རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
བཙལ་བྱོལ་བོད་པའི་སྤྱི་ཚོགས་ནང་ཁ་གསང་མཁན་དཀོན་པོ་ཞེ་དྲགས་རེད། གང་ཡིན་ཟེར་ན་བོད་མིའི་དབུ་ཁྲིད་རྣམས་ཀྱིས་ཐོབ་ཐང་མང་པོ་མ་སྦྱིན། དེ་འདྲ་སྨྲ་བར་དགོངས་འགལ་མེད་པ་ཞུ། ཁོང་ཚོས་ཆོས་དད་རང་དབང་གི་ཐོབ་ཐང་བཙན་གནོན་བྱེད་པ་མ་ཟད་གསུང་བཤད་ཀྱི་ཐོབ་ཐང་སོགས་ཡང་ལྕི་པོ་བྱས་ནས་བཙན་གནོན་བྱེད། བོད་པའི་དབུ་ཁྲིད་ཁོང་ཚོ་དམངས་གཙོ་ཡིན་ཟེར་གྱི་ཡོད་པས་སྐད་ཆ་འདི་ནུབ་ཕྱོགས་པ་མང་པོ་ལ་འཕྲོད་ཁག་པོ་བྱེད་ཀྱི་ཡོད། དེ་དང་ལོ་༦༠ རིང་གར་ངོ་རྒོལ་བྱེད་མཁན། གསུང་བཤད་ཀྱི་ཐོབ་ཐང་མེད་པའི་སྤྱི་ཚོགས་དང་གང་ཅི་ཐོག་ལའང་ཞིབ་བཤེར་གནང་མཁན་གྱི་གཞུང་གཉིས་བར་འབྲེལ་བ་ཡོང་བར་ལས་སླ་བོ་མིན། ཡིན་ནའང་ང་རང་ལོ་མང་པོ་རྒྱ་གར་དུ་བོད་པའི་གཞིས་ཆགས་ནང་སྡོད་པ་ཡིན་པས། བོད་པའི་རིགས་གཞུང་དང་ལམ་ལུགས་སྐོར་བཟོ་བཀོད་དབྱེ་བ་ཕྲ་མོའི་དོན་རྟོགས་པར་དུས་ཚོད་སྒུག་གི་ཡོད་པ་ཤེས་ཀྱི་ཡོད། གནད་དོན་འདི་རླུང་འཕྲིན་ཚགས་ཤོག་གིས་གསར་འགྱུར་ནང་ཏག་ཏག་འགོད་ཐུབ་ཀྱི་ཡོད་མ་རེད།
གལ་སྲིད་ཁྱེད་ཀྱི་བོད་མིའི་དབུ་ཁྲིད་ཀྱི་སྲིད་ཇུས་ཁ་གཏད་དུ་ཚིག་སྨྲ་བ་དང་། བྱ་བ་བྱེད་པ་དང་དེའི་ཁ་གཏད་དུ་བསམ་བློ་གཏང་པ་ཙམ་གྱི་ཁྱེད་རང་ལ་ཕྱིར་འབུད་གཏང་། ལོགས་སུ་བཀར། དབྱེ་འབྱེད་བྱེད་ཀྱི་ཡོད་པ་བོད་མི་ཡོངས་ཀྱི་ཤེས་ཀྱི་ཡོད། དེ་ནས་གལ་སྲིད་ཁྱེད་རང་ནུབ་ཕྱོགས་པ་ཡིན་པ་གང་ཞིག་ལ་ཁྱེད་རང་ཁོང་ཚོའི་ཁྲིམས་སྒྲིག་ལམ་དང་མོས་མཐུན་གནང་གི་མེད་པ་ཡིན་ན། ཁོང་ཚོ་སོ་སོའི་མིག་ཡ་གཅིག་བཙུམ་ཏེ་མ་མཐོང་མདོག་མདོག་བྱེད། དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ནི། གཅིག་བྱེད་ན་ཁྱེད་རང་སྦྱིན་བདག་ཡིན་ཙང་དེ་འདྲ་གནང་པ་ཡིན་སྲིད་ཡང་ན་ཁྱེད་ཀྱི་ཁ་གཏད་བྱེད་སྲིད་བསམ་ཏེ་ཁག་ཁག་བཞུགས་པ་རེད། ཡིན་ཡང་གལ་སྲིད་བོད་པ་ཞིག་གིས་མོས་མཐུན་མ་གནང་པ་ཡིན་ན། ཁྱེད་རང་ལ་གནོད་སྐྱོན་བྱེད་རུང་བ་དང་ཚིག་རྩུབ་པོ་སོགས་བདེ་སྤྱོད་བྱེད་དགོས་ཞེས་ཁོང་ཚོས་མི་མང་དཀྱིལ་དུ་ཁྱེད་ལ་དགག་ལན་བྱེད་ཀྱི་རེད།
དེར་སྐུ་ཞབས་ཀླུ་མཁར་བྱམས་ཀྱི་སྐོར་གང་ཡིད་སྨོན་བསྐྱེད་སོང་ཟེར་ན། ཁོང་ནི་མི་སྙིང་སྟོབས་ཆེན་པོ་ཡོད་མཁན་དང་སོ་སོའི་བསམ་ཤེས་ཁ་ནས་བཤད་མཁན་ཙམ་མ་ཡིན་པ་རྡོ་རྗེ་ཤུགས་ལྡན་གནད་དོན་སྐོར་ལག་ལེན་བཏབ་མཁན་ཞིག་རེད་འདུག ། ང་ཆབ་སྲིད་ལ་དབྱིངས་མེད་ལ་དུས་ནམ་ཡང་འདི་ནང་ཚུད་མེད། སོ་སོའི་ཆོས་ལུགས་ག་རེད་འདམ་ག་བྱེད་པ་ཡིན་ནའང་འདི་བྱེད་ཆོག་པའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་ང་དགའ་མོས་ཡོད། གནད་དོན་དེ་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཆོག་དགོས། དེར་ངས་སྐད་ཆ་འདི་ཁོང་གི་རྡོ་རྗེ་ཤུགས་ལྡན་གནད་དོན་གྱི་སྐོར་གནང་པའི་བསམ་ཤེས་དེར་ཁུངས་ཐུབ་པ་ཙམ་ཡིན་ཞིང་ཁོང་གིས་འཆར་སྒོ་གཞན་དང་འབྲེལ་བ་གང་ཡང་མེད།
དེར་སྐུ་ཞབས་ཀླུ་མཁར་བྱམས་མཆོག་གིས་གསུངས་ལ་རྟེན་ནས་དགའ་པོ་བྱུང་། གང་ཡིན་ཟེར་ན། ཁོང་ནི་མི་དྲང་པོ་དང་བསྒྲུབ་བྱ་དང་ལྡན་པ་ཞིག་རེད། སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་གང་གསུང་ཀྱི་འདུག་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་རྣམས་ཚང་མ་གཅིག་པ་མིན་པས་ཁོང་ཚོ་ལ་སྤྱོད་ལམ་དེ་ལྟར་སྟེན་རྒྱུ་མེད་རེད། དེ་བཞིན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མ་བྱེད་མཁན་རྣམས་ཀྱང་ཚང་མ་ཁག་ཁག་ཡིན་ཙང་དེ་དག་ལའང་སྤྱོད་ལམ་དེ་བཞིན་སྟེན་རྒྱུ་མེད་རེད་ཞེས་གསུངས། ང་ལ་ཐབས་ལམ་དེ་ཡག་པོ་ཡིན་པ་བསམ། གང་ཡིན་ཟེར་ན། མི་མཉམ་ཞུགས་བྱེད་དགོས་པས་མི་སོ་སོ་ལ་ཀུན་སློང་ཁག་ཁག་ཡོད་པ་ངོས་འཛིན་གྱི་རེད།
སྤྱིར་བཏང་འདིར་ཁ་འབྲལ་བཟོ་བ་དེ་དགོས་དབང་གིས་ཡིན་པས་སྐོར་སྐུ་ཞབས་ཀླུ་མཁར་བྱམས་མཆོག་གི་ཡང་ནས་ཡང་དུ་གསུངས་ཀྱི་འདུག ། དེར་ངའི་བསམ་ཚུལ་དེ། བོད་པའི་དབུ་ཁྲིད་ནི་འགྱུར་ལྡོག་མེད་པ་ཅན་དང་གང་ཞིག་ཐོག་ལའང་ཁོང་ཚོས་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཁོངས་སུ་བརྩི་བའི་བསམ་ཤེས་མེད་པ་ཡིན་པས་ན། གཅིག་བྱས་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་རྣམས་ལོགས་སུ་དབྱེ་དགོས་བསམ་གྱི་འདུག ། གང་ཡིན་ཟེར་ན། ཁོང་ཚོ་སྔ་ས་ནས་འབྲེལ་བ་གཅོད་ཚར་རེད། ང་ཚོ་ནང་ནས་མི་མང་པོས་དེ་ལྟར་འདོད་ཀྱི་མེད་པ་ངས་ཐེ་ཚོམ་མེད་པར་བཤད་ཐུབ། ཡིན་ཡང་། ངས་ད་ལྟའི་གནས་སྟངས་ལ་རྩད་ཞིབ་བྱེད་དུས་ང་ཚོ་ལ་འདམ་གཞི་གཞན་གང་འདུག་གམ།
༡༽ ང་ཚོ་སོ་སོའི་ཉམས་ལེན་བློས་གཏོང་མི་ཐུབ། གང་ཡིན་ཟེར་ན། དེ་འདྲ་བྱེད་ན་སོ་སོའི་བླ་མ་མཉམ་དུ་བཞག་པའི་དམ་བཅའ་དེ་འདོར། ཡིན་ཡང་། ང་ཚོ་སོ་སོའི་ཉམས་ལེན་བློས་གཏོང་མི་ཐུབ་པའི་རྒྱུ་མཚན་གྱིས་བོད་པའི་དབུ་ཁྲིད་རྣམས་ཀྱི་དགོས་དོན་དབང་གི་ང་ཚོ་ལ་གཞན་དང་ཁ་འབྲལ་བཏང་བ་རེད། ཕྱི་ལོ་༡༩༩༦ལོར་བཀག་སྡོམ་འགོ་འཛུགས་པ་ནས་བཟུང་ད་བར་ང་ཚོ་ལ་གང་གང་ཐོག་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་རེད།
༢༽ བོད་པའི་དབུ་ཁྲིད་རྣམས་ཀྱིས་ང་རང་ཚོ་ལ་དོལ་རྒྱལ་རྗེས་འབྲང་པ་ཟེར་གྱི་ཡོད། ཁོང་ཚོས་ང་ཚོའི་སེམས་ཀྱི་དད་པ་དང་ཡིད་ཆེས་ལ་གནས་དབྱུང་གཏོང་གི་ཡོད་པ་དང་། ང་ཚོ་ལ་བརྡབ་གསིག་གཏོང་ཆེད་དུ་མི་མང་ལ་བསྐུལ་མ་གཏོང་གི་ཡོད། ༧གོང་ས་མཆོག་གི་ཁ་གཏད་ཞེས་མིང་བྱང་འགོད་ཀྱི་ཡོད། དེར་ང་རང་ཚོའི་ཁ་གཏད་དུ་ཐད་ཀར་གནོད་འཚེ་དང་ཚིག་རྩུབ་པོ་བེད་སྤྱོད་བྱེད་ཀྱི་ཡོད་རེད། དེ་འདྲ་ཐུབ་ཚོད་གཏོང་ཏེ་ང་ཚོ་སོ་སོའི་ཉམས་ལེན་བློས་གཏོང་བར་གྱི་ཞེས་ཁོང་ཚོས་དམིགས་ཡུལ་དེ་རེད། ཡིན་ཡང་ད་བར་ཁོང་ཚོའི་དམིགས་ཡུལ་དེ་བསྒྲུབས་ཡོད་མ་རེད།
༣༽ ང་རང་ཚོ་བོད་པའི་སྤྱི་ཡོངས་སློབ་གྲྭ་ཁག་ནང་དང་ཚོང་ཁང་། ཟ་ཁང་། སྨན་ཁང་། དགོན་པ་སོགས་ལ་འགྲོ་ཆོག་གི་ཡོད་པ་མ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་མེད་ཞེས་མནའ་མ་སྐྱེལ་པར་ང་ཚོ་བོད་པའི་གཞུང་གི་ལས་ཁུངས་ནང་ལོར་ལས་ཀ་བྱེད་ཆོག་གི་ཡོད་མ་རེད། དེ་དང་མཉམ་དུ་ང་ཚོའི་དབུ་ཁྲིད་༧གོང་ས་ཆེན་པོ་མཆོག་མཇལ་ཆོག་གི་ཡོད་མ་རེད། ཁོང་གིས་གསུང་ཆོས་དང་སྲིད་ཕྱོགས་ཀྱི་བགྲོས་མོས་གང་ཡིན་ཀྱང་ང་ཚོ་འགྲོ་ཆོག་པའི་ཆོག་མཆན་ཡོད་མ་རེད། སྲིད་ཕྱོགས་ཀྱིབ་གྲོས་མོལ་དེ་བོད་མི་ཡོངས་ཀྱི་ཆེད་དུ་ཡིན་པས་ང་ཚོ་གང་བྱེད་ནས་འགྲོ་མི་ཆོག་པ་ཡིན་ནམ། ནང་པ་མིན་པའི་མི་མང་གཞན་རྣམས་འགྲོ་ཆོག་གི་ཡོད་འདུག
༤༽ ང་ཚོ་བོད་པའི་སྤྱི་ཚོགས་ནང་ནས་དངོས་སུ་ཕྱིར་འབུད་གཏོང་གི་ཡོད་རེད། ང་ཚོའི་ཁ་གཏད་དུ་ཡོད་པའི་དབྱེ་འབྱེད་དེ་ཤིན་ཏུ་རྒྱ་ཆེན་པོ་དང་། དྲག་པོ། སྡུག་ཤོས་ཡོད་ཅིང་། དཀའ་ངལ་དེ་དག་བཟོ་མཁན་དང་བཀའ་འཁྲོལ་གནང་མཁན་ནི་བོད་མིའི་དབུ་ཁྲིད་རྣམས་རེད། དེར་དབུ་ཁྲིད་འདི་ལྟ་བུས་ང་རང་ཚོའི་ཆོས་བརྒྱུད་ཀྱི་མཉམ་ལེན་གཏོར་བཤིག་གཏོང་བར་འདྲ་མིན་སྣ་ཚོགས་བྱེད་སྐབས་སོ་སོའི་དད་པ་དམ་ཚིག་དང་སྲོག་ལ་སོགས་པ་སྲུང་སྐྱོབ་བྱེད་པར་ལོགས་དགར་མི་ཚེ་འཚོ་བ་སྐྱེལ་པ་ལས་ང་ཚོ་ལ་ཐབས་ཤེས་གཞན་གང་འདུག་གམ། མི་ཚེ་འཚོ་བ་སྐྱེལ་པར་ཐབས་ཤེས་གཞན་མིན་འདུག ། སོ་སོའི་ཆོས་ལུགས་རྐྱེན་གྱི་འདས་པའི་དུས་ན་གནོད་འཚེ་འཕྲད་པའི་སྡེ་མཚན་དང་འདྲ་བ། དཔེར་ན། མོར་མོན་ས། (Mormons) པུ་རི་ཊན། (Puritans) ཝི་རྐྱན། (Wiccans) པ་གཎ། (Pagans) ཇིའུས། (Jews) ཇོ་རོས་ཊན། (Zoroastrains) ཁ་ཆེ་ཆོས་ལུགས་ནང་ལོ་ལའང་། (Islam) ཤི་ཡ། (Shia) སུ་ཕི། (Sufi) ཨ་མ་དིས། (Ahmadis) ས་ལ་ཕི་ས། (Salafis) སིཁ། (Sikhs) བ་ཧའི། (baha’i) བོ་དོ། (Voodoo) བོན། (Bon) ༧གོང་ས་ལྔ་པའི་སྐབས་ཀརྨ་བཀའ་བརྒྱུད། ཀོབ་ཊིཀ་ཡི་ཤུ་པ། (Coptic Christains) ཝུ་ཅ་རྐྱ་ཕ་ཊ། (Witchcraft) གཡའ་ཇི་དིས། (Yazidis) རྒྱ་གར་གྱི་ད་ལི་ཏ་རིགས་རྒྱུད། (Dalit) མེན་དི་ཡེན་ས། (Mandaeans) ལ་སོགས་པའི་དེ་བཞིན་མང་པོ་ཡོད། ཁོང་ཚོས་དཀའ་ངལ་དེ་དག་ནས་ཐོན་ཐུབ་པའི་ཐབས་ལམ་འཚོལ་བ་རེད། རྒྱལ་རབས་ནང་ལྟ་བ་ཡིན་ན། ཆོས་ལུགས་ལ་རྟེན་ནས་གནོད་འཚེ་ཕྲད་མཁན་གྱི་མི་མང་རྣམས་ཀྱིས་སོ་སོའི་ཆོས་གསང་བའི་སྒོ་ནས་བྱེད་ཀྱི་ཡོད་རེད། ཡང་ན་གནས་གཞན་ན་སྤོས་ཀྱི་རེད། དེ་མིན་སོ་སོའི་རང་སྐྱོང་ལྗོངས་གཞི་ལ་འཚར་ལོངས་བྱེད་ཀྱི་ཡོད་རེད། འཛམ་གླིང་ནང་སོ་སོའི་ཆོས་དད་རང་དབང་གི་དོན་དུ་ལས་འགུལ་སྤེལ་མཁན་གྱི་ཆོས་ཚོགས་དེང་སང་ཡང་ཡོད། དེར་ཁོང་ཚོའི་ཆོས་ལ་ང་ཚོས་ཡིད་ཆེས་བྱེད་མི་བྱེད་ཁྱད་གང་ཡང་མེད་པ་རེད། ཁོང་རྣམས་ལའང་རྩི་མཐོང་འདྲ་མཉམ་གནང་དགོས། གང་ཡིན་ཟེར་ན། ཁོང་རྣམས་ཀྱང་འགྲོ་བ་མི་ཡིན་པ་དང་ཁོང་ཚོའི་ཆོས་ལུགས་ལ་རྟེན་ནས་ཁ་འབྲལ་བཟོ་དགོས་པའི་གནད་དོན་བྱུང་མི་དགོས་པ་དང་ནན་སྐུལ་ཡང་བྱེད་མི་དགོས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་ད་ལྟ་སྡུག་སྦྱོང་གཏོང་བཞིན་ཡོད་རེད།
༥༽ ང་ཚོས་འདམ་ག་བྱེད་པའི་ཆོས་དད་གཅིག་པུ་ལ་རྟེན་ནས་ང་རང་ཚོ་ཁ་འབྲལ་བ་དང་། ལོགས་སུ་དབྱེ་བ། དབྱེ་བ་འབྱེད་པ་དེ་ལྟར་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་གྱི་ཕྲུག་གུ་རྣམས་བོད་པའི་སྤྱི་ཡོངས་སློབ་གྲྭ་སོགས་ནང་འགྲོ་མི་ཆོག་པའི་རྒྱུ་མཚན་དེ་ལས་གཞན་གང་ཡང་ཡོད་མ་རེད། བོད་མི་འགའ་ཤས་ལ་བོད་པའི་སྨན་ཁང་ནང་འགྲོ་ཆོག་གི་ཡོད་པ་དང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་བོད་མི་རྣམས་ཀྱི་སྨན་བཅོས་བྱེད་དུ་ཁས་ལེན་བྱེད་མི་དགོས་པའི་རྒྱུ་མཚན་དེ་ལས་གཞན་གང་ཡང་ཡོད་མ་རེད།
༦༽ དུས་དེ་རང་ལ་བོད་རང་སྐྱོང་ལྗོངས་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་རྣམས་ལ་སོ་སོའི་དད་པའི་རྐྱེན་གྱི་བརྙས་བཅོས་དཀའ་ངལ་ཕྲད་ཀྱི་ཡོད་མ་རེད། དེར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བཀག་སྡོམ་མེད་པ་མ་ཟད་རྒྱ་གཞུང་གིས་མི་མང་སོ་སོའི་གང་འདོད་འདོད་ཀྱི་ཆོས་དད་རང་དབང་གནང་ཡོད། དེ་ཡིན་ཙང་བོད་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་ཆོས་ལུགས་གཞན་ནང་བཞིན་གྱི་ཆོས་དད་རང་དབང་འདྲ་མཉམ་གནང་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་བཙན་བྱོལ་བོད་པའི་གཞིས་ཆགས་སོགས་ལ་ལྟོས་ན་དེ་འདྲ་ཡོད་མ་རེད།
སྤྱི་ཡོངས་ཐོག་ནས་ལྟས་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་གལ་ཏེ་བོད་ནང་གནས་པ་ཡིན་ན་བོད་ནང་ཁྱེད་ཀྱི་ཁྲིམས་ལུགས་རྗེས་འདེད་བྱེད་ན་ཁྱེད་རང་ལ་ཆོས་དད་རང་དབང་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་གནང་ཡོད་པ་ཡིན་དུས་ཉེན་ཁ་མེད་པ་རེད། ཁོང་ཚོས་ཆོས་དད་རང་དབང་ཐོག་གནང་བ་སྤྲོད་ཀྱི་འདུག་ཞེས་པའི་ངས་དོན་དེ་ཡིན། གལ་ཏེ་བོད་རྒྱ་གཞུང་གི་ཆ་ཤས་སུ་གནས་པ་ཡིན་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་བོད་ནང་ཆོས་ལུགས་གཞན་དང་ཐོབ་ཐང་འདྲ་མཉམ་གནང་ཏེ་དབྱེ་བ་མི་འབྱེད།
རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་མིའི་ཆེད་དུ་འོང་སྲིད་པའི་བདེན་པ་གཞིར་གཞག་གི་ཐབ་ལམ།
དུས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་འོག་ལ་དབུ་མའི་ལམ་ཆེད་དུ་རེ་སྐུལ་ཞུ་བཞིན་ཡོད་རེད། གལ་ཏེ་བཙན་བྱོལ་བོད་པའི་དབུ་ཁྲིད་ཚོས་འདོད་པ་ལྟར་ཁོང་ཚོ་ལ་བོད་རག་པ་ཡིན་ན་བོད་ནང་ཡོད་པའི་བོད་པ་དང་ཕྱི་ལོག་ནས་བོད་ནང་ལོག་མཁན་བོད་མི་ཚང་མ་དབུས་བོད་མིའི་སྒྲིག་འཛུགས་འོག་ལ་འགྲོ་དགོས་ཀྱི་ཡོད་པ་དང་ཁོང་རྣམས་ཀྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་བཙན་བྱོལ་ནང་ལོག་དབྱེ་འབྱེད་པ་ནང་བཞིན་དེ་ལ་ཡང་མུ་མཐུད་ནས་དབྱེ་དབྱེད་ཀྱི་རེད། དེ་འདྲ་ཡིན་པ་ཡིན་དུས། གལ་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལག་པར་རང་སྐྱོང་སྲིད་དབང་ལེན་པ་ཡིན་ན། གཅིག་བྱས་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་ཚོས་ཡང་བོད་ནང་རང་སྐྱོང་སྲིད་དབང་དམའ་བ་ཞིག་ཐོབ་པར་འཚོལ་ཞིབ་བྱེད་དགོས། ཁོང་ཚོ་ཡང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་ཆོས་ཀྱི་དབུ་ཁྲིད་ཞིག་བཙུག་དགོས། དཔེར་ན། བོན། ཇོ་ནང་། ཁ་ཆེ་བོད་པ་དང་གཅིག་པ་བྱེད་དགོས། དེར་ང་རང་ཚོས་འོས་འདེམས་བྱེད་པའི་ཆོས་སྲིད་ཉིད་ཀྱི་དབུ་ཁྲིད་རྣམས་ཀྱིས་བརྩི་འཇོག་གནང་། ཁོང་ཚོ་བོད་ནས་རང་སྐྱོང་སྲིད་དབང་ཐོབ་ཕྱིར་འཚོལ་ཐབས་བྱེད་དགོས།
མཐའ་དོན་དུ་ངས་གང་ཞུས་ཟེར་ན། གལ་ཏེ་བོད་དེ་རྒྱ་གཞུང་འོག་ལ་གནས་པ་ཡིན་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་མི་མང་རྣམས་ལ་ད་ལྟ་དེར་ཉེན་ཁ་མེད་པ་ནང་བཞིན་ཉེན་ཁ་ཡོད་མ་རེད། རྒྱ་གཞུང་གིས་ཚང་མ་ལ་ཆོས་དད་རང་དབང་སྤྲད་དང་སྤྲད་བཞིན་པ་རེད། ཡིན་ཡང་། གལ་ཏེ་༧གོང་ས་མཆོག་གིས་གྲོས་འདོན་བྱས་པ་ལྟར་བོད་ལ་དབུ་མའི་ལམ་འཛིན་པ་ཡིན་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པས་དེ་འདྲ་མ་ཡོང་གོང་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབང་སྒྱུར་མི་ཐུབ་པའི་ཆེད་དུ་གཅིག་བྱས་ན་བོད་དང་ལོགས་སུ་དབྱེ་དགོས། བོད་རང་སྐྱོང་སྲིད་དབང་དུ་ལོག་འགྲོ་མཁན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་བོད་པ་རྣམས་ཀྱིས་རང་སྐྱོང་སྲིད་དབང་དམའ་བ་ཞིག་ཐོབ་པར་འཚོལ་ཞིབ་བྱེད་དགོས། དེ་ལྟར་ཁོང་ཚོའི་ཁ་གཏད་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱེད་པའི་དབྱེ་འབྱེད་ཡང་འགོག་ཐུབ། གལ་སྲིད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལའང་བཙན་བྱོལ་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་སྤྲད་ནས་དབྱེ་འབྱེད་བྱེད་ཀྱི་མེད་པ་ཡིན་ན། དེ་ནས་འདི་འདྲ་དབྱེ་འབྱེད་དགོས་ངེས་མིན། བདག་ལ་དབྱེ་འབྱེད་དང་བོད་ནང་གནས་དགོས་ཐོག་ལ་འདོད་པ་མེད། ཡིན་ཡང་དབྱེ་འབྱེད་མེད་པའི་ཐོག་ནས་ཆོས་དད་རང་དབང་འདོད་ཀྱི་ཡོད།
རིག་གཞུང་དར་ཁྱབ་ཅན་གྱི་དམངས་གཙོའི་རྒྱལ་ཁབ་ནང་མི་རིགས་ཚོན་མདོག་དང་། ཕོ་མོ། ཆོས་ལུགས་སོགས་ཀྱི་སོ་སོའི་ངོ་ཚབ་གནང་མཁན་ཞིག་ཡོད་པ་རེད། དེ་བཞིན་བོད་པའི་སྤྱི་འཐུས་ལྷན་ཚོགས་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་གནང་མཁན་མི་སྟོང་ཕྲག་མང་པོ་རྣམས་ཀྱི་ངོ་ཚབ་མེད་པ་གང་ཡིན་ནམ། ཁོང་རྣམས་ཀྱང་བོད་མི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་རྣམས་ལ་བོད་མི་ཡོངས་རྫོགས་ཀྱི་མ་འོང་པར་དོན་སྒྲུབ་པའི་ཕྱིར་བཙན་བྱོལ་སྤྱི་འཐུས་ལྷན་ཚོགས་ནང་མཐུན་སྦྱོར་བྱེད་དུ་ཁོང་རྣམས་ལ་བསྡད་ས་མ་གནང་པ་གང་ཡིན་ནམ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱང་བོད་མི་ཡིན་པ་དང་བོད་མིའི་ཐོབ་ཐང་དང་ལྡན་པའི་སྒོ་ནས་ཁོང་རྣམས་ལ་སྤྱི་འཐུས་ལྷན་ཚོགས་དང་གཞུང་ནང་བསྡད་ས་དགོས་ཀྱི་ཡོད་པ་མ་ཟད་ཆོས་ལུགས་ལ་རྟེན་ནས་དབྱེ་བ་བྱེད་རྒྱུ་མེད་པ་རེད། ཡིན་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་རྡ་སར་ནང་ཁོང་ཚོའི་ངོ་ཚབ་གནང་མཁན་ཡོད་མ་རེད་གང་ཡིན་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ཁ་གཏད་དུ་བཀག་སྡོམ་ཡོད་པ་རེད། ཁོང་རྣམས་ལ་བལ་ཡུལ་དང་རྒྱ་གར་ནང་དགོན་པ་དང་གཞིས་ཆགས་སོགས་ལ་སྡོད་དུ་མི་འཇུག་ནའང་ཁོང་རྣམས་བོད་པ་ཡིན་པའི་རྒྱུ་མཚན་གྱི་སྤྱི་ཚོགས་ནང་ངོ་ཚབ་དགོས་པ་འོས་ཤིང་འཚམས་པ་རེད། ངོ་ཐོག་བདེན་པ་དེ་གང་རེད་ཟེར་ན། ཁོང་རྣམས་རྡ་སའི་སྤྱི་འཐུས་ལྷན་ཚོགས་ནང་ངོ་ཚབ་མེད་པའི་རྒྱུ་མཚན་ལ་རྟེན་ནས་སོ་སོར་དབྱེའི་ཡོད་པ་དང་དབྱེ་འབྱེད་ཡོད་པ་གསལ་བར་སྟོན། སྡེ་མཚན་འདིའི་མི་རྣམས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་དོན་རེད།
གནད་འགག་ཆེ་ཤོས་དེ་གང་ཆགས་དེ་ཡོད་རེད་ཟེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་སྡོམ་རྐྱེན་གྱིས་གནས་སྟངས་དགོས་མེད་ཅན་དང་མགོ་རྙོག་དང་རྙོག་འཛིངས་ཅན་ཆགས་ཡོད་རེད། གལ་ཏེ་དེར་བཀག་སྡོམ་མེད་པ་ཡིན་ན། སྐད་ཆ་འདི་འདྲ་སྐོར་གྲོས་བསྡུར་བྱེད་དགོས་མེད་བསམ་གྱི་འདུག དེར་དངོས་དོན་ནི། བོད་མི་མང་ཚང་མ་གཅིག་སྒྲིལ་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་ཚང་མ་མི་རེད། ཡིན་ཡང་། བོད་པའི་དབུ་ཁྲིད་རྣམས་ཀྱིས་ཐུགས་བསམ་དེ་འདྲ་མི་བཞེས། སྤྱིར་ཁོ་བོའི་དབྱེ་འབྱེད་འདི་ལྟར་མི་འདོད་ནའང་བདག་ལ་འདམ་ག་གཞན་གང་ཡང་མི་འདུག ། གང་ཡིན་ཟེར་ན། བདག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བློས་མི་གཏོང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་མི་མང་གཞན་དང་འབྲེལ་བ་བྱེད་མི་ཆོག་པ་དེ་བོད་མིའི་དབུ་ཁྲིད་རྣམས་ཀྱིས་འདོད་པ་དང་། བོད་མིའི་སྤྱི་ཚོགས་ནང་ཁུལ་འཆམ་མཐུན་ནི་མི་འདོད་པས། ངས་བདེན་པ་གཞིར་གཞག་གིས་སྐད་ཆ་བཤད་པའི་གནས་སྟངས་དེར་བཙན་སྐུལ་བྱེད་བཞིན་ཡོད་རེད་གསུང་གི་ཡོད་རེད། ནང་པའི་མཐོ་རིམ་སློབ་གྲྭ་དང་ཆོས་ཚོགས་ཁག་གི་ནུབ་ཕྱོགས་པ་རོགས་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དྲ་རྒྱ་ནང་ཁ་རྡུག་གཏོང་བ་དང་ཁོང་ཚོས་ཆོས་ཚོགས་ཁག་ནང་བཀག་འགོག་བྱེད་ཀྱི་ཡོད། དེ་འདྲ་གནང་པ་ནི་མང་གཙོའི་ལམ་ལུགས་དང་འགལ་བ་མ་ཟད་སངས་རྒྱས་ཀྱི་གསུངས་པའི་བྱམས་སྙིང་རྗེ། བཟོད་སྒོམ། ངོས་ལེན་སོགས་དང་ཡང་འགལ། དེར་ཕྱག་མཆོད་བྱེད་པ་པོ་རྣམས་ལ་ཆོས་བྱེད་སར་ཡོང་མི་ཆོག་ན། ཁྱེད་རང་ནང་པ་སངས་རྒྱས་པ་ཡིན་དགོས་དོན་མིན་པ་དང་སངས་རྒྱས་ཁས་མི་ལེན་ན་འགྲིག ། ཡིན་ན་ཡང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་ནང་པ་སངས་རྒྱས་པ་རྣམས་ལ་༧རྒྱལ་བ་རིན་པོ་ཆེའི་ཆོས་ཚོགས་དང་དགོན་པ་གྲྭ་ཚང་ཁག་དང་དེ་དང་འབྲེལ་བ་ཡོད་པའི་གནས་ཡུལ་དེ་དག་ན་འགྲོ་མི་ཆོག་པས་བཀག་འགོག་བྱེད་ཡོད། མང་གཙོ་རྒྱལ་ཁབ་སོགས་ནང་ལའང་དེ་འདྲ་གནང་གི་ཡོད།
འདི་ཚོ་ཁོ་བོས་བསམ་ཚུལ་ཡིན་པ་དང་ཁྱེད་རྣམས་ལ་ཞེ་སུན་བཟོ་བ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན། ཡིན་ན་ཡང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་དབྱེ་བ་ལས་འདམ་ག་གཞན་གང་འདུག་གམ། འདིའི་སྐོར་ལ་བསམ་བློ་གཏོང་དགོས་ཆག་ཡོད། ངས་ལས་འགུལ་གཞན་གསར་པ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་འདོད་ཀྱི་འཆར་གཞི་གང་ཡང་མེད། ཁ་བྲལ་རིང་ལུགས་པའི་ཁུངས་སུ་ཡང་བསྡད་འདོད་མེད། བདེན་པ་གཞིར་གཞག་གི་སྐད་ཆ་ཙམ་ཡིན། ཡིན་ཡང་། ད་ལྟའི་བོད་མིའི་དབུ་ཁྲིད་རྣམས་ཀྱིས་བཙན་བྱོལ་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་ནང་པ་སོགས་ལ་རྡོ་རྗེ་ཤུགས་ལྡན་པ་རྣམས་ཀྱི་ཁ་གཏད་དུ་དྲ་ལྗོངས་དང་། འགྲེམ་ཡིག ། དེབ། ཉེས་འཛུགས། བརྙན་འཕྲིན། དྲ་རྒྱའིབརྒྱུད་ནས་རྒོལ་འཛིངས་བྱེད་མཁན་ལ་རིན་སྤྲོད་བྱེད་པ་དང་ཡུ་ཊུབ (youtube) ནང་ལོག་གཏམ་སྨྲ་བ་ལ་སོགས་པ་དེ་འདྲ་བྱེད་པར་སྐུལ་མ་གཏོང་གི་ཡོད་རེད། ངས་གོང་དུ་ཞུས་པ་ནང་བཞིན། ང་ཆབ་སྲིད་ལ་དབྱིངས་མེད་པ་དང་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་གསུངས་པ་ཐམས་ཅད་ལ་མོས་མཐུན་བྱེད་ཀྱི་མེད། ཡིན་ཡང་སྐར་མ་ལྔ་ལས་ཉུང་བ་ཁོང་གི་གསུང་བཤད་དེ་ན། བོད་མིའི་དབུ་ཁྲིད་རྣམས་ཀྱིས་ཤུགས་ལྡན་གནད་དོན་བསྐོ་བཞག་བྱེད་པའི་སྐོར་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་གནས་སྟངས་དང་འབྲེལ་བའི་ཐབས་ལམ་གསར་པ་ཡོད་པ་དེ་བདག་གི་དེ་ལྟར་སྣང་།
རྡོ་རྗེ་ཤུགས་ལྡན་ལ་དབྱེ་འབྱེད་བྱེད་པ་དང་ཞེ་ལོག་འདི་ཉིད་མཚམས་འཇོག་ཡོང་བའི་རེ་བ་ཡོད། དེ་མཚམས་འཇོག་ཡོང་བར་ཐོག་མར་བོད་མིའི་དབུ་ཁྲིད་རྣམས་ཀྱིས་མི་མང་སྐྱིལ་དུ་བསྒྲགས་གཏམ་སྤེལ་དགོས། ཁོང་རྣམས་ཁུ་སིམ་པོ་བཞུགས་པ་ཡིན་ན་དབྱེ་འབྱེད་འདི་དང་མོས་མཐུན་བྱེད་པ་མཚུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་ཁ་གཏད་དུ་འགྲེམས་སྤེལ་བྱེད་པའི་དེབ་དང་། འགྲེམ་ཡིག ། དྲ་ལྗོངས། རྡོ་རྗེ་ཤུགས་ལྡན་འགལ་ཟླར་གོ་སྒྲིགས་བྱེད་པའི་མི་མང་བརྒྱུད་ནས་ཉེས་འཛུགས་དེ་དག་མཚམས་འཇོག་དགོས་པ་དང་ཆོས་དད་རང་དབང་གི་ཁྲིམས་ལ་རྩི་མེད་བྱེད་ཀྱི་ཡོད་པ་དེ་ནི་མཚམས་འཇོག་དགོས། དྲ་རྒྱའི་བརྒྱུད་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་དྲིལ་བསྒྲགས་ལོག་པ་བྱེད་ནས་རྒོལ་འཛིངས་བྱེད་མཁན་གྱི་སྡེ་ཚན་ཁག་དེ་དག་རྒྱ་གར་དང་རྒྱལ་ཁབ་གཞན་ལའང་ཡོད་པས་ཁོང་ཚོ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕོགས་སྤྲད་ཡོད་ཀྱི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་མཚན་ཉམས་ཆག་གཏོང་པ་དང་དབྱེ་འབྱེད་བྱེད་ནས་ཁ་གཏད་དུ་ངོ་རྒོལ་བྱེད་ཏེ་ཁ་གསང་བ་འདི་ནི་ནུས་མེད་བཟོ་བའི་ཆེད་དུ་ཁོང་རྣམས་ཀྱི་དེ་འདྲ་གནང་གི་ཡོད་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕོགས་སྤྲོད་མཁན་གྱི་དྲ་རྒྱའི་རྒོལ་འཛིངས་པ་རྣམས་ནས་ང་ལ་ཡང་དཀའ་ངལ་ཕྲད་ནས་ལོ་གཅིག་ལྷག་འགྲོ་ཚར་བ་རེད། གལ་ཏེ་འདི་དག་ཚང་མ་མཚམས་འཇོག་པ་ཡིན་ན། ང་ཚོ་ཚང་མ་སྐྱར་དུ་གཅིག་སྒྲིལ་ཡོང་། ངའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པའི་རྒྱུ་མཚན་ལ་རྟེན་ནས་ང་ལ་དབྱེ་འབྱེད་བྱེད་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། འདི་ནི་སོ་སོའི་ཆོས་ལུགས་ཡིན། ཆོས་བརྒྱུད་ཀྱི་ཉམས་ལེན་འདི་ནི་བདག་ལ་སོ་སོའི་དགེ་རྒན་གྱི་ལོ་ ༣༠ སྔོན་ནས་གནང་པ་རེད། ཐུགས་རྗེ་གཟིགས། སྐུ་ཞབས་ཀླུ་མཁར་བྱམས་མཆོག་གི་གསུང་བཤད་གནང་པ་འདི་གསན་རོགས་གནང་།
ངས་མཐའ་མའི་བསམ་ཚུལ་ནི། བོད་ཕྱི་ནང་གཉིས་ཀར་བཞུགས་མཁན་བོད་མི་ཡོངས་ལ་བདེ་སྐྱིད་ཡོང་བ་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་སེམས་འཁུར་ལེགས་པོ་སྒྲུབ་པའི་སྨོན་འདུན་ཞུ། རྒྱ་གཞུང་དང་དེའི་འདོདོ་དོན་ལ་རྩི་མཐོང་ཞུ། བོད་མི་རྣམས་དང་རྒྱ་གཞུང་ཕན་ཚུན་གཉིས་ཀར་ཞི་འཇམ་ཐོག་ནས་ཕན་ཐོགས་པར་ཤོག་ཅེས་རེ་བ་ཆེན་པོ་ཡོད། རྒྱ་མིའི་དབུ་ཁྲིད་རྣམས་ཀྱི་རྒྱ་ནང་རྒྱལ་ཁབ་མཐོ་ཚད་ཆེན་པོར་འཁྲིད་ཐུབ་པ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ། རྒྱ་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཉིས་གྲོགས་པོ་ཡོང་བ་དང་༧གོང་ས་མཆོག་བོད་ནང་ལོག་ཕེབས་ཐུབ་ན་བསམ་པའི་སྨོན་འདུན་ཞུ། ངའི་སྨོན་འདུན་ཆེ་ཤོས་དེ་ཚང་མ་བདེ་སྐྱིད་ཡོང་བ་འདི་ཡིན།
གུས་པས།
ཚེམས་སྤྲུལ་སྐུ་རིན་པོ་ཆེ་ནས།
[དོན་མཚན་གཉིས་པ་འདི་ནས་གཟིགས་རོགས། https://www.tsemrinpoche.com/l/bod/?p=64 ]
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།