ཁོང་རྣམས་ནོར་ཡོད་མ་རེད།
བཀུར་འོས་གྲོགས་པོ་རྣམ་པ་ལྷན་རྒྱས་ཀྱི་དྲུང་དུ།
ང་རང་ཚོ་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན། དགེ་བའི་བཤེས་གཉེན། བླ་མ་སྐྱེས་ཆེན་དམ་པ། གྲུབ་ཐོབ། གྲུབ་ཐོབ་ཆེན་པོ་མང་པོ་དང་། ཆོས་ལུགས་སྣ་ཚོགས་འཛིན་མཁན་ ༢༠༥ ཡོད་པ་རྣམས་རྡོ་རྗེ་ཤུགས་ལྡན་དང་འབྲེལ་ཡོད་པ་རེད། མི་གྲངས་བརྒྱ་ལྷག་ནང་བླ་མ་དང་མཁན་པོ་མཁས་པ། གྲྭ་ཟུར། གྲྭ་བ་རྒན་པ། སློབ་ཕྲུག། སློབ་དཔོན་སྙན་གྲགས་ཅན་དགའ་ལྡན་དང་སེ་ར། འབྲས་སྤུངས་བཅས་སུ་བཞུགས་ཡོད་པ་རྣམས་དང་ལྷན་དུ་ང་ཚོས་བཅར་འདྲི་དང་གནས་ཚུལ་ཕྱོགས་སྒྲིགས་བྱས་ཡོད། དེ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་བཞིན་པ་ཚོ། བསྟེན་གསོལ་བྱས་མཁན་ཚོ། དེ་དང་འབྲེལ་བ་ཡོད་མཁན་བླ་མ་སྐྱེས་ཆེན་དམ་པ་༢༠༥ ལྷག་ཙམ་གྱི་མཐོ་བཀོད་ཡོད་རེད། འགའ་ཤས་ཀྱི་གཅིག་བྱས་ན། བཙན་འབྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རྐྱེན་གྱིས་སྤངས་ཚར་མཁན་ཡོད་རེད། བོད་པའི་སྤྱི་ཚོགས་ནང་། ཁྱེད་ཀྱིས་གཞུང་ལ་ངོ་རྒོལ་བྱེད་ཆོག་གི་མ་རེད། དེ་མང་གཙོའི་ལམ་ལུགས་མིན་པས། གནོན་ཤུགས་ལོག་པ་གཏོང་གི་རེད། འོན་ཀྱང་འཛམ་གླིང་ནང་ཆོས་གྱི་གནད་དོན་གྱི་མིང་རྗེས་ནག་པོ་ཆགས་པའི་ལོ་རྒྱུས་ནང་གསལ་བ་བཞིན་མི་ཕལ་ཆེ་བས་གསང་བར་བསྟེན་གསོལ་བྱེད་ཀྱི་རེད། ང་ཚོས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་ནས་ལོ་༧༠་ལྷག་སོང་ཚར་བའི་གྲྭ་རྒན་ཞིག་ཐུག་བྱུང་། ཁོང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་སྤངས་པའི་ཀུན་སློང་འདི་འདྲ་གང་ཡང་མེད་གསུངས།
ང་ཚོས་མཐོ་ནང་ཡོད་པའི་བླ་རྒན། དཔེར་ན་ཉེ་ཆར་གྱི་ས་སྐྱ་ཁྲི་འཛིན་ལྟ་བུ་ལ་ཆ་བཞག་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་འདི་ས་སྐྱའི་ཆོས་བརྒྱུད་ནང་ལོ་བཞི་བརྒྱ་སྔོན་ནས་བསྟེན་གྱི་ཡོད་པ་ཤེས་ཀྱི་ཡོད་རེད། ཕྱི་ལོ་ ༡༩༩༦ ལ་བཀག་སྡོམ་མ་བྱས་སྔོན་ས་སྐྱ་ཁྲི་འཛིན་མཆོག་གིས་རྡོ་རྗེ་ཤུགས་ལྡན་ལ་གསོལ་མཆོད་འབུལ་གྱི་ཡོད་ཅེས་སྦག་སའི་བླ་རྒན་ཞིག་གི་གསུངས་ཀྱི་འདུག དངོས་གནས་བྱས་ན། ས་སྐྱ་ཁྲི་འཛིན་མཆོག་གིས་སྔོན་མ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་འདི་ཁྱབ་སྤེལ་གནང་གི་ཡོད་རེད་ཅེས་ང་ཚོས་རྩོམ་དེབ་ནང་མཐོང་ཐུབ། བོད་ནང་ས་སྐྱ་དགོན་པ་འགའ་ཤས་ཡོད་རེད། དེ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་ནས་དུས་རབ་དང་དུས་རབ་སོང་ཚར་བ་རེད། ད་དུང་བསྟེན་གསོལ་བྱེད་མཁན་ཡོད་རེད། འདིས་རྡོ་རྗེ་ཤུགས་ལྡན་གྱིས་དགེ་ལུགས་པ་གཅིག་པུ་ལ་ཕན་ཟེར་བ་ལ་ཁུངས་དག་མེད་ཅིང་རྒྱུ་མཚན་དང་འགལ། དེ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བླ་མ་འདི་ཚོ་ཡོད་རེད། ཡིན་ནའང་དེ་ཚོ་བོད་གཞུང་ནས་མཐོང་ཆུང་གཏོང་གི་རེད་བསམ་ནས་གྲོངས་ཚར་རེད། ཡང་བླ་མ་འགའ་ཤས་མི་ཚེ་གང་པོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་རྗེས་ཆོས་སྐྱོང་བསྟེན་གསོལ་འདི་བློས་གཏོང་མཁན་ཡང་ཡོད་རེད། ཡིན་ནའང་ང་ཚོས་འདིར་མཐོ་སྒྲིགས་ནས་བཞག་ཡོད། གང་ཡིན་ཞེས་ན་ཁོང་ཚོའི་མི་ཚེ་གང་ག་རྡོ་རྗེ་ཤུགས་ལྟན་བསྟེན་རྗེས་བློས་གཏོང་ནས་ཡུན་རིང་པོ་ཞེ་དྲགས་རེད་ཡོད་མ་རེད། འདི་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚང་མ་ཡོད་རེད། ཡིན་ནའང་འགའ་ཤས་ཆབ་སྲིད་གནས་སྟངས་ཀྱི་རྐྱེན་གྱིས་བསྟེན་གསོལ་འདི་བློས་གཏོང་མཁན་ཡོད་རེད། འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ་སོགས་དགེ་ལུགས་དགོན་པ་ཁག་ནང་སྟོང་ཕྲག་ནས་སྟོང་ཕྲག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡོད་རེད། བླ་མ་མང་པོའི་མཚན་མཐོ་ཡོད། ཁོང་ཚོའི་བོད་དང་འཛམ་གླིང་གང་སར་སློབ་མ་སེར་སྐྱ་ཕོ་མོ་སྟོང་ཕྲག་མང་པོ་ཡོད་རེད། དེ་ཡིན་ཙང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་འདི་གལ་ཆུང་ཞིག་མ་ཡིན་པ་སྐུ་ཉིད་ཀྱིས་གཟིགས་ཐུབ། བླ་མ་འདི་ཚོའི་མི་ཚེའི་གནས་སྟངས་གང་པོ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་པས། ཕྱོགས་སྒྲིགས་འདི་ནང་མཚན་མཐོ་བཀོད་པ་ཡིན་ལ།
བླ་མ་སྐྱེས་ཆེན་དམ་པ། རྩོད་མེད་ཀྱི་མཁས་པ། སྒོམ་ཉམས་ལེན་གནང་ནས་གྲུབ་པ་ཐོབ་པའི་བླ་མ་འདི་འདྲས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་ནས་ནོར་འཁྲུལ་ཇི་ལྟར་ཡོང་སྲིད་དམ། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ནོར་འཁྲུལ་ཡོང་སྲིད་དམ། བླ་མ་སྐྱེས་ཆེན་དམ་པ་མང་པོ་ལོ་བཞི་བརྒྱ་བར་གཡོ་སྒྱུས་བསླུ་བ་ཡོང་སྲིད་དམ། གལ་ཏེ་རྡོ་རྗེ་ཤུགས་ལྡན་གྱིས་བླ་མ་སྐྱེས་ཆེན་དམ་པ་མང་པོ་ལ་མགོ་སྐོར་གཏོང་ཡོད་ན། བླ་མ་སྐྱེས་ཆེན་དམ་པ་འདི་ཚོ་མཁས་པ་ཇི་ལྟར་ཆགས་ཀྱི་ཡོད་དམ། ང་ཚོས་བླ་མ་དེ་ཚོའི་གསུང་ཆོས་ཡང་ཞུ་མ་དགོས་པ་རེད་དམ། འདི་ནང་མཐོ་བཀོད་བཞག་པའི་བླ་མའི་མཚན་འདི་ཚོ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་བླ་མ་བརྒྱ་ནང་ནས་བླ་ཆེན་ཉུང་ཤས་ཞིག་ཡིན་ལ། དེ་འདྲས་བླ་མ་མང་པོ་ཡོད་རེད། གདོན་འདྲེ་སུ་ཡིན་མིན་དང་རྡོ་རྗེ་ཤུགས་ལྡན་གྱི་རང་བཞིན་གང་ཡིན་པ་ཐམས་ཅད་མངོན་སུམ་དུ་རྟོགས་ཐུབ་མཁན་རྟོགས་པ་སྔོན་དུ་སོང་ཚར་པའི་བླ་མ་རྟོགས་པ་ཆེན་པོ་རྣམས་ཀྱིས་ད་དུང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་ནས་སློབ་མ་ལའང་བསྟེན་དགོས་རེད་ཅེས་བློ་སྟོབས་སྤེལ་གནང་མཁན་ཡོད་རེད། རྡོ་རྗེ་ཤུགས་ལྡན་གྱི་སྒོམ་ཉམས་ལེན་གནང་ནས་རྡོ་རྗེ་ཤུགས་ལྡན་གང་ཡིན་མིན་དེའི་སྐོར་ཉམས་མྱོང་ཡག་པོ་ཡོད་མཁན་འགས། གསོལ་འདེབས་རྩོམ་ཡོད། འགས་རྡོ་རྗེ་ཤུགས་ལྡན་གྱི་སྐོར་འགྲེལ་བཤད་མང་པོ་རྩོམ་ཡོད། ༧གོང་ས་མཆོག་ལ་གུས་ཞབས་ཆེན་པོ་ཡོད་རེད། ཡིན་ནའང་བླ་མ་སྐྱེས་ཆེན་དམ་པ་འདི་རྣམས་ནས་མ་ནོར་ཁོང་གཅིག་པོ་ཇི་ལྟར་ཡིན་ནམ། འདི་ལ་རྒྱུ་མཚན་ཡང་དག་པ་གང་ཡང་མཐོང་གི་མི་འདུག གལ་ཏེ་ཁྱོད་རང་གིས་སྒོམ་ཉམས་ལེན་བྱས་ནས་རྟོགས་པ་མཐོ་བོ་སྐྱེས་སོང་ན། ཁྱོད་རང་སུ་ཡིན་རུང་། ཁྱོད་ལ་ཡག་སྡུག་གང་ཡིན་མིན་གྱི་སྐོར་ཐག་ཆོད་ཐུབ་པའི་དབང་ཆ་དང་རྟོགས་པ་ཡོད་རེད། དེ་འདྲ་སོང་ཙང་། ༧གོང་ས་མཆོག་ནང་བཞིན་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཡོད་རེད། དེ་ཚོ་ལོ་བཞི་བརྒྱ་བར་ལམ་ལོག་པར་གནས་ཐུབ་བམ། ༧གོང་ས་མཆོག་བོད་ཀྱི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱི་ཡིན་ནམ། ཡང་ན་ཁོང་བླ་མ་གོ་ས་མཐོ་པོ་ཡིན་ཙང་ཡིན་ནམ། ཡིན་ནའང་ཆོས་ཕྱོགས་ལ་བསམ་བློ་གཏང་ན། བླ་མ་གཞན་ཡང་རྟོགས་པ་མཐོ་པོ་ཡོད་མཁན་༧གོང་ས་མཆོག་དང་རྟོགས་པ་འདྲ་མཉམ་ཡོད་མཁན་ཡོད་རེད། རྟོགས་པ་བརྒྱུད་ལ་ཡོད་མེད། སྒོམ་ཉམས་ལེན་དང་སེམས་ཁམས་ཀྱི་སྐོར་གསལ་པོ་བཤད་ཐུབ་པ་ལ། བླ་མ་ཞིག་གི་གོ་ས་དང་གང་ཟག་ལ་ལྟོས་དགོས་མ་རེད། ང་ཚོ་༧གོང་ས་མཆོག་ཁོང་སྒོམ་ཉམས་ལེན་གནང་ནས་བླ་མ་རྟོགས་པ་སྔོན་དུ་སོང་ཚར་མཁན་ཡིན་པ་གཞིར་བཞག་གི་ཡོད།
སྦྲག་ཡིག་འདིའི་དམིགས་ཡུལ་ནི་དེར་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པ་ཡིད་ཆེས་བྱེད་མཁན་མཁས་དབང་མང་པོ་ཡོད་པ་དང་ཁོང་གི་བསྟེན་གསོལ་དེ་ཉིད་ཧ་ཅང་ཕན་ཡོན་ཅན་ཡིན་པ་དང་མཁས་དབང་དེ་དག་ལ་རྟེན་ནས་ང་ཚོས་ཡང་ཡིད་ཆེས་བྱེད་དགོས། རྡོ་རྗེ་ཤུགས་ལྡན་གྱི་སྐོར་མཁས་དབང་མང་པོ་གང་འདྲ་ནོར་སྲིད་དམ། ཁོང་རྣམས་ནི་དུས་ནམ་ཡང་ནོར་མི་སྲིད། གང་ཡིན་ཟེར་ན། མཁས་དབང་དེ་དག་ནི་རྟོགས་པ་རྒྱུད་ལྡན་གྱི་གང་ཟག་ཀྱང་ཀྱང་ཡིན། རྡོ་རྗེ་ཤུགས་ལྡན་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པས་ཁོང་གིས་ང་ཚོའི་རྒྱབ་ལྗོངས་ལ་མ་ལྟོས་པར་གྲོགས་འཕྲིན་ལས་སྦྱིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཕྱོགས་ལྷུང་དང་ཕྱོགས་རིས་མི་གནང་། རྡོ་རྗེ་ཤུགས་ལྡན་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དངོས་ཡིན་པ་དང་འདི་བསྟེན་གསོལ་བྱེད་ན་ཕན་ཐོགས་ཡོད་ཙང་བསྟེན་རྒྱུ་མཚམས་གཞག་བྱེད་ཐུབ་ཀྱི་མེད། ཁྱེད་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ཡིན་ན་སོ་སོའི་མི་ཚེ་ནང་ཕུན་སུམ་ཚོགས་པ་ཚང་མ་དང་སོ་སོའི་གྲོགས་པོ་དང་དགེ་རྒན། སྲུང་མ་བརྒྱུད་ནས་ང་ཚོ་ལ་རོགས་ཕན་བྱེད། དེར་ལོ་ ༤༠༠ སྔོན་ནས་མཁས་དབང་རྣམས་ཀྱིས་དེ་འདྲ་ཡོང་གི་ཡོད་པ་བདེན་བདེན་དཔང་གནད་ཡོད།
འགན་འཛིན་དང་ཚན་ཁག་སྡེ་ཚན་ནས།
དགེ་བཤེས་དགེ་ལེགས་རྒྱ་མཚོ་ནས་༧སྐྱབས་རྗེ་དགོན་གསར་རིན་པོ་ཆེ་མཆོག ༼ཡང་སྲིད༽།
དགའ་ཤར་ཉག་རེ་བཀའ་འགྱུར་རིན་པོ་དཔལ་བཟང་པོ་མཆོག་ནས་མཁས་གྲུབ་དབང་འདེན་མ་དགོན་གསར་རིན་པོ་ཆེ།
མཁས་དབང་རྡོ་འབུམ་སྤྲུལ་སྐུ་རིན་པ་ཆེ་ནས་རྗེ་བཙུན་རྒྱལ་རྩེ་ས་སྐྱ་རིན་པོ་ཆེ་མཆོག
རྗེ་བཙུན་འཇམ་དཔལ་རྡོ་རྗེ་ནས་དགའ་ལྡན་བྱང་རྩེ་མཁས་དབང་༧སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང ༼སྐུ་གོང་མ༽།
དགའ་བྱང་མཁས་དབང་༧སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་ ༼ཡང་སྲིད་གཉིས་ཀྱི་སྔོན༽ ནས་དཔལ་ལྡན་སྐྱོང་ལ་རྭ་སྟོད་རིན་པོ་ཆེ།
༧སྐྱབས་རྗེ་དམ་ཆོས་རིན་ཆེན་འབྱུང་གནས་ནས་༧དགའ་ལྡན་ཁྲི་པ་བརྒྱ་དང་གཉིས་པ་༧སྐྱབས་རྗེ་རི་ལྗོང་རིན་པོ་ཆེ་བར།
མཁས་དབང་༧སྐྱབས་རྗེ་ཛེ་སྨད་རྡོ་རྗེ་འཆང་ནས་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བར།
༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག ༼སྐུ་གོང་མ།༽ ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་བར།
བརྙན་འཕྲིན།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DSLamas-condensed.mp4
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DSLamas-original.mp4
ཐོ་གཞུང་།
ཁོང་ཚོ་ཚང་མ་ནོར་ཡོད་དམ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་གྱི་བླ་མའི་མཚན་ཐོ་ཁ་ཤས།
- བླ་མ་རྡོ་རྗེ་འཆང་༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་དང་པོ།
- བླ་མ་རྡོ་རྗེ་འཆང་༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་སྐུ་ཕྲེང་གཉིས་པ།
- བླ་མ་རྡོ་རྗེ་འཆང་༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ད་ལྟ་འཚོ་བཞུགས་པ།
- ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་སྐུ་ཕྲེང་གོང་མ་རྣམས།
- ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་།
- ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་དང་པོ།
- ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་སྐུ་ཕྲེང་གཉིས་པ།
- ༧སྐྱབས་རྗེ་གྲོ་མོ་དགེ་བཤེས་མཆོག་སྤྲུལ་རིན་པོ་ཆེ།
- བླ་མ་ཐུབ་བསྟན་ཡེ་ཤེས་མཆོག
- ༧སྐྱབས་རྗེ་དག་པོ་བམ་ཆོས་རིན་པོ་ཆེ། (༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་རྩ་བའི་བླ་མ།)
- སེར་བྱེས་དགེ་བཤེས་རབ་བརྟན་རིན་པོ་ཆེ།
- དགེ་བཤེས་རབ་བརྟན་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་རབ་རྒྱས།
- ༧སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་མཆོག་དང་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ།
- པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ།
- པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ།
- དགའ་བྱང་༧སྐྱབས་རྗེ་སེར་ཀོང་རྡོ་རྗེ་འཆང་སྐུ་ཕྲེང་དང་པོ།
- དགའ་བྱང་༧སྐྱབས་རྗེ་སེར་ཀོང་རྡོ་རྗེ་འཆང་སྐུ་ཕྲེང་གཉིས་པ།
- དཔལ་ལྡན་གནས་ཆུང་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་ཆོས་འཕེལ།
- དཔལ་ལྡན་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ།
- སེར་སྨད་༧སྐྱབས་རྗེ་གྲུབ་དབང་གངས་ཅན་རིན་པོ་ཆེ།
- འབྲས་སྤུངས་སྒོ་མང་གུ་རུ་དེ་བ་རིན་པོ་ཆེ་མཆོག
- དགའ་ལྡན་ཁྲི་པ་བརྒྱ་དང་གཅིག་༧རྗེ་བཙུན་ལུང་རིག་རྣམ་རྒྱལ་རིན་པོ་ཆེ་མཆོག
- བློ་གསལ་གླིང་༧སྐྱབས་རྗེ་རྒྱ་ར་རྡོ་རྗེ་འཆང་།
- སེར་སྨད་སྤོམ་རྭ་མཁན་ཟུར་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་དངོས་གྲུབ།
- སེར་སྨད་༧སྐྱབས་རྗེ་གོ་སོག་རིན་པོ་ཆེ་མཆོག
- སེར་སྨད་མཁན་ཟུར་བློ་བཟང་མཐར་ཕྱིན་རིན་པོ་ཆེ་མཆོག
- འབྲས་སྤུངས་སྒོ་མང་༧སྐྱབས་རྗེ་གྲྭ་སྒོམ་རྡོ་རྗེ་འཆང་།
- ཤར་པ་ཆོས་རྗེ་༧རྗེ་བཙུན་བློ་བཟང་ཉི་མ་རིན་པོ་ཆེ་དཔལ་བཟང་པོ།
- མཁན་ཟུར་༧སྐྱབས་རྗེ་བླ་ཏི་རིན་པོ་ཆེ་མཆོག
- ༧སྐྱབས་རྗེ་མཁན་ཟུར་བྱམས་པ་ཡེ་ཤེས་རིན་པོ་ཆེ་མཆོག
- སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ།
- བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག
- འབྲས་སྤུངས་བློ་གསལ་གླིང་༧སྐྱབས་རྗེ་དགེ་ལེགས་རིན་པོ་ཆེ་མཆོག
- སོག་པོ་ཧུ་ཐུག་ཐུ་ཁལ་ཁ་༧རྗེ་བཙུན་དམ་པ།
- སེར་བྱེས་དཔལ་ལྡན་དགེ་བཤེས་སྐལ་བཟང་རྒྱ་མཚོ་མཆོག
- དཔལ་ལྡན་རྫ་སེབ་བྱང་སེམས་རིན་པོ་ཆེ།
- སེར་སྨད་དཔལ་ལྡན་མཁས་མཆོག་རིན་པོ་ཆེ།
- སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག
- སེར་སྨད་༧སྐྱབས་རྗེ་ཡོངས་རྒྱལ་རིན་པོ་ཆེ།
- དགའ་བྱང་དགེ་བཤེས་མཁྱེན་རབ།
- དགའ་བྱང་གསེར་ཀོང་དགེ་བཤེས་ཚུལ་ཁྲིམས་མཆོག
- དགའ་བྱང་བསྟན་འཛིན་རིན་པོ་ཆེ།
- དཔལ་ལྡན་རོང་ཐ་༧སྐྱབས་མགོན་རིན་པོ་ཆེ་མཆོག
- ཞྭ་སེར་བསྟན་པའི་གསལ་བྱེད་དཔལ་ལྡན་འདན་མ་མགོན་སར་རིན་པོ་ཆེ་མཆོག
- མཁས་དབང་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། ༼ཐུབ་བསྟན་དར་རྒྱས་གླིང་།༽
- ༧སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་རིན་པོ་ཆེ་མཆོག
- དགའ་བྱང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་འཕེལ།
- དགའ་ཤར་དགེ་བཤེས་བསྟན་དར་རིན་པོ་ཆེ། ༼སྐུ་གོང་མ།༽
- དགའ་ཤར་དགེ་བཤེས་བསྟན་དར་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་མཆོག
- རྗེ་བཙུན་བློ་བཟང་ཆོས་རྗེ་བྱང་ཆུབ་ཨ་ཇིང་རིན་པོ་ཆེ་མཆོག
- ཆབ་མདོ་བྱམས་པ་གླིང་འཕགས་པ་ལྷ་བསྟན་འཛིན་འཇིགས་མེད་དགེ་ལེགས་རིན་པོ་ཆེ།
- ཆབ་མདོ་བྱམས་པ་གླིང་རྗེ་བཙུན་བྱམས་པ་ཆོས་རྗེ་དཔལ་བཟང་པོ་རིན་པོ་ཆེ།
- ཆབ་མདོ་བྱམས་པ་གླིང་མཁན་པོ་ཟོང་ལོ་བྱམས་པ་མཁས་གྲུབ་རིན་པོ་ཆེ།
- ཆབ་མདོ་བྱམས་པ་གླིང་རྗེ་བཙུན་འཇམ་དབྱངས་མཁས་མཆོག་བྱམས་པ་རྒྱ་མཚོ་རིན་པོ་ཆེ།
- རི་བོ་ཆེ་ལྕགས་ཟམ་པ་ཐུབ་བསྟན་དར་རྒྱས་གླིང་གི་བསྟན་མཆོག་རིན་ཆེན་འབྱུང་གནས་རིན་པོ་ཆེ།
- འབྲས་སྤུངས་བློ་གསལ་གླིང་བྲག་ཡབ་རྟོགས་ལྡན་རིན་པོ་ཆེ།
- འབྲས་སྤུངས་བློ་གསལ་གླིང་ཚ་བ་ཕུལ་ཐོག་རིན་པོ་ཆེ།
- དགའ་ལྡན་བྱང་རྩེ་གསེར་ཀོང་ཁྲི་སྤྲུལ་རིན་པོ་ཆེ།
- དགའ་ལྡན་ཤར་རྩེའི་མཁན་ཟུར་དཀོན་མཆོག་ཚེ་རིང་རིན་པོ་ཆེ།
- དགའ་ལྡན་ཤར་རྩེའི་མཁན་ཟུར་རྟ་མགྲིན་རྒྱ་མཚོ་རིན་པོ་ཆེ།
- མཁས་དབང་རི་བུར་རིན་པོ་ཆེ།
- དགའ་ལྡན་ཤར་རྩེའི་རྒྱུད་སྟོད་མཁན་ཟུར་རྗེ་བཙུན་བློ་བཟང་བསྟན་པ།
- དགའ་ལྡན་ཤར་རྩེའི་མཁས་དབང་མཁན་ཟུར་ཁ་རི་རིན་པོ་ཆེ་བློ་བཟང་ཆོས་འཕེལ།
- དགའ་ལྡན་བྱང་རྩེ་ཐུབ་བསྟན་སྤྲུལ་སྐུ་རིན་པོ་ཆེ།
- རྫ་བ་སྤྲུལ་སྐུ་རིན་པོ་ཆེ་མཆོག
- ཆབ་མདོ་བྱམས་པ་གླིང་ཆིར་ར་རིན་པོ་ཆེ་སྐུ་འཕྲེང་གསུམ་པ།
- ལྕག་ཟམ་པ་ཐུབ་བསྟན་དར་རྒྱས་གླིང་མཁན་པོ་ཤང་པ་ཡོན་ཏན།
- ༧སྐྱབས་རྗེ་ལྕང་སྐྱ་རིན་པོ་ཆེ།
- མཁས་དབང་རིན་ཆེན་མགོན་པོ་རིན་པོ་ཆེ། སྐུ་འཕྲེང་གོང་མ།
- མཁས་དབང་རིན་ཆེན་མགོན་པོ་རིན་པོ་ཆེ། ད་ལྟའི་ཡང་སྲིད།
- ཆབ་མདོ་ཇིན་ཀ་དགོན་པའི་དགེ་བཤེས་བློ་བཟང་མཁས་གྲུབ།
- སེར་བྱེས་༧སྐྱབས་རྗེ་བྲག་ནག་རིན་པོ་ཆེ།
- དགའ་བྱང་༧སྐྱབས་རྗེ་ཕ་ར་རིན་པོ་ཆེ་མཆོག
- ཁམས་ཕྱོགས་ཀྱི་སྙན་གྲགས་ཅན་གྱི་བླ་མ་དགེ་བཤེས་དབང་ཕྱུག
- ༧སྐྱབས་རྗེ་བུ་སྟོན་རིན་པོ་ཆེ་རྗེ་བཙུན་བློ་བཟང་མཁྱེན་རབ་བསྟན་པ།
- དགོན་གསར་རིན་པོ་ཆེ་བློ་བཟང་དོན་འགྲུབ་རབ་རྒྱས། སྐུ་གོང་མ།
- དགོན་གསར་རིན་པོ་ཆེ། ད་ལྟའི་ཡང་སྲིད།
- སེར་སྨད་མཁན་ཟུར་ངག་དབང་གྲགས་པ།
- སེར་སྨད་མཁས་དབང་ཁྲི་ཡོངས་འཛིན་རིན་པོ་ཆེ།
- སེར་སྨད་བཀའ་འགྱུར་རིན་པོ་ཆེ།
- དགེ་བཤེས་ཐུབ་བསྟན་རིན་པོ་ཆེ།
- ཤར་དགའ་ལྡན་གྱི་མཁན་ཟུར་དགེ་བཤེས་བློ་བཟང་ཕན་བདེ་མཆོག
- འབྲས་སྤུངས་སྒོ་མང་ཀུན་བདེ་གླིང་སྐུ་འཕྲེང་བཅུ་གསུམ་པ།
- གཡས་ཕྱོགས་སུ་པཎ་ཆེན་སྐུ་འཕྲེང་བཅུ་པ་དང་། གཡོན་ཕྱོགས་སུ་ཁོང་གི་བླ་མ་དུང་སྐོར་རིན་པོ་ཆེ། ཁོང་གཉིས་ཀ་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བླ་མ་སྙན་གྲགས་ཅན་རེད།
- ཁྲོམ་གཏོག་རིན་པོ་ཆེ། བྱང་སེམས་རིན་པོ་ཆེ།
- བླ་མ་ཐུབ་བསྟན་ཕུར་བུ།
- མཁས་དབང་ཆོས་ལྡན་རིན་པོ་ཆེ།
- དགེ་བཤེས་བློ་བཟང་བསྟན་འཛིན།
- བཀྲ་ཤིས་ལྷུན་པོའི་མཁན་པོ་ཀ་ཆེན་བློ་བཟང་བཟོད་པ་རིན་པོ་ཆེ།
- འབྲས་སྤུངས་སྒོ་མང་མཁན་ཟུར་བློ་བཟང་བསྟན་པ།
- མཁས་དབང་༧སྐྱབས་རྗེ་ར་སྟོད་མཆོག་སྤྲུལ་རིན་པོ་ཆེ།
- འབྲས་སྤུངས་བློ་གསལ་གླིང་བྱམས་པ་རིན་པོ་ཆེ།
- དགེ་བཤེས་དགེ་ལེགས་རྒྱ་མཚོ།
- རྗེ་གུང་ཐང་རིན་པོ་ཆེ།
- དགེ་བཤེས་ངག་དབང་དར་རྒྱས།
- མཁས་དབང་གསེར་ཀོང་མཚན་ཞབས་རིན་པོ་ཆེ།
- དཔལ་ལྡན་རྒྱུད་སྨད་མཁན་ཟུར་བསོད་ནམས་རྒྱལ་མཚན།
- མཁས་དབང་དོམ་བུམ་རིན་པོ་ཆེ།
- དགའ་ཤར་སོག་པ་བཟང་ཚང་རིན་པོ་ཆེ།
- མཁས་དབང་ཟམ་གདོང་རིན་པོ་ཆེ།
- བླ་མ་མི་ཤེལ་རིན་པོ་ཆེ།
- མཁས་དབང་དགེ་བཤེས་བསྟན་འཛིན་རྡོ་རྗེ།
- དགའ་ལྡན་ཁྲི་པ་བརྒྱ་དང་གཉིས་པ་༧སྐྱབས་རྗེ་རི་རྫོངས་རིན་པོ་ཆེ།
- དཔལ་ལྡན་ཆོས་ཡང་འདུལ་འཛིན་སྐུ་རྟེན་ཡོན་ཏན་ཕུན་ཚོགས།
- རྫ་བ་རྟ་མགྲིན་རིན་པོ་ཆེ།
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སུམ་ཅུ་པ་བསོད་ནམས་རིན་ཆེན།
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སོ་གཅིག་པ་ཀུན་མཁྱེན་ངག་དབང་ཀུན་དགའ་
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སོ་གསུམ་པ་པདྨ་བདུད་འདུལ་དབང་ཕྱུག
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སོ་ལྔ་པ་བཀྲ་ཤིས་རིན་ཆེན།
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སོ་བདུན་པ་ཀུན་དགའ་སྙོང་པོ།
- དཔལ་ལྡན་ས་སྐྱ་ཁྲི་འཛིན་སོ་དགུ་པ་དྲག་ཤུལ་འཕྲིན་ལས་རིན་ཆེན།
- དཔལ་ལྡན་ས་སྐྱ་ཁྲི་འཛིན་ཞེ་གཅིག་པ་༧སྐྱབས་རྗེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ།
- སེར་ར་མཁན་ཆེན་རྡོ་རྗེ་འཆང་རྒྱལ་མཚན་ཤཱཀྱ།
- ལྷ་ས་གྲུབ་པའི་དབང་ཕྱུག་རྒན་ལམ་རིམ་པ།
- ཆ་ཕྲེང་ར་གདོང་རིན་པོ་ཆེ།
- ༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ།
- འབྲས་བློ་གླིང་༧སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ།
- དཔལ་ལྡན་ངག་དབང་བློ་བཟང་དམ་ཆོས་རྒྱལ་མཚན།
- དཔལ་ལྡན་མཁན་ཆེན་ངག་དབང་རྒྱ་མཚོ།
- ཆ་ཕྲེང་དགའ་ལྡན་བསམ་འཕེལ་གླིང་མཁན་ཟུར་བློ་བཟང་བསྟན་པ་རིན་པོ་ཆེ།
- དགའ་ཤར་ཉག་རེ་ཁང་ཚན་བཀའ་འགྱུར་རིན་པོ་ཆེ་བློ་བཟང་ཆོས་འཕེལ།
- ༧སྐྱབས་རྗེ་ཀི་ཏི་མཚན་ཞབས་རིན་པོ་ཆེ།
- ཁང་གསར་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཀུན་དགའ།
- མཁས་དབང་ཁུས་བཟང་རིན་པོ་ཆེ།
- དགའ་ཤར་ལྷོ་པ་ཁང་ཚན་རྒྱལ་སྲས་རིན་པོ་ཆེ།
- བོད་ཀྱི་རྒྱུད་སྟོད་མཁན་པོ་བློ་བཟང་ཤེས་རབ་རིན་པོ་ཆེ།
- ༧སྐྱབས་རྗེ་འཇིགས་བྲལ་ས་སྐྱ་དག་ཆེན་རིན་པོ་ཆེ།
- མཁས་དབང་མཁན་ཟུར་ཨམ་མཆོག་རིན་པོ་ཆེ།
- མཁས་དབང་ཨ་ཆོག་རིན་པོ་ཆེ།
- གུང་རུ་དགེ་བཤེས་ཕུན་ཚོགས་རྒྱལ་མཚན།
- ༧སྐྱབས་རྗེ་དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས།
- སེར་སྨད་དགེ་བཤེས་བློ་བཟང་ཕན་བདེ།
- སེར་སྨད་རྒྱུད་སྟོད་མཁན་ཟུར་བསྟན་འཛིན་ཤེས་རབ་རིན་པོ་ཆེ།
- ར་བྲག་ཆོས་འཕེལ་གླིང་ལ་ཛ་རིན་པོ་ཆེ།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དང་རྙོག་ཁྲ་ཡོད་མཁན་གྱི་བླ་མའི་མཚན་ནི། :
- ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ།
- ༧གོང་ས་སྐུ་ཕྲེང་བཅུ་བཞི་པ། ༼དགུང་ལོ་བཞི་བཅུ་རྗེས་སུ།༽
༧གོང་ས་མཆོག་གིས་གསུངས་པ་ལྟར་ཁོང་ཚོ་ཚང་མ་ནོར་བ་ཡིན་ནམ། ཁྱེད་རང་གི་ཐག་གཅོད་རོགས།
བཤེས་གཉེན་བསྟེན་ཚུལ་སྐོར་༧སྐྱབས་རྗེ་འདན་མ་དགོན་གསར་རིན་པོ་ཆེས་གསུང་།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/DenmaGonsaRinpocheGuruDevotion.mp4
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
བསམ་ཚུལ་དང་འབྲེལ་བའི་བློས་གཏོང་མཁན་ཡང་ན། མི་གསུམ་པས་དྲ་སྤེལ་བྱས་པ་རྣམས་གཤམ་ལ་ཡོད།
ཁྱེད་ཉིད་ཀྱི་ཤེས་དགོས་རྒྱུ་ཞིག་ལ་མི་གསུམ་པས་བསམ་ཚུལ་དང་དྲ་སྤེལ་གནང་བ་རྣམས་དྲ་ཚིགས་ཀྱི་བསམ་བློ་དང་དོ་དམ་པའི་རྣམ་པ་མི་མཚོན། དོ་དམ་པ་དང་། བདག་པོས་གནང་བའི་བསམ་ཚུལ་ཁག་ལ་དོ་སྣང་དམིགས་བསལ་གནང་རོགས། མི་གཞན་གྱི་བསམ་ཚུལ་དང་། དྲ་སྤེལ་གཞན། བགྲོ་གླེང་། ལྟ་བ་སྤེལ་བ་རྣམས་བསམ་ཚུལ་གྱི་སྡེ་ཚན་ནང་ལ་ཡོང་གིན་རེད། དེ་འདྲ་སོང་ཙང་ང་ཚོའི་བསམ་ཚུལ་དང་མ་ནོར་བ་གནང་རོགས། ང་ཚོ་ལ་བསམ་ཚུལ་དང་། ལྟ་བ་ཅི་འདྲ་ཞིག་ཡིན་ནའང་གནོད་བསྐྱེལ་གྱི་ཡོད་ཚེ་དྲ་ཚིགས་ནང་ཕྱིར་འཕུད་གཏོང་བའི་དབང་ཆ་ཡོད། འོན་ཀྱང་གཅིག་མཚུངས་ཡིན་པའི་བསམ་ཚུལ་རིང་པོ་དང་། མཐོང་མེད་པའི་བསམ་ཚུལ་འགའ་ཕྱིར་འཕུད་གཏོང་མེད་ན་ང་ཚོས་ཕྱོགས་འཛིན་བྱེད་པ་མི་མཚོན།
ང་ཚོའི་རེ་བ་ལ་བསམ་ཚུལ་དྲ་སྤེལ་གནང་མཁན་གྱིས་བསམ་ཚུལ་དང་། བགྲོ་གླེང་། ལྟ་བ་སོགས་ཅི་འདྲ་ཞིག་ཡིན་ནའང་འགན་འཁུར་ལྡན་པའི་ཐོག་ནས་གནོད་བསྐྱེལ་རང་བཞིན་མཆིས་པའི་དྲ་སྤེལ་མི་བྱེད་པ་དང་། ཚོགས་པ། མི་སྒེར། དད་པ། ཁྲིམས་ལུགས་གང་འདྲ་ཞིག་ལའང་ཕོག་ཐུག་མི་བཟོ་བ་མཁྱེན།
རང་ཉིད་ཀྱི་སྐོར་ཆ་ཚང་བཀོད་རོགས།