གནོད་སྦྱིན་གྱི་ནུས་པ་ཕྱིར་འཕུད་གཏོང་བ་ལ་རྒྱབ་འགལ།
ཕྱི་ལོ་ ༢༠༡༨ ཟླ་བ་ ༧ ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལ་སྙིང་རྗེའི་ནུས་པ་ཡོད་ཚད་ཀྱི་འགྲེལ་བརྗོད་ཞིག་གནང་བ།
“སྤྱི་བཏང་ཆར་ཅན་དབང་དང་རྗེས་གནང་ཉམས་ལེན་ཞིག་མ་གནང་སྔོན་ལ་བགེགས་བསྐྲད་ཆོ་ག་བྱེད་ཀྱི་ཡོད། ལས་སོགས་བར་ཆད་ཞི་བའི་ཆེད་དུ་བྱེད་ཀྱི་ཡོད། འོན་ཀྱང་ཕྲན་ལ་འགྲོ་བ་སུ་འདྲ་ཞིག་ཀྱང་གནོད་སྦྱིན་ཡིན་པའི་མྱོང་བ་མེད། ཉིན་རྟག་པར་ངས་གཞན་ཕན་གྱི་བསམ་བློ་སྦྱོང་གི་ཡོད། འོན་ཀྱང་དགོང་མོ་ང་ཚོས་དེ་ལ་གནོད་སྦྱིན་གྱི་ནུས་པ་མེད་པ་བཟོ་དགོས་འདུག་ཞེ་ན་དེ་རྒྱབ་འགལ་འགྲོ་ཡི་འདུག ཕྲན་ལ་བྱང་ཆུབ་སེམས་སྐྱེ་མེད། འོན་ཀྱང་མྱོང་བ་ཤུགས་ཆེན་ཡོད།”
འབྱུང་ཁུངས། https://bit.ly/2wVsqSb
དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གྱི་གསུང་བཤད་ཤིག་རེད། ངས་ཁོང་ཉིད་ཀྱི་སྙིང་རྗེ་ལ་ཡིད་ཆེས་གཙང་མ་ཡོད། དེ་ཙམ་མ་ཟད་ཁོང་ཉིད་ཀྱིས་དེ་དག་ལག་ལེན་ཡོད་པའི་རེ་བའང་ང་ལ་ཡོད།
གནོད་སྦྱིན་གྱིས་འགྲོ་བ་ཡོད་དོ་ཅོག་ལ་བསམ་བློ་ངན་པ་ཞིག་དང་། འདོད་ཆགས་སོགས་རྐྱེན་པས་སྐྱེ་བ་བླང་གི་ཡོད། འདོད་ཆགས་ཀྱིས་སྐྱེ་བ་ངན་པར་ལྟུང་བ་དང་། ཞེ་སྡང་གི་བསམ་བློ་ཡིས་གནོད་འཚེ་ཅན་གྱི་བྱ་བ་སྤེལ་གྱི་ཡོད། དཔེར་ན་དམ་སྲི་དང་། ལྟོགས་པ་ཅན་གྱི་བདུད་དང་འདྲེ་སོགས་ནས་གནོད་འཚེ་ཤིན་ཏུ་ཆེན་པོ་ཡོང་གི་ཡོད། གང་ལ་ཞེ་ན་ཁོང་ཚོ་ཞེ་སྡང་དང་། འདོད་ཆགས་ཆེན་པོ་ངང་ནས་གྲོངས་པའི་རྒྱུ་མཚན་གྱི་རེད།
དོན་དངོས་ལ་ང་ཚོས་སྐྱེ་འགྲོ་དེ་དག་ལ་སྙིང་རྗེ་སྐྱེ་དགོས། དམིགས་བསལ་གཟུགས་མེད་ཀྱི་སེམས་ཅན་རྣམས་ལ་དགོས། གང་ལ་ཞེ་ན་ཐབས་ཤེས་དེ་ནི་ཁོང་ཚོའི་གནོད་པ་བཀག་པའི་ཇུས་ཡག་ཤོས་དེ་རེད། ང་ཚོས་བརྩེ་བའི་ངང་མན་ངག་འདོན་དང་། ཁོང་ཚོ་ལ་བྱིན་བརླབས་འཇུག་ཏུ་བཅུག་ཐུབ། མན་ངག་འདོན་པའི་སྐབས་ལ་རང་ཉིད་ཀྱིས་སྒོམ་སྒྲུབ་བརྒྱབ་ནའང་འགྲིགས། ང་ཚོས་གཟུགས་མེད་ཁམས་ཀྱི་གནོད་སྦྱིན་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་ཚེ་ཁོང་ཚོ་ཞི་འཇམ་དུ་འགྱུར་བའི་ནུས་པ་ཆེ། འགའ་རེ་ལ་ཁྱེད་ཀྱིས་སྐད་ཆ་བཤད་ཆོག་པ་དང་། བརྩེ་བ་ལྡན་པའི་ཐོག་ནས་གནོད་པ་མི་བྱེད་པའི་གླེང་མོལ་གནང་ཚེ་རྦད་དེ་མི་བྱེད་པ་ཡོང་གི་ཡོད།
སྔོན་བྱོན་གྱི་རྒྱ་བོད་གཉིས་ཀྱི་བླ་མ་མང་པོ་ཡིས་འདྲེ་དང་། དམ་སྲི་སོགས་ལ་སྙིང་རྗེ་ཤིན་ཏུ་ཆེན་པོ་གནང་ཡོད། རེ་བཟུང་ས་གནས་དེ་དག་གི་སྲུང་མའང་བཟོས་པ་བྱུང་ཡོད། ངས་རང་ཉིད་ཀྱི་བླ་མས་ཧི་མ་ལ་ཡའི་ནང་ལ་དམ་སྲི་མོ་ཞིག་འཁྱམ་བསྡད་པའི་སྐབས་ལ་འདུལ་བ་མཐོང་མྱོང་། དམ་སྲི་དེ་ཡིས་སེམས་ཅན་ལ་གནོད་པ་མི་བྱེད་པའི་དམ་བཅའ་འཇོག་རྗེས་ལ་ངའི་བླ་མས་འཐུང་བྱེད་ཤིག་གནང་ནས་དམ་བཅའ་བརྟན་པོ་ཡོང་བ་བཟོས་ཀྱི་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་ཤུགས་ལྡན་ནི་གནོད་སྦྱིན་གྱི་དམ་སྲི་ཞིག་ཡིན་པ་བརྗོད་ཀྱི་ཡོད། ༼འོན་ཀྱང་བླ་མ་མཐོན་པོ་མང་པོ་ཡིས་མོས་མཐུན་གནང་མེད།༽ ཁོང་ཉིད་ཀྱིས་རྡོ་རྗེ་ཤུགས་ལྡན་ལ་བརྩེ་བ་ཚད་མེད་སྦྱིན་པ་དང་། ཞལ་འདོན། གླེང་མོལ་སོགས་ཀྱི་ཐོག་ནས་རྡོ་རྗེ་ཤུགས་ལྡན་འདུལ་ཆོག དེ་ནས་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་ལ་གཉའ་གནོན་དང་། ཕྱིར་འཕུད། སྲུང་མ་དེ་ལ་བསྟེན་གསོལ་གནང་བར་མིང་ངན་བརྗོད་པ་སོགས་མི་བྱུང་།
དེ་བཞིན་ཞི་བདེ་ཡང་སྐྲུན་ཐུབ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་ཤུགས་ལྡན་ལ་བརྩེ་བ་གནང་ཆོག དེ་ཙམ་མ་ཟད་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་སྟོང་ཕྲག་མང་པོ་ཡི་བརྩེ་བ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ངས་དྲན་པ་བཞིན་དྲན་གྱི་ཡོད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་ཤུགས་ལྡན་གྱི་བསྟེན་གསོལ་གནང་མཁན་གྱི་དཀའ་ངལ་སེལ་བའི་རེ་བ་དང་སྨོན་ལམ་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རིང་བ་དང་། འཕྲོད་བསྟེན་ཡག་པོ་ཡོང་བར་སྨོན་ལམ་ཞུ།
ཚེམས་སྤྲུལ་སྐུ་ནས།
ཀློག་བཞིན་པ། http://bit.ly/2DLDYuF
Please support us so that we can continue to bring you more Dharma:
If you are in the United States, please note that your offerings and contributions are tax deductible. ~ the tsemrinpoche.com blog team
Beautiful billboard just came up in our hometown of Bentong where Kechara Forest Retreat (KFR) in Malaysia is located. All of us in Bentong are warm, simple and very friendly people. Our beautiful billboard depicts Dorje Shugden statue in KFR and Dorje Shugden is a hero (pahlawan) and a powerful being from Tibet. He is highly respected for giving great inspirations and blessings from his life story.~Tsem Rinpoche- See more beautiful pictures- https://bit.ly/2UltNE4
这个美丽的布告板刚在我们的家乡——文冬安装好。文冬是克切拉禅修林的所在地。我们文冬人热情、朴实和友善。我们美丽的布告板描绘着禅修林里的多杰雄登像,而多杰雄登是位英雄,也是一位来自西藏强大的守护者。从他的生平我们得知他因赐人加持和灵感而备受尊崇。詹仁波切- 点击链接查看更多图片: https://bit.ly/2ThOvVa