ་ཚོ་ཚང་མ་བཀོད་ཀྱི་ཡོད་རེད།
བཀག་སྡོམ་བྱེད་པའི་བདེན་དཔང་།
ལོ་འགའ་ཤས་རིང་། ངའི་དགེ་ཕྲུག་ཚོས་རྡོ་རྗེ་ཤུགས་ལྡན་བཀག་སྡོམ་བྱེད་ཡོད་པའི་བདེན་དཔང་དེ་དག་ཕྱོགས་སྒྲིགས་བྱས་ཡོད་རེད། ང་རང་ངོས་ནས་ཕྲན་བུའི་བློ་ཕམ་པོ་བྱུང་བ་དང་སེམས་པ་སྐྱོ་པོ་བྱུང་། ཁོ་ཚོས་འདི་འདྲ་མང་པོ་དཔང་རྟགས་ཕྱོགས་བསྡུས་བྱས་འདུག གང་ཡིན་ཞེས་ན་བཀག་སྡོམ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་ཡོད་རེད། སྐུ་ཉིད་ཀྱིས་འོག་ལ་གཟིགས་ཐུབ་ཀྱི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་བཀག་སྡོམ་བྱས་པའི་གསལ་བསྒྲགས་བོད་པའི་གཞི་ཆགས་གང་སར་མཐོང་ཐུབ་ཀྱི་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་སྨན་ཁང་དང་། དེ་བཞིན་ཟ་ཁང་། ཚོང་ཁང་གང་དུ་ཡིན་ནའང་འབྲེལ་བ་བྱེད་མི་ཆོག་ཞིང་། ཁོ་ཚོས་ཞབས་ཞུ་ཞུ་བར་ངོས་ལེན་ཡང་བྱེད་ཀྱི་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བོད་པའི་སྤྱི་ཚོགས་དང་གཞིས་ཆགས་ནང་ཞེ་དྲག་གི་གདུག་རྩུབ་བྱེད་ཀྱི་འདུག །བཀའ་སློབ་འདི་གང་འདྲ་ཞིག་ཡིན་ནམ།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
[…] […]