རྒྱ་གར་གསར་ཁང་”The Tribune” ཞེས་པ་ནས་ཁྱབ་སྤེལ་བྱས་པ་ལྟར། ༧གོང་ས་མཆོག་རྒྱ་ནག་ཐུགས་འཕྲད་དུ་བསྐྱོད་རྒྱུའི་འཆར་གཞི་བཀོད་བཞིན་འདུག །
འཛམ་གླིང་ས་གནས་གང་སར་བཞུགས་པའི་བརྩེ་བའི་གྲོགས་པོ་ལྷན་རྒྱས་མཆོག་གི་དྲུང་དུ།
༧གོང་ས་མཆོག་གིས་རང་ཉིད་སྒེར་གྱི་ཐོག་ནས་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་རྒྱུའི་འཆར་གཞི་ཞིག་གནང་གི་ཡོད་པ་དང་། ངས་ཡིད་ཆེས་མི་ཐུབ་པའི་གནས་ཚུལ་འདི་འདྲ་ཞིག་གོ་དུས། བདུན་ཕྲག་འགའ་ཤས་འདི་ནང་ངའི་ལས་མཚམས་ཕྱིར་འཐེན་གྱི་ཆེད་དུ་འཆར་གཞི་གྲ་སྒྲིགས་རབ་དང་རིམ་པ་བྱས་ཡིན། བདུན་ཕྲག་འགའ་ཤས་སྔོན། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ཟིན་པའི་གནས་ཚུལ། (The Wire) ཞེས་པ་དེའི་ནང་ང་ཚོས་མཐོང་བྱུང་། ངས་(Wire) གཞིར་བྱས་ནས་ཁུངས་འདྲེན་གྱི་ཡོད།
འཁྲབ་ཚན་གྱི་འཆར་གཞི་མྱུར་པོར་འདི་ནང་། ༧གོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེ་ལ་རྒྱ་ནག་ལ་ཐུགས་འཕྲད་དུ་རྒྱ་ནག་ཀུན་ནུང་དུ་གཏོང་ཡོད་པ་གསལ། P. Stobdan ནས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༤ (Wire) ནང་བཀོད་འདུག
དེ་ལ་ཡང་། ཟམ་གདོང་རིན་པོ་ཆེས་རྣམ་དཔྱོད་ཅན་གྱི་ཐོག་ནས་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་པ་༧གོང་ས་མཆོག་གིས་བཀའ་དགོངས་རེད་ཅེས། (Tibetan Journal) ཞེས་པའི་གསར་འགོད་ནང་བཀོད་ནས་བསྐྱར་དུ་ཐག་གཅོད་བྱེད་འདུག ཕྱི་ལོ་ ༡༠༡༧ ཕྱི་ཟླ་ ༡༢ ཚེས་ ༥ ཉིན་འགྲེམ་སྤེལ་བྱས། དེ་ཡིན་ཙང་བརྒྱུད་ལམ་ཁག་གཉིས་ནས་དོན་རྐྱེན་འདི་ཚོས་སྟོན་བཞིན་ཡོད། ཟམ་གདོང་རིན་པོ་ཆེས་ཁུ་ཟིམ་ཟིམ་གྱི་ཐོག་ནས་ཀུན་ནིང་དུ་ཐུགས་འཕྲད་ལ་བསྐྱོད་པར་༧གོང་ས་མཆོག་གིས་གཏོང་ཡོད་པ་དེའི་དོན་ནི། མཐར་༧གོང་ས་མཆོག་གིས་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་རྒྱུའི་སྐོར་གྲོས་མོལ་གནང་བ་ལས་གཞན་གང་ཡང་མིན། མཐའ་མར་༧གོང་ས་མཆོག་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་རྒྱུའི་སྐོར་གྲོས་མོལ་ཡིན་དགོས་པ་ངས་ཐག་གཅོད་ཀྱི་ཡོད་པ་དང་། དོན་རྐྱེན་དེ་མ་གཏོགས་གཞན་གང་ཡང་མིན་པས་ང་རང་དངོས་གནས་དགའ་བསུ་ཞུས་ཀྱི་ཡོད།
སྔོན་མ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་སྐུ་གསོལ་ཞུ་དུས་ཆོས་སྐྱོང་ནས་མ་འོངས་པར་ཕན་ཐོག་གི་ཆེད་དུ་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཆེན་པོ་ཏན་ཏན་འགྲོ་ཡི་རེད་ཅེས་བཀའ་ལུང་གནང་སོང་། ཕལ་ཆེར་འགྱུར་བ་ཆེན་པོ་འདི་ཚོ་ཡིན་གྱི་རེད། གལ་སྲིད་འདི་ཚོ་དངོས་གནས་བྱུང་ན། ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༢ ནང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱིས་ཆབ་སྲིད་གནས་སྟངས་འགྱུར་བ་ཆེན་པོ་ཡོད་པའི་སྐོར་བཀའ་ལུང་གནང་བ་བཞིན་རེད། དེ་རིང་ངས་གནས་ཚུལ་ཞིག་ཡོད་པ་དེ་ནི། ༧གོང་ས་མཆོག་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་པའི་འཆར་གཞི་བཀོད་འདུག གནས་ཚུལ་འདི་དཔེ་མ་སྲིད་པའི་དངོས་འབྲེལ་ཅན་རེད་འདུག ཕྱི་ལོ་༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན། (The Tribune) ཞེས་པའི་གསར་འགྱུར་ལྟར། དེ་ལ་༧གོང་ས་མཆོག་གིས་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་པའི་འཆར་གཞི་བཀོད་གནང་འདུག་ཞེས་གནས་ཚུལ་བཀོད་འདུག བདུན་ཕྲག་འགའ་ཤས་རྗེས་ཟམ་གདོང་རིན་པོ་ཆེ་ ‘discreet’ visit to China ཞེས་པ་ཐབས་བྱུས་མཁས་པའི་ཐོག་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ཡོད་པའི་སྐོར་གནས་ཚུལ་འགྲེམ་སྤེལ་བྱས་འདུག ད་ལྟ་ང་ཚོས་༧གོང་ས་མཆོག་ཁོང་ཡང་རྒྱ་ནག་ཏུ་འགྲུལ་བཞུད་བསྐྱོད་རྒྱུའི་འཆར་གཞི་དེ་གོ་བྱུང་། ངས་ལོ་བཅུ་ཕྲག་འགའ་ཤས་རིང་ནང་བཤད་པའི་གནས་ཚུལ་གྱི་ནང་ནས་ཡག་ཤོས་དེ་ད་ལྟའི་གནས་ཚུལ་དེ་ཆགས་སྡད་ཡོད།
གནས་སྟངས་འདི་འདྲ་རང་ཡིན་ན། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་བར་བསྐྱར་དུ་འབྲེལ་བ་ཆགས་སྲིད་ཀྱི་རེད། དུས་ཚོད་དེ་ག་རང་༧གོང་ས་མཆོག་རྒྱ་ནག་ཏུ་ཐུག་འཕྲད་དུ་མ་བསྐྱོད་སྔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་ཆེད་དུ་རྒྱ་ནག་ལ་ཐུག་འཕྲད་ཀྱི་མཛད་རིམ་འདི་འགྱུར་བ་ཡང་གཏོང་ཐུབ་ཀྱི་རེད། གཏོང་ཕོད་ཅན་གྱི་རྒྱ་གར་གཞུང་གིས་ཆོག་ཆན་ཞིག་སྤྲོད་ཚར་བ་དགོས། འདི་གུས་བཀུར་ཙམ་རེད། ༧གོང་ས་མཆོག་གིས་ངེས་པར་དུ་རྒྱ་གར་གཞུང་ལ་ཁོང་སྒེར་གྱི་ཐོག་ནས་རྒྱ་ནག་ལ་ཐུག་འཕྲད་གནང་བའི་སྐོར་རྒྱ་གར་གཞུང་གི་བསམ་འཆར་གང་ཡོད་ཚུལ་གྱི་སྐོར་སྐད་ཆ་འདྲི་ཡི་རེད། གང་ཡིན་ཞེ་ན་དེ་ཕྱོགས་གཉིས་ཀྱི་ས་འབྲེལ་(Sino-Indian) དང་བཅས་པ་བོད་མི་ས་ཡ་དྲུག་ཡོད་རེད། ད་ལྟའི་ཨ་རི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་ཁོང་གི་ལས་འཛིན་གོང་མ་ཚོ་ལ་ཐུགས་འཕྲད་ངོས་ལེན་མ་བྱས་པ་ནི་གཅིག་བྱེད་ན་༧གོང་ས་མཆོག་གིས་རྒྱ་ནག་ལ་ཐུགས་སྣང་གནང་བའི་རྐྱེན་གྱིས་ཡིན་སྲིད། མཐའ་མ་དེ་ལ་ཨ་རི་ནས་༧གོང་ས་མཆོག་དང་རྒྱ་གར་བྱང་ཕྱོགས་རྡ་སར་ཡོད་པའི་དབུས་བོད་མི་སྒྲིགས་འཛུགས་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་རམས་བྱས་ནས་ལོ་བཅུ་ཕྲག་སོང་ཚར་རེད། རྒྱ་གར་གཞུང་གིས་འབོད་བསྐུལ་ཞུ་བ་བཞིན་བཙན་འབྱོལ་བོད་གཞུང་ནས་དབུས་བོད་མི་སྒྲིགས་འཛུགས་ཀྱི་མིང་ཉམས་རྒུད་འགྲོ་ཚར་རེད། རྒྱ་གར་ལྟ་བུ་རང་དབང་གཙང་བདག་གི་ལུང་པ་ནང་བཙན་འབྱོལ་བོད་གཞུང་འཛུགས་པ་དེ་ཞེ་དྲགས་ཁྱད་ཚར་པོ་རེད། རྒྱ་གར་གཞུང་ནས་བོད་གཞུང་དེ་རྒྱ་ནག་གི་ཆ་ཤས་ཞིག་རེད་ཅེས་ཁས་ལེན་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་བཙན་འབྱོལ་དུ་འབྱོར་ནས་བཟུང་ས་ལོ་ལྔ་བཅུ་ལྔ་བརྒྱད་རྗེས་ཁོང་རྒྱ་ནག་ཏུ་ཐུགས་འཕྲད་དུ་བསྐྱོད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཧ་གོ་དུས་ང་རང་སྒེར་གྱི་ཐོག་ནས་ཞེ་དྲགས་དགའ་པོ་འབྱུང་། བོད་ནང་༧གོང་ས་མཆོག་མཇལ་འདོད་ཡོད་མཁན་སྟོང་ཕྲག་ནས་སྟོང་ཕྲག་ལྷག་སྡད་ཡོད་པ་དང་༧གོང་ས་མཆོག་ཐུག་འཕྲད་དུ་བསྐྱོད་རྒྱུའི་གནས་ཚུལ་དེ་གོ་ཐོས་བྱུང་ན་འདི་གནས་ཚུལ་ཆེན་པོ་ཞེ་དྲགས་རེད། ང་རང་སྒེར་གྱི་ཆ་ནས་༧གོང་ས་མཆོག་གིས་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ནས་འདི་མཆོག་ཏུ་འགྱུར་པ་ཞིག་རེད་དྲན་གྱི་འདུག དེ་རྗེས་འབྲས་བུ་བཟང་པོ་ཏན་ཏན་ཡོང་གི་རེད།
- བོད་ལ་རྒྱ་ནག་གི་སྲིད་ཇུས་ངེས་པར་དུ་འགྱུར་བ་གཏོང་གི་རེད། ༧གོང་ས་མཆོག་གི་འོག་ལ་སྡད་ནས་བཙན་འབྱོལ་ནང་ལས་ཀ་བྱེད་མཁན་ཚང་མས་རྒྱ་ནག་གཞུང་ལ་བོད་ཀྱི་སྲིད་ཇུས་གཞི་བཟུང་དུ་འགྱུར་བ་དགོས་ཞེས་ཞུ་གཏུགས་བྱེད་ཀྱི་རེད།
- ༧གོང་ས་མཆོག་ལ་རྒྱ་ནག་ཐུགས་འཕྲད་ཀྱི་ཆོག་ཆན་ཡོད་པ་བཞིན།ཁོང་དུས་རབས་དང་བསྟུན་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པས།འགྱུར་བ་ཇི་ལྟར་གཏོང་དགོས་ཚུལ་ངེས་པར་དུ་མཁྱེན་གྱི་རེད། རྒྱ་ནག་ལ་ཐུག་འཕྲད་འདིས་རྗེས་ཏན་ཏན་བོད་ནང་བསྐྱོད་གནང་གི་རེད།དེ་རྗེས་༧གོང་མཆོག་ལ་རྒྱ་ནག་ལ་ཐུག་འཕྲད་ལས་གཞན་གང་ཡང་མིན་འདུག
- རྒྱ་ནག་ལ་ངོ་སྲུང་གི་རྐྱེན་གྱིས་༧གོང་ས་མཆོག་ལ་རྒྱལ་ཁབ་མང་པོས་ཐུགས་འཕྲད་དུ་བསྐྱོད་ཆོག་པའི་ཆོག་ཆན་སྤྲོད་ཀྱི་ཡོད་མ་རེད། རྗེས་ལ་ཆ་ཚང་ཐུགས་འཕྲད་དུ་བསྐྱོད་ཆོག་པ་ཆགས་སྲིད་ཀྱི་རེད།
- བོད་ནང་བོད་མི་ས་ཡ་དྲུག་གི་དགའ་བསུ་ཞུ་ཡི་རེད། མི་རབས་གོང་མ་མང་པོ་གྲོང་ཚར་ཀྱང་དེ་ལ་༧གོང་ས་མཆོག་གི་དགུང་ལོ་དང་གཅིག་པ་གང་ཞིག་ས་ལོ་ལྔ་བཅུ་ང་བརྒྱད་བར་༧གོང་ས་མཆོག་མ་མཇལ་བ་ཡིན་ཙང་ད་དངོས་གནས་དགའ་བསུ་ཞུ་ཡི་རེད།
- ལོ་ལྔ་བཅུ་ང་བརྒྱད་ཀྱི་རིང་༧གོང་ས་མཆོག་ལ་འགྲིམ་འགྲུལ་ལག་འཁྱེར་དང་བཅས་པ་རྒྱ་གར་གཞུང་གི་སྲུང་སྐྱོབ་ཞུས་བཞིན་ཡོད་པས། ཁོང་རྒྱ་གར་གྱི་མི་སེར་མ་བཞེས་པར་རྒྱ་གར་གྱི་སྐུ་མགྲོན་དུ་སྐྱབས་བཅོལ་བ་བྱས་ནས་སྡད་ཡོད། ༧གོང་ས་མཆོག་ལ་གཅིག་བྱེད་ན་རྒྱ་ནག་ཏུ་བསྐྱར་དུ་བསྐྱོད་ཅིང་བཞུགས་པའི་ཐུགས་རེའི་རྐྱེན་གྱིས་རྒྱ་གར་གྱི་མི་སེར་གྱི་ལག་འཁྱེར་དུས་ནམ་ཡང་མ་ལེན་པ་ཡིན་སྲིད། དེ་འདྲ་སོང་ཙང་ད་ལྟ་ཁོང་བོད་པའི་མི་སེར་ཆགས་སྡད་ཡོད་རེད།
- ༧གོང་ས་ཆེན་པོ་མཆོག་ཁོང་སོ་སོའི་འཚར་ལོངས་བྱེད་སའི་ས་ཆ་དང་། སོ་སོའི་ཐོས་བསམ་སློབ་གཉེར་བྱེད་ས། སོ་སོའི་ཕོ་བྲང་། གཅིག་བྱས་ན་སོ་སོའི་སྤུན་ཉེ་དང་བརྩེ་བའི་བོད་མཐོང་ཐུབ་པ་ཡིན་ན་དགའ་སྤྲོ་ཚད་མེད་སྐྱེས་ཀྱི་རེད། གང་ལྟར་སོ་སོའི་ཕ་ཡུལ་ལ་བསྐྱར་ལོག་ཆོག་དུས་དགའ་ཡི་མ་རེད་པས།
- གཅིག་བྱས་ན་རྒྱ་གར་ན་བཞུགས་ཡོད་པའི་བོད་མི་ ༡༥༠,༠༠༠ གཅིག་འབུམ་ལྔ་ཁྲིའང་གཞུང་སྲོལ་དམ་འཛིན་མེད་པའི་སྒོ་ནས་བོད་དུ་ལོག་ཆོག་གི་རེད། གལ་ཏེ་༧གོང་ས་མཆོག་བོད་དུ་གཏན་འཇགས་བཞུགས་པ་ཡིན་ན་བོད་མི་རྣམས་ཀྱང་ཡུལ་སྤོ་ཐུབ།
- ༧གོང་ས་མཆོག་དང་བོད་མི་རྣམས་སྐུ་མགྲོན་ནང་ལྟར་རྒྱ་གར་དུ་བཞུགས་ནས་ལོ་དྲུག་ཅུ་ཙམ་ཕྱིན་ཡོད་པ་དེ་ནི་རྒྱ་གར་དང་རྒྱ་ནག་གཞུང་གཉིས་ཀྱི་འབྲེལ་བ་ལ་ཕྲན་བུའི་རྐང་པ་ལ་གནོད་པ་ལྟར་གནོད་ཀྱི་ཡོད་པ་རེད། ད་ལྟ་༧གོང་ས་མཆོག་དང་རྒྱ་ནག་གཞུང་གཉིས་ཀྱི་བར་འབྲེལ་བ་སྤེལ་བཞིན་ཡོད་པས་རྒྱ་གར་དང་རྒྱ་ནག་གཞུང་གཉིས་ཀྱི་འབྲེལ་བ་ཡང་ཡར་རྒྱས་འགྲོ་སྲིད། གཅིག་བྱས་ན་རྒྱ་ནག་དང་རྒྱ་གར་ས་མཚམས་ཀྱི་གནད་དོན་དེ་ཡང་མཐའ་གཅིག་ཏུ་སེལ་ཐུབ།
- ༧གོང་ས་མཆོག་ནི་ད་ལྟ་དགུང་ལོ་༨༢ ཕེབས་ཚར་པ་ཡིན་ཅིང་། འདུས་བྱས་ཀྱི་ཕུང་པོ་འཛིན་པའི་གང་ཟག་ང་ཚོ་ལྟ་བུ་ལ་ལོ་༨༢ དེ་མཐའ་མཇུག་ལྟར་རེད། ཁོང་ནི་བོད་ནང་ལོག་ལས་ཕྱི་རོལ་དུ་དུས་རིང་པོ་བཞུགས་ཡོད། ད་ལྟ་བོད་དུ་ཕེབས་འདོད་དང་ལོག་འདོད་ནི་ཁོང་རང་རང་གི་སྨོན་འདུན་ཡིན། ཁོང་གིས་འདི་དུས་རྟག་ཏུ་གསུངས་ཀྱི་ཡོད་རེད། ཁོང་གིས་སོ་སོའི་མི་ཚེ་དེ་གཞན་སེམས་ཅན་གྱི་དོན་དུ་བསྔོ་ཚར་བ་ཡིན་པས་ཁོང་གི་སྨོན་འདུན་དེ་འགྲུབ་ཐུབ་ན་ཡིད་དུ་འོང་། ཁོང་གིས་ཧ་ཅང་དཀའ་ལས་སྐྱོན་ཡོད། ༧གོང་ས་མཆོག་གི་བརྩེ་བའི་སྨོན་འདུན་དེ་ཉིད་འགྲུབ་ན་ཤིན་ཏུ་ལེགས།
- ༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་པ་ཡིན་ན་བོད་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་ཕྱོགས་སུ་རབ་བཏགས་ཀྱི་གཏམ་བདེན་པ་དང་རྫུན་མ་དེ་དག་རྩ་མེད་དུ་འགྲོ་ཡི་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་རྒྱ་ནག་གཞུང་དང་ཁ་མཐུན་བྱེད་ཀྱི་ཡོད་ཞེས་པ་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་བར་ཁོང་ཚོའི་རྒྱ་ནག་གཞུང་ནས་ཕོགས་ལེན་གྱི་ཡོད་རེད་ཟེར་བ་ནི་ངས་ནམ་ཡང་ཁས་ལེན་མི་ཐུབ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་རྒྱ་ནག་གཞུང་དང་འབྲེལ་བའི་དགག་ཆ་རྒོལ་འཛིང་དེ་དག་ལམ་སང་མཚམས་འཇོག་བྱེད་དགོས། ༧གོང་ས་མཆོག་རྒྱ་ནག་ལ་ཕེབས་པའི་གྲ་སྒྲིག་གནང་སྐབས་ང་ཚོས་རྒྱ་ནག་གཞུང་ལ་ཁ་གཏད་དུ་གཏམ་ཚོ་པོ་དེ་དག་སྨད་པར་མཚམས་འཇོག་ཏེ་༧གོང་ས་མཆོག་རྒྱ་ནག་དང་མཐའ་མར་བོད་དུ་ཕེབས་ཐུབ་པའི་ལམ་འཇམ་པོ་བཟོ་དགོས། ༧གོང་ས་མཆོག་རྒྱ་ནག་ལ་ཕེབས་རྗེས་སུ་བོད་མི་ཡོངས་ཀྱི་ཆེད་དུ་གང་ལེགས་པོ་ཡོང་སྐོར་རྒྱ་ནག་གཞུང་དང་རྩོལ་སྒྲུབ་གནང་གི་ཡོད་ཞེས་ཐེ་ཚོམ་མེད།
༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་པ་ཡིན་ན་དེར་ཁེ་ཕན་མང་པོ་ཡོད། ཡིན་ན་ཡང་འདི་ཉུང་ཉུང་ཙམ་ཡིན། འདིར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་བོད་མི་ཡོད་རེད། དཔེར་ན་ང་ལྟ་བུ་ལ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་རྒྱ་ནག་གཞུང་དང་དགའ་མཐུན་བྱེད་མཁན་རེད་ཞེས་བརྗོད་ཀྱི་ཡོད་པས་འདི་བདེན་པ་མིན། བདག་གིས་དུས་ནམ་ཡང་༧གོང་ས་མཆོག་ལ་མི་གུས་པ་མེད། དེར་བདག་གིས་ཁོང་ལ་ཤིན་ཏུ་གུས་ཞབས་བྱེད་ཀྱི་ཡོད། མི་གཞན་དང་གཞུང་གཞན་དང་མཉམ་དུ་འབྲེལ་ནས་༧གོང་ས་མཆོག་གི་མཚན་ལ་གནོད་དུ་རུང་བའི་བྱ་བ་དུས་ནམ་ཡང་བྱེད་ཀྱི་མེད། བོད་པའི་དབུ་ཁྲིད་རྣམས་ཀྱིས་རྡོ་རྗེ་ཤུགས་ལྡན་གྱི་ཉམས་ལེན་དང་འདིའི་བསྟེན་གསོལ་བའི་ཁ་གཏད་དུ་དབྱེ་འབྱེད་གནང་བ་དེ་དག་ལ་ང་མོས་མཐུན་མེད། གང་ཡིན་ཟེར་ན། ཁྱོད་ཀྱིས་ཆོས་དང་འབྲེལ་ཡོད་ཀྱི་ཚོགས་པ་ཞིག་ལ་ཁོང་ཚོའི་ཆོས་ཉམས་ལེན་ལ་རྟེན་ནས་དབྱེ་འབྱེད་བྱེད་དུས། འདིའི་ཕྱི་ལོག་གི་ཚོན་མདོག་དང་། ཕོ་མོའི་རྟགས་ཐོག་ལ་དབྱེ་འབྱེད་བྱེད་པ་དང་ཁྱད་པར་མེད། འདི་ཡག་པོ་མིན།
དུས་རབས་ ༢༡ པའི་ཆོས་དང་སྲིད་ཀྱི་དབུ་ཁྲིད་སུ་ཞིག་གིས་གཞན་གྱི་ཆོས་ལུགས་ཐོག་ལ་བཀའ་གནང་མི་ཆོག གལ་ཏེ་གང་ཟག་དེ་ཆོས་ལུགས་ཡང་དག་པ་ཡིན་ནའང་རེད། ཡང་ན་ཆོས་ལུགས་ལོག་པ་གང་ལ་ཞུགས་ཡོད་ནའང་འདི་ཁོང་རང་གི་རང་དབང་རེད་མ་གཏོགས་དབུ་ཁྲིད་དང་འབྲེལ་བ་མེད་པ་རེད། ཡང་ཆོས་དང་སྲིད་ཀྱི་དབུ་ཁྲིད་ཀྱིས་གང་ཟག་གཞན་གྱི་ཆོས་ལུགས་ཐོག་ལ་བསླབ་བྱ་དེ་འདྲ་གནང་བ་ནི་ཡག་པོ་མི་མཐོང་། དེ་འདྲ་བྱེད་དུས་ཁོང་ཚོར་མཐོང་ཆུང་བཟོ་བ་དང་། མི་བཟོད་པ་བཟོ་བ་དང་། དམངས་གཙོ་དང་འགལ་བ་དང་ཁོང་ཚོ་ལ་ཆོས་དད་རང་དབང་མེད་པ་ཆག་པ། ༧གོང་ས་མཆོག་ལྟ་བུ་ནུས་སྟོབས་ཆེན་པོ་དང་ལྡན་པའི་ཆོས་ཀྱི་དབུ་ཁྲིད་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གྱི་ཁ་གཏད་དུ་གནང་བའི་བསླབ་བྱ་དེ་ལ་རྟེན་ནས་ཁོང་གི་རྗེས་འབྲང་པ་རྣམས་ཀྱིས་༧གོང་ས་མཆོག་ཐུགས་སྤྲོ་པོ་ཡོང་བར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་སྤྱི་ཚོགས་ནས་འབུད་པ་དང་ཁ་འབྲལ་གཏོང་བ་དང་དམའ་འབེབས་སོགས་བྱས་དང་བྱེད་བཞིན་པ་རེད།
རྒྱ་གཞུང་གིས་ཆོས་ལུགས་གང་ལ་བཞུགས་ནའང་ཆོས་དད་རང་དབང་སྤྲོད་ཀྱི་ཡོད། དེར་བདག་གི་གྲོགས་པོ་དང་སྤུན་ཉེ་རྣམས་བོད་དང་ཤིན་ཅང་ན་ཡོད་པས་ཁོང་ཚོ་ནང་པ་སངས་རྒྱས་པ་རེད། བོད་དང་རྒྱ་ནག་ནང་གཞུང་གི་ངོས་ནས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་གང་ཡང་ཡོད་མ་རེད། གལ་ཏེ་༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་རྗེས་རྒྱ་གཞུང་གི་དབུ་ཁྲིད་དང་ལྷན་དུ་ཞུགས་པ་ཡིན་ན་ཁོང་ཚོས་བོད་དང་རྒྱ་ནག་རྒྱལ་ཁབ་ནང་ཞི་བདེ་ཡོང་བའི་ཆེད་དུ་༧གོང་ས་མཆོག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ཁ་གཏད་དུ་མ་གསུངས་རོགས་ཞེས་བཀའ་སློབ་གནང་གི་ཡོད་པ་རེད་ཞེས་བདག་གིས་རེ་བ་དང་ཡིད་ཆེས་ཡོད། དེ་ལྟར་ལོ་ ༤༠༠ སྔོན་གྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ཉམས་ལེན་རྙིང་པ་དེ་ཉིད་ལ་བསྐུལ་སློང་བྱེད་པ་དང་། སྤྱི་ཚོགས་ཁོངས་གཏོགས་ནས་འབུད་པ། ཁ་འབྲལ་བྱེད་པ་སོགས་ཀྱི་སྐྱོན་ལས་བྲལ་ཐུབ། རྒྱ་གཞུང་གིས་ལོ་ ༤༠༠ སྔོན་གྱི་ལྷ་སར་ཡོད་པའི་རྡོ་རྗེ་ཤུགས་ལྡན་གྱི་རྟེན་ཁང་སྤྲོ་བདེ་ཁང་གསར་དེ་བསྐྱར་གསོ་བྱས་ཡོད། ༧གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་རྟེན་ཁང་དེ་བཟོས་ཏེ་རྡོ་རྗེ་ཤུགས་ལྡན་ལ་བསྔོ་བ་ཡིན་པ་དེ་ལེགས་པོ་མཁྱེན་དགོས།
འདི་ནི་ཞེ་དྲགས་ཀྱི་མཛད་རིམ་གལ་ཆེ་བ་ཞིག་དང་བདག་གི་སེམས་གཏིང་ནས་༧གོང་ས་མཆོག་རྒྱ་ནག་དང་མཐའ་མར་བོད་དུ་ཕེབས་ཐུབ་པར་ཤོག་ཞེས་རེ་སྨོན་ཡོད། ཁོང་ཞེ་དྲགས་ཀྱི་ཐུགས་སྐྱིད་པོ་ཡོད་པ་བདག་གི་ཤེས། དེར་ང་རང་ཡང་ཁོང་གི་ཆེད་དུ་དགའ་བ་སྒོམ་གྱི་ཡོད། བོད་ཀྱི་ཕྱི་ལ་ཞུགས་ཡོད་པའི་བོད་མི་དང་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་ད་ནས་བཟུང་སྐྱོན་བརྗོད་མ་བྱེད་ཡ་དེ་གལ་ཆེན་པོ་རེད། ༧གོང་ས་མཆོག་གི་ཡིད་སྨོན་སྒྲུབ་པར་ང་ཚོ་ཚང་མས་གང་ཐུབ་ཐུབ་བྱེད་དགོས། བདག་གིས་དྲྭ་རྒྱ་སོགས་ལའང་ང་ཚོ་བོད་མི་ཡོངས་ཀྱིས་གལ་ཏེ་༧གོང་ས་མཆོག་གི་ཡིད་སྨོན་སྒྲུབ་དགོས་ན་རྒྱ་གཞུང་ལ་དམའ་འབེབས་ཀྱི་མིང་འདྲ་མིན་སྣ་ཚོགས་བེད་སྤྱོད་གཏོང་ཡ་དང་ཚིག་སྡུག་ཅག་བདེ་སྤྱོད་གཏོང་རྒྱུ་མེད་པ་རེད་ཞེས་མང་པོ་ཞུས་ཡོད། ང་ཚོ་ཚང་མ་ཞི་བར་གནས་དགོས་པ་དང་༧གོང་ས་མཆོག་རྒྱ་ནག་དང་བོད་དུ་ཕེབས་ཐུབ་པར་རྒྱུ་རྐྱེན་ཚང་བ་བྱེད་དགོས། ༧གོང་ས་མཆོག་ཕུན་སུམ་ཚོགས་པ་ཡོང་བའི་རེ་སྨོན་ཡོད།
གུས་པས།
ཚེམས་སྤྲུལ་སྐུས།
བརྒྱུད་ལམ་ཁྱབ་ཚད།
ཕྱི་ལོ་༢༠༡༧ཟླ་༡༢ཚེས་༡༦ཉིན་གྱི་ཁ་སྐོང་།
Phayul.com ཞེས་པ་འདི་ནི་རྡ་རམ་ས་ལར་གནས་པའི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་གསར་ཁང་ཞིག་རེད། འདིས་དབྱིན་ཇི་ཤེས་མཁན་བོད་པ་དང་དེའི་རྒྱབ་སྐྱོར་བ་ཕྱི་རྒྱལ་ལ་སྡོད་མཁན་བོད་མི་ཚོ་གང་རུང་ལ་ཆབ་སྲིད་ཀྱི་དོ་སྣང་ཡོད་མཁན་ཚོར་༧གོང་ས་མཆོག་དང་འབྲེལ་བའི་གསར་འགྱུར་གྱི་ཞབས་འདེགས་ཞུ་མཁན་ཞིག་རེད། ཕྱོགས་རིས་ཅན་གྱི་གནས་ཚུལ་བཀྲམ་གྱི་ཡོད་རེད། གང་ཡིན་ཟེར་ན་གསར་ཁང་གཞན་ནང་བཞིན་རང་དབང་ཅན་གྱི་རྩོམ་བྲིས་བྱེད་ནས་མི་སྒེར་པ་ཞིག་གི་སྐྱོན་ཆ་དང་། དེ་ཙམ་མ་ཟད་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ལམ་ལྷོང་མེད་པའི་སྐྱོན་ཆ་དང་བཙན་བྱོལ་བོད་གཞུང་ལ་མ་དགའ་བའི་གནས་ཚུལ་བཀྲམ་ན་སྒོ་རྒྱག་གི་རེད།
- ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༤ ཉིན་The Wire ཞེས་པ་གསཪ་ཁང་ནས་རྒྱ་གར་གཞུང་ཚབ་གོང་མ་ Stobdan ལགས་ཀྱི་རྩོམ་བྲིས་བྱས་པ་འདི་ནས་ཁུངས་འདྲེན་བྱས་པ་དེ་ལ། ཟམ་གདོང་རིན་པོ་ཆེས་སྒེར་གྱི་ཐོག་ནས་ Kunming རྒྱ་ནག་དུ་You Quan ཞེས་པའི་རྒྱ་ནག་གཞུང་འབྲེལ་ཐུགས་འཕྲད་དུ་བསྐྱོད་པའི་འཆར་གཞི་བཀོད་ཡོད་འདུག
- བོད་མི་སུ་ཞིག་བོད་ལ་འགྲོ་མི་ཆོག་པ་དང་། གལ་སྲིད་འགྲོ་དགོས་ནའང་ཆོག་མཆན་དང་གོང་རིམ་གྱི་མོས་མཐུན་མང་པོ་ཞིག་བྱས་རྗེས་འགྲོ་དགོས་ཀྱི་ཡོད་རེད། དེ་ཡང་ཁོ་ཚོ་ལ་དམའ་འབེབས་ཀྱི་མིང་ངན་འབོད་ཅིང་། དེ་ཚོ་༧གོང་ས་མཆོག་གི་རྒྱབ་འགལ་ཡིན་པ་གང་ཞིག་རྒྱ་གཞུང་དང་འབྲེལ་ནས་ལྐོག་ངན་གྱི་ནག་ཉེས་འཛུགས་ཀྱི་རེད། དེ་ལའང་གལ་སྲིད་རྒྱ་ནག་ནང་སོ་སོའི་ཉེ་འབྲེལ་དང་གྲོགས་པོ་ཡོད་ཅིང་དེ་ཚོ་དང་འབྲེལ་བ་བྱས་པ་འཇུས་ན། ཁྱོད་རང་ལ་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཅིང་༧གོང་ས་མཆོག་ལ་མཚན་སྨད་ཀྱི་ལས་ཀ་བྱས་པའི་ནག་ཉེས་ཕོབས་ཀྱི་རེད། བོད་གཞུང་དང་དེའི་ལས་བྱེད་རྣམས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་སྐོར་སུ་ཞིག་ལའང་དངོས་སུ་མ་བཤད་ཅེས་སྐོར་བ་རྒྱག་ནས་བཤད་མཁས་པ་ཡོད་པ་དང་། དེ་ནས་ནག་ཉེས་ཀྱི་ཉེན་ཁ་ཡོང་དུས་ནག་ཉེས་དེ་ལས་རང་ཉིད་གཡོལ་ཐབས་བྱས་ཀྱི་ཡོད། འདི་ཚོ་བོད་གཞུང་གི་ལས་བྱེད་ཚོས་མི་མང་ལ་འཇིགས་སྣང་སྐུལ་ནས་ཅིག་སྒྲིལ་ཏུ་བཞག་སྟངས་ཙམ་ཡིན། གལ་སྲིད་བོད་མི་ཚོས་བོད་གཞུང་གི་སྲིད་ཇུས་ངོས་ལེན་མ་བྱས་ན། དེ་ཚོ་ལ་རང་བཞིན་གྱི་རྒྱ་གཞུང་དང་འབྲེལ་བ་བྱེད་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡིན་པ་གང་ཞིག་རྒྱལ་ཚོང་པའི་ནག་ཉེས་སུ་འཛུགས་པས། ཁོ་ཚོ་ལ་འཛིན་བཟུང་བྱེད་ནས། སྤྱི་ཚོགས་ནང་ནས་བཙན་འབུད་གཏོང་བ་སོགས་དབྱེ་འབྱེད་བྱེད་དགོས་པའི་ཁྱད་ཆོས་ཞིག་ཚང་ངོ་། །དེ་ཚོས་དབྱེ་འབྱེད་བྱས་པའི་རྒྱུ་མཚན་གཙོ་བོ་ནི་དེ་ཚོའི་བསམ་འཆར་དང་སྒྲིགས་ཁྲིམས་ངོས་ལེན་བྱེད་དུ་བཅུག་པའི་ཆེད་དུ་ཡིན། འདི་ཚོ་ཚང་མ་རྡ་ས་བཙན་བྱོལ་གཞུང་གིས་བོད་པའི་སྤྱི་ཚོགས་ནང་གང་འདྲ་བྱས་པའི་བྱེད་སྟངས་ཀྱི་རྣམ་པ་ཡིན་ལ། དེ་བཞིན་ང་ལྟ་བུ་ཞིག་ཆ་བཞག་ན། ང་རང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་ནས་ས་ལོ་སུམ་ཅུ་སོ་གསུམ་ཕྱིན་ཚར་བ་རེད། ཕྱི་ལོ་༡༩༨༢ ལོ་ནས་བསྟེན་གསོལ་བྱས་ཡིན། ང་རང་ལོ་བཅོ་བརྒྱད་ཡིན་དུས་དབྱེ་འབྱེད་འགོ་བཙུག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་བསྐུལ་བྱས། ཟམ་གདོང་རིན་པོ་ཆེས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་ཞེས་ཟེར་ནས་ཞབས་འདྲེན་ཞུས་པའི་གཏམ་ངན་བཤད་ཡོད་རེད། འདི་བོད་པའི་གཏམ་དཔེ་ཞིག་རེད། ཁ་སྤུ་དེ་ཁ་འགྲམ་ལ་ཡོད་དུས་ཁའི་ཆ་ཤས་གཅིག་མཚོན་གྱི་ཡོད་རེད། ཁ་སྤུ་མེད་དུས་ལོགས་སུ་དབྱེ་དགོས་ཞེས་ཟེར་ནས། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བོད་པའི་སྤྱི་ཚོགས་ནང་ནས་བཙན་འབུད་གཏོང་དགོས་ཚུལ་བསྐོར་ནས་བཤད། ཆོས་ལུགས་གཞི་བཟུང་བྱས་ན་འདི་ཚོ་དཔེ་མི་སྲིད་པའི་དབྱེ་འབྱེད་དང་། མ་ཉེས་ཁ་ཡོག་ཡིན་ལ། དོན་གནད་རྟག་རྟག་འཕྲད་འདུག ། ཟམ་གདོང་རིན་པོ་ཆེ་ཁོང་༧གོང་ས་མཆོག་གི་སྐུ་ཚབ་གཙོ་བོ་རྒྱ་ནག་ལ་བསྐྱོད་འདུག ། རྒྱ་ནག་གཞུང་འབྲེལ་ཐུགས་འཕྲད་དུ་བསྐྱོད་དུས་ཁྱད་པར་མེད་ནའང་ཁོང་བསྐྱོད་འདུག ། ཁོང་ལ་འགྲོ་ཆོག་པའི་ཆོག་མཆན་ཇི་ལྟར་རག་པ་ཡིན་ནམ། “The Wire”དང”Tibetan Journal” “Phayul” “The Tribune”ཞེས་པའི་བརྒྱུད་ལམ་ཡོངས་ཀྱིས་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་ཡོད་ཅེས་ཆེད་བསྒྲགས་སྤེལ་འདུག ། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གཙོ་བོ་བློ་བཟང་སེང་གེས་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཐུགས་འཕྲད་དུ་བསྐྱོད་དུས་དུས་ནམ་ཡང་ངོས་ལེན་བྱེད་མི་འདུག ། ཁོང་གིས་ངོས་ལེན་བྱས་ཡོད་རེད། གང་ཡིན་ཟེར་ན་དེ་གཞུང་འབྲེལ་ཐུགས་འཕྲད་དུ་བསྐྱོད་ཡོད་པ་དང་དུས་ཚོད་དེ་ག་རང་སྒེར་གྱི་ཐུགས་འཕྲད་ཡིན་ཞེས་བརྗོད། གལ་སྲིད་ཁྱོད་ཀྱིས་གཞུང་འབྲེལ་ཐུག་འཕྲད་དུ་བསྐྱོད་ཡོད་ན་སྒེར་དོན་ཟེར་བ་གང་ཡིན་ནམ། ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཐུག་འཕྲད་དུ་བསྐྱོད་ཡོད་པ་དང་དེ་ངོས་ལེན་བྱས་པ་ནི་དོགས་འདྲོག་ཅན་རེད། ཁོང་རྒྱ་ནག་ཏུ་བསྐྱོད་པའི་རྒྱུ་མཚན་མ་གསལ་པར་དམིགས་ཡུལ་བཀོད་པ་ནི་༧གོང་ས་མཆོག་ཡང་ན་བོད་ཀྱི་གནད་དོན་མ་གཏོགས་འགྲོ་ས་མེད་དོ།། བཙན་བྱོལ་བོད་གཞུང་གིས་སྐད་ཆ་གང་བཤད་ཀྱང་གསལ་པོར་མ་བཤད་ནས་སྦས་གསང་བྱེད་པ་ནི་དེ་ཚོ་འགྲོ་སྟངས་ཞིག་རེད། ད་དུང་ཁྱོད་ཀྱིས་ཁོ་ཚོ་ལ་རྒྱབ་སྐྱོར་བྱེད་དགོས། ཁོང་ཚོའི་གཞུང་སྐྱོབ་སྟངས་དེ་ཞེས་དྲགས་ཀྱི་ཆེད་ལས་མེད་པ་དང་དེ་ཚོའི་ཐབས་ཤེས་ལ་ཡིད་ཆེད་བྱེད་པར་སེམས་འགུལ་ཡང་ཐེབས་ཀྱི་མི་འདུག ། གཞན་ཡང་། གལ་སྲིད་ཟམ་གདོང་རིན་པོ་ཆེ་སྟབས་ལས་སླ་པོར་རྒྱ་ནག་ལ་འགྲོ་ཐུབས་ཀྱི་ཡོད་ན། དེ་ནས་བློ་བཟང་སེང་གེ་དང་། སྤེན་པ་ཚེ་རིང་གཞན་སོགས་ཡང་རྒྱ་ནག་ཡང་ན་བོད་ལ་ག་དུས་ཡིན་ནའང་འགྲོ་ཐུབ་ཀྱི་རེད། རྒྱུ་མཚན་དེ་ལྟ་བུ་ལ་བརྟེན་ནས་རྒྱ་ནག་ཇི་ཙམ་གྱི་གཏོང་འཕོད་ཅན་ཡིན་པ་སྟོན་གྱི་འདུག འོ་ན་ང་ཚོ་ལྟ་བུ་མི་དཀྱུས་མ་རྒྱ་ནག་ལ་འགྲོ་དགོས་འབྱུང་ན་ཚད་བཀག་གང་ཡོད་དམ།དོན་རྐྱེན་གང་ཡིན་ཡང་། ༧གོང་ས་མཆོག་གི་སྐུ་ཚབ་བྱེད་ནས་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ཚར་རེད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ལ་ཆོག་མཆན་སྤྲོད་པ་དེ་གནས་ཚུལ་བཟང་པོ་ཞིག་རེད། འོ་ན་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་དང་དེའི་གཞུང་འབྲེལ་ལ་ཐུག་འཕྲད་བྱས་རྗེས་བོད་ནང་དབུ་མའི་ལམ་དང་༧གོང་ས་མཆོག་རྒྱ་ནག་དང་བོད་ཐུག་འཕྲད་ཀྱི་སྐོར་མ་གཏོགས་གཞན་གང་ཡིན་ནམ། ༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ནས་གང་བྱེད་ཀྱང་མཐའ་དོན་འདི་བོད་རྩ་དོན་དང་ཁོང་གི་ཐུག་འཕྲད་ཀྱི་སྐོར་རེད། མཐར་བོད་དང་༧གོང་ས་མཆོག་གི་བསྐྱར་འབྲེལ་ཆགས་ཀྱི་རེད།ཕྱི་ལོ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ Tibet.net ཞེས་པ་གསར་ཁང་ལྟར་བློ་བཟང་སེང་གེས་ཟམ་གདོང་རིན་པོ་ཆེས་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ཡོད་ཅིང་༧གོང་ས་མཆོག་གིས་མ་རེད་ཅེས་བརྗོད་འདུག ༧གོང་ས་མཆོག་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་མེད་པ་ང་ཚོ་ཚང་མས་གསལ་པོར་ཤེས་ཀྱི་ཡོད། “The Tribune”ཞེས་པའི་གསར་ཁང་ནས་ཁྱབ་སྤེལ་བྱས་པའི་Ajay Banerjee ཁོང་གི་རྩོམ་བྲིས་བཟོ་བཅོས་རྒྱ་འདུག ཉེ་འཆར་བོད་གཞུང་གི་གཙོ་འཛིན་གོང་མ་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་འདུག་ཞེས་བརྗོད། བཙན་བྱོལ་བོད་གཞུང་གིས་ “The Tribune”གསར་ཁང་ལ་གཏན་གཏན་ཁོ་ཚོའི་རྩོམ་བྲིས་ཀྱི་མིང་བྱང་ནོར་འཁྲུལ་དེ་ཚོ་༧གོང་ས་མཆོག་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་རྒྱུའི་འཆར་གཞི་བཀོད་འདུག ཞེས་པ་དེ་བཟོ་བཅོས་རྒྱག་བཅུག་འདུག ། མིང་བྱང་བཟོ་བཅོས་ག་ཚོད་རྒྱག་ནའང་། དངོས་ཡོད་གནས་ཚུལ་དེ་༧གོང་ས་མཆོག་སྒེར་གྱི་སྐུ་ཚབ་རྒྱ་ནག་ལ་ཐུག་འཕྲད་དུ་བསྐྱོད་ཡོད་པ་གཞུང་འབྲེལ་གྱི་དོན་ཡིན་པ་མཁྱེན་གསལ་རེད། ཐུག་འཕྲད་དེ་སྒེར་དོན་ཡིན་ན་འདྲ་གཞུང་འབྲེལ་ཡིན་ན་འདྲ་བོད་རྩ་དོན་དང་༧གོང་ས་མཆོག་བོད་དུ་བསྐྱར་ལོག་གནང་རྒྱུའི་སྐོར་མ་གཏོགས་གཞན་གང་ཡང་མ་རེད། གནས་ཚུལ་དེ་ང་ཚོས་“The Wire”དང་“Phayul”,“Tibetan Journal”“The Tribune”བཅས་གསར་ཁང་བརྒྱུད་ལམ་ཁག་ནང་གང་བཤད་དེ་གཞི་བཟུང་ཐག་གཅོད་ཐུབ་ཀྱི་རེད། བཙན་བྱོལ་བོད་གཞུང་གིས་གནས་ཚུལ་དེ་ཚོ་འབད་གསང་བྱེད་ཅིང་། མི་མང་ལ་བྱེད་སྟངས་མ་ཤེས་པའི་རྐྱེན་གྱི་ནོར་སྐྱོན་མེད་དོག་བྱེད་སྡད་ཡོད། བོད་མི་མང་ཚོ་འདི་ལྟ་བུ་གཞུང་གིས་བེད་སྤྱོད་བྱེད་ཀྱི་ཡོད་རེད། ཟམ་གདོང་རིན་པོ་ཆེ་དང་རྒྱ་ནག་གཞུང་གི་བར་མཐའ་མ་༧གོང་ས་མཆོག་རྒྱ་ནག་ལ་ཐུག་འཕྲད་ཀྱི་སྐོར་གྲོས་མོལ་བྱས་པའི་ང་ཚོ་ལ་ད་དུང་རེ་བ་འདི་འདྲ་ཡོད། གྲོས་མོལ་དེ་མུ་འཐུད་བྱེད་ཀྱི་མེད་ཅེས་ང་ལ་ཡིད་ཆེས་མེད། བཙན་བྱོལ་བོད་གཞུང་གི་ལས་གན་ཐོག་མ་ནི་བོད་མི་མང་ཚོའི་དོན་དུ་བོད་སྲུང་སྐྱོབ་བྱེད་དགོས་པ་དེ་དང་དེ་ལ་ཕལ་ཆེར་༧གོང་ས་མཆོག་གི་དགོངས་དོན་དབུ་མའི་ལམ་འོག་འགྲོ་རྒྱུ་མ་གཏོགས་གཞན་མེད། ༧གོང་ས་མཆོག་རང་ཉིད་ཀྱིས་ཁོང་ལོ་ན་རྒས་ཚར་བ་དང་མགྱོག་པོ་བོད་ཡུལ་ལ་ཐུག་འཕྲད་དུ་སྐྱོད་འདོད་ཡོད་ཅེས་གསུངས།
བརྒྱུད་ལམ་ཁྱབ་ཚད།
ཕྱི་ལོ་ ༢༠༡༧ཟླ་ ༡༢ ཚེས་ ༢༢ ཉིན་གྱི་ཁ་སྐོང་།
ཟམ་གདོང་རིན་པོ་ཆེས་ཁོང་རྒྱ་ནག་དུ་ཕེབས་མེད་ཞེས་གསལ་བཤད་གནང་ཡོད་པ་ཡིན་ཡང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གང་གཏན་འབེབས་བྱས་པ་དེ་དང་འགལ། གནད་དོན་འདིར་འགྱུར་བ་ཆེན་པོ་འཐེབ་ཡོད། གནས་ཚུལ་འདི་ཉིད་ནི་ཞེ་དྲགས་ཀྱི་ཁྱད་མཚར་པོ་དང་མི་མཐུན་པ་ཞིག་མཐོང་གིན་འདུག ང་ཡིན་ཟེར་ན་ཁོང་རྣམ་པ་གཉིས་ཀ་༧གོང་ས་ཆེན་པོ་མཆོག་གི་བློས་འཁེལ་བའི་སྲིད་དོན་པ་རྣམ་གཉིས་རེད། ཁོང་རྣམ་པ་སོ་སོའི་ལས་འགུལ་དང་ཆབ་སྲིད་ཐོག་གི་བྱེད་སྟངས་ལ་ཁོང་རང་གཉིས་ཀྱི་མཁྱེན་གྱི་ཡོད་ཀྱི་རེད་ཞེས་ཁྱེད་ཀྱིས་བསམ་སྲིད། གང་ལྟར་ཡང་གནད་དོན་འདི་དེ་འདྲ་མིན།
ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ཀྱིས་བོད་མི་མང་ལ་རེ་བ་རྫུན་མ་དང་རེ་བ་སྟོང་པ་ཞིག་ངོ་སྤྲོད་བྱེད་ནས་རེ་བ་དེ་ཉིད་འགྲུབ་རྒྱུ་མེད་པ་མ་ཟད་གནས་ཚུལ་སྐྱོ་རུ་འགྲོ་བཞིན་ཡོད། འདིའི་བོད་མི་རྣམས་ལ་ཕུག་ལ་གནོད་ཀྱི་ཡོད་པ་དང་གུས་ཞབས་མེད་པ་སྟོན་ཅིང་བོད་མི་རྣམས་དོན་དངོས་གང་ཡིན་མིན་སྐོར་ཐེ་ཚོམ་སྐྱེས། ཟམ་གདོང་རིན་པོ་ཆེ་ཕེབས་དང་མི་ཕེབས། གལ་ཏེ་ཁོང་རྒྱ་ནག་ཏུ་ཕེབས་པ་ཡིན་ན་དུས་ཡུན་རིང་པོ་རྗེས་སུ་རེ་བ་ཞིག་སྐྱེས་ནས་རྒྱ་ནག་མཉམ་དུ་འབྲེལ་བ་ཆུང་ཆུང་ཞིག་ཡོང་ཐུབ། བློ་བཟང་སེང་གེ་ལགས་ཀྱིས་མི་མཐུན་ཕྱོགས་གཏན་འབེབས་བྱས་པའི་རྗེས་ཟམ་གདོང་རིན་པོ་ཆེ་ཕེབས་ཀྱི་མེད་པ་མངོན། ༧གོང་ས་མཆོག་གི་ཡིད་རྟོན་སྐུ་ཚབ་གཉིས་སོ་སོའི་བརྡ་ལན་འབྲེལ་མཐུད་མེད་པ་གང་འདྲ་ཡིན་ནམ།
ཁོང་རྣམས་ཀྱིས་གཅིག་གིས་གཅིག་ལ་དགག་པ་རྒྱག་གི་ཡོད་པ་དེ་ནི་གནད་དོན་ཆུང་ཆུང་དེ་འདྲ་མིན། བཙན་བྱོལ་ནང་སྡོད་ནས་ལོ་༦༠ཕྱིན་ཚར་པ་ཡིན་ཡང་བོད་མི་རྣམས་དུས་རྟག་པར་བོད་ལ་ལོག་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། དོན་གནད་ཆེན་པོ་འདི་འདྲའི་ཐོག་ལ་གཅིག་གིས་གཅིག་ལ་དགག་པ་རྒྱག་པའི་གནད་དོན་ནི་ཚབས་ཆེན་ཞིག་ཡིན། བབས་མི་ཆགས་པ་དབུ་ཁྲིད་གཉིས་ཀྱིས་བརྡ་ལན་གནད་དགག་ཆེ་བའི་སྐོར་རླུང་འཕྲིན་ཁག་ལ་དངོས་སུ་ཁ་རྩོད་རྒྱག་གི་ཡོད་རེད། དངོས་འབྲེལ་བྱས་ན་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེང་གེ་རྣམས་གཉིས་ཀྱིས་བོད་མི་ཡོངས་མཐུན་སྒྲིལ་བྱེད་པར་མཉམ་དུ་ལས་ཀ་བྱེད་དགོས་ཀྱི་ཡོད། བོད་མི་རྣམས་ཀྱི་སེམས་འགུལ་དང་མ་འོངས་པའི་རེ་བ་དང་ཁྲབ་སྟོན་བྱེད་པའི་ཚབ་ཏུ་ཁོང་ཚོས་སོ་སོའི་ཁྱད་པར་མི་བྱེད་ཏེ་བོད་མིའི་བདེ་སྐྱིད་ཆེད་དུ་འཐབ་བྱུས་བྱེད་དགོས་པ་དང་ཉིན་གཅིག་༧གོང་ས་མཆོག་དང་ཁོང་གི་མི་མང་རྣམས་བོད་ལ་ལོག་ཐུབ་པའི་གནས་སྟངས་བཟོ་དགོས།
དོན་དངོས་འབྲེལ་འདི་ཟམ་གདོང་རིན་པོ་ཆེས་ཁོང་རྒྱ་ནག་འགྲོ་ཡིན་པ་ངོས་ལེན་མི་བྱེད་གོང་དུ་བློ་བཟང་སེང་གེ་མཆོག་གིས་རླུང་འཕྲིན་ཁག་ལ་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཕེབས་པ་ཡིན་པ་དང་ཁོང་སྒེར་གྱི་འཁོར་ཞག་ལ་ཕེབས་རེད་འདི་མི་མང་གི་ཞེ་དྲགས་ཤེས་མི་དགོས་གསུངས། ཟམ་གདོང་རིན་པོ་ཆེ་ཕེབས་ཡོད་ན་འདྲ་མེད་ན་འདྲ་འདིར་རྙོག་དྲ་དེ་༧གོང་ས་མཆོག་གི་སྐུ་ཚབ་གང་རུང་གིས་བོད་མི་མང་ལ་སྐད་ཆ་བདེན་པ་གསུང་གི་ཡོད་མ་རེད། གལ་ཏེ་བློ་བཟང་སེང་གེ་མཆོག་གིས་བདེན་པ་གསུངས་བཞིན་ཡོད་ཅིང་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཕེབས་པ་ཡིན་པ་ཡིན་ན། ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཕེབས་མེད་ཞེས་ངོས་ལེན་མི་བྱས་པ་དེར་ཁོང་རྫུན་ཤོད་ཀྱི་ཡོད་རེད། གལ་ཏེ་ཟམ་གདོང་རིན་པོ་ཆེས་རྒྱ་ནག་ཕེབས་མེད་ཞེས་སྐད་ཆ་བདེན་པ་ཤོད་ཀྱི་ཡོད་པ་ཡིན་ན་བློ་བཟང་སེང་གེས་ཟམ་གདོང་རིན་པོ་ཆེ་དེ་ཕེབས་པ་རེད་ཞེས་རྫུན་ཤོད་ཀྱི་ཡོད་རེད།
ད་གལ་ཏེ་ཟམ་གདོང་རིན་པོ་ཆེ་དངོས་གནས་རྒྱ་ནག་ལ་ཕེབས་ཡོད་པ་ཡིན་ན་ཁོང་ཕ་གེར་གང་འདྲ་ལེབས་པ་ཡིན་ན། ཟམ་གདོང་རིན་པོ་ཆེས་ལོ་བཅུ་ཕྲག་ནས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་གནང་མཁན་ཡིན་པ་ཚང་མའི་མཁྱེན་གསལ་རེད། དེར་ཁོང་གང་འདྲ་འཛུལ་ཞུགས་མཐོང་མཆན་ཐོབ་པ་ཡིན་ནམ། གལ་ཏེ་ཁོང་སྒེར་གྱི་འཁོར་ཞག་ལ་ཕེབས་པ་ཡིན་ནའང་རྒྱ་གཞུང་གིས་སོ་སོ་ཁ་གཏད་དུ་འཛེམ་ཟོན་མེད་པར་ཤོད་མཁན་གང་ཟག་ཞིག་ལ་རྒྱ་ནག་ཏུ་ཡོང་ཆོག་པའི་ཆོག་མཆན་ནམ་འཛིན། རྒྱ་ནག་ཏུ་སུ་ཡོང་ཆོག་མི་ཆོག་ཐོག་དང་ས་མཚམས་ལ་རྒྱ་གཞུང་གིས་དོ་སྣང་ཆེན་པོ་གནང་ནས་སོ་སོའི་མི་མང་འགྱུར་ལྡོག་བཏང་ཐུབ་མཁན་ལ་ནང་དུ་ཡོང་མི་ཆོག་བཟོ། དྲང་དོན་ལྟར་བཤད་ན་རྒྱལ་ཁབ་ཆེན་པོའི་དེ་འདྲ་ཐོག་ལ་སེམས་འཁུར་ཆེན་པོ་གནང་། ཁྱད་པར་དུ་རྒྱ་གཞུང་གིས་ཀྱང་དེ་འདྲ་གནང་། དེར་ཟམ་གདོང་རིན་པོ་ཆེ་ལྟ་བུ་མིང་མཐོ་བོ་ཡོད་མཁན་དང་རྒྱ་གཞུང་ཁ་གཏད་དུ་གཏམ་ཚོ་པོ་སྨྲ་ཡོད་པའི་ཁུངས་དང་ལྡན་མཁན་ཞིག་ལ་རྒྱ་གཞུང་གིས་གང་འདྲ་ལས་སླ་པོ་ཐོག་ནས་ནང་དུ་འཛུལ་ཆོག་གམ། ཚབ་སྲིད་ལ་མི་འཚུད་པའི་རིན་པོ་ཆེ་དང་ནང་པའི་གྲྭ་པ་རྣམས་ཀྱང་མི་སྐྱའི་གོས་ལོག་གྱོན་ནའང་བེ་ཇིང་དང་ས་ཆ་གཞན་ནང་ཕེབས་མི་ཆོག་པའི་བཀག་འགོག་བྱས་ཡོད་རེད།
དེར་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཆོས་ཀྱི་གོ་གནས་མཐོ་བོ་དང་ཆབ་སྲིད་གོ་གནས་མཐོ་བོ་ཡོད་པའི་གང་ཟག་ཞིག་ལ་རྒྱ་ནག་ཏུ་ཕེབས་པར་ལས་སྣེ་གཙོ་བོའི་མོས་མཐུན་མེད་པ དང་གནས་བཤད་ཡིག་ཆ། དེ་བཞིན་ཕེབས་དགོས་པའི་རྒྱུ་མཚན་དངོས་ཡོད་དེ་མེད་པ་ཡིན་ན་རྒྱ་ནག་ཏུ་ཕེབས་མི་ཐུབ་པ་ཁོང་ཚོས་བཟོ་ཐུབ། དེའི་ཕྱིར་ཁོང་རྒྱ་ནག་ཏུ་ཕེབས་པ་ཡིན་དུས་ཡང་ན་ཁོང་རྒྱ་ནག་དབུ་ཁྲིད་མཉམ་དུ་འབྲེལ་བ་ཡོད་པ་ཡིན་པ་དང་ཡང་ན་འགྲུལ་བཞུད་དེ་གཞུང་གི་དོན་དག་ཆེད་དུ་ཡིན་པས་ཁོང་ལ་ཡོང་ཆོག་པའི་དག་མཆན་ལག་འཁྱེར་ཐོབ་པ་ཡིན་སྲིད། མཐོང་སྣང་ལ་དོན་གཉིས་པ་དེ་ཡིན་སྲིད་གང་ཡིན་ཟེར་ན་གྲྭ་པ་དགུང་ལོ་ཆེན་པོ་ཡོན་ཏན་དང་ལྡན་པ་ཁོང་ལྟ་བུ་སྒེར་གྱི་ཆེད་དུ་རྒྱ་ནག་ཏུ་ཕེབས་ནས་སོ་སོའི་ནང་མི་ཐུག་འཕྲད་གནང་ཏེ་གཞན་གང་ཡང་མི་གནང་སྲིད་དམ། གལ་ཏེ་འདི་ཁོང་གི་སྒེར་གྱི་འཁོར་ཞག་ཡིན་པ་ཡིན་ན་རྒྱ་གཞུང་ལ་ཁ་གཏད་ཀྱི་ཕྱོགས་སུ་ལང་མཁན་ཆབ་སྲིད་པ་ཞིག་ལ་གང་འདྲ་རྒྱ་གཞུང་གིས་ཆོག་མཆན་ཐོབ་ཐུབ།
མགོ་རྙོག་འདི་ཐོག་ལ་སྐད་ཆ་གཅིག་གསལ་པོ་ཞེ་དྲགས་རེད་འདུག ། དེ་ག་རེད་ཟེར་ན། དབུ་ཁྲིད་གཉིས་བར་གྱི་འཐབ་རྩོད་དེའི་རྩ་བ་དེ་ཁོང་ཚོས་བོད་མི་མང་ལ་ག་རེད་བཤད་ཀྱང་བོད་མི་ཚོས་ཁོང་ཚོ་ཁ་ལ་ཉན་གྱི་ཡོད་པ་དེ་ཁོང་རྣམས་གཉིས་ཀྱི་བདེན་པར་འཛིན་གྱི་ཡོད་འདུག །། ཡིན་ན་ཡང་བློ་བཟང་སེང་གེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་བོད་མི་མང་ལ་རྩི་མཐོང་ཆུང་དྲགས་པ་རེད། བློ་བཟང་སེང་གེ་མཆོག་གིས་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཕེབས་པ་རེད་གསུངས། སྐབས་གཅིག་ཟམ་གདོང་རིན་པོ་ཆེས་ཁོང་འགྲོ་མེད་གསུངས། མི་སུ་ཞིག་གི་གནད་དོན་འདི་གང་འདྲ་དོ་སྣང་མི་སྤྲད་པ་དང་འདིའི་ཐོག་ལ་དྲི་བ་མི་ཞུས་པ་ཡིན་ནམ། གནད་དོན་འདི་ལྟ་བུ་ཨ་རི་སྲིད་འཛིན་ཌོ་ནལ་ཊྭ་རམ་ཁོང་རྒྱ་ནག་ཏུ་ཕེབས་ཆོག་ཞེས་ཁོང་གིས་གསུངས་པ་རེད། ཡིན་ཡང་ཕྱི་སྲིད་བློན་ཆེན་རེཀ་ས་ཊེ་ལར་སན་གྱིས་ཊྭ་རམ་རྒྱ་ནག་ཏུ་འཛུལ་ཆོག་གི་མ་རེད་གསུངས་པ་རེད། དེ་ནས་བདུན་ཕྲག་གཉིས་རྗེས་སུ་ཚགས་པར་ཞིག་ནང་ཊྭ་རམ་ཁོང་རྒྱ་ནག་ཏུ་ཕེབས་ཆོག་འབྲི་ཡོད་པ་དང་གཞན་གཅིག་ནང་ཊེ་ལར་སན་གྱིས་ཊྭ་རམ་རྒྱ་ནག་འཛུལ་མི་ཐུབ་འབྲི་འདུག །། འདིའི་དགོས་མེད་ཀྱི་མགོ་རྙོག་ཆེན་པོ་བཟོས་པ་རེད། དེ་ལྟར་དབུ་ཁྲིད་གཙོ་བོ་རྣམས་གཉིས་སོ་སོའི་འདོད་དོན་ཆེད་དུ་གཅིག་གིས་གཅིག་ལ་དགག་པ་རྒྱག་པ་ཡིན་ན་གཞུང་ཁོང་རང་གི་མིང་ཞན་དུ་འགྲོའི་ཡོད་པ་དང་དེའི་སོ་སོའི་མི་མང་ལམ་ལོག་པར་འཁྲིད་པ་ལྟ་བུ་མཚོན།།
ཟམ་གདོང་རིན་པོ་ཆེ་ལ་སོ་སོའི་བསམ་བློའི་འགྱུར་འགྲོས་གནང་པར་དུས་ཡུན་རིང་སྒུག་དགོས་དོན་གང་ཡིན་ན་ཞེས་དྲི་བ་ལྷག་ཡོད་རེད། གལ་ཏེ་ཁོང་རྒྱ་ནག་ཕེབས་མེད་པ་ཡིན་ན་གནད་དོན་འདིའི་སྐོར་ལ་གསལ་བཤད་གནང་པར་ཁོང་ལ་བདུན་ཕྲག་གཉིས་སྒུག་དགོས་པ་རྒྱུ་མཚན་ཅི་ཡིན་ནམ། ༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་པའི་ཚབས་ཆེན་གྱི་གནས་ཚུལ་ཏག་ཏག་མིན་པ་དེས་བོད་མི་རྣམས་ཀྱི་སེམས་འགུལ་དང་རེ་བ་ལ་ཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་དེ་ཉིན་གཅིག་གཉིས་ནང་སྐྱོན་སེལ་བྱེད་དགོས་ཀྱི་ཡོད་རེད། འཁྱོག་བཤད་འདི་ལྟ་བུ་དལ་ཁྱབ་ཏུ་འགྲོ་སྟེ་གསལ་ཐབས་བྱེད་ཕྱིར་དུས་ཡིན་རིང་པོ་ཕྱིན་པ་གང་ཡིན་ནམ། དེར་དྲི་བ་དེ་བློ་བཟང་སེང་གེ་མཆོག་གིས་སོ་སོའི་གཏམ་བཤད་ལ་ནོར་འཁྲུལ་ཤོར་བ་དེ་ལ་གསལ་བཤད་གནང་བར་དོ་སྣང་བྱེད་པར་ཟམ་གདོང་རིན་པོ་ཆེ་ལ་བདུན་ཕྲག་གཉིས་འགོར་བ་གང་ཡིན་ནམ། ཡང་ན་དོན་དངོས་ལ་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་པ་ཡིན་ཅིང་བློ་བཟང་སེང་གེ་མཆོག་གིས་བསྒྲགས་གཏམ་དེ་སྤེལ་དུས་ཟམ་གདོང་རིན་པོ་ཆེའི་གནད་དོན་དེ་མི་ཤེེས་པ་དང་རྒྱ་ནག་ནས་ཚུར་མ་ལོག་བར་དུ་ཐད་ཀར་བློ་ཁ་འགྱུར་མི་ཐུབ་པ་ཡིན་ནམ། ཡང་ན་བློ་བཟང་སེང་གེའི་བསྒྲགས་གཏམ་དེའི་ཉིང་ལག་སྐོར་ཟམ་གདོང་རིན་པོ་ཆེས་མི་ཤེས་པ་དང་དེར་ཁོང་གིས་མ་མཐོང་བར་ཁ་ཁག་བཞུགས་པ་ཡིན་ཅིང་ད་དུག་རྒྱ་གཞུང་དང་ཡོད་པའི་འབྲེལ་བ་སྐོར་ཡང་གསལ་སྟོན་མི་བྱེད་པ་ཡིན་ནམ།
ག་རེད་ཡིན་ཡང་གློ་བུར་གྱི་འགྱུར་ལྡོག་འདིའི་གང་སྟོན་གྱི་ཡོད་ཟེར་ན་བོད་གཞུང་དེ་ཉིད་འཆར་གཞི་མི་ལྡན་པ་ཞིག་དང་འགྲིམ་འགྲུལ་གྱི་ཉུང་སྐྱོན་ཡོད་པ་སྟོན། བཙན་བྱོལ་བོད་གཞུང་དེ་ཉིད་རྡ་སར་གནས་ཡོད་པ་དང་སྤྱིར་ཆེན་པོ་ཞེ་དྲགས་ཡང་མེད་པའི་ཁང་པ་དེ་ཉིད་ནང་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་རྒྱུ་དང་གནས་ཚུལ་འབྲེལ་མཐུད་བྱེད་པར་དཀའ་ལས་ཁག་པོ་ཡོད་དམ། ཁོང་ཚོ་ད་ལྟ་ཆུང་ཙག་དང་བཙན་བྱོལ་ནང་གནས་ཡོད་པ། ཁོང་ཚོ་མགོ་རྙོག་ཅན་དང་འཇོན་ཐང་མེད་པ་རེད། དེར་གལ་ཏེ་ཁོང་ཚོ་བོད་དུ་ལོག་ཐུབ་པ་ཡིན་ན་དབུ་ཁྲིད་རྣམས་ཀྱིས་གང་འདྲ་འཛིན་སྐྱོང་བྱེད་ཀྱི་ཡོད་པ་གང་ཟག་སུ་དང་སུ་ཡིན་ནའང་ཚོད་དཔག་བྱེད་ཐུབ་ཀྱི་རེད། བོད་ཀྱི་ས་ཆ་ནི་རྒྱ་ཆེན་པོ་ཡོད་པ་དང་དེར་འཛིན་སྐྱོང་དབང་བསྒྱུར་བྱེད་ཕྱིར་མི་ཡང་མང་པོ་དགོས་རེད།
གལ་ཏེ་ཁོང་ཚོས་བཙན་བྱོལ་ནང་ཡོད་པའི་བོད་མི་གཅིག་འབུམ་ལྔ་ཁྲི་ ༡༥༠,༠༠༠ རྣམས་ལ་བརྡ་ལན་གསལ་པོ་འཛིན་ཐུབ་ཀྱི་མེད་པ་ཡིན་ན་ཁོང་ཚོས་གང་འདྲ་མི་ས་ཡ་མང་པོའི་འགན་འཁུར་ཐུབ་བམ། ཡང་ན་ཁོང་ཚོས་མི་མང་དེ་དག་གི་སེམས་འཁུར་ལ་ཐབས་བྱུས་ཀྱིས་ལག་ལེན་བསྟར་བར་མུ་མཐུད་བྱེད་དམ། གལ་ཏེ་ཁོང་ཚོ་དངོས་ནས་རྒྱལ་ཁབ་ཡོངས་རྫོགས་དབང་བསྒྱུར་བྱེད་འདོད་ཡོད་པ་ཡིན་ན་ཁོང་ཚོས་ད་ལྟ་འཛིན་སྐྱོང་བྱེད་སྟངས་ཏེ་འགྱུར་བ་གཏོང་སྟེ་མ་འོངས་པའི་ཆེད་དུ་འཆར་གཞི་འདིང་དགོས།
བརྒྱུད་ལམ་ཁྱབ་ཚད།
ཁ་སྐོང་། ༼སྤྱི་ལོ་༢༠༡༨/༡/༧༽
བདུན་ཕྲག་གཉིས་པོ་རིང་གི་ཐུག་འཕྲད་ཀྱི་སྙན་སེང་ཐོག་མ་འབྱུང་རྗེས་ཟམ་གདོང་རིན་པ་ཆེས་སོ་སོས་ངོས་ལེན་མ་བྱས་ཀྱང་ད་ལྟ་འགྲེམས་སྤེལ་གཞན་པ་ཞིག་གིས་ཟམ་གདོང་རིན་པོ་ཆེའི་རྒྱ་ནག་ཐུག་འཕྲད་དེ་ཐག་གཅོད་ཡོད་པ་རེད། འགྲེམས་སྤེལ་འདི་འདྲ་མང་པོ་ཡོད་པ་དེ་ངེས་མེད་རེད། རྒྱ་གར་གཞུང་འབྲེལ་རྒན་པ་ཚོས་ཡང་བཙན་བྱོལ་བོད་གཞུང་གི་དབུ་ཁྲི་ཆེ་ཤོས་དེའི་ལས་འགུལ་ལ་ལྟོས་པའི་ནོར་འཁྲུལ་ཆེན་པོ་དེ་འདྲ་བྱེད་ཐུབ་ཀྱི་ཡོད་རེ། རྩོམ་བྲིས་འདིས་ཡང་བོད་མི་ཚོ་ལ་རྒྱ་ནག་གི་གོང་ཕེལ་གཏོང་ཞིང་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་འབྲེལ་རྒྱུད་ཇི་ལྟར་བཞག་ཚུལ་དེ་འབྲེལ་སྦྱོར་བྱས་ཡོད་པ་རེད།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
1 ཡ་ལན་གནང་ཡུལ། རྒྱ་གར་གསར་ཁང་”The Tribune” ཞེས་པ་ནས་ཁྱབ་སྤེལ་བྱས་པ་ལྟར། ༧གོང་ས་མཆོག་རྒྱ་ནག་ཐུགས་འཕྲད་དུ་བསྐྱོད་རྒྱུའི་འཆར་གཞི་བཀོད་བཞིན་འདུག །
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།