ཕྱོགས་བསྡོམས་བྱ་ཆེད་དུ།
ཕྱི་ལོ་ ༡༩༩༦ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་དེ་བཀག་འགོག་བྱས་པ་རེད། ༧རྒྱལ་བ་རིན་པོ་ཆེས་རང་ཉིད་ཡིན་ནའང་ལོ་སུམ་ཅུ་ལྷག་གི་རིང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་པ་རེད། ལམ་སྲོལ་དེ་ནི་ཁོང་ཉིད་ཀྱི་དགེ་རྒན་གྱིས་གནང་བ་ཞིག་རེད། དེ་དག་མང་དག་ཞིག་གིས་ཕྱི་ལོ་༡༩༥༩ སྔོན་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད། (༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ནང་དུ་བཙན་བྱོལ་ལ་མ་ཕེབས་གོང་གི་དུས་ཚོད་ཞིག་རེད།)
ང་ཚོས་གོ་རྟོགས་ཡོད་པ་ནི་གནས་ཚུལ་དེ་ཐེངས་དང་པོ་གོ་ཐོས་བྱུང་མཁན་ཚོ་ལ་འཁྲུལ་སྣང་ཅན་གྱི་ཚོར་བ་ཞིག་སྦྱིན་ངེས། ཕྱོགས་གཉིས་ཁའི་ལམ་སྲོལ་ལ་བརྩི་འཇོག་བྱེད་མཁན་ཚོའི་དཀའ་ངལ་ལ་བརྟེན་ནས་སྤྱི་ཚོགས་ནང་ལ་དཀྲོག་གཏམ་དང་གནས་ཚུལ་རྫུན་མ་མི་ཉུང་བ་ཞིག་སྤེལ་ཡོད། དེ་ཙམ་མ་ཟད་ནང་པ་མ་ཡིན་མཁན་དང་ནང་ཆོས་ཀྱི་ཤེས་ཚད་ཞན་པོ་ཡོད་མཁན་ཚོ་ལ་༧རྒྱལ་བ་རིན་པོ་ཆེས་སྲུང་མ་དེ་བཀག་འགོག་བྱས་པའི་རྒྱུ་མཚན་དང་། ༧རྒྱལ་བ་རིན་པོ་ཆེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོད་མེད། སྤྱི་ཚོགས་ནང་ལ་དྲང་བདེན་མ་ཡིན་པའི་གནས་ཚུལ་ལོག་པ་དེ་འདྲ་ཅིའི་ཕྱིར་མི་དེ་ཚོས་༧རྒྱལ་བ་རིན་པོ་ཆེ་སྐྱོབ་པའི་དོན་དུ་བཀྲམ་བཞིན་ཡོད་དམ་ཞེས་པ་དག་རེད།
བཀག་འགོག་གི་གནད་དོན་དེ་ལ་ཉམས་ཞིབ་པ་དང་ཀློག་མཁན་ཚོ་ལ་འཁྲུལ་སྣང་སྐྱེ་སྲིད། ག་ལ་ཞེ་ན་ཆོས་ལུགས་དབྱེ་མེད་ཀྱི་གནད་དོན་མང་པོ་ཞིག་ཆོས་ཕྱོགས་དང་འབྲེལ་བ་ཤུགས་ཆེན་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་གོ་རྟོགས་མེད་མཁན་ཚོ་ལ་ཕྱོགས་གཉིས་ཀྱི་ཐག་གཅོད་ལ་ཆོས་ལུགས་ཀྱི་རྒྱབ་ལྗོངས་སུ་ལ་མང་བ་ཡོད་མེད་ཤེས་དཀའ་བ་ཞིག་རེད།
དེས་རྐྱེན་པས་ང་ཚོས་ངོས་ནས་ཁྱེད་ལ་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བའི་དྲི་བ་ཁག་རྒྱུ་མཚན་ཡང་དག་དང་། དཔང་རྟགས་གཞི་ལ་བཞག་ནས་གསལ་པོ་བཟོ་ཆོག ང་ཚོས་གནས་ཚུལ་དེ་ཁྱེད་ལ་ཕུལ་དོན་ནི། ཁྱེད་ཀྱི་བསམ་བློའི་ནང་དུ་བཀག་འགོག་གི་ལས་གཞི་དེའི་དངོས་ཡོད་ཤེས་པའི་ཁོ་ནའི་ཆེད་དུ་ཡིན་པ་མ་གཏོགས། ཁྱེད་ཉིད་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་གྱི་མི་ཞིག་བཟོ་དོན་མིན། དེའི་རྒྱབ་ལྗོངས་ཀྱི་བཀག་པའི་རྒྱུ་མཚན་ཡང་དག་དང་། ལས་གཞི་དེ་ཁྲིམས་མཐུན་ཞིག་མ་ཡིན་ཚུལ། དེ་ཅིའི་ཕྱིར་གོང་འཕེལ་གཏོང་དགོས་པ་སོགས་ཡིན།
ཁྱེད་ཉིད་བཀག་འགོག་གི་ལས་གཞི་དེས་མི་མང་དག་ཅིག་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པར་ཤེས་ཆེད་ལ་ཁྱེད་ཉིད་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་གྱི་མི་ཞིག་ལ་འགྱུར་ག་ལ་དགོས། དེ་ཙམ་མ་ཟད་གནད་དོན་དེ་ཡིས་བོད་མིའི་སྤྱི་ཚོགས་ཁྲོད་དུ་བཟོད་རླགས་བྲལ་བའི་བར་ཐག་ཞིག་བསྐྲུན་པ་རེད། ང་ཚོས་ཁྱེད་ཅག་ལ་ང་ཚོའི་ལངས་ཕྱོགས་ལ་ཡིད་ཆེས་དགོས་ཀྱི་ཡོད་པ་བརྗོད་ཀྱི་མེད་ནའང་། བཀག་འགོག་དེ་ཡིས་འདྲ་མཉམ་མ་ཡིན་པའི་གནས་སྟངས་མང་དག་ཅིག་བཟོས་ཡོད་པ་དེ་མྱུར་དུ་རྩ་མེད་གཏོང་བའི་རོགས་བསྐྱོར་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་དག་ལ་བརྟེན་ནས་མི་ཚང་མས་རང་ཉིད་ཀྱི་ཡིད་ཆེས་ས་ལ་ཡིད་ཆེས་ཆོག་པ་དང་མཇུག་འབྲས་ལ་ཞེད་སྣང་མི་དགོས་པ་དེ་རེད།
ལོ་ངོ་བཅོ་བརྒྱད་ལྷག་གི་རིང་ལ་གོ་ལ་ཡོངས་ལ་ཁྱབ་ཡོད་པའི་བོད་མི་གྲངས་ལས་འདས་པ་ལ་དཀའ་ངལ་མང་པོ་བཀག་འགོག་དེས་རྐྱེན་གྱིས་བྱུང་ཡོད་པ་རེད། དེ་ཙམ་མ་ཟད་མི་མང་ཁག་ཅིག་གིས་ལས་གཞི་དེ་ནང་ཆོས་ཤིག་ཡིན་མིན་ལ་ཐེ་ཚོམ་བྱེད་ནས་གནས་ཡོད། ན་ཟུག་ཅན་གྱི་ཚིག་འབྲུ་མང་པོ་ལམ་ཕྱོགས་གཉིས་ཁའི་ཕྱོགས་ནས་བརྗེ་རེས་བྱས་ཡོད་པ་རེད། གནས་སྟངས་དེ་མཚམས་འཇོག་དགོས་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀག་འགོག་གི་ལས་གཞི་དེ་ལ་རྒྱབ་བསྐྱོར་གནང་བའི་ང་ཚོས་རེ་བ་བྱེད་ཀྱི་ཡོད།
tsemrinpoche.com ཞེས་པ་དྲ་རྒྱའི་ལས་བྱེད་མཉམ་རུབ་པ་རྣམས།
དཀར་ཆག
- དྲི་བ་གལ་ཆེ་ཤོས། བཀག་འགོག་གཅིག་བྱུང་ཡོད་མེད། གནད་དོན་དེའི་རྙོག་འཛིང་ཅི་ཞིག་ཡིན། བཀག་འགོག་དེ་གང་འདྲ་བྱེད་ནས་ཡོང་བ་རེད། བཀག་འགོག་དེ་ལ་ནན་སྐུལ་བྱེད་སྟངས། ༧རྒྱལ་བ་རིན་པོ་ཆེ་ངོས་ནས་གནད་ཚུལ་དེ་ལ་བཀག་འགོག་བྱེད་མི་ཆོག་པའི་རྒྱུ་མཚན། མིང་མང་དག་སྟོན་པའི་དགོས་དམིགས་ཅི་ཡིན།
- ༧རྒྱལ་བ་རིན་པོ་ཆེ་ངོས་ནས་རྡོ་རྗེ་ཤུགས་ལྡན་ཅིའི་ཕྱིར་བཀག་འགོག་བྱེད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ངོས་ནས་ཁོང་གི་རྒྱུ་མཚན་གནང་པ་དང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པས་ཁོ་ཚོའི་ལན་འདེབས།
- བཀག་འགོག་དེ་འདོད་མོས་ཆེན་པོ་ངོས་ནས་ཅིའི་ཕྱིར་ཁྱབ་སྤེལ་བྱེད་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པས་དཔའ་མི་ཞུམ་པའི་རྒྱུ་མཚན།
- བཀག་འགོག་གི་དཔང་རྟགས།
དྲི་བ་གལ་ཆེ་ཤོས།
བཀག་འགོག་གཅིག་བྱུང་ཡོད་མེད།
ཡིན་དང་ཡིན། དེ་ལ་བཀག་འགོག་གི་གནས་ཚུལ་བྱུང་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ནས་བོད་མི་སེར་སྐྱ་ཕོ་མོ་ཡོངས་རྫོགས་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱ་མི་རུང་བ་དང་གལ་ཏེ་བསྟེན་གསོལ་གྱི་གནས་ཚུལ་བྱུང་ཚེ་དགོན་པའི་སྐྱིད་སྡུག་ནས་ཕྱིར་འཕུད་གཏོང་བ་སོགས་ཀྱི་གློག་བརྙན་མང་དག་ཞིག་ཡོད།
ཡང་མིན་ན་གློག་བརྙན་ལ་གནན་ནས་དྲ་ཐོག་ལ་འཚོལ།:
https://video.tsemtulku.com/videos/dl-contradictions.mp4
ཕྱི་ལོ་ ༡༩༩༦ལོར་ནས་བཟུང་སྤྱི་མཐུན་གྱི་ཐག་གཅོད་བཞི་ཅན་ཞིག་བོད་མིའི་སྤྱི་འཐུས་ལྷན་ཁང་ནང་དུ་འགྲེམས་སྤེལ་བྱེད་ཡོད་པ་རེད། དེའི་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་རྣམས་ཀྱིས་ཕྱོགས་གང་གི་ཐད་ནས་ཡིན་ནའང་བརྩི་སྲུང་བྱེད་དགོས་རྒྱུ། སྙན་ཐོ་དང་གསལ་བསྒྲགས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གྱི་ལས་གཞི་མཚམས་འཇོག་བྱ་དགོས་པ། དེ་མིན་ན་ལས་དོན་ལས་ཕྱིར་འཕུད་གཏོང་རྒྱུ་དང་། བོད་མིའི་གཞིས་ཆགས་ཁག་ཙམ་མ་ཟད་འཛམ་གླིང་ཡོངས་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རང་ཉིད་ཀྱི་ཚོང་ཁང་དང་། ཟ་ཁང་། སྨན་ཁང་། སློབ་གྲྭ། དགོན་པ་སོགས་ལ་ཡོང་མི་ཆོག་པའི་མོས་མཐུན་གྱི་མིང་རྟགས་བཀོད་ཆུག་ཡོད། བཀག་འགོག་དེ་ལ་མོས་མཐུན་མེད་མཁན་ཚོས་ངོ་ལོག་བརྒྱབ་དུས་བོད་མིའི་རྒྱལ་ཚོང་པ་ཞིག་ཏུ་ངོས་འཛིན་བྱེད་པ་དང་ཁོང་ཚོའི་མིང་དང་། ངོ་གདོང་། མི་སྒེར་གྱི་སྐོར་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་མིང་གཞུང་ཁྱབ་བསྒྲགས་བྱས་ཡོད།
ད་ལྟའི་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཞེད་སྣང་དང་། དགོན་པའི་ནང་དུ་བར་ཐག མུ་མཐུད་ནས་དྲ་རྒྱ་དང་གཟུགས་པོའི་གཉའ་གནོན་དེ་དག་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བཀག་འགོག་བྱས་པས་བྱུང་བ་དེ་གསལ་པོ་རེད།
དཔང་རྟགས་མང་དག་དགོས་ན་དེ་ལ་གནན་དང་།
གནད་དོན་དེ་རྙོག་འཛིང་ཅན་ཅི་ཞིག་ཡིན།
༧གོང་ས་མཆོག་གིས་གནའ་བོའི་ལམ་སྲོལ་ཞིག་བཀག་འགོག་བྱས་པ་རེད། དེ་ཙམ་མ་ཟད་བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱོགས་གང་ཐད་ནས་ནན་སྐུལ་ཐོག་ནས་བཀག་པའི་འབད་བརྩོན་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ནི་རྒྱ་གར་བྱང་ཕྱོགས་ལ་ཡོད་པའི་བོད་མིའི་མགོ་ཁྲིད་ཀྱི་གནས་ས་ཞིག་རེད།
བཀག་འགོག་དེ་གང་འདྲ་བྱེད་ནས་ཡོང་བ་རེད།
ཕྱི་ལོ་ ༡༩༩༦ ལོར་ནས་བཟུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་མང་རྡོ་རྗེ་ཤུགས་ལྡན་བསྟེན་མི་རུང་བའི་སྐོར་བརྗོད་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༧ པའི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཤིག་འོས་བསྡུ་མེད་པའི་ཐོག་ནས་འགྱུར་བཅོས་བཏང་བ་རེད། དེའི་རྒྱུ་མཚན་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མི་ཆོག་པའི་རྒྱུ་མཚན་གྱི་རེད། དེ་ལ་འོས་བསྡུ་མེད་པ་དང་། རྡོ་རྗེ་ཤུགས་ལྡན་གྱི་གནད་ཡོད་དབུ་ཁྲིད་དང་བསྟེན་གསོལ་བྱེད་མཁན་ལ་བཅར་འདྲི་གཅིག་ཀྱང་བྱེད་མེད། དེ་ཙམ་མ་ཟད་གྲོས་མོལ་དང་། བགྲོ་གླེང་། བསམ་ཚུལ་བརྗེ་རེས་སོགས་གང་ཡང་བྱུང་མེད་པ་རེད། ཐག་གཅོད་དེའི་རྐྱེན་པས་བོད་མི་སུ་འདྲ་ཞིག་ལ་གནོད་འཚེ་ཡོང་གི་ཡོད་པ་དེ་ཚོ་ལ་དྲི་བ་ཙམ་ཡང་བྱེད་མེད། མང་གཙོ་ཡིན་ཞེས་པའི་སྒྲིག་འཛུགས་ངོས་ནས་བསྟེན་གསོལ་བྱེད་མཁན་གྱི་མོས་མཐུན་མེད་པར་ཐག་གཅོད་བྱས་པ་རེད།
རྒྱ་ནག་ནང་ལ་རིག་གནས་གསར་བརྗེ་བྱུང་སྐབས་སེར་མོ་བ་ཚོ་ལ་མི་དམངས་མདུན་ལ་ཆོས་མི་བྱེད་པའི་དམ་བཅའ་འཇོག་ཆུག་ཡོད་པ་མ་ཟད། གལ་ཏེ་ཁས་ལེན་མ་བྱེད་ཚེ་བར་རྫས་ཀྱི་རྩ་མེད་བཟོ་པའི་འཇིགས་སྐུལ་ཡང་བཏང་ཡོད། བོད་ཀྱི་འགོ་ཁྲིད་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་བཀག་འགོག་ཆེད་དུ་ལས་གཞི་འདྲ་མིན་གྲ་སྒྲིག་བྱས་ཡོད། དེ་དག་ནི་ཁོ་ཚོའི་བསྟེན་གསོལ་གྱི་ལས་གཞི་མཚམས་འཇོག་པའི་ཆེད་དུ་རེད། རང་ཉིད་བཀག་འགོག་གི་ལས་གཞི་དེ་དག་ནང་ལ་འཛུལ་ཞུགས་འདོད་པ་མེད་མཁན་ཚོ་ལ་ཉེས་པ་དང་ཕྱིར་འཕུད་གཏོང་གི་ཡོད་པ་རེད། དེ་ཙམ་མ་ཟད་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་སྙིང་རྗེ་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱེད་ནས་འདྲ་མཉམ་མིན་པའི་གནས་སྟངས་དང་། རྒྱལ་ཚོང་པའི་ཉེས་མིང་སོགས་ཀྱང་བརྗོད་ཀྱི་ཡོད་པ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་མཚམས་འཇོག་མི་བྱེད་མཁན་གྱི་བོད་མི་སེར་མོ་དང་མི་སྐྱ་གཉིས་ཆ་ལ་མིང་རྗེས་ངན་པ་ཆེན་པོ་ཞིག་རང་ཉིད་ཙམ་མ་ཟད་ནང་མི་ལའང་ཆག་ཡོད་རེད། ཁོ་ཚོས་མིང་རྗེས་ངན་པ་དེ་འཛམ་བུ་གླིང་གི་ས་ཕྱོགས་གང་ལ་བསྐྱོད་ཀྱང་མཉམ་དུ་འཁྱེར་ནས་འགྲོ་ཡི་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་བོད་མི་ཨོས་ཊི་ལ་ཡ་དང་། ཐེའ་ཝན། སུ་ཛི་ལན། ཨ་རི་སོགས་གང་ལའང་ས་གནས་བོད་མིའི་སྤྱི་ཚོགས་ཀྱི་གཉའ་གནོན་དང་ས་གནས་ནས་ཕྱིར་འགྲོ་དགོས་པ་སོགས་ཀྱི་གནོན་ཤུགས་བྱུང་གི་ཡོད།
བཀག་འགོག་དེ་ལ་ནན་སྐུལ་བྱེད་སྟངས།
སྤྱི་བཏང་མཉམ་རུབ་ཀྱི་ཞེད་སྣང་དང་། འཇིགས་བསྐུལ། གྲོགས་དང་སྤྱི་ཚོགས་ཀྱི་གནོན་ཤུགས། དྲག་སྤྱོད་སོགས་བཀག་འགོག་ཆེད་དུ་བདེ་སྤྱོད་བྱེད་ཀྱི་ཡོད། སྐུལ་འདེད་དེ་དག་གི་ངེས་ཅན་དཔེ་མཚོན་འགའ་ནི།
- བོད་མིའི་གཞིས་ཆགས་ཁྲོད་དུ་ཤུགས་ལྡན་བསྟེན་མཁན་མ་ཡིན་པ་ཚོའི་བསྟེན་གསོལ་བྱེད་མཁན་དང་འབྲེལ་བ་བྱེད་མི་ཆོག་པའི་མཚོན་རྟགས་སོགས་སྦྱར་ཡོད། བྱ་སྤྱོད་དེ་ནི་གོ་ལ་ཡོངས་ལ་བོད་མིའི་ཆོས་ཚོགས་ལ་ཁྱབ་ཡོད་པ་རེད། ཉེ་བའི་ཆར་སིང་གྷ་པུར་གྱི་ཆོས་ཚོགས་འགའི་སྒོ་འགྲམ་ལ་མཚོན་རྟགས་དེ་སྦྱར་ཡོད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བོད་མིའི་མགོ་ཁྲིད་དང་སྤྱི་ཚོགས་ཞབས་ཞུ་ལས་གནས་ནང་ལ་ལས་གནས་ཀྱི་ཐོབ་ཐང་མེད་པ་རེད།
- ཉེ་བའི་ཕྱི་ལོ་ ༢༠༡༤ ལོར་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་གཞུང་འབྲེལ་དྲ་རྒྱ་ཐོག་ལ་ཁྱབ་བསྒྲགས་བྱས་ཡོད། སྙན་ཐོ་དེའི་ནང་དུ་པར་དང་། མིང་། ཁ་བྱང་སོགས་བོད་མིའི་ཚོ་ཡིས་ལས་སླ་པོ་ངང་ནས་ངོ་ཤེས་པའི་ཆེད་དུ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་རྒྱབ་ལྗོངས་མང་པོ་དེ་འདྲ་ཅིའི་ཕྱིར་དགོས་པ་རེད། ཁོ་ཚོ་ལ་གནོད་པ་དང་འཚེ་བ་བྱེད་རྒྱུ་མིན་ན་ཅི་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་འཚེ་བ་ཆེན་པོའི་ལོ་ཆེ་ཆུང་ལ་མི་ལྟོས་པར་འཐབ་རྒོལ་བྱས་ཡོད། ཉེ་བའི་ཆར་ཕྱི་ལོ་ ༢༠༡༣ ལོར་ལོ་༨༤ ཡིན་པའི་གྲྭ་བ་རྒས་འཁོགས་ཤིག་ལ་གདོང་རས་ནག་པོ་གྱོན་པའི་མི་ལྔ་ཡིས་གྲི་འཁྱེར་ནས་འཚེ་བ་ཡི་ལས་སྤེལ་ཡོད། འཐབ་རྒོལ་བྱེད་པའི་སྐབས་ལ་ཁོ་ཚོས་དགོས་དམིགས་ཁ་གསལ་བཤད་མེད་ནའང་། ཁོང་ཚོས་བྲོས་སྐབས་ཅ་དངོས་རྩ་ཆེན་གཅིག་ཀྱང་འཁྱེར་མེད་པ་རེད། དེས་འཐབ་རྒོལ་དེ་འཕྲོག་བཅོམ་གྱི་ཆེད་དུ་མིན་པའི་དཔང་རྟགས་བཟོ་ཆེད་ཙམ་རེད།
- ཉེ་བའི་ཆར་ལ་ཕྱི་ལོ་ ༢༠༡༤ ལོར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་དགོན་པ་ཁག་བཀག་འགོག་བྱེད་མཁན་ཚོའི་ལྟ་རྟོགས་བྱེད་མཁན་ཤི་བའི་རྗེས་ལ་རང་ཉིད་ཀྱིས་འཚེ་བ་ཆེན་པོའི་བླངས་ཡོད་པ་རེད།
- སྨན་བཅོས་ལྟ་རྟོགས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ཐོབ་ཐང་མེད་པ་རེད། གང་ལ་ཞེ་ན་ཕྱི་ལོག་སྒོ་འགྲམ་ལ་ཡོང་མི་ཆོག་པའི་མཚོན་རྟགས་གསལ་པོ་སྦྱར་ཡོད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ཟ་ཁང་དང་། ཚོང་ཁང་སོགས་ནང་ལ་ཁ་ལག་བཟའ་ཆོག་པའི་ཐོབ་ཐང་མེད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་དགོན་པ་དང་། ༧རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་ཡོང་ཆོག་གི་མེད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་བོད་མིའི་བཙན་བྱོལ་གྱི་ཐོབ་ཐང་བལ་ཡུལ་གནས་ལེན་ཁང་ལ་བཀག་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་གྲྭ་པ་ཚོའི་ཁང་པ་ལ་རྡོ་བཞུས་ཀྱི་ཡོད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་གྲྭ་པ་ཚོ་དགོན་པའི་ངོས་འཛིན་ལག་འཁྱེར་སྤྲད་མེད་པ་རེད། རྒྱུ་མཚན་ནི་གྲྭ་ཚང་གཞན་ཞིག་ཡིན་ཞེས་བརྗོད་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ཉིན་ལྟར་དྲ་རྒྱའི་ཐོག་ལ་ཚིག་ངན་དང་། སྡིགས་ར། འཐབ་རྒོལ་སོགས་ཡོང་གི་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་མི་སྒེར་གྱིས་ཡི་གེ་ངན་པ་དེ་འདྲ་མི་ཚོགས་ནང་ལ་རགས་ཀྱི་ཡོད་པ་རེད། ད་དུང་བསྟེན་གསོལ་མ་བྱེད་མཁན་ཚོའི་བསྟེན་རྒྱུ་མེད་པའི་བཀག་འགོག་བྱེད་བཞིན་ཡོད།
- བོད་མིའི་དབུ་ཁྲིད་འགའ་ཡིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་རང་ཉིད་ཞི་བདེ་ངང་ཞལ་འདོན་སྐབས་མི་གྲངས་༣༠༠༠ ནས་༤༠༠༠ལྷག་ཅན་གྱི་འཐབ་རྒོལ་བྱས་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་མི་གྲངས་སྟོང་ཕྲག་མང་པོ་མདུན་ལ་བསྟེན་གསོལ་མི་བྱེད་པའི་དམ་བཅའ་འཇོག་བཅུག་གི་ཡོད།
- ས་ཕྱོགས་གང་དུ་དེ་དག་གནས་སྤོ་བྱེད་ཀྱི་ཡོད་ནའང་། ས་གནས་བོད་མིའི་གཞིས་ཆགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་དཀའ་ངལ་བཟོ་བཞིན་ཡོད། ཆོས་ཁང་དང་ནང་དེ་བཞིན་ཕྲུ་གུ་སོགས་སློབ་གྲྭ་ལའང་ཐུབ་ཚོད་གཏོང་གི་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མ་ཡིན་པའི་མི་ཡིས་ཁོ་ཚོ་སྙིང་རྗེ་ཤ་ཚ་སོགས་བྱེད་ཚེ་ཁོ་ཚོ་ལའང་གནོན་ཤུགས་ཆེན་པོ་སྤྲད་ཀྱི་ཡོད་པ་རེད། དེ་དག་རྐྱེན་པས་བསྟེན་གསོལ་བྱེད་མཁན་གཅིག་ཀྱང་མེད་པ་བཟོ་ཐབས་བྱེད་བཞིན་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རང་ཉིད་ཀྱི་གཉེན་ཉེ་གྲོགས་སོགས་ཀྱིས་བསྟེན་གསོལ་མི་བྱེད་པའི་སྐུལ་མ་བྱེད་པ་མ་ཟད། མཚམས་རེ་གནོན་ཤུགས་ཆེན་པོ་སྤྲད་ནས་ནང་མི་ཡི་ཆེ་མཐོང་སྲུང་སྐྱོབ་ཆེད་དུ་ནང་ལས་ཕྱིར་འཕུད་གཏོང་བ་སོགས་ཀྱང་ཡོང་གི་ཡོད་པ་རེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དམྱལ་བ་འགྲོ་རྒྱུ་ཡིན་པ་བརྗོད་ཀྱི་ཡོད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ནང་ཆོས་མི་ཤེས་པ་དང་ནུབ་ཕྱོགས་པ་ཡིན་པ་སོགས་བརྗོད་ཀྱི་ཡོད། འགྲེལ་བརྗོད་བྱེད་པའི་ཐོབ་ཐང་སྤྲད་ཀྱི་མེད།
- རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་དང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་དང་། དམར་ཤོག་ཚོགས་པའི་ལས་མི་ཡིན་པ་སོགས་བོད་མིའི་སྤྱི་ཚོགས་ནང་བསྒྲགས་ཀྱི་ཡོད། བསྒྲགས་གཏམ་དེ་ལ་བརྟེན་ནས་ཁོ་ཚོ་རྒྱལ་ཚོང་པ་ཞིག་དང་མིང་རྗེས་ངན་པ་དེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱབ་རྒོལ་དང་། དགྲ་དང་ལག་འབྲེལ་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད།
༧རྒྱལ་བ་རིན་པོ་ཆེ་ངོས་ནས་གནས་ཚུལ་དེ་དག་ལ་བཀག་འགོག་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀག་འགོག་གི་ལས་གཞི་དེ་ནི་ཡང་དག་ཤིག་མིན་པ་དང་། ས་གནས་རང་ཉིད་ཙམ་མ་ཟད་རྒྱལ་སྤྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོང་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ནི་རྒྱ་གར་གཞུང་གི་ཁྲིམས་དང་མི་མཐུན་པའི་ལས་ཀ་བྱེད་བཞིན་པ་དང་། གོ་ལའི་སྟེང་དུ་གཞུང་སུ་ཞིག་གི་ཡང་ངོས་འཛིན་མེད་པ་ཞིག་རེད། ཁོ་ཚོའི་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་ཐོག་ནས་ལས་ཀ་བྱེད་དགོས། རྒྱ་གར་གཞུང་གི་རྩ་ཁྲིམས་ནང་དུ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཡོད་པས་བཀག་འགོག་དེ་རྒྱ་གར་གྱི་ཁྲིམས་དང་འགལ་གྱི་ཡོད།
རྒྱ་གར་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལ་མཚན་རྟགས་བཀོད་མཁན་ཞིག་རེད། དེ་ཙམ་མ་ཟད་མི་སུ་འདྲ་ཞིག་ཡིན་ནའང་རང་ཉིད་ཀྱི་ཆོས་དད་རང་མོས་ལ་གཉའ་གནོན་མེད་པར་དད་པ་བྱེད་ཆོག་པའི་རང་དབང་གསལ་ཡོད།
ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་མི་ཡོད་དོ་ཅོག་གི་ཆོས་ཀྱི་དབུ་ཁྲིད་མ་རེད། དེ་རྐྱེན་པས་བོད་མི་ཡོངས་སུ་རྫོགས་པའི་ཆོས་ཕྱོགས་ཀྱི་ཐག་གཅོད་བྱེད་པའི་རང་དབང་མེད། བོད་པའི་ནང་ཆོས་ཀྱི་ནང་ལོག་ཡིན་ནའང་ཆོས་བརྒྱུད་ཆེན་མོ་བཞི་ཡོད་པ་རེད། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་ཡིན། དེ་དག་རང་ཉིད་སོ་སོ་ལ་ཆོས་ཀྱི་དབུ་ཁྲིད་ཡོད་པ་རེད། དེ་ནི་ཆོས་ལུགས་སོ་སོའི་དབུ་ཁྲིད་ཀྱི་རང་ཉིད་ཀྱི་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད།
དེ་སོང་ཙང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལུགས་ཀྱི་ཉམས་ལེན་པ་ཚོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མི་ཆོག་པ་མ་གཏོགས་གཞན་བཤད་ཆོག་གི་མེད། ས་སྐྱའི་ནང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཞིག་བཀག་དགོས་ཚེ་ས་སྐྱ་ཁྲི་འཛིན་མཆོག་གི་བཀག་ཆོག དགེ་ལུགས་པའི་ནང་ལ་བཀག་དགོས་ཚེ་དགའ་ལྡན་ཁྲི་པ་མཆོག་ལ་ཐོབ་ཐང་ཡོད། དགའ་ལྡན་ཁྲི་པས་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་བཀག་འགོག་བྱེད་མེད། དངོས་ཐོག་ལ་དགའ་ལྡན་ཁྲི་པ་ཐེངས་༡༠༡མཆོག་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཞིག་རེད།
མིང་མང་དག་ཞིག་སྟོན་པའི་དགོས་དམིགས་ཅི་ཡིན་ནམ།
བསྟེན་གསོལ་དེ་བཀག་པའི་ཆེད་དུ་ཆོས་ཕྱོགས་དང་ཁྲིམས་མཐུན་གྱི་རྒྱུ་མཚན་ཡང་དག་ཤིག་མེད་པ་རེད། བོད་མི་ཚོ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ནི༧རྒྱལ་བ་རིན་པོ་ཆེའི་དགྲ་ཡིན་པ་དང་བོད་མིའི་འཐབ་རྩོད་ཀྱི་འགལ་ལོག་ཡིན་པ་བརྗོད་ཀྱི་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་བཀག་འགོག་བྱེད་དོན་ནི། དེའི་བོད་མིའི་སེམས་ཀྱི་ཚོར་བ་ཆེན་པོ་ཞིག་དང་འཕྲད་ཡོད། བོད་མི་མང་པོ་ཞིག་ལ་སྤྱི་ནོར་༧གོང་ས་མཆོག་ནི་བོད་མིའི་འཚོ་གནས་ནི་མགོན་སྐྱབས་དང་འཐབ་རྩོད་ཀྱི་དབུ་ཁྲིད་ལྟ་བུ་ཆག་ཡོད། དེ་སོང་ཙང་གལ་ཏེ་ཁོང་གི་དགྲ་རེད་ཞེས་བརྗོད་ན་བཀག་འགོག་གི་ལས་གཞི་དེ་ལས་སླ་པོ་ངང་ནས་སྒྲུབ་ཐུབ་ཀྱི་ཡོད། དེའི་འབྲས་བུ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྟེན་གསོལ་བྱེད་མཁན་ཚོ་གནས་ན་བོད་མི་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་པའི་རྣམ་པ་ཞིག་བསྐྲུན་ཡོད་པ་རེད། དེ་འདྲ་རྐྱེན་པས་རྡོ་རྗེ་ཤུགས་ལྡན་གྱི་བཀག་འགོག་ནི་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བ་མེད་པར་ཁོ་ཚོའི་འཚོ་གནས་དང་འབྲེལ་བ་ཤུགས་ཆེན་ཡོད་པ་ཞིག་ཆག་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོ་ལ་རང་ཉིད་ཀྱི་བསམ་ཚུལ་ཞིག་རྡོ་རྗེ་ཤུགས་ལྡན་དང་འབྲེལ་བ་ཞིག་འཇོག་ཆུག་མེད། དེ་རྐྱེན་པས་བོད་མི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མ་བྱེད་མཁན་ཚོ་ལ་ཡང་ན་ཤེས་ཡོན་གྱི་གནས་ཚད་མེད་པ་དང་། རང་ཉིད་ཀྱི་གནད་དོན་དེ་དང་འབྲེལ་བའི་སྐོར་གྱི་བསམ་བློ་སྟོན་ཐུབ་ཀྱི་མེད། དེ་དག་བྱེད་ཚེ་མིང་རྗེས་ངན་པ་དང་། རྡོ་རྗེ་ཤུགས་ལྡན་པ་ལ་དྲག་སྤྱོད་སྤེལ་གྱི་ཡོད། ཞེ་སྡང་དེ་བཞིན་བོད་མིའི་དབུ་ཁྲིད་ཁྲོད་ནས་ཡིན་ནའང་སྐུལ་མ་བྱེད་མཁན་ཡོད། ལོ་ངོ་༡༨ལྷག་གི་རིང་ལ་རྡོ་རྗེ་ཤུགས་ལྡན་བཀག་འགོག་བྱས་པའི་རྒྱུ་མཚན་བགྲང་ནས་བསྡད་ཡོད།
མིང་རྗེས་ངན་པ་དང་དྲག་སྤྱོད་དེ་ནི་ནུབ་ཕྱོགས་བོད་མིའི་གཞིས་ཆགས་ཀྱི་ཡུལ་གྲུ་ནང་དུའང་ཁྱབ་སྤེལ་ཤུགས་ཆེན་ཕྱིན་ཡོད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་༦༠ལྷག་གི་རིང་ལ་སྐུ་ངལ་ལ་མ་འཛེམས་པར་བོད་མིའི་གནས་སྟངས་གོ་ལ་ཡོངས་ལ་ཁྱབ་སྤེལ་བྱེད་ཐུབ་ཡོད། དེའི་མཇུག་འབྲས་ལ་མི་སྟོང་ཕྲག་མང་པོ་བོད་མིའི་འཐབ་རྩོད་ཀྱི་སྐོར་ལ་དོ་སྣང་ཤུགས་ཆེན་བྱུང་ཡོད། དུས་མཚུངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགེ་རྒན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
རྒྱུ་མཚན་དེ་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཁྲོད་ནའང་དང་འདོད་ངང་ནས་བཀག་འགོག་གི་ལས་འགུལ་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད།
༧རྒྱལ་བ་རིན་པོ་ཆེ་ངོས་ནས་རྡོ་རྗེ་ཤུགས་ལྡན་ཅིའི་ཕྱིར་བཀག་འགོག་བྱེད་པ་ཡིན་ནམ།
༧རྒྱལ་བ་རིན་པོ་ཆེ་གཞི་བཞག་བྱེད་ན་རྡོ་རྗེ་ཤུགས་བཀག་འགོག་བྱེད་དོན་ནི་རྡོ་རྗེ་ཤུགས་ལྡན་ནི་དམ་སྲི་ཞིག་དང་། བསྟེན་གསོལ་བྱེད་ཚེ་ཁོང་གི་སྐུ་ཚེ་ཐུང་དུ་འགྲོ་ཡི་ཡོད་པ། བོད་མིའི་འཐབ་རྩོད་ལ་གནོད་ཀྱི་ཡོད་པ་བརྗོད་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མུ་མཐུད་ནས་བྱེད་མཁན་ཚོ་དགོན་པ་ནས་ཕྱིར་འཕུད་གཏོང་དགོས་པ་སོགས་བརྗོད་ཡོད། མཇུག་འབྲས་ལ་རང་ཉིད་ལ་དཔང་རྟགས་མེད་མཁན་དང་བརྟག་དཔྱད་བྱེད་མ་ཤེས་མཁན་ཚོའི་བཀག་འགོག་གི་ལས་གཞི་ལ་རྒྱབ་བསྐྱོར་བྱེད་པ་རེད། གུས་ཞབས་དང་འདྲ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུ་མཚན་དེ་དག་ང་ཚོའི་བརྟག་དཔྱད་བྱེད་ན་ཡང་དག་ཤིག་མ་རེད།
རྒྱུ་མཚན་དང་པོ། རྡོ་རྗེ་ཤུགས་ལྡན་དམ་སྲི་ཞིག་མ་རེད།
རྒྱུ་མཚན་དེ་ཕྱོགས་འདྲ་མིན་ནས་འཐུས་ཆོག་པ་ཞིག་རེད།
ལན་འདེབས་དང་པོ།
བོད་མི་ཚོའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པའི་ཡིད་ཆེས་བྱ་བཞིན་ཡོད། གལ་ཏེ་རྡོ་རྗེ་ཤུགས་ལྡན་དམ་སྲི་ཞིག་ཡིན་པའི་དབང་དུ་གཏོང་ན། ༧གོང་ས་མཆོག་གིས་དེ་རྩ་མེད་མ་གཏོང་བར་ཅིའི་ཕྱིར་རེད། ཁོའི་རྣམ་ཤེས་དེ་བདེ་ཞིང་ལ་མ་གཏོང་བའི་རྒྱུ་མཚན་ཅི་རེད།
ནང་ཆོས་ནང་ལ་སྲུང་མ་མང་པོ་ལ་དད་པ་དང་ཆོ་ག་བྱེད་ཀྱི་ཡོད་པ་རེད། དཔེར་ན། གུ་རུ་རིན་པོ་ཆེ་དང་ཁོང་ཉིད་ནི་བདུད་སྲིན་བརྟུལ་མཁན་ལྟ་བུ་ཡིན། ཁོང་ཉིད་བོད་ནང་དུ་ཐེངས་དང་པོ་སྦྱོར་སྐབས་ཡུལ་ཁམས་བདུད་སྲིན་མང་པོ་ཡིས་གནོད་པའི་འོག་ཆོས་དར་ཏུ་མ་ཆུག་པ་རེད། གུ་རུ་རིན་པོ་ཆེ་ཡིས་གནས་ཆུང་གཙོ་པའི་དེ་སྐབས་ཀྱི་བདུད་སྲིན་མང་པོ་ཞིག་བརྟུལ་བ་རེད།།
རྒྱུ་མཚན་གང་ལ་བརྟེན་ནས་༧རྒྱལ་བ་རིན་པོ་ཆེ་ཡིས་རྡོ་རྗེ་ཤུགས་ལྡན་གནོད་འཚེ་ཆེན་པོ་ཡོད་ཚེ་རྩ་མེད་གཏོང་མེད། རྡོ་རྗེ་ཤུགས་ལྡན་དམ་སྲི་ཞིག་ཡིན་པ་དང་བོད་མི་ལ་གནོད་པ་བྱེད་ཀྱི་ཡོད་ན་རྩ་མེད་གཏོང་བ་ཡིན་ན་གནོད་པ་དེ་དག་ལ་བྲལ་ཐུབ་ངེས། དེ་ཙམ་མ་ཟད་བྱ་སྤྱོད་དེ་ཡིས་རྡོ་རྗེ་ཤུགས་ལྡན་གྱིས་མི་གཞན་ལ་ལས་ངན་བཟོ་པའང་བཀག་ཐུབ་ཀྱི་རེད། བྱ་སྤྱོད་དེ་ནི་བོད་མི་དང་རྡོ་རྗེ་ཤུགས་ལྡན་པ་གཉིས་ཆ་ལ་སྙིང་རྗེའི་མཚོན་རྟགས་ཤིག་མ་ཡིན་ནམ།
དེ་ཡི་༧རྒྱལ་བ་རིན་པོ་ཆོ་གའི་དགེ་རྒན་ཞིག་མ་གཏོགས་བྱ་སྤྱོད་དེ་དག་བྱེད་པར་ནུས་པ་མེད་པ་ཞིག་མ་ཡིན་ནམ། མི་ཚང་མས་སངས་རྒྱས་འདོད་ཀྱིན་ཡོད་ནའང་དམ་སྲི་ཞིག་རྩ་མེད་གཏོང་མི་ཐུབ་པ་དེ་ནི་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་མ་རེད། གལ་ཏེ་༧རྒྱལ་བ་རིན་པོ་ཆེ་སངས་རྒྱས་མངོན་སུམ་ཞིག་ཡིན་ན། དམ་སྲི་རེད་ཞེས་པའི་རྡོ་རྗེ་ཤུགས་ལྡན་རྩ་མེད་བཟོ་ཐུབ་པ་དགོས་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་ལྟར་བྱུང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་རྡོ་རྗེ་ཤུགས་ལྡན་ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་དང་ནུས་པ་གཅིག་མཚུངས་ཡོད་པ་མཚོན་པ་མ་ཟད། ཁོང་ཡང་སངས་རྒྱས་ཤིག་ཡིན་པར་མངོན།
དཔེ་ཆ་གཞི་བཞག་གི་ཐོག་ནས་བརྗོད་ན་ནང་པའི་ཆོས་ལུགས་ཀྱི་དད་པའི་འགྲོ་སྟངས་ཀྱི་ནང་བཞིན་བྱེད་ན། སངས་རྒྱས་ནི་ལས་འབྲས་ལས་ཐར་པ་ཞིག་ལ་གོ་ཡི་ཡོད་པ་རེད། གལ་ཏེ་རང་ལ་གནོད་འཚེ་བྱུང་ན། རང་ཉིད་ལ་གནོད་འཚེ་བྱུང་བའི་ལས་བསགས་ཡོད་པ་མཚོན། དེ་སོང་ཙང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་ནའང་ད་ལྟ་བར་དུ་རྡོ་རྗེ་ཤུགས་ལྡན་རྩ་མེད་བཟོ་ཐུབ་མེད། དེ་ཡིས་རྡོ་རྗེ་ཤུགས་ལྡན་ལས་ངན་པ་གནོད་འཚེ་དང་རྩ་མེད་འགྲོ་ཆེད་དེ་འདྲ་མེད་པ་མཚོན་ཐུབ། ཁོང་ནི་སངས་རྒྱས་ཤིག་རེད།
ལན་འདེབས་གཉིས་པ།
སངས་རྒྱས་ཤིག་ཡིན་པའི་ཆ་ནས་༧རྒྱལ་བ་རིན་པོ་ཆེ་ལ་མ་འོངས་མངོན་ཤེས་ཡོད་ངེས་ཡིན། འོན་ཀྱང་ལོ་གྲངས་སུམ་བཅུ་ལྷག་༧རྒྱལ་བ་རིན་པོ་ངོས་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་དོན་ཅི་རེད། ཁོང་གིས་དེ་སྐབས་རྡོ་རྗེ་ཤུགས་ལྡན་དེ་དམ་སྲི་ཞིག་ལ་གཟིགས་མེད། འོན་ཀྱང་གློ་བུར་ཏུ་བཀག་འགོག་བྱེད་དགོས་པའི་དོན་ཅི་ཞིག་ཡིན། དེའི་མངོན་ཤེས་གློ་བུར་ཏུ་སྐྱེ་པ་ཞིག་ནི་ཡིན་གྱི་མ་རེད། ཁོང་ཉིད་ནི་སྐྱེས་མ་ཐག་ནས་སངས་རྒྱས་དང་ཆུང་དུས་ནས་མངོན་ཤེས་ཡོད་མཁན་ཞིག་ཡིན། དེ་འདྲ་སོང་ཙང་ལོ་ངོ་སུམ་བཅུ་ལྷག་ཁོང་ཉིད་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པའི་རྒྱུ་མཚན་ཡང་དག་ཤིག་མིན་འདུག
ལན་འདེབས་གསུམ་པ།
གྲངས་ལས་འདས་པའི་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་མོ་བཞིའི་ཆོས་དཔོན་གྱིས་རྡོ་རྗེ་ཤུགས་ལྡན་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་བསྟེན་གསོལ་བྱེད་ཡོད། (དགེ་ལུགས། ས་སྐྱ། རྙིང་མ། བཀའ་བརྒྱུད།) འོན་ཀྱང་དེ་དག་ལས་བླ་མ་གཅིག་གིས་ཀྱང་རྡོ་རྗེ་ཤུགས་ལྡན་དེ་དམ་སྲི་ཞིག་ཡིན་པ་བརྗོད་མེད། དེ་འདྲ་ཡིན་ན་བླ་མ་དེ་དག་ཚང་མ་ལ་རྡོ་རྗེ་ཤུགས་ལྡན་གྱིས་མགོ་འཁོར་བཏང་བ་མ་ཡིན་ནམ། ༧རྒྱལ་བ་རིན་པོ་ཆེ་ཁོ་ནས་རྡོ་རྗེ་ཤུགས་ལྡན་དམ་སྲི་ཡིན་པ་ཧ་གོ་བའི་མངོན་ཤེས་ཡོད་པ་ཞིག་ག་ལ་ཡིན། བོད་མི་གཞན་དག་ལའང་མངོན་ཤེས་དང་ནུས་པ་ཡོད་པ་ཞིག་ཡིན་དགོས།
ལན་འདེབས་བཞི་པ།
དེ་དང་མཚུངས་པ་བོད་པའི་ནང་ཆོས་ལ་མི་གཅིག་ཁོ་ན་ལ་ནུས་པ་དང་། སྟོབས་ཤུགས། ཆོ་ག་སོགས་ཀྱི་ཡོན་ཏན། དམ་སྲི་སོགས་རྩ་མེད་བཟོ་བས་ནུས་པ་ཡོད་པ་ཞིག་མིན། གལ་ཏེ་རྡོ་རྗེ་ཤུགས་ལྡན་དེ་ཞེད་སྣང་ཅན་གྱི་དམ་སྲི་ཞིག་ཡིན་ཚེ། ད་བར་ཆོས་བརྒྱུད་ཁག་གི་ནང་པའི་བླ་མ་ཡོད་དོ་ཅོག་མཉམ་རུབ་ངང་ནས་རྡོ་རྗེ་ཤུགས་ལྡན་དེ་ག་རི་བྱེད་ནས་རྩ་མེད་བཟོ་མེད། ཁོ་ཚོ་ཅིའི་ཕྱིར་རྡོ་རྗེ་ཤུགས་ལྡན་དེ་དམ་སྲི་ཡིན་མཁན་ཞིག་རྩ་མེད་བཟོ་ཐུབ་མེད།
ལན་འདེབས་ལྔ་པ།
༧རྒྱལ་བ་རིན་པོ་ཆེ་ནི་གྲྭ་པ་ཚད་ལྡན་ཞིག་རེད། སངས་རྒྱས་ཀྱི་གསུང་གཞི་བཞག་བྱེད་ན། གྲྭ་པ་ཞིག་རང་ཉིད་ཀྱི་ཚུལ་ཁྲིམས་ཡག་པོ་སྲུང་ན་དམ་སྲི་དང་གནོད་འཚེ་ཅི་འདྲ་ཞིག་གི་ཡང་གནོད་བསྐྱེལ་མི་ཐུབ་པ་བརྗོད་ཡོད། དེ་འདྲ་སོང་ཙང་། གལ་ཏེ་རྡོ་རྗེ་ཤུགས་ལྡན་དེ་དམ་སྲི་ཞིག་ཡིན་ཚེ་༧རྒྱལ་བ་རིན་པོ་ཆེ་གྲྭ་པ་ཚད་ལྡན་ཞིག་ཡིན་པའི་གནོད་འཚེ་ག་ལ་བྱེད་ཐུབ། དེ་ཙམ་མ་ཟད་མི་སུ་འདྲ་ཞིག་ཡིན་ནའང་དཀོན་མཆོག་ལ་ཡིད་ཆེས་མཁན་ཞིག་ཡིན་ན་ཞེད་སྣང་སྐྱེ་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་རེད།
ལན་འདེབས་དྲུག་པ།
༧སྐྱབས་རྗེ་ཁྲི་འཆང་རིན་པོ་ཆེའི་གསུང་གཞི་བཞག་བྱེད་ན་(༧རྒྱལ་བ་རིན་པོ་ཆེའི་དགེ་རྒན།) རྡོ་རྗེ་ཤུགས་ལྡན་ནི་བླ་མ་རྩ་ཆེན་པོའི་ཡང་སྲིད་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཙམ་མ་ཟད་བླ་མ་ཁོང་ཉིད་ལ་དགེ་ཕྲུག་སྟོང་ཕྲག་མང་པོ་ཡོད་པ་མ་ཟད། ཁོང་ཉིད་ཀྱི་གསུང་ལ་ད་ལྟ་ཡིན་ནའང་དཔེ་ཁྲིད་སོགས་ཀྱང་བྱེད་ཀྱི་ཡོད། འབྲས་སྤུངས་བློ་གསལ་གླིང་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་བ་མང་པོས་རྡོ་རྗེ་ཤུགས་ལྡན་གྱི་སྐུ་སྐྱེ་སྔོན་མ་ཡིན་པ་པཎ་ཆེན་བསོད་ནམས་གྲགས་པའི་དཔེ་ཆ་ད་ལྟ་ཡིན་ནའང་སྦྱོང་གི་ཡོད་པ་རེད།
དཔེ་ཆེ་དེ་དག་གི་ཐོག་ནས་ང་ཚོའི་སངས་རྒྱས་ཀྱི་གོ་འཕང་ཅི་འདྲ་བྱེད་ནས་ཐོབ་ཀྱི་ཡོད་མེད་ཤེས་ཀྱི་ཡོད་པ་རེད། དཔེ་ཆ་དེ་དག་གི་རྩོམ་པ་པོ་ནི་རྦད་ཡ་མཚན་ཅན་ཞིག་དང་། སངས་རྒྱས་ཀྱི་ལམ་དང་ས་སོགས་ཀྱི་འགྲེལ་བརྗོད་བྱེད་ཚུལ་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་རེད། དེ་ཙམ་མ་ཟད་གྲྭ་ཚང་གི་དཔེ་ཆ་དེ་དག་ངེས་ཅན་དང་ཚུལ་ལྡན་ཤ་སྟག་ཤིག་ཏུ་ངོས་འཛིན་བྱས་ཡོད། དེའི་རྐྱེན་པའི་རྩོམ་པ་པོ་དེ་འདྲ་ཞིག་གི་དཔེ་ཆ་ལ་བརྟེན་ནས་ང་རང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པ་དེའི་ཡང་སྲིད་དམ་སྲི་ཞིག་ཡིན་མི་སྲིད་པ་ཞིག་རེད། དེ་བཞིན་དགོན་པའི་ནང་དུ་ཚད་ལྡན་གྱི་དཔེ་ཆ་ལ་ངོས་འཛིན་བྱས་ནས་མུ་མཐུད་ནས་སློབ་སྦྱོང་ག་ལ་བྱེད་ཐུབ།
རྒྱུ་མཚན་གཉིས་པ། བསྟེན་གསོལ་དེ་ཡིས་༧རྒྱལ་བ་རིན་པོ་ཆེའི་མི་ཚེ་ལ་གནོད་ཀྱི་ཡོད་པ།
ལན་འདེབས་དང་པོ།
བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ནི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད། ནང་ཆོས་ཀྱི་ཡིད་ཆེས་ཀྱི་འགྲོ་སྟངས་ནང་ལ་སངས་རྒྱས་ནི་ལས་འབྲས་ལས་ཐར་པའི་གང་ཟག་ཞིག་རེད། གནོད་འཚེ་བྱུང་རྒྱུ་ལ་ཁྱེད་ཀྱིས་ལས་ཤིག་ངེས་པར་ཏུ་བསག་དགོས་ཀྱི་ཡོད། དེ་ཅི་འདྲ་ཞིག་ཡིན་ནམ།
དེ་འདྲ་སོང་ཙང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་སངས་རྒྱས་ཡིན་པར་བརྟེན་ལས་འབྲས་ལས་ཐར་ཟིན་པ་རེད། ཁོང་ཉིད་ལ་གནོད་འཚེ་བྱུང་མི་ཐུབ་པ་རེད། དེའི་རྐྱེན་པས་ཁོང་ཉིད་ཀྱི་མི་ཚེ་ཐུང་དུ་གཏོང་ཐུབ་མཁན་སུ་འདྲ་ཞིག་ཀྱང་མེད་པ་རེད། ཁོ་ནི་རྡོ་རྗེ་ཤུགས་ལྡན་དམ་སྲི་ཞིག་ཡིན་ནའང་གནོད་པ་བྱེད་མི་ཐུབ། (ཤུགས་ལྡན་ལ་མི་དགའ་མཁན་ཚོའི་བརྗོད་ཚུལ་ཞིག)
ལན་འདེབས་གཉིས་པ།
བཀག་འགོག་མ་བྱེད་པའི་སྔོན་ལ་མི་གྲངས་ས་ཡ་མང་པོ་རྡོ་རྗེ་ཤུགས་ལྡན་དེ་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད། དགེ་ལུགས་ཀྱི་དགོན་སྡེ་ཆེན་པོ་སེ་ར་དང་། དགའ་ལྡན། འབྲས་སྤུངས་བཅས་ཀྱི་གྲྭ་པའང་མང་པོ་ཡོད། དེ་དག་ཚང་མས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་གནོད་པའི་སྨོན་ལམ་གཅིག་ཀྱང་བརྒྱབ་མྱོང་མེད་པ་རེད། ༧རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་ནས་རྡོ་རྗེ་ཤུགས་ལྡན་ནི་བརྩི་འཇོག་བྱ་ཡུལ་ཞིག་ཡིན། དེ་ནས་བཟུང་ནས་༧རྒྱལ་བའི་སྐུ་ཕྲེང་རིམ་བྱོན་སུ་འདྲ་ཞིག་ཡིན་ནའང་གནོད་འཚེ་གཅིག་ཀྱང་བྱུང་མེད།
དུས་མཚུངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་དུ་བཙན་བྱོལ་ལ་ཡོང་སྐབས་མི་མཉམ་དུ་ཡོད་མཁན་ཚོས་གསལ་པོ་ཐོག་ནས་རྡོ་རྗེ་ཤུགས་ལྡན་གྱིས་༧རྒྱལ་བ་རིན་པོ་ཆེའི་སྲོག་སྐྱབས་ཡོད་པ་མཐོང་ཡོད། རྡོ་རྗེ་ཤུགས་ལྡན་ཁོང་གིས་སྲུང་མའི་བྱེད་ཚུལ་བཞིན་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ཏུ་ས་ཕྱོགས་གང་ནས་ཕེབས་དགོས་པའི་ལུང་བསྟན་གནང་བ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་ངོས་ནས་རྡོ་རྗེ་ཤུགས་ལྡན་གྱི་ཐང་ག་ཞིག་རང་ཉིད་ཀྱི་དཔེ་ཁུག་ནང་ལ་བོད་ནས་རྒྱ་གར་བར་ཏུ་འཁྱེར་ཡོང་བ་རེད།
རྒྱུ་མཚན་གསུམ་པ། རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་རྐྱེན་པའི་བོད་མིའི་འཐབ་རྩོད་ལ་གནོད་འཚེ་ཡོད་པ།
ལན་འདེབས་དང་པོ།
རྡོ་རྗེ་ཤུགས་ལྡན་ནི་དགེ་ལུགས་ཀྱི་བླ་མ་མང་དག་ཤིག་གིས་ལོ་ངོ་༤༠༠ལྷག་གི་རིང་ལ་བསྟེན་གསོལ་བྱེད་ཡོད་པ་རེད། དེ་དག་གི་རྐྱེན་པས་ཆབ་སྲིད་དང་། ས་གནས་ཀྱི་དཀའ་ངལ་བྱུང་མེད། དེ་འདྲ་སོང་ཙང་གློ་བུར་ཏུ་དེ་ཡིས་བོད་ཀྱི་འཐབ་རྩོད་ལ་གནོད་པ་བྱེད་ཀྱི་ཡོད་གང་འདྲ་བྱེད་ནས་ཆགས་པ་རེད། གལ་ཏེ་དེ་ཡི་ལོ་ངོ་༤༠༠ལྷག་གནོད་པ་བྱེད་མེད་ཚེ།
ལན་འདེབས་གཉིས་པ།
སྲུང་མ་ཞིག་གི་རྐྱེན་པས་ལུང་པ་ཡོད་དོ་ཅོག་གི་རྩ་མེད་འགྲོ་ཡི་རེད་ཞེས་ན་རྒྱུ་མཚན་ལྡན་པ་ཞིག་མ་རེད། ཁོ་ཚོ་རྡོ་རྗེ་ཤུགས་ལྡན་རྐྱེན་གྱིས་བོད་དེ་བརླག་པ་རེད་ཞེས་བརྗོད་མཁན་ཚོའི་དུས་མཉམ་དུ་སངས་རྒྱས་(ཤཱཀྱཱ་མུ་ནི་དང་། གུ་རུ་རིན་པོ་ཆེ། བླ་མ་ཙོང་ཁ་པ་སོགས་)ཐམས་ཅད་ལ་སྲུང་མ་དེ་བཀག་ཐུབ་པའི་ནུས་པ་མེད་པ་བརྗོད་ཀྱི་ཡོད།
དེ་ཡིས་མཉམ་དུ་སྲུང་མ་ཁོང་ཚོས་དམ་སྲི་རེད་ཞེས་པ་དེ་དེང་སང་ཡིན་ནའང་སངས་རྒྱས་ལས་ནུས་པ་ཆེ་བ་ཡོད་པ་སྟོན་གྱི་ཡོད། སངས་རྒྱས་དེ་ཚོ་བོད་ཀྱི་གནས་སྟངས་སེལ་བའི་ནུས་པ་མེད་པ་རེད་ཞེས་མཚོན་གྱི་ཡོད།
ལན་འདེབས་གསུམ་པ།
སྲུང་མ་ཞིག་ལ་བརྟེན་ནས་ལུང་པ་ཚང་མའི་འཐབ་རྩོད་བརླག་འགྲོ་ཡི་ཡོད་པ་དེ་ནི་ལས་འབྲས་བརྩི་མེད་ཀྱི་སྐད་ཆ་ཞིག་རེད། དམ་སྲི་དེ་ཡིས་བོད་མིའི་ས་ཡ་དྲུག་གི་ལས་འབྲས་རྡོག་རྫི་བཏང་བ་གཅིག་མཚུངས་རེད། བོད་མིའི་དཀའ་རྙོག་ནི་བོད་མི་ཡིས་སེལ་རྒྱུ་ཞིག་མ་གཏོགས་རྒྱུ་མཚན་མེད་པའི་དམ་སྲི་ཞིག་དང་འབྲེལ་བ་ག་རི་ཡོད་པ་རེད།
ལན་འདེབས་བཞི་པ།
གཞུང་འབྲེལ་གྱི་ངོས་ནས་བོད་ཀྱི་སྲུང་མ་དེ་དཔལ་ལྡན་ལྷ་མོ་རེད། རྡོ་རྗེ་ཤུགས་ལྡན་མ་རེད། དེ་འདྲ་སོང་ཙང་བོད་པའི་སྤྱི་ཚོགས་ཁྲོད་དུ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་སྐྱོ་པོ་ཡོད་པ་དེ་དཔལ་ལྡན་ལྷ་མོ་ལ་འགན་འཁྲི་ཆེ་བ་མ་གཏོགས་རྡོ་རྗེ་ཤུགས་ལྡན་ལ་འགན་ཡོད་པ་དེ་ནི་རྒྱུ་མཚན་ཡང་དག་ཤིག་མིན། རྒྱུ་མཚན་དེའི་དཔལ་ལྡན་ལྷ་མོ་དང་སྲུང་མ་བརྒྱ་ཕྲག་མང་པོ་ཡོད་པ་དེ་ཚོ་སྐྱོན་བརྗོད་བྱ་དགོས་ཞེས་པའི་དོན་མིན། འོན་ཀྱང་དཔལ་ལྡན་ལྷ་མོ་ལས་རྡོ་རྗེ་ཤུགས་ལྡན་ཁོ་ན་ལ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཀྱི་འགན་ཡོད་ཞེས་པ་འདི་ནི་རྒྱུ་མཚན་ཡང་དག་མེད་པ་ཞིག་རེད། དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་ད་ལྟའི་བོད་ཀྱི་གནས་སྟངས་ཀྱི་འགན་འཁྲི་ཡོད་པ་དེ་ནི་བོད་མིའི་མགོ་ཁྲིད་ཚོ་ལ་ཡོད་པ་ཞིག་རེད།
རྒྱུ་མཚན་བཞི་པ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱ་རྒྱུ་ནི་ནང་ཆོས་ཀྱི་ཉམས་ལེན་ལ་གནོད་འཚེ་ཡོད།
ལན་འདེབས་དང་པོ།
བོད་མིའི་དབུ་ཁྲིད་ཀྱིས་རྡོ་རྗེ་ཤུགས་ལྡན་དེ་ནི་ཕྲག་དོག་ཅན་གྱི་དམ་སྲི་ཞིག་དང་རང་ཉིད་ལ་གསོལ་བ་བྱེད་མཁན་གྱི་མུ་མཐུད་ནས་མ་བྱེད་ན་གནོད་པ་བྱེད་ཀྱི་ཡོད་པ་སོགས་བརྗོད་ཀྱི་ཡོད། ཁོང་ཚོས་རྡོ་རྗེ་ཤུགས་ལྡན་གྱིས་རང་ཉིད་ལ་རྟག་ཏུ་གསོལ་བ་མ་བྱེད་ན་དགྲ་ཤ་ལེན་གྱི་ཡོད་པ་བརྗོད་ཡོད།
རྒྱུ་མཚན་ལྡན་པའི་ཐོག་ནས་བརྗོད་ན་ཕྱི་ལོ་ ༡༩༩༦ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་རང་ཉིད་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཚམས་འཇོག་པ་རེད། ལོ་ངོ་༡༨ ལྷག་གི་རིང་ལ་ཁོང་ཉིད་ལ་གནོད་པ་ཆུང་ཆུང་ཞིག་ཀྱང་བྱུང་མེད་པ་མ་ཟད་ཁོང་ཉིད་སྟོབས་ཤུགས་ཧ་ཅང་ཆེན་པོའི་ངང་གནས་ཡོད་པ་རེད། དེ་ཙམ་མ་ཟད་གོ་ལ་ཡོངས་རྫོགས་ལ་ནང་ཆོས་གསུང་ཆོས་ཆེད་དུ་ཕེབས་ཐུབ་ཀྱི་ཡོད་པ་རེད།
བཀག་འགོག་གི་ལས་གཞི་རྐྱེན་པས་ནང་ཆོས་ཀྱི་ཉམས་ལེན་པ་སྟོང་ཕྲག་མང་པོ་ཡིས་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་བྱེད་མཚམས་བཞག་པ་རེད། གལ་ཏེ་རྡོ་རྗེ་ཤུགས་ལྡན་ངོ་མ་ཕྲག་དོག་ཆེན་པོ་ཡོད་ཚེ་དགྲ་ཤ་ལེན་ཡོད་ངེས། རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་པ་ཟུར་པ་དེ་ཚོ་ལ་ངོ་མ་གནོད་འཚེ་ཆེན་པོ་བྱུང་ངེས་ཡིན། ག་ལ་ཞེས་ན་ཁོ་ཚོས་ཤུགས་ལྡན་ལ་དམའ་འབེབ་ཚད་མེད་བྱས་ཡོད། འོན་ཀྱང་དོན་དངོས་ལ་དེ་དག་གཅིག་ལའང་གནོད་པ་བྱུང་མེད་པ་མ་ཟད་ཁོ་ཚོས་དྲ་ཐོག་དང་རྒྱུན་ལྡན་ནས་རྡོ་རྗེ་ཤུགས་ལྡན་ལ་མི་དགའ་བའི་རྣམ་པ་ཤུགས་ཆེན་སྟོན་བཞིན་པ་རེད།
ལན་འདེབས་གཉིས་པ།
གལ་ཏེ་ང་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཚེ་ང་ཚོ་ནང་པ་ཚད་ལྡན་ཞིག་མིན་པ་དང་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་པ་བརྗོད་ཀྱི་ཡོད། དེ་འདྲ་ཡིན་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་རང་ཉིད་ཡིན་ནའང་དགོང་ལོ་སུམ་བཅུ་ལྷག་གི་རིང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཡོད་པ་རེད། གནད་དོན་དེ་ཡི་ཁོང་ཉིད་ནང་པ་ཞིག་མིན་པ་མཚོན་ཐུབ་ཀྱི་ཡོད་དམ། དེ་འདྲ་ཡིན་ཚེ་མི་ས་ཡ་མང་པོ་ལ་གསུང་ཆོས་གནང་བ་དེ་བདེན་པ་མ་ཡིན་པ་ཞིག་ཆག་གི་རེད།
དུས་མཚུངས་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་གྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡོད། གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཕྱོགས་ཀྱི་ནང་པ་ཆག་གི་མེད་ན་ཁོང་ཚོ་ཚང་མ་ནང་པ་མ་ཡིན་པ་རེད། དེ་འདྲ་སོང་ཙང་༧རྒྱལ་བ་རིན་པོ་ཆེ་ཚུད་པའི་ཁོང་རྣམ་པས་མི་ཚེ་ཧྲིལ་པོ་ལ་གསུང་ཆོས་གནང་བཞག་པ་ཚང་མ་དོན་དངོས་ཞིག་ཆག་གི་མེད། དེ་ཡི་༧རྒྱལ་བ་རིན་པོ་ཆེ་དགེ་རྒན་ཚད་ལྡན་མིན་པ་ཞིག་ནས་ཤེས་ཡོན་ཐོབ་པ་དང་ཁོང་ཉིད་གསུང་ཆོས་གནང་བར་ཚད་ལྡན་མིན་པར་མཚོན།
དེ་རྐྱེན་པས་གལ་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཚད་ལྡན་དང་ཁོང་གི་གསུང་ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན། རྡོ་རྗེ་ཤུགས་ལྡན་དེ་ནང་པའི་ཉམས་ལེན་བྱ་རྒྱུ་ལ་གནོད་འཚེ་ཡོད་པ་དུས་མཉམ་དུ་ཁས་ལེན་བྱེད་པ་ནི་རྒྱུ་མཚན་ཡང་དག་མིན་པ་ཞིག་པ་རེད།
ལན་འདེབས་གསུམ་པ།
བོད་ཀྱི་དབུ་ཁྲིད་ཚོའི་གཞི་བཞག་བྱེད་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་ངན་སོང་དུ་སྐྱེ་ཡི་ཡོད་པའི་བརྗོད་ཀྱི་ཡོད། དཔེར་ན། དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་རེད། འོན་ཀྱང་དེ་ཡི་ལྡོག་ཕྱོགས་ལ་རྡོ་རྗེ་ཤུགས་ལྡན་གྱི་བླ་མ་མང་པོ་མི་ཚད་ལྡན་གྱི་སྐྱེ་བ་བླང་ཡོད་པ་མ་ཟད་ཡང་སྲིད་དེ་རྣམས་༧རྒྱལ་བ་རིན་ཆེ་ཁོང་ཉིད་ཀྱིས་ངོས་འཛིན་བྱས་ཡོད།
དཔེར་མཚོན་བཞག་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ངོས་ནས་རང་ཉིད་ཀྱི་དགེ་རྒན་ཁྲི་འཆང་རིན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་བ་རེད། ངོས་འཛིན་བྱས་པའི་ཡང་སྲིད་ཀྱི་མཚན་ལ་རྒྱལ་བ་༧སྐྱབས་རྗེ་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཡིན་པ་དང་ད་ལྟའི་ཆར་ལ་ཨ་རིའི་ནང་དུ་ཁྲི་བྱང་ཆོས་ཚོགས་ཀྱི་དབུ་ཁྲིད་ཡིན་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སླར་ཡང་བླ་མ་ཡེ་ཤེས་ཀྱི་ཡང་སྲིད་བླ་མ་ཨོ་སེལ་ཞེས་པ་ཞིག་ངོས་འཛིན་བྱེད་ཡོད་པ་རེད། ཁོང་ནི་མ་གྲོངས་བར་ཏུ་རྡོ་རྗེ་ཤུགས་ལྡན་བསྟེན་ཡོད་པ་རེད།
གལ་ཏེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་བླ་མ་དེ་ཚོ་ངན་སོང་ལ་ཕྱིན་ཡོད་ཚེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་ངོས་འཛིན་ཐུབ་མེད་པ་རེད། (བོད་མིའི་དབུ་ཁྲིད་ཀྱི་བརྗོད་ཚུལ་བཞིན།)
རྒྱུ་མཚན་ལྔ་པ། རྡོ་རྗེ་ཤུགས་ལྡན་གྱིས་འཐེན་འཁྱེར་དང་དབྱེ་འབྱེད་བཟོ་ཡི་ཡོད་པ།
ལན་འདེབས་དང་པོ།
དགེ་ལུགས་ཀྱི་སྐུ་རིམ་གསོལ་འདེབས་ནང་དུ་རྡོ་རྗེ་ཤུགས་ལྡན་གྱི་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ས་སྐྱ། བཀའ་བརྒྱུད་ཀྱི་བླ་མས་ཀྱང་མཛད་ཡོད། བསྟེན་གསོལ་གྱི་ལས་གཞི་དེ་ཡིས་འཐེན་འཁྱེར་འཕེལ་གྱིན་འདུག་ཞེས་པ་དེ་དངོས་དོན་མ་རེད། ག་ལ་ཞེ་ན་ཆོས་བརྒྱུད་འདྲ་མིན་དང་། སྐུ་ཕྲེང་རིམ་བྱོན་མང་པོས་ཞལ་འདོན་བརྩམས་གནང་ཡོད་པ་རེད།.
དེར་མ་ཟད། ཆོས་ལུགས་གཞན་པ་དེ་དག་གི་ཡང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡོད་དང་དེ་བསྟེན་གསོལ་བྱེད་ནས་དགེ་ལུགས་པའི་དགྲ་ཤ་ལེན་གྱི་ཡོད་ཚུལ་བཤད་པ་ནི་སྐད་ཆ་ཆོ་མེད་རེད།
ལན་འདེབས་གཉིས་པ།
རྡོ་རྗེ་ཤུགས་ལྡན་དང་ཐོག་ས་སྐྱའི་ཆོས་བརྒྱུད་ནང་དུ་འཕེལ་མགོ་བཙུགས་པ་རེད། དུས་རབས་བཅོ་བརྒྱད་ནང་དུ་ས་སྐྱའི་བླ་མ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མཆོག་གི་རྡོ་རྗེ་ཤུགས་ལྡན་དེ་སངས་རྒྱས་ཤིག་ཏུ་ངོས་འཛིན་བྱེད་པ་རེད། ས་སྐྱའི་ནང་དུ་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་དང་འབྲེལ་བའི་གནས་ཚུལ་འགའ།
- རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མཆོག་གིས་རྡོ་རྗེ་ཤུགས་ལྡན་གྱི་འདོན་ཆ་བརྩམས་གནང་བ་རེད།
- ས་སྐྱའི་ཁྲི་འཛིན་༣༠པ་བསོད་ནམས་རིན་ཆེན་མཆོག་གི་རྡོ་རྗེ་ཤུགས་ལྡན་དེ་ས་སྐྱའི་སྲུང་མ་ཆོས་ཁང་ནང་དུ་བཙུགས་པ་རེད། རྡོ་རྗེ་ཤུགས་ལྡན་ནི་ཚེམས་ཁྲ་དང་། ཙེའུ་དམར་པོ་གཉིས་དང་མཉམ་དུ་བརྩིས་གནང་བ་རེད། ཁོང་ཚོ་གསུམ་ལ་མཉམ་དུ་རྒྱལ་པོ་གསུམ་ཡང་བརྗོད་ཀྱི་ཡོད།
- ས་སྐྱའི་ཁྲི་འཛིན་༣༡ཀུན་དགའ་བློ་གྲོས་མཆོག་གིས་རྡོ་རྗེ་ཤུགས་ལྡན་ལ་གཏུམ་དྲག་གི་རང་བཞིན་ཡིན་པའི་ཞལ་འདོན་བྲིས་པ་མ་ཟད། དེ་ལ་རྦ་རླབས་ཀྱི་དྲི་མེད་དད་པ་ཞེས་ཀྱང་འབོད་ཀྱི་ཡོད། ཁོང་ཉིད་ད་དུང་ཤུགས་ལྡན་རིག་ནག་ཞེས་པའི་མིང་ཡང་ཐེངས་དང་པོ་བཏགས་པ་རེད། དེ་ནི་བླ་ཆེན་བཞིའི་སྤྲུལ་པ་ངོ་མ་ཞིག་རེད།
- ས་སྐྱའི་ཁྲི་འཛིན་༣༧ཀུན་དགའ་སྙིང་པོ་མཆོག་ནི་རྡོ་རྗེ་ཤུགས་ལྡན་གྱི་ཡང་སྲིད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
- ས་སྐྱའི་ཁྲི་འཛིན་༣༩ དྲག་ཤུལ་འཕྲིན་ལས་རིན་ཆེན་མཆོག་གིས་རྡོ་རྗེ་ཤུགས་ལྡན་ནི་སྤྱན་རས་གཟིགས་དང་རང་བཞིན་གཅིག་པ་ཡིན་པ་ཁོང་གིས་བྲིས་ཡོད།
ཡིན་ནའང་དེང་སང་ས་སྐྱ་ཡིས་རྡོ་རྗེ་ཤུགས་ལྡན་ལ་བསྟེན་གསོལ་ཤུགས་ཆེན་པོ་བྱེད་ཀྱི་མེད་ནའང་། ལོ་རྒྱུས་ཀྱི་ཡིག་ཆ་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རྒྱབ་ལྗོངས་དང་། དད་མོས། རིག་གཞུང་། རང་ཉིད་ཀྱི་དབྱེ་འབྱེད་བཟོས་པ་སོགས་ལ་མ་ལྟོས་པར་ཚང་མ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
ལེན་འདེབས་གསུམ་པ།
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གི་མི་ཚེའི་ལོ་རྒྱུས་(༧རྒྱལ་བ་རིན་པོ་ཆེའི་ངོ་སྤྲོད་ཡོད་པའི་དེབ།) ནང་དུ་སློབ་མ་སྟོང་ཕྲག་མང་པོའི་༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་མདུན་ནས་གསུང་ཆོས་ཞུ་ཡོད་པ་གསལ་པོ་བྲིས་ཡོད་པ་དང་། གསུང་ཆོས་དེ་དག་གི་སྙིང་དོན་སྐོར་ནི་རྡོ་རྗེ་ཤུགས་ལྡན་གྱི་སྐོར་ཡིན་པ་རེད། དེ་ཙམ་མ་ཟད་ཕ་བོང་རིན་པོ་ཆེའི་དགེ་ཕྲུག་གི་རང་ཉིད་ཀྱི་དགེ་ཕྲུག་ལའང་ཁྲིད་གནང་ཡོད་པ་རེད།
དེ་འདྲ་སོང་ཙང་ལོ་རྒྱུས་ཀྱི་ཆ་ནས་རྡོ་རྗེ་ཤུགས་ལྡན་དེ་དགེ་ལུགས་པའི་ཉམས་ལེན་པ་མང་པོས་བསྟེན་གསོལ་བྱེད་ཡོད་ཞེས་ན་མ་འགྲིགས་པ་མེད། དེ་ཙམ་མ་ཟད་དགེ་ལུགས་ཀྱི་དགོན་པས་ཁས་ལེན་ཡོད་པ་ཞིག་ཀྱང་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་ལ་འདོད་པ་མེད་མཁན་ཚོ་ལ་གནོན་ཤུགས་སྤྲད་ནས་བསྟེན་ཆུག་མེད། བསྟེན་གསོལ་འདོད་པ་ཡོད་མེད་རང་ཉིད་ཀྱི་ཐག་གཅོད་བྱ་རྒྱུ་ཞིག་ཡིན་པ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མི་བྱེད་མཁན་དང་བསྟེན་གསོལ་བྱེད་མཁན་བར་ལ་དགོན་པ་ཐ་དད་བཟོས་དགོས་པའི་རྒྱུ་མཚན་གཅིག་ཀྱང་མེད།
བོད་མིའི་སྤྱི་ཚོགས་དང་། ནང་ཆོས་ནང་ལ་དབྱེ་འབྱེད་དང་པོ་མེད་པ་ལྟ་བུ་རེད། འོན་ཀྱང་ཕྱི་ལོ་ ༡༩༩༦ ལོར་བཀག་འགོག་གི་ལས་གཞི་དེ་ཡིས་བཟོས་པ་ཞིག་རེད། རྡོ་རྗེ་ཤུགས་ལྡན་གྱིས་ག་ལ་བྱེད་ཡོད།
བཀག་འགོག་དེ་འདོད་མོས་ཆེན་པོ་ངོས་ནས་ཅིའི་ཕྱིར་ཁྱབ་སྤེལ་བྱེད་ཡོད།
ང་ཚོས་ཤེས་གསལ་ལ་བཀག་འགོག་གི་ལས་གཞི་དེ་ལ་དགོས་པ་དང་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད། དེ་ལ་སྤྱི་ཡོངས་ཀྱི་རྒྱུ་མཚན་འགའ་བོད་མིའི་དབུ་ཁྲིད་དང་རྒྱབ་བསྐྱོར་བ་ཚོས་ཅིའི་ཕྱིར་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་དེ་བཀག་འགོག་ཆེན་པོ་བྱེད་ཀྱི་ཡོད་པ་སྤེལ་ཡོད།
རྒྱུ་མཚན་དང་པོ། ཁོང་ཚོ་ལ་སྡུག་འབྲས་སྐྱོན་བརྗོད་བྱ་ཡུལ་ཞིག་དགོས་ཡོད།
ལོ་ངོ་༦༠ཙམ་ཕྱིན་རྗེས་ཀྱི་བོད་མི་བཙན་བྱོལ་གྱི་གནས་སྟངས་ནང་དུ་བོད་མིའི་དབུ་ཁྲིད་ཚོས་རྒྱ་ནག་དང་མིང་དོན་མཚུངས་པའི་གྲོས་མོལ་ཞིག་བྱེད་ཐུབ་མེད་པ་རེད། དུས་མཚུངས་བཙན་བྱོལ་སྤྱི་ཚོགས་དང་དབུ་ཁྲིད་ཚོ་སྦྱིན་བདག་གི་བྱམས་བརྩེ་དང་། སྦྱིན་པ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པ་རེད། རྒྱ་ནག་གཞུང་གིས་དབུ་ཁྲིད་ཚོས་རང་ཉིད་ཀྱི་ལུང་པ་དེ་འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་ཤིག་ཏུ་བཟོས་ཡོད་པ་རེད།
འདས་པའི་ཕྱི་ལོ་ ༡༩༥༩ ནས་བཟུང་བོད་མིའི་སྤྱི་ཚོགས་ཀྱི་དབུ་ཁྲིད་ཚོས་ནུས་པ་ཇེ་ཞན་འགྲོ་ཡི་ཡོད་པ་མ་ཟད། ཁོང་ཚོའི་བོད་པའི་གནས་སྟངས་སྐོར་ལ་རྒྱལ་ཁབ་གཞན་གྱི་རྒྱབ་བསྐྱོར་དགོས་པའི་གནོན་ཤུགས་ཇེ་སྡུག་དང་སྐྱོ་རུ་འགྲོ་ཡི་ཡོད། ལོ་ངོ་༦༠ལྷག་གི་རིང་ལ་མཇུག་འབྲས་བཟང་པོ་ཞིག་སྨིན་མེད་པ་སོང་ཙང་། དེ་དག་མ་ཉེས་ཁ་གཡོག་བྱེད་ས་དེ་རྡོ་རྗེ་ཤུགས་ལྡན་ལ་ལས་སླ་པོ་ཐོག་ནས་བཟོས་པ་རེད།
དེ་རྐྱེན་པས་བོད་མི་ཚོ་དངོས་ཡོད་དང་དོན་སྙིང་ཅན་གྱི་གནས་ལུགས་ལས་ཁ་ཕྱོགས་གཞན་དུ་ཁྲིད་པ་རེད། དཔེར་ན། (བོད་མིའི་རྒན་རབས་ཀྱི་ཁྲོད་དུ་འབྲི་ཀློག་ཤེས་མཁན་ཉུང་ཉུང་ཡིན།) ཁོ་ཚོས་བསམ་བློ་གཏོང་ཕྱོགས་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྒྱ་ནག་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་མེད་པ་དག་བཤད་ནས་ཁོ་ཚོའི་དགོས་པ་མང་པོ་ཞིག་སྒྲུབ་ཀྱི་ཡོད།
དང་པོ། རྡོ་རྗེ་ཤུགས་ལྡན་གྱི་མི་ཚོ་རང་ཉིད་ཀྱི་དགྲ་བཟོ་རྒྱུ་ལས་སླ་མོ་ཞིག་རེད། དེ་ཙམ་མིན་པར་ཁོ་ཚོས་དགྲ་ངོ་མ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་སོགས་བཤད་ཀྱི་ཡོད། ལས་ཕྱོགས་དེ་ཡིས་བོད་མིའི་སྤྱི་ཚོགས་ཀྱི་ཁོང་ཁྲོ་སྟོན་ས་ཞིག་རགས་ཀྱི་ཡོད་པ་རེད། ཁོང་ཁྲོ་དེ་དག་རང་ཉིད་ཀྱི་དབུ་ཁྲིད་ཚོས་བོད་མིའི་དཀའ་རྙོག་སེལ་མ་ཐུབ་པ་ལ་མི་སྟོན་པར་ཁོང་ཁྲོ་དང་། ཚོར་བ་ཚང་མ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཐོག་ལ་སྟོན་དུ་བཅུག་གི་ཡོད།
གཉིས་པ། དེ་ཡིས་མི་རྣམས་རྡོ་རྗེ་ཤུགས་ལྡན་ལ་སློབ་གཉེར་བྱེད་པར་དོ་སྣང་གཡེང་དུ་བཅུག་གི་ཡོད། ཁོ་ཚོ་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་བརྗོད་ཚེ་མི་གཞན་པ་རྣམས་དཔེ་ཆ་ནང་ཅི་བཤད་པ་སོགས་བརྟག་དཔྱད་བྱེད་པའི་མོས་པ་བརླག་ཏུ་བཅུག་གི་ཡོད།
མཐའ་དོན་དེ་ལ་ཁོ་ཚོ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཚེ་བོད་མིའི་མགོ་ཁྲིད་ཁོ་ཚོའི་ཉིན་ལྟར་ནོར་འཁྲུལ་བཟོ་པ་རྣམས་གསལ་བཤད་བྱེད་རྒྱུ་སྟབས་བདེ་རུ་ཕྱིན་ཡོད། རྡོ་རྗེ་ཤུགས་ལྡན་གྱི་བླ་མ་དང་བསྟེན་གསོལ་བྱེད་མཁན་ཚོ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་སོགས་བརྗོད་ཚེ་རྡོ་རྗེ་ཤུགས་ལྡན་གྱི་དགོན་པ་དང་། ཁོ་ཚོའི་བླ་མ་རྣམས་ཀྱིས་ཡར་རྒྱས་མུ་མཐུད་འགྲོ་པ་དེ་དང་བོད་མི་ཚོ་ལོ་གྲངས་༦༠ལྷག་གི་རིང་ལའང་ཐབས་སྐྱོ་བའི་གནས་སྟངས་ལ་ལུས་ཡོད་ཙང་དེ་ལ་སྟབས་བདེ་བའི་འགྲེལ་བཤད་ཤིག་རེད།
འཛམ་བུ་གླིང་ཕྱོགས་གང་སར་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡོད་པ་སོང་ཙང་ཁོ་ཚོ་ལ་རྒྱ་ནག་གཞུང་གིས་དངུལ་སྤྲད་ཀྱི་ཡོད་པ་སོགས་ཀྱི་བརྗོད་ཚུལ་ནི་ཡང་དག་ཤིག་མ་རེད། རྒྱ་ནག་གཞུང་གི་འཛམ་བུ་གླིང་ཡོངས་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ས་ཡ་མང་པོ་ཡོད་པ་དེ་ཚོ་ཚང་མ་ལ་དངུལ་སྤྲད་ཀྱི་ཡོད་པ་སོགས་བརྗོད་ན་རྒྱུ་མཚན་མེད་པ་ཞིག་རེད། སྐྱོན་བརྗོད་དེ་ལ་བརྟག་དཔྱད་བྱེད་ནའང་རྒྱུ་མཚན་ཡོད་པ་ཞིག་མ་རེད། ག་ལ་ཞེ་ན་འཛམ་བུ་གླིང་ཡོངས་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚང་མ་དང་རྒྱ་ནག་གཞུང་གིས་འབྲེལ་བ་ཡོད་པ་དང་ཁོ་ཚོ་ལ་དངུལ་ཇི་ལྟར་སྤྲད་ཐུབ་བམ། ལོ་ངོ་༡༨ ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་དངུལ་སྤྲད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་དངུལ་སྤྲད་པའི་ཐོབ་འཛིན་གཅིག་ཀྱང་སྟོན་ཡ་མེད་པ་རེད།
རྒྱུ་མཚན་གཉིས་པ། རྡོ་རྗེ་ཤུགས་ལྡན་གྱི་བླ་མ་རྣམས་ཉམས་རྒུད་གཏོང་རྒྱུ།
ཕྱི་ལོ་༡༩༥༩ ལོར་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་བླ་མ་ཚོ་ལ་བོད་མི་ས་ཡ་མང་པོས་དད་པ་དང་། གུས་ཞབས། དབང་ཆ། གོ་གནས་སོགས་མཐོ་པོ་ཡོད་པ་རེད། དཔེར་མཚོན་བཞག་ན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་གོང་མ་དེ་ཡིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ཀྱི་ཡོད། (༧རྒྱལ་བ་རིན་པོ་ཆེ་རྗེས་ལ་བླ་མ་གཉིས་པ།) དེ་ཙམ་མ་ཟད་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་༧སྐྱབས་རྗེ་ཁྲི་བྱང་རིན་པོ་མཆོག་གིས་ཀྱང་བསྟེན་གྱི་ཡོད། ཁོང་ཉིད་ལ་བོད་ཀྱི་ས་ཁུལ་ཆ་ཕྲེང་ཡུལ་ལ་ཁོང་ཉིད་དང་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་གུས་ཞབས་དང་། བརྩི་འཇོག་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ གོང་ལ་བོད་མིའི་དབུ་ཁྲིད་ཚོའི་རང་ཉིད་མི་གཅིག་གི་སྟེང་དུ་དབང་ཆ་ཐོབ་ཆེད་ལ་དཀའ་ཁག་ཆེ་ཤོས་དེ་ནི་རྡོ་རྗེ་ཤུགས་ལྡན་གྱི་བླ་མ་ཚོ་ཡིན་པ་རེད། དེ་འདྲ་སོང་ཙང་ཁོ་ཚོས་རྡོ་རྗེ་ཤུགས་ལྡན་གྱི་བླ་མ་ཚོའི་གཟི་བརྗིད་ཉམས་རྒུད་འགྲོ་བའི་ཆེད་དུ་ཁོ་ཚོ་ལ་དམ་སྲི་སྐྱབས་འཇུག་པ་དང་། ༧རྒྱལ་བ་རིན་པོ་ཆེའི་འགལ་ཟླ། བོད་མིའི་རྒྱལ་ཚོང་པ་སོགས་བརྗོད་ཀྱི་ཡོད།
རྒྱུ་མཚན་གསུམ་པ། ༧རྒྱལ་བ་རིན་པོ་ཆེ་ལ་རྩེ་གཅིག་ཏུ་དད་པ་ངོམས་ཆེད།
༧རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མིའི་འཐབ་རྩོད་ཀྱི་ཡག་སྡུག་གང་འདྲ་ཞིག་ཡིན་ནའང་ཁོང་ཉིད་ངོས་འཛིན་བྱེད་ས་ཞིག་ཡིན། ཁོང་ཉིད་འཛམ་བུ་གླིང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་དང་། ཡོངས་ཁྱབ་ཀྱི་སྙིང་རྗེ། བཟང་སྤྱོད་སོགས་ཀྱི་ངོ་ཚབ་བྱེད་མཁན་ལྟ་བུ་རེད། ཁོང་ཉིད་འདས་གྲོངས་ཕྱིན་པའི་རྗེས་ལ་སུ་འདྲ་ཞིག་ལ་དེ་རྗེས་མའི་འཆར་གཞི་མེད་པ་རེད། བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོ་ལ་རང་ཡུལ་དུ་ལོག་པའི་གོ་སྐབས་ཤིག་ནམ་ཡང་ཐོབ་མི་སྲིད། དེ་ལ་༧ལ་བ་རིན་པོ་ཆེ་ལས་གཟི་བརྗིད་ཅན་གྱི་དབུ་ཁྲིད་འཛམ་གླིང་གི་དཔོན་པོ་ཚོ་ལ་གནོན་ཤུགས་སྤྲད་ཐུབ་མཁན་ཞིག་མེད་པ་རེད།
བཀག་འགོག་གི་ལས་གཞི་དེ་ཡི་རྐྱེན་པས་དེ་ཁྱབ་སྤེལ་གཏོང་གི་ཡོད། ༧རྒྱལ་བ་རིན་པོ་ཆེས་མི་མང་པོ་ཞིག་གི་རྨོངས་དད་བྱེད་རྒྱུ་དེ་ཁག་པོ་བཟོས་པ་རེད། དེ་ཡིས་ཁོང་ཉིད་བོད་མིའི་བདེན་མཐའ་སེལ་བའི་རེ་བ་ཉག་ཅིག་ཡིན་པ་དེ་བརླག་ཏུ་བཅུག་ཡོད་པ་རེད། ལས་གཞི་དེ་ཡིས་མི་མང་པོ་ཞིག་ལ་དྲི་བ་གཅིག་བཟོད་པ་རེད། ཅིའི་ཕྱིར་༧རྒྱལ་བ་རིན་པོ་ཆེས་སྙིང་རྗེ་དང་བཟོད་པ་གསུང་གིན་ཡོད་ནའང་བསྟེན་གསོལ་དང་དད་པ་བྱེད་ཕྱོགས་གཅིག་ལ་བཟོད་སྲན་མི་གདའ་བ་དེ་རེད།
རྒྱུ་མཚན་བཞི་པ། ཉམས་ལེན་པ་ངོ་མ་ཡིན་མིན་བརྟག་དཔྱད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལོ་གྲངས་༡༨ལྷག་གི་རིང་ལ་བོད་མིའི་གནས་སྟངས་དང་། བོད་མི་ལ་གནོད་འཚེ་ཡོད་ཞེས་པའི་སྲུང་མ་ཞིག་བསྟེན་པའི་རྐྱེན་གྱིས་དཀའ་སྡུག་ཚད་མེད་མྱོང་ཡོད། བཀག་འགོག་གི་ལས་གཞི་དེ་ཡི་གསལ་པོ་ཐོག་ནས་སུ་ཡི་དཔའ་ཞུམ་རྒྱུ་དང་། སུའི་སྒེར་གྱི་དོན་དུ་བྱེད་ཀྱི་ཡོད་པ། སུ་དྲང་པོ་ཡིན་མིན། ཡིད་ཆེས་བྱེད་ཆོག་ས་དང་ཆ་འཇོག་འོས་པ་སུ་ཡིན་ནམ་གསལ་པོ་བྱུང་ཡོད་པ་རེད།
རྒྱུ་མཚན་ལྔ་པ། མི་སྒེར་གྱི་འཁོན་ལན་དང་རང་ཉིད་ཀྱི་འདོད་མོས།
མི་རེ་འགའ་ཞིག་གིས་བཀག་འགོག་གི་ལས་གཞི་དེ་ཡི་རང་ཉིད་ཀྱི་འཁོན་ལན་ལ་ཁ་གཡོག་པ་དང་། རང་ཉིད་ཀྱི་ཆབ་སྲིད། དཔལ་འབྱོར་གྱི་དགོས་དམིགས་སོགས་ཀྱི་ཆེད་དུ་གོང་འཕེལ་གཏོང་གི་ཡོད། ལས་གཞི་དེ་ལ་རྒྱབ་བསྐྱོར་བཀག་འགོག་ནི་བོད་མིའི་འགོ་ཁྲིད་ནང་དུ་གོ་གནས་འཕར་བའི་ཆེད་དུ་ཁེ་ཕན་ཆེན་པོ་ཡོད། དབང་ཆ་ཡོད་མཁན་ཚོ་ཡི་མི་སྒེར་གྱི་དགའ་མོས་ཐོབ་པའི་ཆེད་དུའང་ཁེ་ཕན་ཆེན་པོ་ཡོད། གལ་ཏེ་རང་ཉིད་དབང་ཆ་དང་། དངུལ་སོགས་རགས་ཀྱི་ཡོད་ན་མི་གཞན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ལ་སྐྱོན་བརྗོད་དང་བཀག་འགོག་བྱེད་རྒྱུ་ཡིན་པ་ནི་ལས་སླ་པོ་ཐོག་ནས་བསམ་བློ་གཏོང་ཐུབ།
རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་བོད་མིའི་སྤྱི་ཚོགས་ཁྲིད་དུ་མི་སྒེར་པས་བཀག་འགོག་གི་ལས་གཞི་དེ་ལ་མི་སྒེར་པའི་འཁོན་ལན་ལོག་ཆེད་དུ་དགོས་པ་མེད་པའི་ཐོག་ནས་བཀག་འགོག་གི་ལས་གཞི་དེ་ལ་རྒྱབ་བསྐྱོར་བྱེད་ངེས། རང་ཉིད་ཀྱི་མི་དགའ་བའི་མི་གཞན་པ་ཞིག་རང་ཉིད་ལས་རྗེས་སུ་ལུས་པའི་ཆེད་དུའང་བྱེད་ངེས།
རྒྱུ་མཚན་དྲུག་པ། ཤེས་ཚད་སྐྱོ་པ།
བོད་མི་སྤྱི་བཏང་བ་མང་པོ་ནང་པའི་ལྟ་གྲུབ་སྦྱང་མྱོང་མེད་པ་དང་། ཉམས་ལེན་བྱེད་མྱོང་མེད། ཁོང་ཚོའི་བོད་སྐད་བཤད་པ་དང་། བོད་ཡིག་འབྲི་པ་སོགས་བྱེད་ཤེས་ཀྱི་ཡོད་ཀྱང་ནང་ཆོས་ཀྱི་ལྟ་གྲུབ་དང་། དགོན་པའི་ཤེས་ཡོན། སྒོམ་ཉམས་ལེན་སོགས་ཀྱི་བོད་ཡིག་ཤེས་རྒྱུ་ཤིན་ཏུ་ཁག་པོ་ཆག་ཡོད་པ་རེད། དེ་འདྲ་སོང་ཙང་བོད་མི་སྤྱི་བཏང་བ་ཡོད་དོ་ཅོག་(རྒས་འཁོགས་དང་གཞོན་ནུ།)གིས་བརྟག་དཔྱད་བྱེད་མི་ཐུབ་པ་དང་། དཔེ་ཆ་གཞི་བཟུང་གི་བདེན་པ་དང་རྫུན་གྱི་དབྱེ་འབྱེད་མི་བྱེད་པར་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་ལ་གཞན་གྱིས་ཅི་བཤད་ལ་ཉན་ནས་བསྡད་ཀྱི་ཡོད་པ་རེད།
དེ་ལ་གལ་གནད་ཆེ་བ་ཞིག་ཤེས་དགོས་རྒྱུ་ནི་བོད་པ་མང་ཆེ་བ་རང་ཉིད་ཀྱི་གནས་ཚུལ་གང་འདྲ་ཞིག་ཀྱང་བོད་མིའི་དབུ་ཁྲིད་བརྒྱུད་ནས་སླེབ་ཀྱི་ཡོད་ན་དྲི་བ་མེད་པའི་ཐོག་ནས་ཡིད་ཆེས་བྱེད་དགོས་པའི་ཁོར་ཡུག་ཤིག་གི་ནང་དུ་འཚར་ལོངས་བྱུང་བ་རེད། རྒྱུ་མཚན་དེ་ཡི་རྐྱེན་པས་བཀག་འགོག་གི་ལས་གཞི་དེ་ལ་གནོན་ཤུགས་ཆེན་པོ་བྱུང་གི་ཡོད།
རྒྱུ་མཚན་བདུན་པ། ཞི་འཇམ་དང་འདོད་མོས་གཅིག་མཚུངས།
ཤེས་ཚད་ཞན་པའི་གནས་སྟངས་དེ་ཡི་རྐྱེན་པས་ཉེན་ཚབས་ཆེ་བའི་བཀག་འགོག་གི་ལས་གཞི་ལ་གནོན་ཤུགས་བྱུང་གི་ཡོད། དེ་ཙམ་མ་ཟད་ཕྱོགས་གཞན་ཞིག་ནས་གནོན་ཤུགས་བྱུང་ཚུལ་ནི་ཞི་འཇམ་ཐོག་ནས་བྱེད་ཀྱི་ཡོད། བཀག་འགོག་གི་ལས་གཞི་དེ་ནོར་འཁྲུལ་ཞིག་ཡིན་པ་ཧ་མ་གོ་མཁན་ཚོའི་རང་ཉིད་ལ་འདམས་ཁ་མེད་པར་མཉམ་དུ་འགྲོ་དགོས་རྒྱུ་ཚོར་གྱིན་ཡོད། ག་ལ་ཞེ་ན་བཀག་འགོག་གི་ལས་གཞི་དེ་ལ་སྐད་ཆ་བྱུང་གི་མེད་པ་མ་ཟད་བགྲོས་གླེང་སོགས་བྱེད་བཅུག་གི་མེད་པ་རེད། དེ་ཡི་རྐྱེན་པས་གཞན་རྣམས་ཞི་འཇམ་ངང་གནས་རྒྱུ་བཟོ་བཞིན་ཡོད།
གལ་ཏེ་ཚང་མ་ཞི་འཇམ་ངང་གནས་པ་ཡིན་ན་དེ་ལ་བཀག་འགོག་བྱེད་པའི་རྒྱབ་བརྒོལ་ཉུང་ཐག་ལས་མེད་པ་རེད། དེ་ཡི་ཁོ་ཚོ་ལ་སྐད་འབོད་ཐོག་ལ་རྒྱབ་བསྐྱོར་བྱེད་མཁན་མང་དུ་འགྲོ་ཡི་རེད། ག་ལ་ཞེ་ན་ཁོ་ཚོ་ལ་རྒྱབ་རྒོལ་བྱེད་མཁན་མེད་པ་རེད།
རྒྱུ་མཚན་བརྒྱད་པ། ༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ལྷད་མེད་དང་གཙང་མ།
ང་ཚོས་ཤེས་རྟོགས་ཡོད་པ་ལ་དེ་ལ་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་དང་ཡིད་ཆེས་ལྷད་མེད་ཡོད་མཁན་མང་པོ་ཡོད། ཁོང་གི་རྒྱུ་མཚན་དང་བཀག་འགོག་ལ་བརྟེན་ནས་རང་ཉིད་ཀྱིས་ཀྱང་ལས་གཞི་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་མཚོན་པའི་ཆེད་དུ་བྱེད་མཁན་ཡོད། ཡིན་ནའང་བློ་ཕམ་པ་ཞིག་ལ་ཁོ་ཚོས་མི་ཤེས་པ་ཞིག་ནི་དད་མོས་མཚོན་པར་ཆེད་དུ་བྱ་སྤྱོད་དེ་དག་སྤེལ་བ་ནི་རང་ཉིད་ཀྱི་དགེ་རྒན་གྱི་ཡོན་ཏན་ངན་པ་ཕྱི་མངོན་བྱེད་ཀྱི་ཡོད་པ་རེད།
ཁོ་ཚོའི་བསམ་བློའི་ནང་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གནོད་འཚེ་བྱུང་གི་ཡོད་པ་ཚོར་གྱིན་ཡོད། འོང་ཀྱང་སྟབས་ངན་པ་ཞིག་ལ་བྱ་སྤྱོད་རང་ཉིད་ཀྱི་སྙིང་རྗེའི་བཀའ་སློབ་གནང་མཁན་གྱི་བླ་མ་ལ་དད་མོས་སྲུང་སྐྱོབ་ཆེད་དུ་མི་གཞན་པ་ཞིག་གི་དད་པ་བྱེད་ཕྱོགས་བཀག་འགོག་བྱེད་ཀྱི་ཡོད་པ་དེ་ནི་འགལ་ཟླ་ཆེན་པོ་ཞིག་ཆག་ཡོད།
དངོས་དོན་ཞིག་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་དང་༧རྒྱལ་བ་རིན་པོ་ཆེ་ལ་བརྩི་འཇོག་མ་བྱེད་ཕྱོགས་གཉིས་རྩ་བ་ཉིད་ནས་ཐ་དད་ཤིག་མ་རེད། གནས་ཚུལ་ཞིག་གི་ཐོག་ལ་བསམ་ཚུལ་ལོག་ཁ་དང་མི་འདྲ་བ་ཡོད་པའི་རྐྱེན་གྱི་ང་ཚོས་རྒྱབ་བརྒོལ་བྱེད་ཀྱི་ཡོད་པ་མཚོན་མི་ཐུབ། ང་ཚོའི་དད་པ་དང་། ཡིད་ཆེས་བྱེད་ཕྱོགས་ཀྱི་དོན་དག་ཁ་ཤས་ཐོག་ལ་མི་མཐུན་པ་ཡོང་སྲིད་པ་ཞིག་རེད། འོན་ཀྱང་དེ་ཡིས་དམ་ཚིག་ཡོད་དོ་ཅོག་ནག་པོ་ཡིན་པ་མཚོན་མི་ཐུབ། འཛམ་བུ་གླིང་དེའི་ནང་དུ་བསམ་ཚུལ་ཚང་མ་མཐུན་པའི་འབྲེལ་བ་ཞིག་གཅིག་ཀྱང་མེད་པ་རེད།
རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པས་དཔའ་མི་ཞུམ་པའི་རྒྱུ་མཚན།
བོད་མིའི་དབུ་ཁྲིད་ཚོ་ལ་རྒྱབ་བསྐྱོར་བྱེད་མཁན་གྱིས་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་དེ་བཀག་འགོག་གི་འདོད་མོས་ཤུགས་ཆེན་ཐོག་ནས་བཀག་གིན་ཡོད་པ་བཞིན། རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་པ་ཚོས་འདོད་པ་ཆེན་པོ་ངང་ནས་རང་ཉིད་ཀྱི་ལུགས་སྲོལ་རྒྱུན་འཛིན་པ་དང་བཀག་འགོག་གི་ལས་གཞི་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བྱ་རྒྱུ་ཡིན། སྡེ་ཚན་དེའི་ནང་དུ་ང་ཚོས་རང་ཉིད་ཀྱི་དེ་ལྟར་བྱེད་པའི་དགོས་པ་འགའ་སྟོན་རྒྱུ་ཡིན།
རྒྱུ་མཚན་དང་པོ། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་རང་གི་བླ་མའི་ཞལ་ལ་ཉན་རྒྱུ།
ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་བླ་མའི་དམ་ཚིག་ནི་ལམ་དང་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པ་རེད། ཉམས་ལེན་པ་ཞིག་གིས་རང་ཉིད་ཀྱི་བླ་མའི་བཀའ་སློབ་དང་། ཉམས་ལེན། གསུང་ཆོས་སོགས་ཐོབ་པ་རྣམས་ཤིན་ཏུ་རྩ་ཆེན་པོ་དང་གལ་གནད་ཡོད་པ་ཞིག་ལ་བརྩི་དགོས། དེ་འདྲ་སོང་ཙང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡིན་ནའང་རང་ཉིད་ཀྱི་བླ་མ་དང་དམ་ཚིག་མི་བརླག་པ་མ་ཟད་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་བླ་མ་ལ་དད་པ་བྱེད་ན་འགྲིགས་པ་ཞིག་རེད། དམ་བཅའ་དེ་ཚོའི་ནང་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དང་དད་པ་བྱེད་རྒྱུ་དེའང་ཚུད་ཡོད་པ་རེད།
དེ་རྐྱེན་པས་གྲྭ་པ་གཞན་ཞིག་དང་། དགེ་རྒན། བླ་མ་ཞིག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་མི་དགེ་བ་རེད་ཞེས་བརྗོད་པ་ཙམ་གྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་པ་ཚོའི་མཚམས་འཇོག་བྱེད་རྒྱུ་མིན། དེ་ནང་དུ་མི་གཞན་དེ་སྐད་གྲགས་ཆེན་པོ་དང་། དཔལ་འབྱོར་ཡོད་མཁན། གོ་གནས་མཐོ་པོ། བླ་མ་སོགས་སུ་འདྲ་ཡིན་ནའང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་ལ་འགག་པ་བརྒྱབ་མཁན་ཚང་མ་ཚུད་ཡོད།
རྒྱུ་མཚན་གཉིས་པ། ༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་མ་བརྩིས་ནའང་འགལ་བ་མེད།
བོད་མིའི་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཉིད་ཀྱི་ཆོས་ཀྱི་རྩ་བའི་བླ་མ་མ་བརྩི་མཁན་ཡོད། དེ་འདྲ་སོང་ཙང་མི་ཚང་མ་ལ་༧རྒྱལ་བ་རིན་པོ་ཆེ་དང་བླ་མ་སློབ་མའི་དམ་ཚིག་མེད་པ་བརྟེན་ཁོང་ཉིད་ཀྱི་བཀའ་ཉན་དགོས་པའི་ཁྱབ་པ་མེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོ་ཚོའི་བླ་མ་མ་ཡིན་ཙང་། ཁོ་ཚོས་བཀའ་མ་ཉན་པ་སོགས་ཀྱིས་ལས་ངན་པ་བསག་ནས་འབྲས་བུ་བྱུང་ཐབས་མེད་པ་རེད། དེ་ནི་༧རྒྱལ་བ་རིན་པོ་ཆེ་ལ་བརྩི་བཀུར་མེད་པ་ཞིག་གི་རྣམ་པ་མིན། འོན་ཀྱང་དངོས་དོན་ཞིག་རེད།
བོད་བརྒྱུད་ནང་བསྟན་ནང་ལ་ཡིན་པ་བཞིན་འཛམ་བུ་གླིང་ཡོངས་རྫོགས་ལ་༧རྒྱལ་བ་རིན་པོ་ཆེ་ཁོང་ཚོའི་རང་ཉིད་ཀྱི་རྩ་བའི་བླ་མ་མིན་པ་རེད། དེ་འདྲ་སོང་ཙང་ཁོ་ཚོ་ལ་བོད་པའི་ཆབ་སྲིད་དང་། ཆབ་སྲིད་པ། བོད་མིའི་དབུ་ཁྲིད་ཀྱི་བརྗོད་པའི་གཏམ་ལ་ཉན་དགོས་པའི་རྒྱུ་མཚན་མེད།
རྒྱུ་མཚན་གསུམ་པ། དྲིན་ལན་དང་། རང་ཉིད་ཀྱི་མྱོང་ཚོར།
རྡོ་རྗེ་ཤུགས་ལྡན་ནི་ཆོས་སྐྱོང་སྲུང་མ་ཙམ་མ་ཟད་སངས་རྒྱས་ཞིག་ཡིན་པ་སོང་ཙང་ཁོང་གིས་འགྲོ་བ་གྲངས་མེད་པ་ཕན་བདེ་བསྒྲུབས་གནང་ཡོད། ཁོང་ཉིད་ཀྱིས་ཟང་ཟིང་གི་ཐབས་སྐྱོ་བའི་མི་དང་། ཉམས་ལེན་པ་ཚོ་ལ་རང་ཉིད་ཀྱི་སེམས་དྭངས་གཙང་ཅན་དུ་གྱུར་རྒྱུ། ཤེས་རབ་དང་བློ་གྲོས་རྒྱས་ཐབས། སྦྱིན་གྱི་བརླབས་པ་དང་མི་མང་པོ་ཉེན་ཁ་ལས་སྐྱོབ་ཡོད་པ་རེད། དེ་དག་གི་གྲངས་ཚད་ནི་མུ་མཐའ་མེད། རྡོ་རྗེ་ཤུགས་ལྡན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོགས་ཀྱང་ཕྱི་ལོ་༡༩༥༩ ལོར་བོད་ནས་བཙན་བྱོལ་ཕེབས་སྐབས་སྲུང་སྐྱོབ་གནང་བ་རེད། ག་ལ་ཞེ་ན་རྡོ་རྗེ་ཤུགས་ལྡན་གྱིས་བཙན་བྱོལ་འགྲོ་དགོས་པའི་བསླབ་བྱ་བརྒྱབ་ཡོད་པ་རེད། དེ་སྐབས་ཀྱི་བོད་ནས་བཙན་བྱོལ་ལ་སླེབས་མཁན་ཚོའི་རྡོ་རྗེ་ཤུགས་ལྡན་གྱི་རྩ་ཆེ་བའི་སྲུང་སྐྱོབ་ལ་བཀའ་དྲིན་དྲན་པའི་སྐད་ཆ་བཤད་ཡོད་པ་རེད།
རྒྱུ་མཚན་བཞི་པ། བཀག་འགོག་ནི་རྒྱུ་མཚན་ཡང་དག་མིན།
ང་ཚོས་སྔོན་ནས་བདེན་དོན་འཚོལ་བ་སོང་ཙང་། བཀག་འགོག་དེ་བཞིན་རྒྱུ་མཚན་མེད་པ་ཞིག་དང་། བཀག་འགོག་བྱེད་པའི་རྒྱུ་མཚན་རྣམས་ཡང་དག་པ་གཅིག་ཀྱང་མིན་འདུག རྡོ་རྗེ་ཤུགས་ལྡན་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་བཀག་འགོག་གི་དངོས་ཡོད་གནད་དོན་ཤེས་མཁན་ཚོས་རང་ཉིད་ཀྱི་བསྟེན་གསོལ་དེ་མཚམས་མི་འཇོག་རྒྱུ་ཡིན། ག་ལ་ཞེས་ན་རྡོ་རྗེ་ཤུགས་ལྡན་བཀག་འགོག་ལ་རྒྱུ་མཚན་ཡང་དག་མིན་འདུག དེ་ཙམ་མ་ཟད་བཀག་འགོག་འདོད་པ་ཡོད་མཁན་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་གཉའ་གནོན་བྱེད་པ་དེ་ཡིས་རང་ཉིད་མུ་མཐུད་ནས་བསྟེན་གསོལ་གྱི་འདོད་པ་སླེབས་ཀྱི་ཡོད་པ་རེད།
རྒྱུ་མཚན་ལྔ་པ། འགྲོ་བ་མིའི་ཐོབ་ཐང་།
བཀག་འགོག་གི་ལས་གཞི་དེ་རྒྱུ་མཚན་ཡང་དག་མེད་དོན་ནི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མང་པོས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་བཀག་འགོག་དང་། དེ་རྐྱེན་པས་འཕྲོག་པ་སྐད་འབོད་བྱེད་བཞིན་ཡོད་པ་རེད། བཀག་འགོག་དེ་ཡིས་འགྲོ་བ་མིའི་ཐོབ་ཐང་རྩ་མེད་བཟོས་པ་གསལ་པོ་ཤེས་ཐུབ།
རྒྱུ་མཚན་དྲུག་པ། ཆོས་དད་རང་མོས།
བཀག་འགོག་གི་ལས་གཞི་དེ་ཡིས་རྒྱ་གར་གཞུང་གི་བཅའ་ཁྲིམས་ནང་དུ་ཡོད་པའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་གནོད་འཚེ་གཏོང་གི་ཡོད་པ་རེད། དེ་ཙམ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ནང་དུ་རང་འདོད་ཐོག་ནས་དད་མོས་བྱེད་ཆོག་པ་དེའང་བརྩི་མེད་གཏོང་གི་ཡོད་པ་རེད། རྒྱ་གར་ནི་ཆིངས་ཡིག་དེ་ལ་མཚན་རྟགས་བརྒྱབ་མཁན་གྱི་རྒྱལ་ཁབ་ཞིག་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚང་མས་རང་ཉིད་ཀྱི་ལམ་སྲོལ་ཞི་བདེ་ངང་བྱེད་པའི་འདོད་པ་ཡོད། སྡུག་སྦྱོང་གི་ཞེད་སྣང་མེད་པ་དང་། ལུས་དང་ངག་གི་དབྱེ་འབྱེད་སོགས་མེད་པའི་ཐོག་ནས་བྱེད་འདོད་ཡོད།
རྒྱུ་མཚན་བདུན་པ། དཔང་རྟགས་མེད་པ་དང་། བགྲོས་མོལ་མེད་པ།
མཐའ་མཇུག་དེ་ལ་བོད་མིའི་དབུ་ཁྲིད་ཀྱིས་རྡོ་རྗེ་ཤུགས་ལྡན་དམ་སྲི་ཡིན་པའི་དཔང་རྟགས་གཅིག་ཀྱང་སྟོན་ཡོད་པ་མ་རེད། དེ་རྐྱེན་པས་བསྟེན་གསོལ་དེ་ཡིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་གནས་སྟངས་ལ་གནོད་འཚེ་བྱུང་མེད་པ་རེད། བོད་མིའི་དབུ་ཁྲིད་ཚོས་ད་བར་ཏུ་རྡོ་རྗེ་ཤུགས་ལྡན་བབསྟེན་གསོལ་བྱེད་མཁན་གྱི་མི་སྣ་གླེན་རྟགས་ཅག་ཤིག་ཡིན་པའི་དཔང་རྟགས་གཅིག་ཀྱང་སྟོན་མེད་པ་རེད། དཔེར་ན། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་རྒྱ་ནག་གཞུང་གི་ལག་ནས་དངུལ་བླང་གི་ཡོད་པ་དང་། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པ་དྲག་སྤྱོད་པ་ཡིན་པ། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གནོད་འཚེ་བྱུང་བའི་སྨོན་ལམ་བརྒྱབ་ཀྱི་ཡོད་པ་སོགས་རེད།
དེའི་ལྡོག་ཕྱོགས་ལ་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་བྱེད་མཁན་ཚོ་ལ་གནས་སྟངས་འདྲ་མིན་ནང་དུ་འདྲ་མཉམ་མིན་པའི་བྱ་སྤྱོད་མང་པོ་མྱོང་ཡོད་པ་མ་ཟད། དྲག་སྤྱོད། མིང་རྗེས་སོགས་ཁོ་ཚོས་སྡུག་བསྔལ་མྱོང་བ་རེད། ཁོ་ཚོས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་ཕྱིར་འཕུད་དང་། དབྱེ་འབྱེད་ཀྱི་ལས་གཞི་འཛམ་གླིང་ཡོངས་ལ་སྤེལ་བ་དེའི་དཔང་རྟགས་སྟོན་རྒྱུ་ཡོད་པ་རེད།
གལ་ཏེ་ནང་ཆོས་ཀྱི་བསམ་བློ་གཞི་བཟུང་བཀག་འགོག་གི་ལས་གཞིའི་ཐོག་ལ་སྟོན་ཡོད་པའི་རྒྱུ་མཚན་ཆོས་བརྒྱུད་ཚང་མའི་ཁས་ལེན་བྱེད་ཡོད་པ་དེ་དག་དང་བཀག་འགོག་གི་ལས་གཞི་དེ་ཡི་རྒྱུ་མཚན་བར་ལ་བསྡུར་ན་དེ་ཡི་རྒྱུ་མཚན་ཡང་དག་མིན་པ་ཤ་སྟག་རེད། དེ་འདྲ་སོང་ཙང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་ནང་ལ་དྲང་བདེན་མ་ཡིན་པའི་བཀག་འགོག་གི་རང་བཞིན་དེ་དག་ཤེས་མཁན་ཚོས་མུ་མཐུད་ནས་སྐད་འབོད་བྱ་རྒྱུ་ཡིན། འདས་པའི་ལོ་གྲངས་༡༨ ལྷག་གི་རིང་ལ་ཐེངས་མང་རེ་བ་དང་སྐྱབས་འཇུག་ཞུ་ཡོད་ནའང་དོན་སྙིང་ལྡན་པའི་བགྲོས་མོལ་གཅིག་ཀྱང་བོད་མིའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པ་དང་མཉམ་དུ་བྱེད་མེད།
བཀག་འགོག་གི་དཔང་རྟགས།
བོད་མིའི་དབུ་ཁྲིད་ཀྱིས་རྡོ་རྗེ་ཤུགས་ལྡན་བཀག་འགོག་གི་ལས་གཞི་ཞིག་ཡོད་མ་རེད་ཞེས་བརྗོད་ཡོད། དེ་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་པ་ཚོ་ལ་ལོ་ངོ་བཅུ་ཕྲག་འགའ་ནང་དུ་ཅི་མྱོང་པའི་ཕྱོགས་བསྒྲིགས་ཤིག་ཡོད། ཁྱེད་ཉིད་ཀྱིས་གཤམ་འོག་དངོས་པོ་དེ་ཚེ་ཀློག་ནས་བཀག་འགོག་བྱུང་ཡོད་དང་མེད་ཐག་གཅོད་བྱེད་རོགས།
ལོ་རྒྱུས་སྙིང་རྗེ་པོ་འདི་ལས་མང་བ་གཟིགས་དགོས་ན།
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་གཉིས་པ།
- ངའི་ཕྱོགས་ཀྱི་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས།
- ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གསོལ་འདེབས།
- སྤང་ལུང་རི་ཁྲོད་ཞེས་པ་འདི་ནི། མཐུ་རྩལ་གྱི་འབྱུང་ཁུང་ཞིག་རེད།
- ༧གོང་ས་ཆེན་པོ་སྐུ་འཕྲེང་བཅུ་བཞི་པ་མཆོག་དང་རྡོ་རྗེ་ཤུགས་ལྡན།
- ༧གོང་ས་ལྔ་པ་ཆེན་པོ་དང་རྡོ་རྗེ་ཤུགས་ལྡན།
- ངའི་༧གོང་ས་མཆོག་ལ་སྙན་ཞུ་ཞུ་རྒྱུར།
- དཔེ་རིས་དེར་རྡོ་རྗེ་ཤུགས་ལྡན་གྱི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས།
- ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གི་སྐོར་བགོ་འགྲེམས་མདོར་བསྡུས།
- འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་དང་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་རྩ་ལྔ་པ་རྗེ་བཙུན་བསྟན་འཛིན་བཟོད་པ་མཆོག
ང་ཚོས་ཆོས་ཉམས་ལེན་གོང་འཕེལ་གཏོང་བའི་ཆེད་དུ་ཁྱེད་ཉིད་ཀྱི་རོགས་པ་མང་ཙམ་གནང་བར་མཁྱེན།
གལ་ཏེ་ཨ་རིའི་ནང་ལ་ཡོད་ན། ཁྱེད་ཉིད་ཀྱི་མཆོད་སྦྱིན་དང་། ཞལ་འདེབས་རྣམས་ལ་བཅའ་ཁྲལ་གུ་ཡངས་ཡོད། ཚེམས་རིན་པོ་ཆེའི་དྲ་ཚིགས་ལྷན་ཚོགས་ནས། tsemrinpoche.com
[…] ཕྱོགས་བསྡོམས་བྱ་ཆེད་དུ། […]