ཁྱེད་རང་གི་སེམས་ཀྱི་ས་ཞིང་།
ཀེ་ཅ་རའི་ཆོས་ཚོགས་སུ་སྐུ་ཕྲེང་ཉེར་ལྔ་པ་༧སྐྱབས་རྗེ་ཚེམས་རིན་པོ་ཆེ་ལྟ་བུ་བླ་མ་དང་། རྡོ་རྗེ་ཤུགས་ལྡན་ལྟ་བུ་ཆོས་སྐྱོང་བཞུགས་ཡོད་པ་ནི་བསོད་ནམས་ཅི་ལ་མིན། ཁོང་ལྟ་བུའི་མཁྱེན་རབ་ཡང་ཞིང་ཡོན་ཏན་ལྡན་པའི་བླ་མ་དང་འཕྲད་པ་ནི་ང་ཚོའི་མི་ཚེ་འདིའི་བསོད་ནམས་ཡིན་པ་ངོས་འཛིན་ཐུབ་དགོས་ལ། ང་ཚོས་དུས་རྟག་ཏུ་བླ་མ་དང་སློབ་མའི་རྩ་ཆེན་གྱི་འབྲེལ་བ་དེ་ཆེ་མཐོང་དགོས་ལ་ཚུལ་ཁྲིམས་ལེགས་པར་བསྲུང་དགོས།
གཤམ་གྱི་བཀའ་སློབ་དེ་ཉེ་ཆར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནས་ཀེ་ཅ་རའི་ཆོས་ཚོགས་སུ་གནང་ཡོད། རྡོ་རྗེ་ཤུགས་ལྡན་ནི་སངས་རྒྱས་ངོ་མ་ཡིན་ཙང་ཁོང་གི་གསུངས་པའི་བཀའ་དེ་ཆོས་དངོས་ཡིན་པས་གཤམ་ནས་མངོན་ཐུབ།
ཁོང་གི་བཀའ་སློབ་དེ་འདི་གར་བཀོད་དགོས་དོན་ནི། ཀེ་ཅ་རའི་ཆོས་ཚོགས་ཙམ་མ་ཟད་གང་ཟག་སུ་ཞིག་ནས་རང་ཉིད་ཀྱི་ཆོས་ཀྱི་ཉམས་ལེན་ཆེར་བསྐྱེད་རྒྱུ་དང་བླ་སློབ་ཀྱི་འབྲེལ་བ་བཟང་དུ་ཡོང་བར་ཕན་ཐོགས་ཡོང་རྒྱུའི་ཆེད་དུ་ཡིན།
འགན་འཛིན་ནས།
ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནས་ཀེ་ཅ་རའི་ཆོས་ཚོགས་སུ་གནང་བའི་བཀའ་སློབ།
ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨
ཁྱེད་རང་གི་བླ་མས་རྒྱུན་ཆད་མེད་པར་ཆོས་ཀྱི་འཆད་ཉན་གནང་བ་དེ། སློབ་མ་ཚོ་ལྡུམ་ར་ལྟར་དེ་ནང་ས་བོན་འདེབས་པ་ལྟ་བུ་རེད། ལོ་རེ་རེ་འཕོ་དུས་ཞིང་ཁ་འཕེལ་ལ་དེ་ནང་གི་ཚལ་དང་ཤིང་འབྲས་རྒྱས་པ་ལྟ་བུ་བྱེད་དགོས། བླ་མས་ལུས་ངག་ཡིད་གསུམ་དང་། སྙིང་རྗེ་དང་སྤྱོད་པ་ཀུན་ནས་བླངས་ཏེ་ཆོས་འཆད་ཀྱང་སློབ་མས་ཟས་ལ་མི་ཕན་པའི་ཞིང་གི་འབྲས་བུ་ལྟར་བྱེད་ན་མ་འགྲིག་པ་རེད། ཁྱོད་ཚོ་ཤེས་སོང་ངམ།
ལོ་རེ་རེར་ཆོས་ལྡན་གྱི་ཞིང་པ་ལྟར་ཞིང་ཁའི་ས་ཁྱོན་གཅིག་ནས་རིམ་བཞིན་རྒྱས་པ་དང་། ཞིང་དང་པོའི་འདེབས་འཛུགས་སྐོར་གང་ཤེས་པ་ཞིང་གཉིས་པ་དང་གསུམ་པ་སོགས་ལ་སྤྱོད་ཚུལ་གཅིག་རེད། ཞིང་གསར་པ་ལ་ཐབས་ཤེས་གསར་པ་དགོས་དོན་མེད། ཐོག་མ་ཉིད་ནས་ཤེས་ཡོན་གང་བསླབ་པ་དེ་རང་གིས་ཞིང་རིམ་པར་འཇུག་པ་གཅིག་མཚུངས་རེད།
དེས་ན་ཁྱེད་རང་གིས་ལམ་དེར་འཇུག་ན་དེར་སོན་པ་དང་དེའི་འབྲས་བུ་སྤྱོད་ཆོག་པ་ཡོད། ད་དུང་ལོ་ལྟར་བཞིན་ཁྱེད་རང་གི་ས་ཞིང་འཕེལ་རྒྱས་སུ་འགྲོ་དགོས། འདི་ནི་ཁྱེད་རང་གི་སེམས་ཀྱི་ས་ཞིང་ཡིན། འདི་ནི་འཕེལ་རིམ་གྱི་ཞིང་ས་ཡིན། ཁྱོད་ཀྱིས་ནམ་ཡང་སོ་སོའི་ས་བོན་དེ་གཞན་གྱི་ཞིང་སར་གཡུག་མི་ཉན། ཁྱོད་ཀྱིས་ནམ་ཡང་འབྲས་བུ་མེད་པའི་དཀའ་སྡུག་ཅན་གྱི་ཞིང་ས་རྨོས་མི་ཉན་ལ་ཆུ་བཏབ་མི་ཉན། འབྲས་ལྡན་ཞིང་ས་དགོས་ན་ཡུར་མ་ཡུར་བ་དང་ལུད་འདེབས་པ། ཆུ་བཏང་བ་སོགས་དགོས། དེ་དག་ནི་དཀའ་བ་སྤྱད་པ་དང་ཚུལ་དང་མཐུན་པ་ལྟ་བུ་རེད།
ཁྱེད་རང་གི་སེམས་དེ་ཡར་མར་གཡེངས་དུས་དེ་ལམ་སེང་བཟུང་དགོས། དེ་མུ་མཐུད་གཡེངས་མ་བཅུག ཁྱེད་རང་གིས་ཞིབ་ཏུ་དཔྱད་ན་མི་ཚེ་འདིར་སེམས་ནང་ཕུགས་དང་མཐར་ཐུག་གི་ཁེ་ཕན་གང་ཡང་འཐོབ་མེད། སེམས་ནང་གང་ཤར་བ་དེ་དག་ཐ་མར་སྡུག་བསྔལ་དང་། ཞེ་སྡང་། འཇིགས་པ། བློ་ཕམ། གཞན་དང་རྒྱང་ཐག་རིང་པ་དང་ད་དུང་དཀའ་སྡུག་ཆེ་ཤོས་གནས་སྐབས་ཀྱི་བདེ་བ་ཐོབ་རྒྱུ་དེ་རེད། ང་ཚོ་ཉོན་མོངས་ལ་དགའ་བ་དང་དེ་ལ་རིམ་པས་གོམས་ཀྱི་ཡོད། དེ་ནས་ལོ་༥༠ མཚམས་སླེབས་དུས་གཞན་ལས་རང་ཉིད་བདེ་བ་ཡོང་བའི་རེ་བ་རྒྱབ་ཀྱི་ཡོད། དེ་ནི་མཚམས་འཇོག་དགོས།
རང་ཉིད་ནས་ལོ་དང་འཚམས་པའི་སྤྱོད་ལམ་བསྟེན་དགོས། དེ་ནས་རིམ་པས་རང་ཉིད་ལ་ཆོས་གང་ཐོབ་པ་ཉམས་སུ་བླངས་དགོས། ཆོས་ཤེས་པ་ཐོག་མ་ཡིན་པ་ལྟར་མ་བྱས། ན་གཞོན་ལོ་ཆུང་ཆུང་ལྟར་མ་བྱས།
སྨད་ན་ཁྲོ་བ་དང་། བསྟོད་ན་དགའ་ཆོག་ཆོག་ནི་ཕྲུ་གུ་ཆུང་ཆུང་གི་སེམས་ལྟར་རེད། སྨད་དུས་དེ་ཡི་རྒྱུ་མཚན་ལ་དཔྱད་ནས་ལྡོག་པ་སྟེ་དེའི་ཕ་རོལ་སོན་པ་དང་། བསྟོད་དུས་རང་ཉིད་ལམ་ཡང་དག་ལ་ཡོད་པ་ཤེས་ནས་བདེ་བ་ཚོར་དགོས། འོན་ཀྱང་དགའ་ཚོར་ཆེན་པོ་སྐྱེས་མི་ཉན་ཏེ་དགའ་སྡུག་གི་ཚོར་བ་སེམས་དེ་ལས་བྱུང་བ་ཡིན། བདེ་སྡུག་ནི་སེམས་ལས་བྱུང་བ་སྟེ་སེམས་དེ་ཡང་ཉོན་མོངས་ཀྱི་སྒྲིབ་པ་གཅིག་རེད། བདེ་བ་ལས་སྡུག་བསྔལ་དང་སྡུག་བསྔལ་ལས་བདེ་བ་བཅས་རྒྱུན་ཆད་མེད་པ་འཁོར་གྱི་ཡོད།
དེ་འདྲ་སོང་ཙང་འཕྲལ་གྱི་བདེ་བ་ཙམ་ལ་མ་ཆགས། འཁོར་བ་འདིར་བདེ་བ་ནམ་ཡང་མེད། གནས་སྐབས་ཀྱི་སྡུག་བསྔལ་ལ་མ་ཆགས། སྡུག་བསྔལ་དངོས་ནི་ངན་འགྲོའི་སྡུག་བསྔལ་རེད། ཁྱེད་རང་གིས་མྱོང་བཞིན་པའི་སྡུག་བསྔལ་ནི་དེ་ལ་བསྡུར་ན་གང་ཡང་མ་རེད། ཁྱེད་རང་གིས་གང་མྱོང་བཞིན་པ་དེ་ཚད་དང་འགལ་རྒྱུ་མེད། དེ་ཡི་དབང་སྒྱུར་འོག་མ་ཚུད་པར་བྱ་དགོས།
ལྟ་བ་དང་སྤྱོད་པ་ངན་པའི་བསམ་པ་དོར་དགོས། རྒྱུ་མཚན་གང་ཡིན་ཞེ་ན། ཁྱེད་རང་གི་བླ་མ་ནི་ཁྱེད་རང་གི་ཕ་མ་མ་རེད་ལ། ཁྱེད་རང་གི་དགའ་རོགས་མ་རེད། ཁྱེད་རང་གི་ཁྱོ་ག་དང་སྐྱེ་དམན་མ་རེད་ལ། རྣམ་ཀུན་ནས་འབྲེལ་བ་ཡོད་པ་ཡང་མ་རེད། ཁྱེད་རང་གིས་བླ་མ་དང་འབྲེལ་བ་གནང་སྐབས་ལུས་ཀྱི་རྣམ་འགྱུར་དང་སྤྱོད་ལམ་བསྲུང་སྟངས་ནི་གཞན་ལས་ལྡོག་པ་ཡིན། དེ་འདྲ་སོང་ཙང་བླ་མ་མཇལ་དུས་སྔར་མི་སྣ་གཞན་འཕྲད་པ་ལྟར་མ་ཡིན་པར་བྱས་དགོས། གང་ལགས་ན་མི་གཞན་རྣམས་ནི་ཁྱེད་རང་ནང་བཞིན་ཉོན་མོངས་ལྡན་པ་གཅིག་མཚུངས་རེད། དེས་ན་སྐབས་རེ་ཁྱེད་རང་གིས་མི་གཞན་ལ་སྣང་བ་མི་གཏོད་པ་དང་། དེ་ལ་སྡང་བ། ཡང་སྐབས་རེ་དགའ་བ་དང་། སྐབས་རེ་བཏང་སྙོམས་བསྡད་པ། དེ་དག་ཚང་མས་རང་གཞན་བར་གྱི་ཉོན་མོངས་རྒྱས་པར་བྱེད་ཀྱི་ཡོད།
བླ་མའི་སྐུ་མདུན་ནས་གང་ཞུས་པ་དེ་ཡིས་ཉོན་མོངས་འཇོམས་པར་བྱེད་ཀྱི་ཡོད། བླ་མ་ལ་གང་ཕུལ་བ་དེ་ཡིས་ཉོན་མོངས་འཇོམས་པར་བྱེད་ཀྱི་ཡོད། དེ་ལྟར་ན་བླ་མ་མཇལ་དུས་སྔར་མི་སྣ་གཞན་ཐུགས་པ་ལྟར་བྱ་རྒྱུ་མེད། བླ་སློབ་བར་གྱི་འབྲེལ་བ་ནི་ཤིན ཏུ་ནས་རྩ་ཆེན་ཞིག་རེད། ཅིའི་ཕྱིར་ཞེ་ན་ང་ཚོས་བདག་འཛིན་གྱི་བསམ་པ་དོར་ནས་བློ་སེམས་འགྱུར་བ་ཕྱིན་པ་དེ་མི་ཚེའི་ནང་གི་ཁེ་ཕན་ཆེ་ཤོས་ཞིག་རེད། བདག་འཛིན་གྱི་བློ་དེ་ཇི་ཙམ་ཟད་ན་དེ་ཙམ་དུ་རང་བཞིན་གྱི་སྡུག་བསྔལ་ཟད་པ་དང་། སེམས་ངལ་ཉུང་བ། ཕྱིན་ཅི་ལོག་གྱི་ལྟ་བ་ཐམས་ཅད་ཉུང་དུ་འགྲོ་གྱི་རེད། དེའི་རྒྱུ་མཚན་ནི་ཡང་དག་པའི་ལས་ལ་འཇུག་ན་ཡང་དག་པའི་ལྟ་བ་འཕེལ་གྱི་ཡོད། ཡང་དག་གྱི་ལས་དེ་རང་ཉིད་ཀྱི་བླ་མའི་སར་ནས་སློབ་ཀྱི་ཡོད།
བསམ་བློ་ཞིག་གཏོང་དང་། ཁྱེད་རང་གིས་བླ་མ་མཇལ་བ་དང་མ་མཇལ་གོང་གཉིས་ཀྱི་བར་དགེ་བའི་ལས་ལ་འཇུག་ཆེ་ཆུང་གྱི་ཁྱད་པར་བྱུང་ཡོད། གལ་ཏེ་ཁྱེད་རང་གིས་བླ་མ་དང་འཕྲད་རྗེས་དགེ་བའི་ལས་མང་བ་འགྲུབ་ཡོད་ན་དེ་བླ་མའི་ཐུགས་རྗེ་བྱིན་རླབས་ཡིན་པ་མཚོན་ཐུབ། ཁྱེད་རང་གི་མི་ཚེ་འདིར་བླ་མ་ལས་གཞན་པ་སུ་ཡིས་བློ་སྦྱོང་དང་། བྱང་ཆུབ་སེམས་སྦྱོང་། སྙིང་རྗེ་དང་བཟོད་པའི་ཉམས་ལེན་སོགས་ཀྱི་སྐོར་གསུངས་ཡོད་དམ།
བླ་མའི་བཀའ་དྲིན་ལ་བརྟེན་ནས་ཁྱེད་རང་གིས་བླང་དོར་ཉམས་ལེན་གང་བྱས་པ་ཐམས་ཅད་སོ་སོའི་སེམས་འདུལ་བའི་ཆེད་དུ་རེད། བླ་མས་ཁྱེད་རང་ལ་ཐབས་ཤེས་སྣ་ཚོགས་སྒོ་ནས་སེམས་སྦྱོངས་ཚུལ་བསླབ་ཡོད། དེ་ལྟ་བུ་ཁྱོད་ལ་སུས་བསླབ་ཡོད། སུ་ལ་དེ་ལྟ་བུའི་ཡོན་ཏན་ཡོད་དམ། སུ་ལ་ཤེས་རབ་དེ་ལྡན་ཡོད་དམ། སུ་ལ་ཁྱོད་རང་སྐྱོབ་པའི་འཁོར་བ་ལས་ལྡོག པའི་བསམ་པ་དེ་འདྲ་ཡོད་དམ།
ཁྱེད་རང་གི་བླ་མ་ལས་གཞན་པའི་སུ་ཞིག་གིས་ཀྱང་དེ་འདྲའི་སེམས་སྦྱོང་ཚུལ་དང་། གཞན་ཕན་གྱི་བསམ་བློ་བསྐྱེད་ཚུལ་གྱི་ཆོས་འཁྲིད་མྱོང་མེད། བླ་མ་དང་ཁྱེད་རང་གཉིས་བར་གྱི་འབྲེལ་བ་ནི་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡིན་ཙང་དེ་ལ་གུས་ཞབས་བྱས་དགོས། ཁྱེད་རང་གིས་བླ་མ་མུ་མཐུད་བསྟེན་ནས་ཁོང་གི་བཀའ་དགོངས་འགྲུབ་ན་བློ་ཤེས་གཉིས་རིམ་གྱི་འཕེལ་རྒྱས་ཡོང་ཐུབ་ཀྱི་རེད།
མི་རེ་འགའ་ལ་དེ་ལྟར་ཡོང་མེད་པ་ཁྱེད་རང་གིས་བསམ་སྲིད། དེ་ནི་བླ་མའི་ནོར་འཁྲུལ་མ་རེད། དཔེར་ན་ནང་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་ཆོས་ཁས་མི་ལེན་མཁན་ཚོ་ལས་ཀྱང་ལས་ངན་པ་བསགས་ཀྱི་ཡོད། དེ་ཚོ་སྟོན་པ་བཅོམ་ལྡན་འདས་མཚོན་གྱི་མ་རེད། དེ་ཡིས་སོ་སོ་རང་ཉིད་ཆོས་ཀྱི་ཉམས་ལེན་ཡོད་མེད་མཚོན་གྱི་ཡོད། དེ་འདྲ་ཡིན་ཙང་བླ་མ་ལ་མི་ཕལ་པ་གཞན་དང་འདྲ་བ་བརྩི་འཇོག་བྱ་རྒྱུ་མེད། བླ་མར་ཆེ་མཐོང་ཆེན་པོ་འཇོག་དགོས། ཁྱེད་རང་གི་ལུས་སེམས་གཉིས་ཀའི་སྒོ་ནས་བླ་མར་གུས་ཞབས་བྱས་དགོས། བླ་མའི་སྐོར་གུས་ཞབས་དང་ལྡན་པ་གསུངས་དགོས། སློབ་དཔོན་རྟ་དབྱངས་ཀྱིས་ཚིགས་སུ་བཅད་པ་ལྔ་བཅུ་ནང་ཇི་ལྟར་གསུངས་པ་ལྟར། རང་གི་བླ་མའི་སྐོར་མི་གཞན་ལ་བཤད་དུས་བླ་མའི་མཚན་གང་ཡིན་པ་དེ་མ་བརྗོད་པར་ལག་གཉིས་ཐལ་མོ་སྦྱར་ཞིང་གུས་བཀུར་ཐོག་མཚན་གྱི་སྔོན་དུ་ཆེ་བརྗོད་ཀྱི་ཚིག་བེད་སྤྱོད་བྱས་དགོས་པ་ཡིན།
དེ་ལས་འབྲས་བུ་གཉིས་བྱུང་གི་རེད། དང་པོ་དེ་རང་ཉིད་ཀྱི་གུས་ཚུལ་ལྡན་པའི་གཤིས་སྤྱོད་མངོན་ཐུབ་པ་དང་། གཉིས་པ་བླ་མ་ནས་ཆོས་སྐལ་འཐོབ་པའི་དམིགས་དཔེ་བཟང་པོ་གཞན་ལ་སྟོན་ཐུབ་ཀྱི་རེད། ཁྱེད་རང་གི་གུས་ཞབས་གནང་ལུགས་དེ་ཁོ་ཚོའི་ཡིད་ལ་འཇགས་ཀྱི་རེད། ཁོ་ཚོ་ཁྱེད་རང་གི་བླ་མ་དང་འཕྲད་པའི་ལས་ཡོད་ན་འཕྲད་ཀྱིན་རེད། ཁོ་ཚོ་བླ་མ་གཞན་དང་འཕྲད་པའི་ལས་ཡོད་ནའང་འཕྲད་ཀྱིན་རེད། གང་ལྟར་ཡང་ཁྱེད་རང་གི་བཟང་སྤྱོད་ལྡན་པའི་གུས་ལུགས་དེ་དག་གིས་ཁོ་ཚོ་ཆོས་ལ་འཇུག་ཀྱི་རེད།
གལ་གནད་ཆེ་ཤོས་དེ་ཁོ་ཚོ་ལ་ཁྱེད་རང་གི་བླ་མ་དང་འཕྲད་པ་དེ་མ་རེད། གལ་གནད་ཆེ་ཤོས་ནི་ཁོ་ཚོ་ཁྱེད་རང་གི་བླ་མ་བརྒྱུད་ནས་དམ་པའི་ཆོས་དང་འཕྲད་རྒྱུ་དེ་རེད། ཁྱེད་རང་གིས་ཤེས་སོང་ངམ།
བླ་སློབ་ལས་གཞན་པའི་འབྲེལ་བ་གང་ཡིན་ཡང་ཁྱེད་རང་གི་སེམས་འདུལ་ཐུབ་ཀྱི་མེད་རེད་ལ། རང་གི་ལས་ལ་ཡང་ཕན་གྱི་མ་རེད། ཚེ་འདི་དང་ཕྱི་མ་གང་ལ་ཡང་ཕན་གྱི་མ་རེད། བླ་མ་དང་འབྲེལ་བ་ག་འདྲ་ཞིག་ཡོད་རུང་ཁྱེད་རང་གི་སེམས་འདུལ་བ་མ་ཟད་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་གྱི་རེད། བླ་མས་གང་གསུངས་པ་དེར་སེམས་རྩེ་གཅིག་གི་ཉན་པ་དང་ལག་ལེན་ཁེལ་བ་བྱས་དགོས། བླ་མའི་གསུངས་ནི་སེམས་འདུལ་ཐབས་དང་། བཟོད་སྒོམ། གཞན་དང་ཐུགས་དུས་སྔར་དང་མ་ཡིན་པའི་སྤྱོད་ལམ་བསྟེན་ཚུལ་སོགས་རེད། གལ་ཏེ་ཁྱེད་རང་གིས་བླ་མས་ཆོས་གསུངས་པ་འདི་དག་གསན་ནས་ཉམས་སུ་ལེན་ན། ཉམས་ལེན་དེ་ཡང་སང་གནངས་དང་དུས་ཚོད་ཡོད་སྐབས། འདོད་མོས་ཡོད་དུས་དང་སེམས་སྐྱིད་པའི་སྐབས་མ་ཡིན་པར་དེ་མ་ཐག་ཏུ་ཉམས་སུ་བླང་ན། ཁྱེད་རང་གི་སེམས་ཀྱི་ས་ཞིང་དེ་འཕེལ་བ་མ་ཟད་ལོ་ཏོག་ཡང་རྒྱས་པ་ཡོང་གི་རེད།
ཀེ་ཅ་རའི་ཆོས་ཚོགས་འདི་ཐོག་མར་འཛུགས་བསྐྲུན་བྱེད་སྐབས་ས་དེའི་ཉེ་འཁོར་གྱི་ལྷ་འདྲེ་མང་པོ་བཏུལ་བ་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ལ་ནད་གདོན་རིགས་གང་ཡང་བྱུང་གི་མེད། མོ་ཊའི་བརྡབ་ཆག་ཡོང་གི་མེད། མཚམས་རེ་མ་མཐུན་པ་ཡོང་སྲིད། ཁྱེད་རང་གིས་ངེས་པར་དུ་ཐུགས་ལ་ངེས་དགོས་པ་ནི་བཟོ་བསྐྲུན་དང་འབྲེལ་བའི་ལས་ཀ་བྱས་སྐབས་སེམས་ནང་མ་མཐུན་པའི་ཚོར་བ་བསྐྱེད་སྲིད། ལྷ་འདྲེ་ཕལ་མོ་ཆེ་བཏུལ་ཟིན་ཡང་ང་ཚོའི་ལས་ཀ་རིགས་ཇེ་མང་དུ་འགྲོ་སྐབས་སྐད་ཅོར་ཡང་ཇེ་མང་དུ་སོང་བ་དང་། མི་འདྲ་མིན་སླེབས་ནས་སྐད་ཅོར་བརྒྱབ་པ་དང་གད་སྙིགས་གང་བྱུང་གཡུག་ནས་ས་ཆ་མི་གཙང་བ་ཆགས་དུས་ལྷ་འདྲེ་འཁྲུགས་པ་ཡོང་གི་ཡོད།
ཁོ་ཚོ་ཡང་མི་དང་འདྲ་བས་ཞི་བར་གནས་ཀྱང་མཚམས་རེ་འཁྲུགས་སློང་ཡང་ཡོང་གི་ཡོད། ཞི་མཐུན་ཡོང་ན་རྟག་པར་ཞི་བ་ཡོང་རྒྱུ་མེད་པས་དྲག་པོ་ཡང་བསྐྱར་དུ་ཆགས་ཀྱི་ཡོད། དེ་དང་ཕྱོགས་མཚུངས་ས་ལྷ་དང་ལྷ་གཞན་སུ་ཡང་འཁྲུགས་ཚེ་སྔ་ལྟས་དང་པོ་དེ་ཚོགས་པ་ནང་མ་མཐུན་པ་རིགས་བྱུང་གི་ཡོད། བླ་མ་དང་སློབ་མའི་བར་མ་མཐུན་པ་ཡོང་བ་དང་། སློབ་མ་ནང་ཁུལ་མ་མཐུན་པ་ཡོང་གི་ཡོད། དེ་ནི་རྟགས་མཚན་དང་པོ་དེ་ཡིན་པས་ས་འདི་ཡིས་ལྷ་འདྲེ་ཚོས་ཐོག་མར་མི་ཕན་ཚུན་བར་གྱི་མཐུན་སྒྲིལ་ལ་གནོད་བཏང་བ་དང་། འཆམ་མཐུན་མེད་ན་རང་བཞིན་གྱི་ཁ་བྲལ་ཡོང་ནས་ལས་ཀ་གང་ཡང་བསྒྲུབ་ཀྱི་མེད།
གལ་ཆེ་ཤོས་དེ་བཟོ་བསྐྲུན་བྱས་སྐབས་ཀེ་ཅ་རའི་ཆོས་ཚོགས་ཀྱི་ཚོགས་མི་དང་གཞན་སུ་ཡང་ས་འདིར་བསྡད་མཁན་ཡིན་གཤིས་མཚམས་བསྙེན་པ་སྒྲུབ་དགོས། ཁྱེད་རང་གི་འཛུགས་བསྐྲུན་གྱི་བྱ་བ་དེ་ནི་ལས་དགེ་བ་བསགས་པ་ཡིན་ཙང་དེ་ཡིས་གཞན་ལ་ཕན་ཐོགས་ཡོང་བ་དང་། རང་ཉིད་ལ་ཡང་ཕན་པའི་བསམ་པ་དེ་ཡིས་དགེ་བ་བསགས་ཀྱི་ཡོད།
ཁྱོད་ཚོ་ཚོགས་པ་ཞིག་ཡིན་ཙང་འཇམ་དབྱངས་ནག་པོའི་མཚམས་བསྒྲུབ་དགོས། དེ་འབྲེལ་གསུངས་ཆོས་གནང་ཟིན་ཙང་རྟེན་འབྲེལ་བཟང་པོ་རེད། ང་རང་དགའ་པོ་བྱུང་སོང་། ཚོགས་པ་ཡིན་ཙང་འཇམ་དབྱངས་ནག་པོའི་མཚམས་བསྒྲུབ་ནས་སྔགས་འབུམ་ཚར་གཅིག་བསགས་དགོས། ད་དུང་གཙོ་བོ་སྔགས་ༀ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆོད། ཁ་ལ་ཛྭ། ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱ་ཧཱ། ཚར་འབུམ་གཅིག་བསགས་དགོས། ཚོགས་པས་འཇམ་ནག་སྒྲུབ་ན་མཐུན་སྒྲིལ་ཡོང་གི་རེད། ཤེས་སོང་ངམ།
འཇམ་དབྱངས་ནག་པོ་སྒྲུབ་ན་ཕན་རླབས་ཆེན་པོ་ཡོད། དེ་རྒྱུ་མཚན་ཅི་ཡིན་ཁྱེད་རང་གི་བསམ་སྲིད། ཁྱེད་རང་གི་དགོས་འདུན་དང་ལས་དང་སྐར་རྩིས་ཀྱི་ཕན་ཡོན་ལོགས་ཀ་རེད། ཤེས་སོང་བས། འཇམ་ནག་གིས་ཀེ་ཅ་རའི་ཆོས་ཚོགས་ལ་མི་དགའ་བ་བྱེད་མཁན་དང་། ལོག་པར་སྨྲ་མཁན། སེམས་ངན་བཅངས་མཁན། ད་དུང་མཐུ་ངན་བྱ་མཁན་མི་སུ་ཡང་ཡོང་སྲིད་པས་དེ་དག་ཐམས་ཅད་ཀྱི་བར་ཆད་བཟློག་གི་རེད། དེ་ཡིས་ལྷ་འདྲེ་འཁྲུགས་པ་དག་ཞི་བར་ཡོང་ཐུབ་ཀྱི་རེད།
ཕན་ཚུན་མཐུན་པོ་བྱོས། ཕན་ཚུན་དགའ་པོ་བྱོས། ཕན་ཚུན་གུས་ཞབས་བྱོས། ཆོས་ཚོགས་འདི་ནས་ཡོན་ཏན་ལེགས་པ་གང་མང་བླང་དགོས། ཁྱེད་རང་ཤེས་སོང་བས། རྒྱལ་ས་ལས་ས་གནས་འདིར་སྡོད་ཐབས་མང་བ་བྱོས། སོ་སོའི་ནུས་ཤུགས་དེ་སོ་སོ་གོང་འཕེལ་ཡོང་རྒྱུ་བེད་སྤྱོད་བྱས་དགོས། ཤེས་སོང་ངམ། འདི་ག་བསྡད་པ་མ་ཚད་ཧུར་བརྩོན་བྱ་དགོས། གཡས་གཡོན་བལྟས་ནས་ས་ཆ་འདིར་གང་ཐུབ་ཉར་ཚགས་བྱས་དགོས། ཆོས་ཚོགས་ཆེད་ཡོང་འབབ་བསགས་ཐབས་དང་དེང་དུས་དང་མཚུངས་པའི་ནང་པའི་ཆོས་པ་བྱ་དགོས། དེང་དུས་ལྟར་སྤྱི་ཚོགས་བར་འབྲེལ་ལམ་དང་ཕན་ཐོགས་བྱ་དགོས།
མཚམས་ལ་བསྡད་ནས་སོ་སོ་སེམས་སྐྱིད་པ་བྱས་དགོས། གཞན་དང་མཐུན་པོ་ཡོང་ཐབས་བྱས་དགོས། སོ་སོ་ཁྱིམ་ལ་ཡོད་པ་ལྟར་སེམས་དེ་ལྷིང་འཇགས་པོ་ཡོང་བར་བྱ་དགོས། ཁྱིམ་ནི་ས་ཆ་མ་རེད། ཁྱིམ་ནི་སེམས་ནང་དུ་ཡོད། བྱས་ཙང་ཁྱོད་རང་གིས་ས་ཆ་ལ་མ་ལྟོས་པར་སེམས་ནང་ཁྱིམ་ནི་འདི་རེད་བསམ་ན་དེ་ལྟར་ཡོང་གི་རེད། ཁྱེད་རང་ཤེས་སོང་ངམ།
དཔེ་མཚོན་ཡག་པོ་བསྟན་དགོས། གནས་ཚུལ་ཡག་པོ་ཡོང་བའི་དུས་ཚོད་དེ་སླེབས་འགྲོ་འདུག་སོང་ཙང་ཚོགས་པ་འདི་རྒྱ་བསྐྱེད་ཡོང་རྒྱུ་ཉག་ཅིག་རེད། ཤེས་སོང་ངམ། ཕན་ཚུན་བལྟ་རེ་བྱས་དགོས། ཕན་ཚུན་གསོ་སྐྱོང་བྱས་དགོས། ཤ་ཁྲག་གཅིག་པའི་ནང་མི་ལྟར་ཕན་ཚུན་བལྟ་སྐྱོང་བྱས་དགོས།
ཁྱོད་ཚོ་ས་ཆ་འདིར་འཛུགས་བསྐྲུན་གྱི་འཆར་གཞི་དུ་མ་ཡོད། སོ་སོའི་མཚམས་ཡང་བསྡད་དགོས་ལ་ལས་འཆར་ཡང་རིམ་པ་བཞིན་བསྒྲུབ་དགོས། ཁྱེད་རང་ལ་བླ་མས་ག་དུས་འབྲེལ་བ་བྱས་ཡོང་བསམ་ནས་སྒུག་མ་སྡོད། བླ་མས་རྟག་པར་ཁྱེད་རང་གི་རེ་བསྐུལ་ག་འདྲ་ཞིག་ཡིན་རུང་སྒུག་ནས་བཞུགས་དགོས་པའི་རྒྱུ་མཚན་ནི་ཁྱེད་རང་གི་རྒྱུ་རྐྱེན་ལ་ལྟོས་པ་རེད་། ཆོས་ཞུ་བར་རང་གི་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ། མཎྜལ་ཚར་གསུམ་ཕུལ་ནས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་དགོས་པ་ཡིན། དེའི་དགོས་པ་ནི་ཆོས་ཞུ་བར་རྒྱུ་རྐྱེན་ལ་ལྟོས་དགོས་པ་ཡིན། ཤེས་སོང་ངམ།
དེ་འདྲ་ཡིན་ཙང་གནས་ས་འདིར་ལས་འཆར་གང་སྤེལ་སྐབས་རང་གི་དགེ་རྒན་ལ་གུས་ཞབས་དང་འབྲེལ་གསོལ་འདེབས་ཞུ་དགོས། ལས་ཀ་ཚགས་ཚུད་བྱས་དགོས། ལས་ཀ་ལྷག་པ་དང་དེ་དུས་ཡུན་རིང་པོ་འགོར་བ། ལས་ཀར་སེམས་མ་ཆགས་པ་བྱ་རྒྱུ་མེད། རང་སོ་སོ་ཁོང་ཁྲོའི་གཞན་དབང་དུ་སོང་རྒྱུ་མེད། རང་སོ་སོའི་དོགས་ཟོན་འོག་ཚུད་རྒྱུ་མེད། གང་ཡིན་ཟེར་ན་དེ་དག་གིས་ད་བར་ཁྱེད་རང་ལ་ཕན་ཐོགས་ཡོང་མྱོང་མེད་ལ་ཆོས་བྱས་དུས་ཡང་དེ་དག་གིས་ཕན་ཐོགས་བྱས་ཀྱི་མ་རེད།
གལ་ཆེ་ཤོས་ནི་ཁྱེད་རང་དང་དགེ་རྒན་བར་གྱི་འབྲེལ་བ་དང་ཚུལ་ཁྲིམས་གཙང་མ་སྲུང་དགོས འབྲེལ་བ་དང་ཚུལ་ཁྲིམས་ཟེར་ན་གང་རེད། དེ་ནི་ལྷག་བསམ་དང་ཚུལ་མཐུན་ལྡན་པའི་བསམ་བློ་ཞིག་རེད། ཁོང་གིས་ཁྱེད་ལ་བསྟོད་སྐབས་ཁྱོད་རང་ཡང་ཁོང་ལ་དེ་བས་ལྷག་པ་བསྟོད་དགོས། ལྷག་པ་བསྟོད་དགོས་པ་ནི་ཁྱེད་རང་གི་སེམས་ནང་ཁོང་ལ་དད་བཀུར་ཡོད་པ་མཚོན་པ་དང་། ཁོང་དང་ཁྱོད་གཉིས་ཀྱིས་བར་གྱི་འབྲེལ་བ་འདི་ཕལ་པ་མ་ཡིན་པར་ཁྱད་ཆོས་ལྷག་པར་ལྡན་པ་མཚོན་གྱི་རེད།
འཛམ་གླིང་འདི་ནས་མ་ཡིན་པ། དུས་འདི་ནས་མ་ཡིན་པ། ས་འདི་ནས་མ་ཡིན་པ་བཅས་ཀྱི་དོན་དག་ག་རེ་ཡིན་ནམ། ཁྱོད་རང་དང་བླ་མའི་བར་ཚེ་མང་པོ་སྔོན་ནས་ལས་འགྲོ་ཡོད། དེ་འདྲ་ཡིན་ཙང་ཚེ་འདི་ལ་ཡང་ཁོང་དང་འཕྲད་པ་རེད། ཁྱོད་ཚོ་ནང་ལ་ཚེ་སྔོན་མ་སྡོམ་ཁྲིམས་དང་སྐྱབས་འགྲོ་འགལ་བ་ཡོད་རེད། བླ་མས་ཚང་མ་མཁྱེན་བཞིན་ཁྱེད་རང་ཉེ་འགྲམ་དུ་བཞག་གི་ཡོད།
ཁྱེད་རང་གི་སེམས་མི་བརྟན་པ་ཆགས་དགོས་དོན་ནི་ཚེ་སྔ་མ་སྡོམ་ཁྲིམས་ཆེན་པོ་འགལ་བའི་རྐྱེན་གྱིས་རེད། དེ་འདྲ་སོང་ཙང་ཁྱེད་རང་ཚུལ་ཁྲིམས་འགལ་བ་དང་། དཀོན་མཆོག་གསུམ་དང་འབྲེལ་བ་ཆད་ནའང་བསྐྱར་དུ་གོ་སྐབས་འཐོབ་པ་དེ་སྔར་བླ་མའི་བཀའ་དྲིན་གྱི་དགེ་བའི་ལས་ཏོག་ཙམ་བསགས་པའི་རྒྱུ་རེད། འོན་ཀྱང་སེམས་ཡར་མར་འཁྲུགས་པ་དེ་སྔར་བསགས་པའི་སྡིག་པའི་ལས་ཀྱི་རྐྱེན་གྱིས་རེད།
ཁྱེད་རང་སྐྱབས་འགྲོ་ཁས་ལེན་གྱི་གྲྭ་བ་དང་། ཨ་ནེ། བྱང་ཆུབ་སེམས་དཔའ། དགེ་རྒན། དགྲ་བཅོམ་པ། སྒོམ་ཆེན་པ་བཅས་སུ་ཡང་ཡིན་སྲིད་ཀྱང་གུས་ཞབས་དང་སྣང་བ་མེད་པའི་རྐྱེན་གྱི་ཚུལ་ཁྲིམས་ཐེངས་མང་འགལ་བ་རེད། དེའི་རྐྱེན་པས་སེམས་པ་བརྟན་པོ་མེད་པ་ཆགས་ཡོད། དེ་ལྟར་ཡིན་ཡང་སྔར་ཁྱོད་རང་གིས་སྡོམ་པ་ཏོག་ཙམ་ཡང་སྲུང་བར་བརྟེན་ཚེ་འདིར་བླ་མ་དང་འཕྲད་པ་རེད། ཁྱེད་རང་གིས་ཤེས་སོང་ངམ། བླ་མ་འཕྲད་པ་དེ་སྡོམ་པ་སྲུང་བའི་རྒྱུ་རེད་ལ་སེམས་ཁམས་གཡོ་བ་དེ་ཡང་སྡོམ་པ་འབྲལ་བས་རྒྱུ་རེད། ཤེས་སོང་ངམ།
བཅོས་ཐབས། ཉམས་ལེན་དུས་རྟག་པར་བྱས་པ། མཚམས་སུ་བསྡད་པ། དམ་པའི་ཆོས་ཀྱི་ཆེད་ལས་ལ་འཇུག་པ། གལ་ཆེ་ཤོས་ནི་སེམས་བཟང་བ་དང་། འཇིག་རྟེན་པའི་བདེ་བ་ལས་གྲོལ་ཐབས་དང་རང་གི་བྱ་བས་གཞན་ལ་ཕན་ཐོགས་ཡོང་རྒྱུ་དེ་རེད། ཁྱེད་རང་གནས་འདིར་འཛུགས་བསྐྲུན་གང་བྱས་འདོད་ཡོད་ཀྱང་འཆར་གཞི་དང་བཅས་པ་བླ་མར་གུས་ཞབས་ངང་རེ་བསྐུལ་ཞུ་དགོས། འབད་བརྩོན་བྱས་ན་ཚང་མ་འགྲུབ་ཀྱི་རེད། ཁྱེད་རང་ཤེས་སོང་ངམ།
མུ་མཐུད་ནས་འཛུགས་བསྐྲུན་བྱོས། ལྷོད་གཡེངས་མེད་པ་འགན་འཁུར་ཐོག་ལས་ཀ་བྱོས། ངས་བསྐྱར་དུ་བཤད་ཡག་ནི་ཁྱོད་རང་གི་ཉོན་མོངས་དེ་དམ་ཆོས་ལ་ཕན་ཐོགས་གང་ཡང་མེད། དེ་ནི་ཁྱོད་རང་ལ་ཡང་ཕན་ཐོགས་མེད་པ་ཞིག་རེད། དེ་འདྲ་སོང་ཙང་ཉོན་མོངས་བཤགས་དགོས། བཟང་པོའི་ཡོན་ཏན་གྱིས་ཁྱེད་རང་ལ་ཕན་ཐོགས་གི་རེད། སོང་ཙང་ཆོས་བྱས་སྐབས་ཁྱེད་རང་གི་བཟང་པོའི་ཡོན་ཏན་རྒྱས་པར་གྲོགས་བྱས་ཀྱི་རེད། ཁྱེད་རང་གིས་ཤེས་སོང་ངམ།
མཉམ་དུ་འཛུགས་བསྐྲུན་བྱོས། ཕན་ཚུན་རོགས་པ་བྱོས། ཁོང་ཁྲོ་མེད་པ་བྱོས། དེ་རིང་ཁྱེད་རང་གི་བླ་མ་ཕེབས་ཡོད། ཁྱོད་ཚོར་བསླབ་བྱ་མང་པོ་འཐོབ་ཡོད། ཁྱོད་ཚོའི་བསླབ་བྱ་དེ་ལ་ངའི་རྒྱབ་སྐྱོར་ཡང་ཡོད། ཞི་མཐུན་དང་མཉམ་རུབ་འཆམ་པོ་ངང་འཛུགས་བསྐྲུན་བྱོས།
ངས་དུས་ནམ་ཡང་ཁྱོད་ཚོ་མཉམ་དུ་ཡོད། སངས་རྒྱས་ཀྱི་ཆོས་དེ་ཉམས་ལེན་བྱོས་ལ་ངས་ཀྱང་རོགས་པ་གང་ཐུབ་བྱས་ཀྱི་ཡིན། ཁྱེད་རང་ཤེས་སོང་ངམ། ངས་ཁྱོད་ཚོ་ཆེད་དུས་རྟག་པར་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས་ཀྱི་ཡིན།། །།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།