སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/TenpaYarphelSpeaksUp.mp4
འཇམ་གླིང་གང་སར་བཞུགས་ཡོད་པའི་གྲོགས་པོ་ཡོངས་ལ་ཞུ་རྒྱུ།
དེ་རིང་ང་ཁྱེད་རང་ཚོ་མཉམ་དུ་བོད་མིའི་ཆབ་སྲིད་ནང་གི་བློ་མགུ་ནུས་པའི་མངོན་འགྱུར་ཞིག་ཞུའི་ཡིན། གང་དག་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་ཁྱད་པར། དབྱེ་འབྱེད། ཕྱོགས་རིས་ཐོག་ལ་གང་འདྲ་སྟངས་འཛིན་བྱེད་དགོས་ཀྱི་སྐོར་ངེས་གཏན་སྣུན་ཤུགས་བྱེད་ཐུབ། ད་བར་ཆོས་ཉམས་ལེན་བྱེད་མཁན་གྱི་མི་མང་རྣམས་ལ་ལྟ་ཚུལ་འཛིན་སྟང་དེ་འགྱུར་དུ་རུང་བ་དང་སྐྱོ་བོ་ཞེ་དྲག་རེད།
བཙན་བྱོལ་བོད་གཞུང་ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་མི་ཞིག་གིས་གསུང་བཤད་ཐུང་ཐུང་ཞིག་སྨྲས་པ་དང་གཞུང་དེ་ཉིད་མུ་མཐུད་ནས་སྐྱུ་རྟེན་རྒྱུད་ནས་གནས་ཆུང་གི་བཀའ་སློབ་སོལགས་ལ་བློ་གཏད་གནང་གིན་ཡོད་པའི་སྐོར་ཁོང་དངོས་ནས་སེམས་ཁྲལ་ཡོད་པ་གསུངས། སྤྱི་འཐུས་ཁོང་ནི་དཔལ་ལྡན་བསྟེན་པ་ཡར་འཕེལ་མཆོག་རེད། ཁོང་ནི་ནང་ཆོས་བཀའ་རྒྱུད་སྤྱི་འཐུས་གཉིས་ཀྱི་ནང་ནས་གཅིག་ཁོང་ཡིན།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གཉིས་ཀ་གནས་ཆུང་གི་ལུང་བསྟན་ཡིད་རྟོན་བྱེད་ཀྱི་ཡོད་པས། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ཐད་ཀར་འགལ་ཟླ་འདིར་ལེབ་པ་རེད། སྤྱིར་བཙན་བྱོལ་བོད་གཞུང་ནི་མིང་ཙམ་ལ་དམངས་གཙོ་ཡིན་ལ། ༧གོང་ས་མཆོག་ཆབ་སྲིད་ནས་ཕྱིར་འཐེན་ཡང་མཐར་ཐུག་གི་ཐག་གཅོད་གནང་མཁན་ཁོང་རང་ཡིན།
བོད་གཞུང་གིས་གནས་ཆུང་དེ་ཉིད་སྐུ་རྟེན་བརྒྱུད་ནས་ལོ་བརྒྱ་མང་པོ་བེད་སྤྱོད་བྱས་པ་རེད། དེར་བསྟན་པ་ཡར་འཕེལ་མཆོག་གི་སོ་སོའི་རིག་པ་དང་མཐུན་པའི་གསུང་བཤད་དབང་ཤུགས་ཅན་གྱིས་ལམ་ལུགས་འདི་ཉིད་མེད་པ་བཟོ་དགོས་གསུངས་ཀྱི་ཡོད་པ་དང་ཤུགས་བསྟན་དུ་༧གོང་ས་མཆོག་གིས་ཆོས་དང་སྤྱི་གཞུང་གི་ཐག་གཅོད་གཏན་འབེབས་བྱེད་སྐབས་གནས་ཆུང་ལ་ལྟོད་དགོས་པ་ནི་ནོར་བ་རེད་ཟེར།
ལོ་མང་པོའི་རིང་ལ་སྤྱི་གཞུང་དོན་དུ་གནས་ཆུང་སྐུ་རྟེན་ལ་གྲོས་སྡུར་བྱེད་ཡོད་རེད། ད་ལྟ་མི་མང་པོས་ག་རེད་ཞཱུ་འབོད་བྱེད་ཀྱི་ཡོད་རེད་ཟེར་ན། གྲོས་སྡུར་དང་བློ་གཏད་དེའི་བོད་མིའི་སྤྱི་ཚོགས་དམངས་གཙོ་རུ་འགྱུར་དགོས་པས། སྐུ་རྟེན་ནས་ཐོབ་པའི་བཀའ་སློབ་དེའི་གནད་དོན་འདིའི་སྐོར་རམ་འདེགས་མི་བྱེད། དེ་ཚབ་ཏུ་བོད་མིའི་སྤྱི་ཚོགས་ནང་འགལ་ཟླ་དང་ཁ་འབྲལ་བཟོས།
འདས་པའི་དུས་ན་གནས་ཆུང་གིས་༧གོང་ས་མཆོག་དང་བོད་མིའི་བློན་ཆེན་རྣམས་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བཀག་སྡོམ་བྱེད་དགོས་པ་དང་བསྟེན་གསོལ་དེ་ཉིད་ཐག་ཅིག་ཏུ་མེད་པ་བཟོ་དགོས་ཞེས་བཀའ་སློབ་ཕེབས་པ་རེད། ད་ལྟ་བོད་མི་མང་ཆེ་བའི་འདི་རྫུན་མ་རེད་ཅེས་ལབ་ཀྱི་ཡོད། གང་ཡིན་ཟེར་ན། བོད་མིའི་རྣམས་ཀྱི་ཆོས་གང་བསྟེན་མི་བསྟེན་བོད་མིའི་སོ་སོའི་རང་དབང་རེད་ཟེར། བོད་མི་ཚང་མ་ལ་རྩི་མཐོང་དང་ཐོབ་ཐང་འདྲ་མཉམ་ཕུལ་དགོས། དེ་བཞིན་ཆོས་དད་རང་དབང་ཡང་ཕུལ་དགོས་ཀྱི་ཡོད།
འདིའི་སྐོར་ཡང་སྐྱར་བཤད་པ་ཡིན་ན་གནས་ཆུང་གི་ལུང་བསྟན་མང་པོ་འཁྲུལ་ནས་ཡོང་གི་ཡོད་པ་དང་གནས་ཆུང་གི་གསུང་བཤད་དེ་བོད་མི་ཕལ་ཆེར་བ་ལ་གསལ་པོ་མེད་པ་རེད། ཁོང་གི་བཤད་སྲོལ་དེ་གྲྭ་པ་གཅིག་དང་གཉིས་ཀྱིས་སྐད་སྒྱུར་བྱེད་ཀྱི་ཡོད་པ་དང་ཁོང་ཚོའི་གནས་ཆུང་གི་སྐད་ཡིག་གོའི་ཡོད་ཞེས། ཡིན་ཡང་བདེན་པ་ཁུང་སྐྱེལ་གང་ཡང་མེད་པ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་༧གོང་ས་མཆོག་གི་གསུངས་ཆོས་དང་སྲིད་ཕྱོགས་ཀྱི་འདུ་ཚོགས་སོགས་གང་ཡང་ནང་འགྲོ་མི་ཆོག་པ་རེད། དེ་ཕྱིར་བོད་པའི་སློབ་གྲྭ་ཁག་དང་། བོད་པའི་སྨན་ཁང་། གཞུང་གི་ལས་ཁུངས་མ་ཟད་བོད་པའི་ཟ་ཁང་སོགས་ལ་ཁ་ལག་ཟ་བར་ནང་དུ་འཇུག་མི་ཆོག །
ཆོས་ལུགས་ལ་མ་ལྟས་པར་བོད་མི་ཡིན་པའི་ཆ་ནས་ཁོང་རྣམས་ལའང་༧གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་གྲོས་མོས་བྱེད་སར་བཅར་དུ་ཆོག་དགོས། དེ་བཞིན་སློབ་གྲྭ་དང་སྨན་ཁང་སོགས་ལའང་འགྲོ་ཆོག་པའི་ཆོག་མཆན་སྦྱིན་དགོས། སོ་སོའི་སྤྱི་ཚོགས་ནང་གི་མི་རིགས་ཤོག་ཁག་གཅིག་ལ་དེ་ཚོའི་ཆོས་ལུགས་ལ་ལྟོས་ནས་སྲིད་ཕྱོགས་གྲོས་སྡུར་ཁག་ལ་བཅར་མི་ཆོག་པས་དམ་བསྒྲགས་བྱེད་མཁན་གྱི་གཞུང་གང་འདྲ་ཞིག་ཡིན་ནམ། དེ་འདྲ་ད་ལྟ་བོད་པའི་སྤྱི་ཚོགས་ནང་བྱུང་གི་ཡོད་པ་རེད། འདས་པའི་དུས་ནང་ཨ་རི་རྒྱལ་ཁབ་ནང་རིགས་རྒྱུད་ཀྱི་སྒོ་ནས་ཨ་རི་ཨ་ཧྤི་རི་ཀ་མི་མང་རྣམས་ལ་དབྱེ་འབྱེད་ཡོད་རེད། དེ་འདྲ་ད་ལྟ་མེན་མར (Myanmar) ནང་རོ་ཧིན་ཡ (Rohingya) མི་རིགས་རྣམས་ལ་འཕྲད་བཞིན་ཡོད་རེད།
བོད་པའི་སྤྱི་ཚོགས་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་སྤྱིར་བོད་མིའི་འདུ་ཚོགས་ནང་བཅར་མི་ཆོག །དེ་ཕྱིར་དགོན་པ་ཁག་ནང་འགྲོ་མི་ཆོག །སྨན་ཁང་ནང་སྨན་བཅོད་ཆེད་དུ་འགྲོ་མི་ཆོག །སློབ་གྲྭ་སོགས་ལ་སློབ་སྦྱོང་བྱེད་ཕྱིར་འགྲོ་མི་ཆོག །༧གོང་ས་མཆོག་གི་གསུང་བཤད་དང་གྲོས་ཚོགས་སོགས་ལའང་འགྲོ་མི་ཆོག །༧གོང་ས་མཆོག་གི་ཆོས་དང་འབྲེལ་བའི་མཛད་རིམ་ཁག་ནང་འགྲོ་མི་ཆོག་པ་འདི་སྒྲིག །ཡིན་ཡང་བོད་མི་གཞན་ལྟར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཡང་༧གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་མཛད་རིམ་སོགས་ནང་འགྲོ་ཆོག་དགོས། གང་ཡིན་ཟེར་ན་ཁོང་ནི་བོད་ཀྱི་དངོས་དོན་གྱི་དབུ་ཁྲིད་རེད།
ཁོང་རྣམས་བོད་པ་ཡིན་ནའང་ཁོང་རྣམས་ཀྱི་ཆོས་ལུགས་གྱི་རྐྱེན་གྱི་ཁོང་རྣམས་ཡོང་མི་ཆོག །
སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་ཁ་གསང་པོའི་ཐོག་ནས་གང་གསུང་པ་དེ་དག་བརྙན་འཕྲིན་འདི་ནང་ཡོད་པའི་ཚང་མའི་གཟིགས་རོགས་གནང་། གནས་ཆུང་གི་བཀའ་སློབ་ལ་རྟེན་ནས་ཆོས་ལུགས་ཁ་བྲལ་བ་དང་སྤྱི་ཚོགས་ནང་མི་མཐུན་པ་འབྱུང་ཡོད་པས་ཁོང་ནི་བོད་མི་སྟོང་ཕྲག་མང་པོ་ངོ་ཚབ་བྱེད་ཏེ་སོ་སོའི་གཞུང་གི་ཕྱག་ལས་འདི་ལྟ་བུའི་ཁ་གཏད་བཅོག །
བརྙན་འཕྲིན་དེ་བོད་སྐད་ནང་ཡོད་ཙང་ཁྱེད་རྣམས་ཀྱི་ཤེས་པའི་ཕྱིར་བརྙན་འཕྲིན་འདིའི་སྒྲ་ཡིག་བདག་གིས་ཨིན་སྐད་ནང་འགོད་ཡོད། འདི་ཚོ་སེམས་ནང་ཉར་དགོས་པ་དོན་གནད་འགའ་ཤས།།
ལྷ། འདྲེ་དང་གདོན་འདྲེ།
གནས་ཆུང་སྐུ་རྟེན་གྱིས་ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་ནི་གདོན་འདྲེ་དང་བདུད་རེད་ཞེས་མིང་བྱང་དགོས་པ་ཡིན་པས་ཁོང་བོད་པའི་སྤྱི་ཚོགས་ནང་ཞེ་དྲག་གི་སྐད་གྲགས་ཡོད་པ་རེད། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གསུང་བཤད་ནང་གང་གསུངས་འདུག་ཟེར་ན། མིང་བྱང་དེ་འདྲ་འགོད་པའི་རྐྱེན་གྱི་བོད་པའི་སྤྱི་ཚོགས་ནང་མི་འཆམས་པ་དང་འགལ་ཟླ་བཟོའི་ཡོད་རེད་གསུངས། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱིས་ཁོང་སྲུང་མ་ཞིག་ཡིན་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ། ཤེས་རབ་ཀྱི་ལྷ་ཡིན་པ་མངོན་འཛིན། ཡིན་ཡང་གནས་ཆུང་གིས་རྡོ་རྗེ་ཤུགས་ལྡན་དེ་ཉིད་གདོན་འདྲེ་དང་བདུད་ཡིན་པ་མིང་བྱང་འགོད་ཏེ་སྤྱི་ཚོགས་ནང་སེར་ཁ་གཏོད་པ་དང་དབྱེ་འབྱེད་པ་རེད། གནས་ཆུང་གི་བཀའ་ལུང་ལ་ལྟོས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་བོད་མི་སྟོང་ཕྲག་མང་པོ་རྣམས་ལ་བོད་མིའི་སྤྱི་ཚོགས་ནས་ཕྱིར་སྐྲོད་པ་རེད།
མི་མང་ཚོས་གནས་ཆུང་ལ་བློ་གཏད་ཤོར་བཞིན་ཡོད་པ་དང་བོད་གཞུང་གིས་ཐག་གཅོད་མ་བྱེད་གོང་དུ་དུས་རྟག་ཏུ་གནས་ཆུང་ལ་བཀའ་དྲིན་ཞུའི་ཡོད་པས་འདིའི་རྗེས་འབྲས་གང་ཡང་ཐོབ་ཀྱི་མེད་ན་དེ་འདྲ་གནང་དགོས་དོན་གང་ཡིན་ཞེས་འདྲི་བ་ཞུའི་ཡོད་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་ཉིད་རྩ་མེད་གཏོང་དགོས་ཞེས་གནས་ཆུང་གིས་༧གོང་ས་མཆོག་ལ་བཀའ་རྩལ་བ་རེད་ཞེས་༧གོང་ས་མཆོག་གིས་གསལ་པོ་བྱེད་ནས་གསུངས་ཡོད་རེད། གྲྭ་པ་རྒན་པ་མང་པོས་གང་གསུང་གི་ཡོད་རེད་ཟེར་ན་གནས་ཆུང་ནི་རྣམ་ཤེས་ཆུང་ཁ་ཡིན་པས་མི་མང་པོས་རྡོ་རྗེ་ཤུགས་ལྡན་ལ་དད་པ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱི་གནས་ཆུང་ཕྲག་དོག་བྱེད་ཀྱི་ཡོད་རེད་ཟེར། དེར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་བོད་རང་བཙན་ལ་གནོད་ཀྱི་ཡོད་པ་དང་དེ་བཞིན་དཔལ་ལྡན་ལྷ་མོ་དང་གནས་ཆུང་ཁོང་རང་ལ་འཁྲུག་རྩོད་བྱེད་ཀྱི་ཡོད་ཞེས་གནས་ཆུང་གིས་གསུངས། དགའ་ལྡན་དགོན་པའི་གྲྭ་པ་རྒན་པ་རྣམས་ཀྱིས་དེ་འདྲ་མི་སྲིད་ཟེར། དེའི་སྐོར་རྩོད་པ་བྱེད་པ་ཡིན་ན། གལ་ཏེ་རྡོ་རྗེ་ཤུགས་ལྡན་གྱི་འགོག་རྐྱེན་བྱེད་ཀྱི་ཡོད་ཞེས་ཚོད་དཔག་བྱེད་པ་ཡིན་ནའང་དཔལ་ལྡན་ལྷ་མོ་ལྟར་མཐུ་རྩལ་དང་ལྡན་པ་ཞིག་ལ་གང་འདྲ་གནོད་རྐྱེན་བྱེད་ཐུབ་བམ། སྐད་ཆ་འདི་རིག་པ་དང་མཐུན་གྱི་མི་འདུག །ཡིན་ཡང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བཀའ་དགོས་ཞེས་གནས་ཆུང་གིས་༧གོང་ས་མཆོག་ལ་གསུངས།།
ལུང་བསྟན་རྫུས་མ།
གནས་ཆུང་ནི་བོད་པའི་སྤྱི་ཚོགས་ནང་ལུང་བསྟན་རྫུས་མ་གནང་མཁན་རེད་ཞེས་ཡོངས་གྲགས་རེད། ལུང་བསྟན་རྫུས་མ་ནང་ནས་གཅིག་ནི་སྤྱི་ལོ་ ༡༩༠༣ ལོར་ཨིན་ཇི་ཀོ་ལེ་ནོལ་ཡེང་ཧ་ས་བེན་སོ་སོའི་དཔུང་དམག་མཉམ་དུ་བོད་བཙན་འཛུལ་ཆེད་དུ་བོད་ནང་ལེབས་པས་༧གོང་ས་སྐུ་ཕྲེང་ ༡༣ ཐུབ་བསྟན་རྒྱ་མཚོ་རྒྱ་ནང་དུ་བྲོས་དགོས་བྱུང་བའི་ལུང་བསྟན་རྫུས་མ་ཞིག་གནང་པ་རེད། དེ་བཞིན་གནས་ཆུང་སྐུ་རྟེན་གིས་ལུང་རྫུས་མ་སྟོན་ནས་སྨན་ལོག་པ་སྤྲོད་ཏེ་༧གོང་ས་སྐུ་ཕྲེང་ ༡༣ ཚེ་ལས་འདས་པ་རེད། ཡང་སྤྱི་ལོ་ ༡༩༥༩ ལོར་གནས་ཆུང་སྐུ་རྟེན་གྱིས་༧གོང་ས་སྐུ་ཕྲེང་ ༡༤ བོད་ནང་བཞུགས་དགོས་ཞེས་ལུང་སྟོན་པ་དང་། སྐབས་དེར་༧གོང་ས་མཆོག་བོད་ནས་རྒྱ་གར་དུ་ཕེབས་དགོས་ཞེས་རྡོ་རྗེ་ཤུགས་ལྡན་གྱིས་བཀའ་ལུང་གནང་པ་རེད།
༧གོང་ས་མཆོག་གི་རྩ་བའི་བླ་མ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་ཡང་གནད་དོན་དེ་བསྐྱར་དུ་བརྩི་བཤེར་བཏང་པ་ཡིན་པས་གྲྭ་པ་མང་པོས་བདེན་མཆན་བཀོད་ཡོད་པ་རེད། ཁོང་གི་རྣམ་ཐར་ལ་༧གོང་ས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གིས་གནས་ཆུང་གི་ལུང་བསྟན་དང་བཀའ་སློབ་སོགས་ལ་ཡིད་རྟོན་བྱེད་རྒྱུ་མེད་པ་རེད་ཞེས་གསལ་པོ་འགོད་ཡོད། ཡིན་ནའང་ད་ལྟ་༧གོང་ས་སྐུ་ཕྲེང་ ༡༤ པའི་སྲིད་བཟུང་སྐབས་༧གོང་ས་སྐུ་ཕྲེང་དྲུག་པས་བཀའ་ཁྱབ་ལ་བརྩི་མེད་བྱེད་ཀྱི་ཡོད་རེད། ༧གོང་ས་སྐུ་ཕྲེང་དྲུག་པས་གནས་ཆུང་གི་བཀའ་ལུང་སོགས་བཀག་དགོས་པའི་རྒྱུ་མཚན་ཞིག་ཡོད་པ་རེད།།
གནས་ཆུང་གི་སྐད་ཡིག །
གནས་ཆུང་སྐུ་ཕེབས་སྐབས་སུ་ཁོང་གི་ལུང་བསྟན་གནང་པ་དེ་དག་གསལ་ལ་མི་གསལ་ལ་ཡོད་རེད། ཁོང་གིས་ཕལ་སྐད་དང་བོད་མི་མང་ཆེ་བའི་ཤེས་པའི་སྐད་ཡིག་ཐོག་ནས་གསུང་གི་ཡོད་མ་རེད། ཁོང་གི་གང་གསུང་པ་དེ་དག་ནི་གྲྭ་པ་གཞན་ཞིག་གིས་སྐད་འགྱུར་དགོས་ཀྱི་ཡོད་པ་དང་གྲྭ་པ་ཁ་ཤས་ཙམ་གྱི་གནས་ཆུང་གི་སྐད་ཡིག་ཧ་གོ་ཡི་ཡོད་པ་དང་དེ་ལྟར་ཞིབ་བཤེར་བྱེད་མཁན་མེད་པའི་རྒྱུ་མཚན་གྱི་ནོར་འཁྲུལ་མང་པོ་ཤོར་གྱི་ཡོད་རེད།
གནས་ཆུང་གི་སྐད་ཡིག་ཁོང་ཚོས་གང་འདྲ་ཧ་གོའི་ཡོད་མེད་དེ་ད་དུང་སྦས་པའི་གནད་དོན་རེད། གནས་ཆུང་གིས་གང་གསུངས་པ་གྲྭ་པ་དེ་དག་གི་གང་འདྲ་གོོའི་ཡོད་མེད་དང་ཁོང་ཚོས་ག་པར་ནས་སྦྱོང་པ་རེད་ཞེས་སུ་གང་ཞིག་གི་མི་ཤེས། སྐད་ཆ་འདི་དག་ནི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་རང་གི་གསུང་བཤད་གནང་སྐབས་འཕྲོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ནི་དམངས་གཙོ་ཡིན་པར་ཆ་འཇོག་བྱེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ནི་དམངས་གཙོའི་ལམ་ལུགས་གཞི་རྩར་བཟུང་ཞིང་དེ་མི་ཉམས་སྲོལ་འཛིན་བྱེད་པ་དང་། འདི་ནང་ཁྱེད་ཀྱིས་འདམ་པའི་ཆོས་ལུགས་གང་བསྟེན་ཀྱང་རང་དབང་དུ་འཚུད་ཅིང་རྒྱུ་མཚན་འདིའི་རྐྱེན་གྱིས་དབྱེ་འབྱེད་བྱེད་མི་ཆོག་དགོས། རྡོ་རྗེ་ཤུགས་ལྡན་འདོན་འདྲེ་ཡིན་པ་གནས་ཆུང་གི་བཅད་ཁྲ་རེད། བཙན་བྱོལ་སྒྲིག་འཛུགས་ཁང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོའི་ཁ་གཏད་དུ་མ་ཉེས་ཁ་ཡོག་གི་སྲིད་ཇུས་སྣ་ཚོགས་འགོ་རྩོམ་ཞིང་དེ་ཡང་ཁོ་ཚོའི་བཅའ་ཁྲིམས་དེ་དང་འགལ་ཚར་བ་འདི་རེད། འདི་འདྲ་བྱེད་ནས་བོད་པའི་སྤྱི་ཚོགས་ནང་རྡོ་རྩ་ཆིག་སྒྲིལ་མེད་དང་དཀའ་ངལ་དབྱེ་འབྱེད་སོགས་སྔོན་དུ་གཏོང་། བོད་པའི་སྤྱི་ཚོགས་ནང་ལོགས་ཀྱི་སྲིད་ཇུས་ད་ལྟ་དངོས་ནས་བྱས་ན། ཁྲིམས་ལུགས་གསར་དུ་ཆེད་བསྒྲགས་བྱེད་ཅིང་། གལ་སྲིད་ཁྱེད་རང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཞིག་ཡིན་ན། བཙན་བྱོལ་བོད་གཞུང་ནང་ལས་ཀ་བྱེད་མི་ཆོག་པ་དང་དེ་ལ་ལས་ཀ་བྱེད་ཆོག་པའི་གོ་སྐབས་གང་ཡང་མི་སྦྱིན། གནས་ཆུང་གིས་རྡོ་རྗེ་ཤུགས་ལྡན་འདོན་འདྲེ་ཡིན་ཚུལ་ལུང་ལོག་པ་བསྟན་པ་དང་། དེའི་རྗེས་བྲངས་པ་ཚང་མས་བསྟེན་གསོལ་འདི་བློད་དགོས་ཞིང་། ཡང་ན་བོད་པའི་སྤྱི་ཚོགས་ནས་བཀག་སྡོམ་ཡོད་ཅེས་ལུང་ལོག་པ་བསྟན་ནས་བཟུང་། ཐ་མར་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚང་མ་བོད་པའི་སྤྱི་ཚོགས་ནང་ནས་ལོགས་སུ་ཕྱེའོ།། སྤྱི་ལོ ༡༩༩༦ ལོ་ནས་བཟུང་གནས་སྟངས་འདི་འདྲ་ཆགས་བཞིན་པ་རེད།
བོད་པའི་སྐད་རིགས་བརྗོད་ཚུལ་མི་འདྲ་བ་མང་པོ་ཡོད།
མི་ཚོས་བོད་པའི་སྐད་རིགས་ཀྱི་ཚིག་སྒྱུར་ཀློག་ཡོང་དུས། བརྗོད་ཚུལ་མི་འདྲ་བ་ཡོད་པས་ཀློག་མཁན་གསར་པས་ཀློག་དུས་དོན་དངོས་འདི་གོ་མི་ཐུབ། གང་ཡིན་ཞེས་ན། སྐད་ཡིག་རང་གི་དོན་དག་དང་ཁྱད་ཆོས་གནས་ཚད་སྣ་ཚོགས་རྐྱེན་གྱི་ཀློག་མཁན་དེ་ཚོས་དོན་དངོས་འདི་གསལ་པོར་མ་མཁྱེན་པ་ཡོང་སྲིད། དེ་འདྲ་ཡིན་ཙང་། དོན་དག་ཏག་ཏག་འདིའི་འགྲེལ་བཤད་འགའ་ཤས་གཏན་ལ་འབེབ་དགོས་འདུག ། བོད་སྐད་ནང་གང་བཤད་པ་དེ། སྐད་ཀྱི་མདངས་དང་ཤུགས་ལ་སྟོན་པའི་དོན་རྣམས། བརྗོད་ཚུལ་ཡོངས་སུ་སྒྲིལ་ཏེ་ཡིན་ཇི་ནང་གོ་དོན་ཏག་ཏག་སྒྱུར་དགོས་པ་ནི་གལ་ཆེན་པོ་རེད། བོད་པ་ཚོས་ཡང་ནས་ཡང་དུ་བཙན་ཤུགས་ཀྱི་ཐོག་ནས་དངོས་སུ་བཤད་ཀྱི་མེད་པས། དོན་ཤུགས་ལ་སྟོན་ནས། ཉུང་ཙམ་སྐོར་ནས་བཤད་ཀྱི་རེད། ལྷག་པར་དུ་གང་ཟག་གསུམ་པའི་ཆེད་དུ་ཐ་སྙད་བེད་སྤྱོད་བྱེད་ནས་བཤད། བོད་རིགས་འགས་སོ་སོ་ངོ་ཚ་བོ་མ་ཡོངས་བའི་ཆེད་དུ་སྐད་ཆ་དངོས་སུ་བཤད་ཀྱི་མ་རེད།
བརྙན་འཕྲིན་འདི་གཟིགས་པ་དང་ཡིག་གེ་ལྗགས་ཀློག་གནང་དུས། གནད་དོན་འདི་ཚོ་ཐུགས་ལ་བཞག་རོགས་གནང་ཞུ། འདིས་གནས་ཆུང་དང་བོད་གཞུང་གི་སྐོར་གང་བཤད་ཡོད་མེད་དེའི་གལ་ཆེའི་གནད་དོན་དངོས་དོན་རྟོགས་པར་སྐུ་ཉིད་ལ་ཅུང་ཙམ་ཕེན། ཁོང་གི་ལོ་རྒྱུས་འཚམས་རྟགས་ཅན་གྱི་གཏམ་བཤད་འདི། གཞུང་དང་གནས་ཆུང་གི་འབྲེལ་བའི་སྐོར་རེད། སྔ་མ་སུ་གང་ཞིག་གིས་དངོས་སུ་ནམ་ཡང་བཤད་ཐུབ་ཡོད་མ་རེད། འདི་དམིགས་གསལ་གྱི་བདེན་པ་རང་རེད། གང་ཡིན་ཞེས་ན། གནས་ཆུང་ལ་ལུང་བསྟེན་སྟོན་པའི་དབང་ཆ་འདི་༧རྒྱལ་བ་རིན་པོ་ཆེའི་གསུང་བརྒྱུད་ནས་རེད། བོད་པའི་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་ཐུབ་མཁན་སུ་གང་ཞིག་ཡོད་མ་རེད། ཡིན་ནའང་སྤྱི་འཐུས་བསྟེན་པ་ཡར་འཕེལ་ལགས་ཀྱིས་གཞུང་དང་གནས་ཆུང་གི་འབྲེལ་བ་མུ་མཐུད་ནས་ལུང་བསྟེན་སྟོན་ཟིན་པ་དེ་ལ་སྐྱོན་བརྗོད་བྱེད་ནས། ད་ལྟ་བོད་པའི་སྤྱི་ཚོགས་ནང་སྐྱོན་གང་ཡོད་པ་འདི་ཚོ་ཐམས་ཅད་ཞུ་འབོད་གནང་སོང་། བསྟེན་པ་ཡར་འཕེལ་གྱིས་གནས་ཆུང་དང་བོད་གཞུང་གི་ལུང་བསྟེན་སྟོན་ས་གནས་ཆུང་ཚོགས་སྡེ་ལ་སྐྱོན་བརྗོད་བྱེད་ཅིང་། ཁོང་གིས་ད་ལྟ་༧གོང་ས་མཆོག་གིས་གནས་ཆུང་བེད་སྤྱོད་གནང་བ་འདི་ངོས་ལེན་མེད་ཚུལ་ཐབ་ཤེས་དང་ལྡན་པའི་སྒོ་ནས་གསུང་འདུག །
གནས་ཆུང་གིས་ལུང་བསྟེན་གང་སྟོན་པ་ཐམས་ཅད་བདེན་པ་མིན་པ་དང་ཕེན་མེད་ནུས་མེད་རེད་འདུག །དེ་ལ་བསྟེན་པ་ཡར་འཕེལ་གྱིས་ནང་བཞིན། ༧གོང་ས་མཆོག་གི་སྲིད་ཇུས་དང་བོད་གཞུང་གིས་སྐུལ་འདེད་བྱེད་པའི་སྲིད་ཇུས་དེ་ལ་ངོས་ལེན་མ་བྱེད་མཁན་བོད་པ་མང་པོ་ཞིག་ལྷག་བསྡད་ཡོད་རེད། དམངས་གཙོ་ལམ་ལུགས་ཡང་དག་པ་དགོས་ཟེར་མཁན་མང་པོ་ཞིག་གིས་རིན་པ་བཞིན་དུ་འབོད་སྐུལ་གོ་འཛུགས་བཞིན་ཡོད་དོ།།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་དང་འབྲེལ་བའི་གནད་དོན་གྱི་སྐོར་བསྟེན་པ་ཡར་འཕེལ་ལགས་ཀྱིས་དངོས་སུ་མ་བཤད་པར་ཐབ་ཤེས་དང་ལྡན་པའི་སྒོ་ནས་གང་བཤད་པ་འདི་དཔེ་ཟླ་བྲལ་བ་ཞིག་རེད། ཁོང་གིས་ལོ་རྒྱུས་ཁུངས་དང་དེའི་འགྲེལ་བཤད་མ་རྒྱག་པར། བོད་པའི་སྤྱི་ཚོགས་ནང་ཡང་སྐྱར་རྡོ་རྩ་ཆིག་སྒྲིལ་ཆགས་དོན་དུ་བཙན་བྱོལ་སྒྲིགས་འཛུགས་ཁང་ནས་གནས་ཆུང་བསྟེན་གཏུགས་བྱེད་ཚུལ་མཚམས་བཞག་དགོས་ཚུལ་ཡང་བཤད་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ལོགས་སུ་བོད་མི་ཚང་མ་རྡོ་རྩ་ཆིག་སྒྲིལ་ཆགས་ཞིང་ཆོས་ལུགས་དབྱེ་འབྱེད་དང་དེའི་དཀའ་ངལ་གསལ་བར་ཐབ་ཤེས་འདི་འདྲ་མ་གཏོགས་གཞན་མེད། གནས་ཆུང་གིས་རྟག་པར་གཅིག་ལྷ་རེད་ཞག །གཅིག་འདྲེ་རེད་ཞག །གཅིག་འདུད་རེད་ཞག །ཞེས་ཡང་ནས་ཡང་དུ་ནན་ཆེར་བརྗོད་ནས་མི་མང་པོ་མགོ་འཐོམ་གྱི་རེད། གནས་ཆུང་གི་འདོན་འདྲེ་རེད་ཅེས་བཤད་སྲོལ་ལ། ཁོ་བོས་མི་མང་པོས་བསྟེན་གསོལ་བྱེད་པའི་ལྷ་སྲུང་ཞིག་ལ་འདོན་འདྲེ་རེད་ཅེས་སྐྱོན་བརྗོད་བྱེད་པ་ནི། དེ་ཚོ་ལ་བོད་པའི་སྤྱི་ཚོགས་ནང་ལོགས་ནས་དབྱེ་འབྱེད་བྱེད་པ་གསལ་པོ་རེད། གནས་ཆུང་གིས་བོད་མི་མང་དཀྲུག་ཞིང་རྒྱག་པ་ལས། སོའི་ཆོལ་ལུགས་མི་འདྲ་བ་གང་བསྟེན་འདོད་ཡོད་ཀྱང་ཆོས་བརྒྱུད་དང་དད་པ་ལ་བཀག་སྡོམ་མ་བྱེད་ཅེས། བོད་མི་མང་ཚང་མ་ལ་ཆིག་སྒྲིལ་བྱེད་དགོས་དང་བཟོད་སྲན་ཆེ་བའི་གོམས་གཤིས་བཟང་པོ་བྱེད་ཚུལ་གྱི་སྐོར་ལམ་སྟོན་བྱེད་དགོས། ཡིན་ནའང་ཁོ་བོས་འདི་འདྲ་རྩ་ནས་བྱེད་ཀྱི་མི་འདུག །བསྟེན་པ་ཡར་འཕེལ་གྱིས། བོད་མི་ཚང་མ་དེ་ཚོས་ཆོས་ལུགས་ལ་མ་ལྟོས་པར་མཐུན་སྒྲིལ་བྱེད་དགོས་པ་དང་གནས་ཆུང་གི་ལམ་སྟོན་བཀའ་སློབ་དེས་བོད་པའི་སྤྱི་ཚོགས་ནང་ཆིག་སྒྲིལ་མེད་པའི་བདེན་དཔང་སྟོན་འདུག །
དཔལ་ལྡན་བསྟེན་པ་ཡར་འཕེལ་ལགས་ནི་དངོས་ནས་དཔའ་བོ་ཅན་དང་བོད་པའི་སྤྱི་ཚོགས་ནང་ལོགས་མཐུན་སྒྲིལ་གྱི་སེམས་ཁུར་དང་། དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད་ཞག །ཁོང་གིས་བོད་མི་མང་སྤྱི་ལྷན་ཚོགས་ཀྱི་གྲོགས་ཚོགས་ཚོགས་དུས། བོད་མི་ཚང་མ་མཉམ་དུ་རྡོ་རྩ་ཆིག་སྒྲིལ་ཆགས་དགོས་ཞེས་ཚར་མང་པོ་བཤད་སོང་། མ་གཞི་ནས་གནས་ཆུང་གིས་སྔོན་འགོག་བྱེད་པའི་ཆོས་ལུགས་སྣ་ཚོགས་ལ་མ་ལྟོས་པར་བོད་མི་ཚང་མ་མཉམ་དུ་མཐུན་སྒྲིལ་བྱེད་དགོས། ཁོང་མི་རབས་གསར་པའི་བོད་མི་ཆབ་སྲིད་པ་ཡིན་པའི་ཆ་ནས། དེང་གི་སྤྱི་ཚོགས་ནང་འགྱུར་བ་གང་ཡོད་ཚུལ་གྱི་སྐོར་ཧ་གོ་མཁན་ཞིག་རེད་འདུག །
ཁོང་གིས་དེང་དུས་རབས་ཉི་ཤུ་རྩ་གཅིག་པའི་དགོས་མཁོར་འཚམ་པའི་བོད་ཆབ་སྲིད་དང་སྲིད་ཇུས་ཀྱི་གནས་སྟངས་གུ་ཡང་པོ་དང་། བཟོད་སྲན་གྱི་གོམས་གཤི་བཟང་པོ། དྲང་པོ། མི་སེར་ལ་ལྟ་ཚུལ་འཛིན་སྟངས་འདྲ་མཉམ། ཆོས་ལུགས་གང་ལའང་རང་སྣང་གི་འདོད་ཚུལ་དང་ཕྱོགས་ལྷུང་གི་བསམ་པ་སྤང་ཏེ། ཁོང་ངོས་ནས་དཔའ་བོ་སྙིང་སྟོབས་ཅན་རེད་ཞག །རྒྱབ་སྐྱོར་དང་བསྔགས་བརྗོད་མང་པོ་ཡོད་ཅེས་ཞུ། ངས་འདི་ནང་བཤད་སླ་པོ་གཅིག་གང་ཡང་མ་རེད་ཏེ། ཡིང་ནའང་བཤད་དགོས་འདུག །འདི་ངའི་དགོས་དོན་གང་ཡང་མ་རེད། གལ་ཏེ་ངས་མི་གང་རུང་ཞིག་ལ་ཞེ་སུན་བཟོ་ཡོད་ན་དགོངས་དག་ཞུ་ཆོག །ངས་སྟབས་བདེ་པའི་ཐོག་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་མ་ཉེས་ཁ་ཡོག་མ་བྱེད་པའི་རེ་བ་བྱེད་བསྡད་ཡོད། གང་ཡིན་ཞེས་ན་འདི་ཚོ་ཐམས་ཅད་མི་སྤྱོད་ལས་འདས་པའི་ལས་རེད།
ངས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་ཞུ་རྒྱུ་དེ། གལ་ཏེ་ང་རང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནའང་། བོད་མི་ཡིན་ཆད་ཚང་མ་གཅིག་ཏུ་བསྡུ་རོགས་གནང་ཞེས་གུས་པས་རེ་བཅོལ་ཞུ་ཡི་ཡིན། བསྟེན་གསོལ་འདི་བོད་ནང་དཔལ་ས་སྐྱ་པའི་ཆོས་བརྒྱུད་དབུ་རྙེད་ནས་ད་ལྟ་ལོ་བཞི་བརྒྱ་བར་ང་ཚོས་བསྟེན་གསོལ་བྱེད་བསྡད་ཡོད། ༧གོང་ས་མཆོག་གིས་ང་རང་ཚོ་ལ་ངོས་ལེན་གནང་པར་གསུང་ཚིག་གཅིག་གསུང་པ་ཙམ་གྱི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་བོད་པ་ཚོ་ལ་སྒྲིགས་ཚར་བ་དང་། དེ་ལ་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་སྔོན་བོད་མི་ཚངས་མ་མཐུན་སྒྲིལ་ཡག་པོ་གང་ཡོད་པ་བཞིན་ཡང་སྐྱར་དེ་ག་རང་མཐུན་སྒྲིལ་ཡོང་ཀྱི་མ་རེད། ༧གོང་ས་མཆོག་ཉིད་ལ་བོད་པའི་སྤྱི་ཚོགས་ནང་ཡོད་པའི་ཆོས་ལུགས་ཐམས་ཅད་ལ་ཐུགས་སྣང་ཡོད་པའི་སྒོ་ནས་ནས་མང་གཙོའི་ལམ་ལུགས་འདི་འགྱུར་བ་གཏོང་བའི་ནུས་པ་ཡོད་པ་བཞིན་ཡང་སྐྱར་དགོངས་པ་བཞེད་པའི་རེ་བ་དང་སྨོན་འདུན་ཞུ།།
ཐུགས་རྗེ་ཆེ་ཞུ།
དུས་རྟག་ཏུ། མགོན་པོ་ཉིད་ཀྱི་སྐུ་ཚེ་ཞབས་དཔེ་རྡོ་རྗེའི་ངོ་བོར་བརྟན་པར་ཤོག །
ཚེམས་རིན་པོ་ཆེ་ནས།།
བསྟན་པ་ཡར་འཕེལ་གྱིས་ཁ་བསངས་པ།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/TenpaYarphel.mp4
ཡིག་བསྒྱུར།
དེ་ལ་འདིར་ཀློག་པ་པོ་འགའ་ཤས་གནད་དོན་གཙོ་བོ་གོ་བ་བླངས་མི་ཐུབ་པའང་ཡང་ན་བསམ་བློའི་ཞེན་ཕྱོགས་ཐད་ཀ་དུ་མ་ཤེས་པས་བོད་སྐད་གོ་དཀའ་ཞིང་། དེ་ལ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས་གཏམ་བཤད་ནང་གང་གསུངས་པ་འདིའི་གནད་དོན་གསལ་པོ་སྟོན་བྱེད་དུ་དམིགས་ནས་ཤད་གུག་ནང་དུ་མཆན་འགྲེལ་ཐུང་ཐུང་བཀོད་གཞག་ཡོད།
བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གསུང་བཤད་ལྟར།
དཔལ་ལྡན་ཚོགས་གཙོ་མཆོག །
གོང་དུ་ཆོས་རིགས་ལས་ཁུངས་གི་ལས་དོན་དང་འབྲེལ་བའི་འདི་འདྲས་དྲི་བ་ཁ་ཤས་ཕུལ་ཡ་ཡོད་པས་དེའི་སྐོར་ཞུ་ཡི་ཡིན། གནས་ཆུང་ལྷ་བབས་ནས་ང་ཚོའི་གཞུང་གི་བྱེད་སྒོ་རྣམ་གསུམ་མང་པོ་གཅིག་བཟོ་བསྡད་པ་འདིའི་སྐོར་གྲོས་ཚོགས་རབ་དང་རིམ་པའི་ནང་ལ་མཐོང་ཚུལ་དང་བསམ་ཚུལ་༼བསམ་འཆར་ཡག་སྡུག་གཉིས་ཀ༽མང་པོ་ཡོང་བཞིན་པ་འདི་དངོས་ཡོད་གནས་ཚུལ་ལྟ་བུ་ཆགས་བཞིན་ཡོད། ལྷག་པར་དུ་ཉེ་བའི་གྲོས་ཚོགས་ཀྱི་རིམ་པའི་ནང་ལོགས་སུ་ལོ་རྒྱུས་ཤེས་མཁན་ཡིན་ཤག་ཤག་བྱེད་ནས་དཔུང་འགྲིག་བྱེད་པ་འདྲ་བོ་གཅིག་གི་རྒྱབ་ལ་གཅིག་ལངས་ནས་གསུང་ཞིང་འདི་འདྲའི་སྐོར་ལ་ང་ཡང་བསམ་ཚུལ་ཁ་ཤས་ཡོད་པ་འདི་ཞུ་ཡི་ཡིན།
རྩ་བའི་ང་རང་ཚོའི་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞེས་རྩ་ཁྲིམས་རིན་པོ་ཆེ་ནང་འཁོད་བསྡད་པ་ངས་ཡང་ཤེས་ཀྱི་ཡོད། ང་ཚོའི་ཆོས་སྲིད་གཉིས་ལྡན་གྱི་ཆོས་ཟེར་བ་འདི་གནས་ཆུང་ཕབབ་ནས་འདྲ་མི་འདྲ་བཤད་བསྡད་པ་འདྲ་བོ་སྔོན་མ་ནས་ཆོས་རིགས་བཀའ་བློན་གྱི་གསུངས་སོང་། དེ་རིང་ཡང་འདིའི་རྒྱབ་སྐྱོར་༼རྒྱབ་སྐྱོར་ཡིན་ཤག་ཤག་བྱེད་མཁན༽ཡིན་མདོག་མདོག་བྱེད་མཁན་དེ་ཚོས་ཡང་ལུང་འདྲ་བོ་དྲངས་སོང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད། དཔལ་ན་ལེན་དྲའི་མཁས་གྲུབ་བཅུ་བདུན་འདི་ཚོ་ཡོངས་གྲགས་ཀྱིས་གསུང་༼བོད་དུ་དར་བའི་ཆོས་ལུགས་ཆེན་པ་བཞིའི་བྱུང་ཁུང་དཔལ་ན་ལེན་ཌ་དགོན་པ༽ནང་གནས་ཆུང་སྐུ་རྟེན་ལྷ་འབབ་ཀྱི་རེད་ཟེར་བ་གང་གཅིག་ལའང་ཡོད་མ་རེད། དེ་ང་རང་ཚོའི་ནང་ཆོས་དང་ཆོས་སྲིད་གཉིས་ལྡན་གྱི་ཆོས་འདི་ལ་ངོས་འཛིན་བྱེད་དགོས་ན་༼གནས་ཆུང་འབབ་པ་འདི༽ནོར་བ་རེད་ཅེས་ཞུ་ཡི་ཡིན། ༼དུས་རྒྱུན་རྒྱལ་རིན་པོ་ཆེས་ཁོང་གི་མཛད་རིམ་དང་འདུ་ཚོགས གསུང་ཆོས་སུ་གནས་ཆུང་ལ་གདན་འདྲེན་ཞུ་གནང་། འདིར་བཀའ་བརྒྱུད་སྤྱིས་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱི་ཐབས་ཤེས་ཀྱི་སྒོ་ནས་ཟུར་ཙམ་དུ་སྨྲ་བ་འདི་ཁྲིམས་འགལ་མ་རེད། ༽ ལྷག་པར་དུ་རྒྱ་ནག་དམར་པོའི་དར་ཆ་འཁྱེར་ནས་འགྲོ་མཁན་གྱི་གང་ཟག་འདི་ཚོས། ཆོས་དང་ལྷག་པར་དུ་ལྷ་སྲུང་མ་འདི་ཚོ་ལ་ཞེ་དྲགས་ཀྱི་དད་པ་ཡོད་པ་འདྲ་པོ་ཧ་ལམ་མ་ཟད་ཚང་མ་ཕུལ་དགོས་རེད་ལབ་རྒྱུ་འདི་ཚོ་ཐམས་ཅད་ཏག་ཏག་བསྡད་པ་གཅིག་རྩ་བ་ཉིད་ནས་མཐོང་གི་མེད་ཞུ་རྒྱུ་ཡིན། རྒྱ་ནག་དམར་པོའི་དར་ཆའི་འོག་ལ་ལྷ་འདྲེ་གདོན་བགེགས་ཁས་ལེན་ན་སྒྲིགས་ཀྱི་ཡོད་མ་རེད། ཆོས་ད་ཕར་བཞག །འདི་འདྲ་བྱེད་བསྡད་མཁན་གྱི་གང་ཟག་འདི་ཚོས་ལྷ་ཆོས་སྐྱོང་སྲུང་མ་ལ་ཡིད་ཆེས་བློ་གཏད་ཡོད་མདོག་མདོག །འདི་ཚོ་མེད་ན་ཧ་ལམ་ང་ཚོ་ལ་ཟ་རྒྱུ་དང་ཐུང་རྒྱུ་རག་གི་མ་རེད་མདོག་མདོག་བྱེད་པ་འདི་ཚོ་ཐམས་ཅད་སྤྱི་ཚོགས་དཀྲུགས་ཤིང་རྒྱག་གི་ཡོད་པ་མི་མང་ཚོས་ཧ་གོ་དགོས་རེད་ཅེས་ཞུས་ཡིན། ༼འདིས་གནས་ཆུང་དང་གནས་ཆུང་རྗེས་འབྲངས་པ་ཚོས་བོད་པའི་སྤྱི་ཚོགས་ནང་རྡོ་རྩ་གཅིག་བསྒྲིལ་མེད་པ་བཟོས་ཡོད་པ་གསལ།༽
ང་ཚོ་ཆོས་ལ་མཁས་པ་ཞེ་དྲགས་མིན་ཏེ། ཡིན་ནའང་ཆོས་ཀྱི་ནང་ལ་གང་གསུངས་ཡོད་པ་དེ་ཚོ་གང་ལ་གང་ཙམ་ཤེས་མཁན་གྱི་གང་ཟག་གཅིག་ཡིན། ལྷ་འདྲེ་གདོན་བགེགས་དེ་ཚོ་ཕབས་ནས་༼གནས་ཆུང་ལ་གོ༽ལྷ་གསོལ་ཀླུ་གསོལ་བྱེད་པ་འདི་ཆོས་ཡང་དག་པ་གཅིག་མིན་པ་༧སྐྱབས་མགོན་རིན་པོ་ཆེས་ཉེ་བའི་ལོ་ཤས་ནང་ལོགས་ལ་བཀའ་སློབ་རབ་དང་རིམ་པ་ནང་ལ་གསུངས་བསྡད་མཁན་ཞིག་ཆགས་ཡོད་རེད།
དེ་རིང་སྟབས་ཡག་པོ་ཞིག་ལ་ཆོས་རིགས་བཀའ་བློན་གྱིས་བཀའ་གང་གནང་སོང་ཟེར་ན། ཡང་ནས་ཡང་དུ་གནས་ཆུང་སྐུ་རྟེན་གྱི་སྐོར་ལ་བགྲོས་ཚོགས་ནང་ལ་སླེབས་ཡོང་དུས་འདི་ཧ་ལམ་དེ་ནས་གནས་ཆུང་ལྷ་གསོལ་ཀླུ་གསོལ་བྱེད་པ་འདི་མ་དགོས་ན་ཡག་པོ་འདྲ་བོ་གཅིག་ཡོད་འདྲ་པོ་གསུང་སོང་། འདི་ཧ་ལས་པའི་ཡག་པོ་རེད་བསམ་གྱི་འདུག །རྩ་བ་ནས་དགོས་ཀྱི་མི་འདུག །རྙོག་ཁྲ་རྐྱང་རྐྱང་བསླངས་བསྡད་ཀྱི་འདུག །
༼གནས་ཆུང་གིས་༧གོང་ས་མཆོག་ལ་རྡོ་རྗེ་ཤུགས་ལྡན་གདོན་འདྲེ་ཡིན་ཚུལ་ཤོད་ཡོད་པ་སྟོན་གྱི་འདུག༽ང་ཚོ་སྤྱི་ཚོགས་ནང་ལྷ་འདྲེ་གདོན་བགེགས་ཀྱི་རྙོག་ཁྲ་ད་ལྟ་བར་དུ་ལོ་ལྔ་བཅུ་ནང་ལ་གང་འདྲ་ཆགས་སོང་ངམ། ཚང་མ་ལྷ་འདྲེ་གདོན་བགེགས་གཅིག་ཡ་རེད་མ་རེད་ཟེར་ནས་རྙོག་ཁྲ་འདི་འདྲ་བཟོ་ནས་ང་རང་ཚོའི་བཙན་འབྱོལ་ནང་རྡོ་རྩ་ཆིག་སྒྲིལ་མེད་བཟོ་ཡིན་པ། ༼ང་ཚོ་ཆོས་ལུགས་ཀྱི་རྐྱེན་གྱི་རྡོ་རྩ་གཅིག་སྒྲིལ་མེད་པ་ཆགས་ནས་བོད་མི་ཚོ་ཐོབ་རྒྱུ་གང་ཡང་ཡོད་མ་རེད།༽འདི་ཚོ་མེད་པ་བཟོ་ན་དགའ་བསུ་ཡོད། རྗེས་སུ་ཡི་རང་ཡོད་ཅེས་ཞུ་ཡ་ཡིན།
ད་དུང་འདི་དང་འབྲེལ་ནས་ཆོས་རིགས་བཀའ་བློན་གྱིས་ག་དུས་ཡིན་ནའང་ཆོས་རིགས་ལས་ཁུངས་ནང་ལ་རྔ་བརྡུང་བརྡུང་གནང་བསྡད་ཀྱི་འདུག །དེ་མ་ཡིན་པ་གཅིག་གནང་དགོས་རེད་མདོག་མདོག་གསུངས་ཀྱི་འདུག ༼གནས་སྟངས་འདི་འདྲ་ལྟས་ན་བོད་པའི་སྤྱི་ཚོགས་ནང་གནས་ཆུང་འབབ་ནས་རྡོ་རྩ་གཅིག་སྒྲིལ་མེད་པའི་རྒྱུ་ཆགས་རེད།༽ ཆོས་རིགས་ལས་ཁུངས་ལ་རྔ་མ་བརྡུང་ན་ག་བ་བརྡུང་དགོས་རེད། ༼གནས་ཆུང་འབབ་ནས་བོད་པའི་སྤྱི་ཚོགས་ནང་གྲུབ་འབྲས་ཏག་ཏག་སྒྲུབ་མེད་པས་མི་དམངས་ཚོས་གནས་ཆུང་ལ་དགའ་ཡོད་མ་རེད།༽ཕོག་སྤྲད་མཁན་ཆོས་རིགས་ལས་ཁུངས་རེད་འདུག །དེ་མེད་ན་སྒྲིགས་ཀྱི་མ་རེད་ཅེས་ཆོས་རིགས་བཀའ་བློན་གྱིས་གསུང་གི་འདུག །མཐོང་ཡས་མེད་མཁན་གྱི་བཀའ་དྲིན་ཆེན་པོ་རེད་གསུང་སོང་། མཐོང་ཡས་མེད་པའི་བཀའ་དྲིན་ཆེན་པོ་ཡིན་པ་ང་ཚོ་ག་བ་ལ་གཞི་འཛིན་དགོས་རེད། ད་ང་ཚོ་བགྲོས་གླེང་བྱེད་རྒྱུ་རེད། སངས་རྒྱས་ཀྱི་ཆོས་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ནང་གནང་ཆུང་ཕབས་དགོས་ཞེས་གང་དང་གསུངས་འདུག་གམ།
ད་གནས་ཆུང་ཕབས་ཀྱི་ཡོད་རེད། ཁོ་རང་ནི་སྐེ་ཐགས་པས་འདམ་ནས་ཧག་ཧག་ལབ་སྡད་ཀྱི་འདུག །སུ་གཅིག་གིས་ཀྱང་གོ་ཡི་མི་འདུག འདི་གོ་མཁན་དེ་སུ་རེད། གོ་མཁན་དེས་ལྷ་སྐད་གང་ནས་སྦྱང་པ་རེད་དམ། ཁོ་རང་མ་སྐྱེས་ཡོང་དུས་ནས་ལྷ་སྐད་གོ་ཡི་ཡོད་རེད་པས། གཅིག་ལྷ་རེད་ཞག །གཅིག་འདྲེ་རེད་ཞག །གཅིག་བདུད་རེད་ཞག དུས་རབས་ཉི་ཤུ་རྩ་གཅིག་འདྲ་བོ་སླེབས་བསྡད་ཡོད་རེད། ང་ཚོ་ད་དུང་ཡང་རྗེས་ལུས་ཀྱི་རྣམ་པ་འདི་མ་འགྱུར་བ་ཡིན་ན་གང་འདྲ་ཆགས་སོང་ངམ། འདི་ཆོས་ཡང་དག་པ་མ་རེད་ཅེས་ཞུ་ཡ་ཡིན། ཆོས་རིགས་ལས་ཁུངས་ཀྱིས་གནང་དགོས་པ་འདི་མ་གནང་། མ་གནང་དགོས་པ་འདི་གནང་བསྡད་ཀྱི་འདུག་ཞེས་ཞུ་རྒྱུ་ཡིན།
ནང་ཆོས་གཞི་གཞག་ནས་བཤད་ན། གནས་ཆུང་སྲུང་མ་བསྟེན་པ་དང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་སྲུང་མ་བསྟེན་པ་གཉིས་ལ་ནང་པའི་ཆོས་ཀྱི་ངོས་ནས་ཁྱད་པར་སྤུ་ཙམ་ཞིག་ཡོད་པ་མ་རེད། གཉིས་ཀར་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བ་གཅིག་པ་རེད། དེང་སང་སོ་སོའི་འདོད་ཕྱོགས་ཀྱིས་ལྷ་ལ་ཡག་སྡུག་གི་གཏམ་འཆལ་བོད་པའི་སྤྱི་ཚོགས་ནང་ཁྱབ་སྡད་ཡོད་རེད། དེ་ཚོ་སྐད་ཆ་གསར་པ་རེད། རྙོག་ཕྲ་གསར་པ་རེད། བོད་མི་ཚོ་ད་དུང་རྨོངས་དད་ཁོ་ནས་གཞན་དབང་དུ་སོང་ནས་དུས་རབས་ཉེར་གཅིག་ཐོག་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། བཤད་རྒྱུ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་རེད་ཞེས་ཟེར་གྱི་ཡོད། དོན་ངོ་མ་རྨོངས་དད་ཁོ་ན་བྱེད་ནས་འགྲོ་གི་ཡོད་རེད་དོ།།
ཁ་སྣོན།
གནས་ཆུང་གྲྭ་ཚང་གི་ལེན་འདེབས་དབྱིན་འགྱུར།
སྤྱི་འཐུས་བསྟན་ཡར་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འགྲེལ་བརྗོད་བྱེད་ནས་ཉིན་ཁ་ཤས་ནང་། གནས་ཆུང་གྲྭ་ཚང་ནས་ལམ་སེང་ཁོང་ལ་ཉེས་འཛུགས་བྱེད་པའི་ཡི་གེ་ཞིག་དཀྲམ། སྔར་བཤད་ཟིན་པའི་གནད་དོན་རྣམས་ཡི་གེ་ནང་གསལ། ཡིག་སྒྱུར་འོག་ལ་བཞག་ཡོད།
- བོད་མི་མང་པོས་གནས་ཆུང་བསྟེན་གསོལ་བྱེད་པ་དེ། བོད་ཀྱི་མང་གཙོའི་ལམ་ལུགས་དང་བོད་མི་མཐུན་སྒྲིལ་ལ་གནོད་ཀྱི་ཡོད་པས། ནོར་འཁྲུལ་ཡིན་ཚུལ་གོ་དོན་རྟོགས་པར་འགོ་འཛུགས་གནང་ཡོད། བསྟན་པ་ཡར་འཕེལ་གྱིས་འགྲེལ་བརྗོད་དང་འབྲེལ་བའི་ལེན་འདེབས་ཀྱི་ཆེད་དུ་མི་མང་པོ་དགོན་པ་ལ་བཅར་བ་རེད། གང་ཡིན་ཞེས་ན་བཙན་བྱོལ་གཞུང་གིས་གནས་ཆུང་མུ་འཐུད་ནས་བསྟེན་གསོལ་བྱེད་པ་དེའི་སྐོར། མི་མང་པོས་བསམ་ཚུལ་གཅིག་པ་རེད། གལ་ཏེ་མི་མང་ལ་འདི་འདྲ་སེམས་འཚོར་གང་ཡང་མེད་ཁོ་ཚོས་དེ་འདྲ་བྱེད་ཀྱི་མ་རེད། འདི་བོད་མི་རིགས་ཚང་མ་འདྲ་མཉམ་གཅིག་པ་ཡིན་ཚུལ་སྟོན་ཞིང་། ནོར་འཁྲུལ་གང་ཡོད་པ་དེ་ཚོ་དོར་ནས་ཡར་ལངས་དགོས་པ་མཚོན་གྱི་ཡོད།
- གནས་ཆུང་དགོན་པས་བསྟན་པ་ཡར་འཕེལ་གྱི་འགྲེལ་བརྗོད་ལ་རྒྱུ་ཚན་དང་མཐུན་པའི་ལེན་རྒྱག་ཡོད་མ་རེད། ཡིན་ནའང་ཁོ་ལ་བསྟོད་ར་གཏོང་ནས། གནས་ཆུང་ཆོས་སྐྱོང་གྲགས་ཅན་ཞིག་རེད། མི་མང་ཚང་མས་ཡིད་ཆེས་བྱེད་དགོས། ༧གོང་ས་མཆོག་གིས་ཞལ་ནས་གང་གསུངས་པ་དེ་ལས་ལྷག་པ་གཞན་གང་ཡང་མེད་པས་ཚང་མས་ཡིད་ཆེས་བློ་གཏད་བྱེད་དགོས་སོ་ཞེས་ཟེར། འོན་ཀྱང་འདི་ནང་པ་སངས་རྒྱས་པའི་ཆོས་དང་འགལ་ཚར་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་ཚང་མ་ལ། ཆོས་དང་མཐུན་པའི་རྒྱུ་མཚན་དྲངས་དགོས་སོ་ཞེས་གསུངས། ཡིན་ནའང་དགོན་པས་འདི་འདྲ་རྒྱུ་མཚན་གང་ཡང་དྲངས་མི་འདུག
- བསྟན་པ་ཡར་འཕེལ་གྱིས་གང་བཤད་པ་དང་བོད་མི་ཚང་མས་སེམས་ཚོར་དེས་གནས་ཆུང་ལ་ཉེན་བརྡ་གཏོང་མེད་ན། གནས་ཆུང་གྲྭ་ཚང་གིས་རྒྱུ་མཚན་མེད་པའི་ལེན་འདེབས་སྲིད་དམ། ཁོ་ཚོ་ལ་གླ་ཕོགས་སྤྲད་མཁན་བོད་གཞུང་རེད་འདུག གླ་ཕོགས་ཪག་རྒྱུའི་ཆེད་དུ་གཞུང་དང་འབྲེལ་བ་བྱས་པ་རེད། དགོན་པ་ཆོས་རིགས་ལས་ཁུངས་ཀྱི་ཁོངས་སུ་བརྩི་ནས། དེ་ལ་གཞུང་གིས་གླ་ཕོགས་སྤྲད། དེ་ཚོ་ལ་འཚོ་ཐབས་ཀྱི་སྐོར་སེམས་ཁྲལ་མེད་དམ། གལ་སྲིད་ཉིན་གཅིག་བཙན་བྱོལ་བོད་གཞུང་གིས་བེད་སྤྱོད་མ་བྱེད་ན། དེ་ཚོའི་གླ་ཕོགས་དེ་གང་ཆགས་ཀྱི་ཡོད་དམ། རྒྱུ་ཚན་དང་མི་ལྡན་པའི་ཡི་གེ་བཀྲམ་པའི་དགོས་པ་དངོས་གནས་ཡོད་དམ།
- གནས་ཆུང་དགོན་པ་དེ་ཆབ་སྲིད་ལས་དོན་ལ་འབྲེལ་བ་མེད་ན་ག་རེ་བྱས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་ལ་འགྲེལ་བརྗོད་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། བསྟན་པ་ཡར་འཕེལ་གྲྭ་བ་ཞིག་ཡིན་པས་ཆབ་སྲིད་ཐོག་ལ། ཁོང་གི་ཆོས་ཕྱོགས་དང་འབྲེལ་བའི་བོད་གཞུང་གིས་བསྟེན་གསོལ་བྱེད་པའི་སྲུང་མའི་སྐོར་འགྲེལ་བརྗོད་བྱས། གང་ལྟར་གནས་ཆུང་དགོན་པ་ཆབ་སྲིད་པ་མ་ཡིན་ན། དེ་ཚོའི་ཐོབ་བྱ་གླ་ཕོགས་ལ་དངོས་གནས་གནོད་ཀྱི་ཡོད་པས། དེ་ཚོའི་ཆབ་སྲིད་ཀྱི་ལས་རིམ་དེ་ལ་འགྲེལ་བརྗོད་བྱས་རེད་མ་གཏོགས་གཞན་རྒྱུ་ཚན་གང་ཡང་ཡོད་མ་རེད།
གཏམ་བཤད་དེས་བོད་མི་མང་ཚང་མའི་སེམས་ནང་གི་ཚོར་བ་གསལ་ཁ་འདོན་པ་རེད་མ་གཏོགས་གཞན་གནས་ཆུང་ལ་གནོད་སྐྱོན་གང་ཡང་བྱེད་ཡོད་མ་རེད། དེ་ཚོའི་འགྲེལ་བརྗོད་དེ་ལ་བསྟན་པ་ཡར་འཕེལ་གྱིས་གང་བཤད་པ་དེ་ལ་བསམ་བློ་ཡག་པོ་གཏོང་ནས་ལེན་དྲང་པོ་མ་འདེབས་པ་བྱེད་ནས་རྒྱག་པའི་དོན་མེད་ལེན་འདེབས་འདིས་གང་ཡང་མངོན་གསལ་བྱེད་ཀྱི་མ་རེད། གནད་དོན་འདི་འདྲ་གང་ཡང་བཤད་ཡོད་མ་རེད་ཏེ། ལེན་འདི་འདྲ་འདེབས་དགོས་པའི་དགོས་པ་གང་ཡིན་ནམ། འདི་མངོན་གསལ་མི་འདུག །གནས་ཆུང་སྐུ་རྟེན་དང་བོད་གཞུང་གི་འབྲེལ་བའི་སྐོར་དང་དགོན་པའི་ཁེ་འཕེན་དངོས་ཀྱི་སྐོར་འདྲི་བ་མང་པོ་ཡོད་པ་གཞི་བཟུང་འདི་ལ་ལེན་མངོན་གསལ་གང་ཡང་མི་འདུག །
བཙན་བྱོལ་ནང་གི་བོད་མི།
༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ ༡༩༥༩ ལོར་སྐུ་འཁོར་ཧྲག་བསྡུས་བཅས་པ་བོད་མི་༡༥༠༠༠༠ ཆིག་འབུམ་ལྔ་ཁྲི་ལྷག་ཁྱིམ་ཚེ་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་ཉེན་ཁ་མེད་པར་སྐྱབས་བཅོལ་རག་པ་རེད། དེ་ནས་རྒྱ་གར་གྱི་དཔོན་པོ་ཇ་ཝ་ཧར་་ནེ་ཧྲུ་དང་རྒྱ་གར་མི་མང་གི་བཀའ་དྲིན་ལ་རྟེན་ནས་Buxa བག་ཟ་ལ་བོད་པའི་གཞིས་ཆགས་ཆགས་པ་རེད། བོད་པའི་གཞིས་ཆགས་ཐོག་མ་དེ་རེད། དེ་རྗེས་རྒྱ་གར་ནང་བོད་མི་ཚོ་གཞིས་ཆགས་༢༤ལྷག་ལོགས་སུ་འགྲེམས། གཞིས་ཆགས་འདི་ཚོ་ལོ་༩༩ བར་གྱི་ཆེད་དུ་བོགས་གཏོང་བྱས།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་ཡོད་པའི་བོད་པའི་གཞི་ཆགས་དེ་ལ་རྡ་རམ་ས་ལ་ཟེར་ཞིང་། བཙན་བྱོལ་བོད་གཞུང་ཡོད་ས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡོད་རེད། དེང་སང་ཕལ་ཆེ་བས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁང་ཟེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྟེ་གནས་དེ་ལ་ཡོད་རེད། གཞུང་འདི་ལྷན་ཚོགས་གསུམ་སྒྲིལ་ནས་བཟོ་བ་དང་། དེ་ཚོས་བོད་ཀྱི་མང་གཙོའི་ལམ་ལུགས་ལ་ཁྲིམས་ཞིབ་ལྷན་ཚོགས་དང་། ཁྲིམས་བཟོ་ལྷན་ཚོགས། བཀའ་ཤག་བཅས་ཀྱི་གཞི་བཟུང་བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་བཅའ་ཁྲིམས་རྩི་སྲུང་བྱེད། དངོས་གནས་བྱེད་ན། དེ་ཚོ་ཐབས་ལམ་དང་འགྲོ་སྟངས་འདི་ནང་བཞིན་འགྲོ་ན། ད་བར་༧གོང་ས་༧སྐྱབ་མགོན་ཆེན་པོ་མཆོག་གི་སྐུ་དབང་འོག་ལ་རེད། སྲིད་ཀྱི་གནད་དོན་ལ་༧གོང་ས་མཆོག་གི་ཐག་གཅོད་གནང་གི་རེད། གང་ཡིན་ཞེས་ན་ཁོང་ད་བར་བོད་ཆོས་སྲིད་གཉིད་ཀྱི་དབུ་ཁྲིད་རེད་བསྡད་ཡོད།
ཕྱི་ལོ་ ༡༩༦༠ ལོར་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གིས་བོད་མང་གཙོའི་ལམ་ལུགས་སུ་བཀའ་སློབ་གནང་བ་གཞི་བཟུང་ན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་གནང་ནས་མནའ་གན་མཐུ་མོ་ཆེ་འབུལ། གསར་བསྐོད་སྤྱི་འཐུས་རྣམས་ཀྱིས་ཕྱི་ལོ་༡༩༦༠ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་ཞུས་པ་དང་འབྲེལ། ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས་པའི་སར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དབུ་རྙེས་ཤིང་། ལོ་ལྟར་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད། དེ་ལྟ་ནའང་ད་ལྟ་བར་རྟེན་རྟེན་མང་གཙོའི་ལམ་ལུགས་ཡང་དག་ཞིག་རྩ་བ་ཉིད་ནས་མི་འདུག །
རྡ་རམ་ས་ལ་དེ་བཙན་བྱོལ་བོད་མི་ཚོའི་ལྟེ་གནས་ཡིན་པས། ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ཡུལ་དར་སྲོལ་ཆེན་པོ་ཞིག་ཆགས་བསྡད་ཡོད། བོད་ནས་བོད་མི་གྲངས་ཕལ་ཆེར་ ༡༥༠༠༠༠ ལྷག་ཐོན་ཡོད་པ་དེ་ནང་ནས། ཕན་ཆེར་བོད་མི་གྲངས་ཀ་༩༥༠༠༠ བོད་གཞིས་ཆགས་ཁག་གཞན་ནང་དུ་བསྡད་ཀྱི་ཡོད་པ་དང་། གཞན་བོད་མི་༢༠༠༠༠ ལྷག་རྡ་སར་བསྡད་ནས་བོད་ཀྱི་ཕྱི་ལོག་ལ་བོད་མིའི་གཞིས་ཆགས་ནང་ནས་བོད་མི་མང་ཤོས་གནས་ས་བཟོ་ཡོད་པ་རེད། རྡ་རམ་ས་ལའི་ཉེས་ཁྲིས་ཀྱི་ས་ཁུལ་མེག་ལོ་གན་ཇི་ཟེར་བ་དེ་ལ་རྒྱ་གར་མི་མང་ལས་ལྷག་པའི་བོད་མི་བསྡད་ཡོད་རེད།
གནས་ཆུང་།
གནས་ཆུང་ནི་བཙན་བྱོལ་བོད་གཞུང་གིས་ཆོས་སྐྱོང་ཞིག་ལ་སྤྲད་པའི་མིང་ཞིག་རེད། ཆོས་སྐྱོང་འདིའི་མཚན་དངོས་ནས་བྱེད་ན་པེ་ཧར་རྒྱལ་པོ་རེད། ཁོང་འབྱུང་ས་ནི་སྔ་རབས་ཀྱི་ཛོ་ཧོར་པེར་སི་Persia་བོད་དུ་འབྱོར། དེ་ནས་སྔ་མ་བོད་དུ་ནང་ཆོས་དར་སྐབས་ཁོ་བོས་བླ་ཆེན་མང་པོ་ལ་ཆོས་དར་མི་བཅུག་པའི་བར་ཆད་ཆེན་པོ་བྱས། རྒྱ་གར་གྱི་གསང་སྔགས་མཁས་པ་སློབ་དཔོན་པད་མ་འབྱུང་གནས་བོད་དུ་བསྟན་པ་ལ་འགལ་རྐྱེན་བྱེད་མཁན་འདུལ་བར་བོད་དུ་ཕེབས་ཏེ་གདོན་འདྲེ་འདི་ལ་གནོད་སྐྱོན་བྱེད་པར་མཚམས་འཇོག་ཞེས་དམ་བཅའ་ལེན་དུ་འཇུགས །དེ་བཞིན་ནང་ཆོས་དང་ནང་པ་སངས་རྒྱས་པ་རྣམས་ལ་སྲུང་སྐྱོབ་བྱེད་པར་དམ་བཅའ་ཡང་ལེན་དུ་འཇུགས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལུང་པ་དེའི་ཡུལ་ལྷ་དང་རྣམ་ཤེས་སོགས་ཀྱང་སྡུད་ཏེ་གནས་ཆུང་དབང་འོག་ཏུ་འཇུགས་ཞིང་ཁོང་ལ་ནང་པའི་དགོན་པ་དང་པོ་བསམ་ཡས་དགོན་པར་མངའ་གསོལ་བྱས།
སྔོན་མ་གནས་ཆུང་གི་བཀའ་ཡི་སློབ་དཔོན་གཙོ་བོ་རྡོ་རྗེ་དྲག་ལྡན་གྱིས་སྐུ་རྟེན་བརྒྱུད་ནས་བོད་གཞུང་ཆེད་དུ་བཀའ་ལུང་སོགས་འབོག་གིས་ཡོད་པ་རེད། དེར་གནས་ཆུང་སྐུ་རྟེན་དེ་ཉིད་ཡང་སྤྱི་གཞུང་སྐུ་རྟེན་དུ་ཆ་འཇོག་བྱོས་ནས་བོད་གཞུང་ཆེད་དུ་བཀའ་ལུང་སོགས་འབོག་གི་ཡོད་རེད། ཡིན་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྡུར་བྱེད་ས་དེ་ཉིད་གནས་ཆུང་ཡིན་པར་མི་མང་པོས་དེང་སང་ཡིད་ཆེས་བྱེད་ཀྱི་མེད། དེ་མ་ཟད་ཁོང་ཚོས་ངན་སེམས་ཅན་གྱི་རྣམ་ཤེས་དེ་ཉིད་སྤྱིར་བཏང་ནས་བོད་གཞུང་མེད་པ་བཟོ་བར་སླར་གསོན་པས་མཚན་ལ་གཉའ་སྤྲུལ་ཟེར། ཁོང་གི་ཚེ་སྔོན་མ་ནང་ཁོང་གིས་༧གོང་ས་སྐུ་ཕྲེང་ ༡༣ མཆོག་གི་སྐུ་བཀྲོང་བར་འབད་བརྩོན་བྱེད་པ་རེད་ཞེས་རྒྱུ་མཚན་གྱི་རྐྱེན་གྱིས་བོད་གཞུང་གིས་ཁོང་ལ་གདུག་རྩུབ་བྱེད་ཏེ་གསོད་པ་རེད། ཁོང་དེ་དུས་འཆི་བཞིན་སྐབས་བོད་གཞུང་མེད་པ་བཟོ་ཆེད་དུ་ཡང་སྐྱར་སྐྱེ་བ་ལེན་གྱི་ཡིན་ཞེས་དམ་བཅའ་བ་རེད། དུས་དེ་ནས་བཟུང་གནས་ཆུང་གི་བཀའ་ལུང་གང་འབོག་པ་དེ་དག་ཚང་མ་རྫུས་མ་རེད་ཞེས་ཡིད་ཆེས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། བཀའ་ལུང་དེ་དག་ནི་གཉའ་སྤྲུལ་ནས་འབྱུང་བ་ཡིན་པས་གནས་ཆུང་ནས་མིན།
༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་མཆོག་གིས་གང་གསུངས་པ་རེད་ཟེར་ན། དོན་དམ་གྱི་གནས་ཆུང་ནི་ལྷ་ཕན་སེམས་ཅན་དང་ཕན་ནུས་ལྡན་པ་ཞིག་རེད་གསུངས། ཡིན་ཡང་བླ་མ་སྐྱེས་ཆེན་དམ་པ་མང་པོ་དང་བོད་མི་མང་པོས་སྐུ་ཕེབས་མཁན་དེ་གནས་ཆུང་ཁོང་རང་ཡིན་ཞེས་བདེན་པར་མི་འཛིན། དེ་དག་འབྱུང་པ་ནི་བོད་གཞུང་གི་ལས་ངན་ཆེན་པོའི་རྐྱེན་གྱི་འབྱུང་པ་རེད། དེར་བོད་གཞུང་ལ་བཀའ་ལུང་འབོག་མཁན་དེ་གཉའ་སྤྲུལ་ཁོ་ན་ཡིན་པས་གཞན་སུའང་མིན།
དེར་བོད་མིའི་མཐུན་སྒྲིལ་དེ་འཇོམས་པར་བློ་རྩ་བརྟན་པོར་བྱེད་ཡོད་པ་དང་གནས་ཆུང་ནང་ལྟར་ལུས་ཀྱི་སྟངས་ཀ་འཁྱེར་ཏེ་བོད་གཞུང་ལ་བཀའ་ལུང་རྫུས་མ་གནང་། དེ་འདྲ་བྱེད་ནས་བོད་གཞུང་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་དེ་འདྲའི་ཐག་གཅོད་དེའི་དོན་གོ་མ་ཆོད། གང་ཡིན་ཟེར་ན། ལོ་ ༦༠ རྗེས་སུའང་བོད་མིའི་རྣམས་བོད་དུ་ལོག་མི་ཐུབ་པའི་རྒྱུ་མཚན་དེ་འདྲ་ཡིན་པ་སྤྱི་འཐུས་བསྟན་པ་ཡར་འཕེལ་འཚུད་པའི་བོད་མི་མང་པོས་དེ་འདྲ་ཡིན་པར་མངོན།
སྤྱི་ལོ་ ༡༩༥༩ ལོར་འབྲུག་རྒྱལ་ཁབ་དང་བལ་ཡུལ་གཉིས་ནི་མང་ཚོགས་ཉུང་ཉུང་དང་ལྡན་པའི་རྒྱལ་ཁབ་རེད། ཡིན་ན་ཡང་ཁོང་ཚོའི་རྒྱལ་པོ་དང་ས་སྐྱོང་སོགས་དཔུང་སྟོབས་ཅན་དང་སོ་སོའི་རྒྱལ་ཁབ་བཙན་འཛུལ་ནས་སྐྱོབ་པར་ཁོང་ཚོའི་གཞུང་དེ་ཉིད་འཕྱུག་པ་མེད་པ་རེད། སྐབས་དེ་དུས་འབྲུག་པ་དང་བལ་མིའི་དབུ་ཁྲིད་རྣམས་ཀྱིས་སྐབས་དེ་དུས་སོ་སོའི་མི་མང་གི་བདེ་སྐྱིད་ཀྱི་དོན་དུ་འབད་རྩོན་བྱེད་པས་རྒྱུ་མཚན་གྱི་ད་བར་སོ་སོའི་ལུང་པ་རང་བཙན་མ་ཤོར་བ་རེད།
དེར་དྲི་བ་འདི་ག་རེ་རེད་ཟེར་ན། བོད་རྒྱལ་ཁབ་དེ་ཉིད་དུ་ཁོང་ཚོའི་ལྷ་དང་བླ་མ་དང་ཆོས་སྐྱོང་སྲུང་མ་ཡོད་ཅིང་སོ་སོའི་རྒྱལ་ཁབ་སྐྱོང་མི་ཐུབ་པ་གང་ཡིན་ནམ། ག་རེ་ཡིན་ཡང་བོད་རྒྱལ་ཁབ་ཤོར་བ་དེ་སུའི་ནོར་འཁྲུལ་རྐྱེན་གྱི་ཡིན་ནམ། བོད་རྒྱལ་ཁབ་ནང་དེང་རབས་ཀྱི་དཔུང་དམག་མེད་པ་དང་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་སོགས་དང་ཕྱི་འབྲེལ་མེད་པ་དང་སློབ་གྲྭ་ཁག་ནང་དེང་རབས་ཀྱི་བསམ་ཤེས་སྐོར་སློབ་སྦྱོང་མི་སྤྲོད་པ་དང་ཆབ་སྲིད་ཀྱི་སྐོར་རྗེན་སྟོན་མ་གནང་བ་སུའི་ནོར་འཁྲུལ་ཡིན་ནམ།
བོད་རྒྱལ་ཁབ་དེ་ཉིད་རྗེས་ལུས་ཐེབས་པ་དང་མི་མང་རྣམས་བྲན་གཡོག་ན་གནས་དགོས་འབྱུང་བ་དེ་སུའི་ནོར་འཁྲུལ་ཡིན་ནམ། དེར་རྒྱ་ནག་ལེབས་པ་དང་བོད་གཞུང་དེ་ལས་སླ་པོ་བྱེད་ནས་ཡོད་དོ་ཐམས་ཅད་ལག་སྤྲོད་བྱེད་པ་རེད། རྒྱ་གཞུང་གིས་ས་ཆ་དང་ཐབས་བྱུས་དེ་བཞིན་མི་མང་སོ་སོའི་དབང་བསྒྱུར་བར་འབྲུག་རྒྱལ་ཁབ་དང་བལ་ཡུལ་གཉིས་དེ་ཧམ་བཟུང་བྱེད་མི་ཐུབ་པ་གང་ཡིན་ནམ། ད་ལྟ་བོད་གཞུང་གིས་སོ་སོའི་མི་མང་ཉེན་སྲུང་བྱེད་མི་ཐུབ་ཅིང་བོད་དང་རྒྱ་གཞུང་བར་ཞི་འཇམ་གྱི་འབྲེལ་བ་བཟོ་མི་ཐུབ་པ་བཞིན་དུ་དེ་དུས་ཡང་བོད་གཞུང་གིས་སོ་སོའི་མི་མང་སྐྱོབ་མི་ཐུབ་པ་ཡིན་པ་ང་ཚོས་གསལ་པོ་ཤེས་ཐུབ། བོད་པའི་དབུ་ཁྲིད་རྣམས་ཀྱིས་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་དངུལ་རྩིས་ཐོག་ལ་ཁེ་བཟང་ལེན་ཆེད་དུ་དང་ཞེན་གནང་གིན་ཡོད་པ་མངོན། ནུབ་ཕྱོགས་ཡུལ་གྲུའི་གཞུང་ཚབ་རྣམས་ལ་བློ་མོས་བྱེད་པ་ལས་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་པ་དེ་མཚམས་འཇོག་ཏེ་བོད་ཕྱི་ནང་གཉིས་ཀར་གནས་ཡོད་པའི་བོད་མི་ས་ཡ་ ༦ ཆེད་དུ་རྒྱ་གཞུང་དང་གང་འདྲ་འབྲེལ་བ་བཟོ་དགོས་སྐོར་ཐབས་ཤེས་བྱེད་དགོས། རྒྱ་གཞུང་རྒྱབ་འགལ་མི་གནང་བར་འབྲེལ་བ་བཟང་པོ་བཟོ་ན་ལེགས།
བསྟན་པ་ཡར་འཕེལ་ལགས་ཀྱི་གསུང་བཤད་ལྟར་ན་གནད་དོན་འདི་འདྲ་ཆ་རྐྱེན་བྱེད་མཁན་གནས་ཆུང་ཁོང་རང་ཡིན་ཟེར། གང་ཡིན་ཟེར་ན། བོད་མི་ཚོས་སོ་སོའི་གཞུང་གི་ཆེད་དུ་འགན་མི་འཁུར་བ་ཡིན་ཅིང་། གནས་ཆུང་སྐུ་རྟེན་གྱི་བཀའ་ལུང་འཁྲུལ་ཅན་སོགས་ལ་ཡིན་རྟོན་བྱེད་ཀྱི་ཡོད་པ་འདིས་བོད་མི་ཚོ་གཅིག་གྱུར་མི་བཟོ་བ་གང་ཞིག་ལ་བོད་མིའི་བར་ལ་འབྲེལ་བ་གཅོད། བསྟན་པ་ཡར་འཕེལ་ལགས་ཀྱིས་སྤོབས་པ་དང་ཁོང་གིས་གསུངས་བཤད་རྐྱང་པ་འདིའི་བོད་པའི་དབུ་ཁྲིད་རྣམས་ཀྱི་བློ་གྲོས་གསལ་གྱི་ཡོད་པ་དང་བོད་མི་ཚང་མ་ཆོས་ལུགས་ལ་མི་ལྟོས་པར་མཐུན་སྒྲིལ་ཡོང་བའི་རེ་བ་ཆེན་པོ་ཡོད། དེར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་གནས་ཆུང་གིས་ཉེས་འཛུགས་ལྟར་དབྱེ་འབྱེད་པ་དང་དེའི་ཁ་གཏད་དུ་བློ་སྣ་ཁ་སྒྱུར་བྱེད་ཡོད། གནས་ཆུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་འབྲེལ་བ་གཅོད་དེ་མི་ཚེའི་ནང་དཀའ་ངལ་ཤིན་ཏུ་སྤྲོད་ཀྱི་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ནི་བོད་མི་ཡིན་པ་གཅིག་པ་ཡིན་པས་བོད་མི་གཞན་ལྟར་ཁོང་ཚོ་ཡང་སོ་སོའི་རྒྱལ་ཁབ་ལ་བརྩེ་བ་བྱེད་ཀྱི་ཡོད་རེད།
དཔལ་ལྡན་བསྟན་པ་ཡར་འཕེལ་ལགས་དང་ཁོང་དང་འདྲ་བའི་གང་ཟག་གཞན་གྱི་ཀྱང་ཁ་བསངས་ཏེ་བོད་རྒྱལ་ཁབ་ཕྱི་ནང་ལ་བཞུགས་ཡོད་པའི་བོད་མི་ཚང་མ་མཐུན་སྒྲིལ་བྱེད་ནས་སོ་སོའི་རིག་གཞུང་སྙཱིང་རྗེ་མོ། སྐད་ཡིག །དེ་བཞིན་ཆོས་ལུགས་དེ་དག་གཅེས་སྲུང་བྱེད་ཐུབ་ཀྱི་རེད་བསམ་པའི་ང་ཚོར་རེ་བ་ཡོད། བསྟན་པ་ཡར་འཕེལ་ལགས་ནི་དམངས་གཙོའི་དོན་དུ་སྔོན་དུ་འགྲོ་མཁན་ཞིག་རེད་འདུག །
བསྟན་པ་ཡར་འཕེལ།
དཔལ་ལྡན་བསྟན་པ་ཡར་འཕེལ་མཆོག་ནི་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་དང་ཁོང་ནི་ནང་ཆོས་བཀའ་བརྒྱུད་སྤྱི་འཐུས་གཉིས་ཀྱི་ནང་ནས་གཅིག་ཁོང་ཡིན། སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཉིད་ཀྱི་ལོ་དུས་དེ་ ༢༠༡༦ ནས་འགོ་འཛུགས་པ་དང་འདི་ ༢༠༢༡ བར་ཡིན།
དེ་མིན་གསར་འགྱུར་གཞན་ཁག །
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
[…] […]