བོད་མི་དཔའ་བོ་བསྟན་པ་ཡར་འཕེལ་ལགས་ནས་བོད་གཞུང་ལ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མི་མང་ལྷན་དུ་ཞི་བདེ་མཉམ་མཐུན་བྱེད་དགོས་པར་གྲོས་ཚོགས་ནང་བཤད།
(Click here to read the original English article.)

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་བསྟན་པ་ཡར་འཕེལ་ལགས། བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་སྤྱི་འཐུས་ཡིན་པ་དང་། ཁོང་གིས་བོད་མི་ཆིག་སྒྲིལ་གྱི་ཆེད་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་མི་རིགས་དབྱེ་འབྱེད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཚུལ་འགྲེལ་བརྗོད་བྱེད་པ་རེད།
ཉེ་བའི་དུས་སུ་བཙན་འབྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིགས་འཛུགས་ལས་ཁང་དུ་གྲོས་ཚོགས་ཚོགས་འདུ་བཀོང་ཚོགས་བྱས་ཤིང་། དེ་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་གྲགས་ཅན་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་མི་ཆིག་སྒྲིལ་དགོས་ཚུལ་གྱི་སྐོར་བཤད་ཡོད་པ་རེད། ལྷག་པར་དུ་བསྟན་པ་ཡར་འཕེལ་ལགས་ཀྱིས་སྙིང་སྟོབས་ཆེན་པོའི་སྒོ་ནས་སྲིད་ཇུས་བཟོ་མཁན་མང་ཆེ་བ་དེ་དག་གིས་ལོ་ཉི་ཤུ་རིང་ཟུར་བགྲོས་བྱས་པའི་ཧ་ཅང་གནོད་འཚེ་ཅན་གྱི་གནད་དོན་ཞིག་ཞུ་འབོད་བྱས་ཤིང་། དེ་ནི་རྡོ་རྗེ་ཤུགས་ལྡན་སྒང་ལ་བྱུང་བའི་མ་ཉེས་ཁ་ཡོག་དེ་རེད། ད་ནས་བཟུང་བོད་མི་ཚོ་ཆིག་སྒྲིལ་མེད་པ་ཆག་ཉེན་ཅན་དུ་འགྱུར་བཞིན་པ་ཐམས་ཅད་ཀྱིས་ཤེས། འདི་དངོས་འབྲེལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གིས་བསམ་བློ་གཙང་མའི་ཐོག་བཙན་འབྱོལ་ནང་བོད་མི་ཚོ་ལ་འཕྲད་པའི་དཀའ་ངལ་ངོ་མ་དེའི་སྐོར་བཤད་འོང་དུས་ངལ་དུབ་སངས། བོད་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་ཆིག་སྒྲིལ་ལ་དངོས་འབྲེལ་གནོད་པའི་དབྱེ་འབྱེད་ཀྱི་སྲིད་ཇུས་གྲངས་མེད་སྐབས་དེ་དག་གང་ལའང་མ་ལྟོས་པར་དེའི་ཚབ་ཏུ་མ་འོང་པའི་ཡར་རྒྱས་དམིགས་དོན་དུ་བཟུང་ནས་བཤད་པ་རེད།
བོད་མི་ཚོ་སྤྱིར་བཏང་ཁོ་ཚོ་རྒྱ་གར་དུ་མ་བྲོས་སྔོན་ནས་རྒྱུན་དུ་ཤོག་སྡེར་ཁ་བྲལ་གཏོང་བའི་རང་གཤིས་ངན་པ་ཞིག་ཡོད། ཁ་བྲལ་དུ་གཏོང་བ་དེ་དག་ནི་མངའ་ཁུལ་དང་། ཆོས་ལུགས་ཀྱི་འཁྲུག་རྩོད་རྙིང་པ་དེ་དག་བསྐྱར་བཤད་བྱས་ཀྱི་ཡོད། གང་ལྟར་ཡང་ཉེ་བའི་དུས་སུ། བོད་མི་དེ་དག་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་འགའ་ཤས་དང་འབྲེལ་ནས་ཁ་བྲལ་དུ་གཏོང་བ་རེད། ཕྱོགས་གཅིག་ནི་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་མཁན་རང་བཙན་མི་མང་ཚོ་ཡིན་པ་དང་། དེ་ལས་གཞན་པ་ཚོ་ནི་རྒྱ་ནག་འོག་ཏུ་རང་སྐྱོང་སྲིད་དབང་གི་ལམ་ལུགས་དགོས་པའི་རྒྱལ་བ་རིན་པོ་ཆེའི་དགོངས་པ་ལྟར་དབུ་མའི་ལམ་རྗེས་སུ་འབྲང་མཁན་དེ་དག་རེད། བོད་མི་ཚོ་ལ་ཡང་ཁྱད་པར་དུ་ཆོས་ལུགས་འགྲེལ་བཤད་ཀྱི་སྒོ་ནས་ཁ་བྲལ་དུ་གཏོང་མཁན་ཡང་ཡོད་དེ། དཔེར་ན་ཀརྨ་པའི་གནད་དོན་དང་། གནོད་སྐྱོན་བྱུང་བཞིན་པའི་རྡོ་རྗེ་ཤུགས་ལྡན་གྱི་རྩོད་རྙོག་གི་སྐོར། གནད་དོན་དེ་ཚོ་རྒྱ་གར་ནང་གི་བོད་མི་ཁོ་ནར་ས་ཁུལ་གཅད་མཚམས་བཟོ་བ་མ་རེད། སྡང་སེམས་དེ་བོད་རང་སྐྱོང་ལྗོངས་སུ་ཡང་དར་ཡོད་པ་དང་ད་དུང་འཛམ་གླིང་སྤྱི་ཡོངས་སུ་དར་ཡོད། དེ་དག་རྣམས་ཀྱི་གནད་དོན་ཐོག་བསྟན་པ་ཡར་འཕེལ་ལགས་ནས་དེ་འདྲའི་དཀའ་ངལ་དེ་ཚོ་བྱུང་འདོད་མེད་ཅེས་གསལ་པོར་གསུངས་པར་བོད་གཞུང་གི་དབུ་ཁྲིད་ཚོ་ནག་པོ་ཆགས་ཀྱི་ཡོད་པ་རེད།
བསྟན་པ་ཡར་འཕེལ་གྱིས་གཏམ་བཤད་དེ་ཛ་དྲག་ཆེན་པོའི་དུས་ཚོད་སྐབས་བྱུང་མ་སོང་། དབུས་བོད་མི་སྒྲིགས་འཛུགས་ལས་ཁང་འོག་གི་བཙན་འབྱོལ་ནང་ཉེ་བའི་དུས་སུ་རྒྱུ་མཚན་སྣ་ཚོགས་ཀྱི་སྒོ་ནས་འཐོར་འགྲོ་ཡི་འདུག སྡེ་ཚན་དེ་དག་ནི་ཁོ་ཚོར་མྱོང་བའི་དབྱེ་འབྱེད་དུ་གླ་ལས་ཀྱི་གོ་སྐབས་མ་འདང་བ་དེ་ལས་བྱུང་ཡོད་པ་ནི་དཔེར་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་མྱོང་བ་ནང་བཞིན། དེར་མ་ཟད་བཙན་འབྱོལ་ནང་གིས་བོད་མི་ཚོས་དབུས་བོད་མིའི་སྒྲིགས་འཛུགས་ལས་ཁང་གི་འོག་ན་གནས་པའི་མ་འོང་མཐོང་ཐབས་མེད་པ་ཆགས་ཡོད། དེ་དུས་དེ་ག་རང་དུ། རྒྱ་ནག་གི་ས་ཕྱོགས་མང་ཆེ་བ་ཡར་རྒྱས་སོང་བས་བོད་ཀྱི་རྩ་དོན་གྱི་ཆེད་དུ་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་ཉུང་དུ་སོང་ཡོད། ཡིན་ནའང་གཏོང་ཕོད་ཅན་གྱི་སྤྱི་ཚོགས་ཁ་ཞེ་གཉིས་མེད་དེ་དག་དང་དམངས་གཙོ་དང་འགལ་བའི་དབུས་བོད་མི་སྒྲིག་འཛུགས་ལས་ཁང་གི་སྲིས་ཇུས་སྒང་ལ་དོ་སྣང་འཕེལ་རྒྱས་གཏོང་བཞིནའདུག
དམངས་གཙོ་དང་འགལ་བའི་སྲིད་ཇུས་མང་ཤོས་ནང་ནས་བོད་པའི་སྤྱི་ཚོགས་ནང་གནོད་སྐྱོང་གཏོང་ཡོད་པ་རེད། དེ་ནི་རྡོ་རྗེ་ཤུགས་ལྡན་གྱི་རྩོད་རྙོག་དེ་ཡིན་ཞིང་བསྟན་པ་ཡར་འཕེལ་ལགས་ཀྱི་ཉེ་བའི་གྲོས་ཚོགས་ཚོགས་སྐབས་བཤད་ཡོད་པ་དེ་རེད། སྤྱི་ལོ་ ༢༠༡༩ ཟླ་ ༣ པའི་ཚེས་ ༢༡ ཉིན་བསྟན་པ་ཡར་འཕེལ་ལགས་ཀྱིས་ཆོས་དད་གཞི་བཟུང་གི་དབྱེ་འབྱེད་མུ་འཐུད་པ་དེའི་ལྡོག་ཕྱོགས་སུ་བཤད་ཡོད་པ་རེད། ཁོང་གིས་བཤད་པ་དེར། སྔར་རྒྱལ་བ་རིན་པོ་ཆེ་འཛམ་གླིང་གང་སར་གསུང་བཤད་གནང་སྐབས་དེ་དུས་རྒྱལ་བ་རིན་པོ་ཆེས་རྡོ་རྗེ་ཤུགས་ལྡན་གྱི་སྐོར་ལ་གང་ཡང་མ་གསུངས་ནའང་མི་མང་གིས་རྒྱལ་བ་རིན་པོ་ཆེས་རྡོ་རྗེ་ཤུགས་ལྡན་སྒང་ལ་གནང་བའི་བཀག་སྡོམ་དུ་ངོ་རྒོལ་བྱས་ཡོད་པ་རེད། བསྟན་པ་ཡར་འཕེལ་ལགས་ཀྱིས་ངོ་རྒོལ་དེ་དག་ལ་རྟེན་ནས་རྒྱལ་བ་རིན་པོ་ཆེའི་མཚན་སྨད་ཞུ་ཞིང་བོད་གཞུང་གི་ཡང་མིང་ནག་པོ་བཟོ་ཚུལ་གྱི་སྐོར་བརྟན་པོའི་ཐོག་ནས་གསལ་སྟོན་བྱས་ཡོད། བསྟན་པ་ཡར་འཕེལ་ལགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཀག་སྡོམ་དེ་ལས་ཁེ་ཕན་གང་རུང་གྲུབ་ཡོད་མེད་ཀྱི་སྐོར་ཁོ་ཚོ་སྒང་ལ་བརྟག་དཔྱད་བྱེད་པར་སྐད་གཏོང་ཡོད་ཅིང་། དེ་ནས་ཁོ་ཚོར་བོད་པའི་སྤྱི་ཚོགས་མཐུན་སྒྲིལ་དུ་ཇི་ལྟར་མི་ཕན་པའི་སྐོར་བཀའ་འདྲི་ཞུ་ཡོད།
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་པའི་སྤྱི་ཚོགས་
ནང་མཐུན་སྒྲིལ་སྤེལ་ཐབས་བྱེད་པ།
དོལ་རྒྱལ། – ཟེར་བ་དེ་ནི་བཙན་འབྱོལ་བོད་གཞུང་དང་དེའི་རྒྱབ་སྐྱོར་བ་ཚོས་རྡོ་རྗེ་ཤུགས་ལྡན་ལ་དམའ་འབེབས་བྱས་ནས་བེད་སྤྱོད་བྱས་པའི་ཐ་སྙད་རེད། དོལ་རྒྱལ་ཟེར་བ་ཐ་སྙད་དེའི་གོ་དོན་ནི་དོལ་གྱི་རྒྱལ་པོ་དང་རྡོ་རྗེ་ཤུགས་ལྡན་ནི་འདྲེ་དང་འཇིག་རྟེན་པའི་ལྷ་སྲུང་རེད་ཟེར་ནས་ཡིད་བརྟན་མི་རུང་བའི་གསལ་བསྒྲགས་ཡིན་པ་རེད། དོལ་རྒྱལ་ཟེར་བ་ནི་བཙན་འབྱོལ་བོད་གཞུང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དམའ་འབེབས་བྱས་པའི་བེད་སྤྱོད་བྱས་པའི་ཐ་སྙད་རེད།
སྤྱི་འཐུས་ཞིག་ཡིན་པའི་ཆ་ནས། བསྟན་པ་ཡར་འཕེལ་ལགས་ཀྱི་གསུང་བཤད་ནི་ཧ་ཅང་གི་གལ་གནད་ཅན་ཞིག་རེད། གང་ཡིན་ཟེར་ན། རྩོད་རྙོག་གི་འབྱུང་ཁུངས་ནི་བོད་གཞུང་གི་དབུ་ཁྲིད་ཁོ་རང་ཚོ་རང་མ་གཏོགས་གཞན་སུ་གང་ཞིག་མ་རེད། ད་རིང་ད་དུང་། བཙན་འབྱོལ་བོད་གཞུང་གི་དྲ་རྒྱའི་ནང་འཛམ་གླིང་རྒྱ་ཁྱབ་ཀྱི་བོད་མི་ཚོའི་ཆེད་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་བརྩི་མཐོང་མ་བྱེད་པར་དབུ་ཁྲིད་ཀྱི་ལམ་སྟོན་བྱས་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་གཏོང་བའི་རྒྱུ་མཚན་གྱིས་དཔེར་ན་རྒྱལ་བ་རིན་པོ་ཆེས་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་བསྡུ་སྐོང་ག་ཚོད་བྱེད་ཀྱང་། དེ་ལ་བཀག་སྡོམ་བྱས་ཡོད་པ་དེས་ཤེས་ཡོན་ཅན་མང་པོ་ཞིག་གིས་སེམས་ཀྱི་གཏིང་ནས་གད་མོ་ཤོར་གྱི་ཡོད་པ་རེད། ཁོ་ཚོ་བོད་ཀྱི་སྨན་བཅོས་ཁང་ལ་འགྲོ་ཆོག་གི་མི་འདུག དེ་བཞིན་བོད་གཞུང་གི་གཞུང་ཞབས་ནང་དུ་ཡང་གོ་གནས་གང་ཡང་སྤྲོད་ཀྱི་མི་འདུག རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་འོ་མའི་ལྕག་ཊིན་ཙམ་ཉོས་པར་ཚོང་ཁང་ཁག་ཏུ་འཛུལ་མི་ཆོག་ཟེར་ནས་གསལ་སྒྲགས་སྦྱར་ཡོད་པ་རེད།
ཁ་བྲལ་དུ་བཏང་བ་འདི་ཚོ་བོད་གཞུང་གི་དབུ་ཁྲིད་ཚོས་ཤེས་ཤིང་ཁོ་ཚོས་དེ་ལས་མང་བ་དམ་བསྒྲགས་བཀའ་ཆད་གཏོང་བ་གང་ཡོད་དམ། དེ་བཞིན། ཁོ་ཚོ་རྩོད་རྙོག་གི་འབྱུང་ཁུངས་ཡིན་པ་ནས་བཟུང་འགྱུར་ལྡོག་དངོས་འབྲེལ་གྱི་དཔང་པོ་བྱེད་པར་བོད་གཞུང་དབུ་ཁྲིད་ནས་ཐག་གཅོད་གཏན་ལ་འབེབ་དགོས། དེ་ནས་དེ་སྐབས་བོད་གཞུང་གི་དབུ་ཁྲིད་འགའ་ཤས་ནས་བོད་མི་རྣམས་ཆིག་སྒྲིལ་བྱེད་དགོས་ཚུལ་གྱི་སྐོར་བཤད་ཀྱི་ཡོད་ཀྱང་། དོན་དངོས་སུ་ལག་སྟར་མ་བྱེད་བར་དུ་གཏམ་བཤད་འདི་ཚོ་ནི་ཁ་སྟོང་ཞབས་ཞུ་ཙམ་རེད་མ་གཏོགས་གཞན་གང་ཡང་མ་རེད། དཔེར་ན་ཆ་བཞག་ན། བོད་གཞུང་གི་དྲ་རྒྱའི་ནང་ནས་རྡོ་རྗེ་ཤུགས་ལྡན་གྱི་སྡེ་མཚན་རྩ་མེད་གཏོང་དགོས་ཟེར་བ། འདི་ལྟ་བུ་དབྱེ་འབྱེད་རིགས་ཀྱི་སྤྱོད་ལམ་མཚམས་འཇོག་གི་ཕྱོགས་སུ་ཐབས་ཤེས་འདི་ལྟ་བུ་དགོས་ཞེས་ལམ་སྟོན་བྱེད་དགོས། དེ་ལ་བོད་མི་ཆིག་སྒྲིལ་གྱི་རེ་བ་དངོས་འབྲེལ་རྒྱབ་རྒྱུ་ཡོད་རེད། གང་ཡིན་ཟེར་ན་དེ་ལ་བོད་གཞུང་དེས་ཁོ་ཚོའི་སྤྱི་ཚོགས་ནས་དབྱེ་འབྱེད་ཀྱི་གཞི་རྩ་རྣམས་རྩ་མེད་གཏོང་བའི་སྐོར་ཚབས་ཆེན་ཡོང་བའི་དཔང་པོ་བྱེད་ཐུབ།

བོད་གཞང་གི་དབུ་ཁྲིད་ཚོས་ཁོ་ཚོའི་དྲ་ཚིགས་སུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་སྡེ་མཚན་གྱི་དཀའ་ངལ་དེ་རྩ་མེད་མ་གཏོང་བར་དུ་ཁོ་ཚོས་བོད་མི་ཆིག་སྒྲིལ་གྱི་སྐོར་གང་བཤད་ཀྱང་ཁ་སྟོང་ཡིན་པ་གསལ་པོ་རེད། བོད་གཞུང་གི་དྲ་ཚིགས་ཀྱི་སྡེ་མཚན་འདི་ནི་བོད་གཞུང་དེས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ལ་དབྱེ་འབྱེད་དངོས་འབྲེལ་བྱེད་པའི་སྤྱོད་ལམ་གི་དཔང་པོ་བྱེད། བོད་མི་ཆིག་སྒྲིལ་གྱི་ཆེད་དུ་མཚམས་འཇོག་བྱེད་དགོས་པ་དེ་རེད། འདི་ནི་བོད་གཞུང་གིས་གཞུང་འབྲེལ་གྱི་དྲ་ཚིགས་རེད། གལ་སྲིད་བོད་ཀྱི་རང་བཙན་ཡོད་པ་བྱེད་ན། དྲ་ཚིགས་འདི་ནི་ཁོ་ཚོའི་རྒྱལ་ཁབ་དེའི་རྣམ་པར་མཚོན་བྱེད་དུ་འགྱུར་གྱི་རེད། རྒྱལ་ཁབ་ཅིག་གི་གཞུང་གི་རྣམ་པར་མཚོན་བྱེད་ཀྱི་གཞུང་འབྲེལ་དྲ་ཚིགས་སྒང་དེས་ཆོས་དད་ཀྱི་རྒྱབ་འགལ་དུ་དབྱེ་འབྱེད་བྱེད་ཅིང་ཆོས་ཧུར་པོའི་སྒོ་ནས་སེམས་ཤུག་གཅོག་ཞིང་ཆོས་དད་གྱི་རྒྱབ་འགལ་དུ་ལམ་སྟོན་བྱེད་མཁན་གཞུང་གང་ཡོད་དམ། འདིས་ཁོ་ཚོ་ཇི་ཙམ་གྱི་དམངས་གཙོའི་ལམ་ལུགས་དང་དོན་མ་མཐུན་པ་དངོས་འབྲེལ་རེད་དེ་ཡོད་རེད།
བོད་མི་ཡར་རྒྱས་ཀྱི་ཆེད་དུ་བསྟན་པ་ཡར་འཕེལ་ཁོ་རང་གཅིག་པོས་དགའ་མོས་བྱེད་ཀྱི་ཡོད་པ་དེར་དོ་སྣང་བྱེད་དགོས་པ་ནི་གལ་ཆེན་པོ་རེད། ཁོང་གིས་འདིར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་མཉམ་དུ་འབྲེལ་བ་གང་ཡང་མེད་ཚུལ་གསལ་པོར་གསལ་བཤད་གནང་། འདིས་ཁོང་གིས་ཁྲབ་སྟོན་གང་བྱས་པ་དེ་ཁོང་རང་སོ་སོའི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་མ་ཡིན་པ་ཐག་གཅོག་སླ་པོ་བཟོ་ཞིང་། – ཁོང་ལ་བཀག་སྡོམ་གྱི་ཁ་གཏད་དུ་བཤད་པ་དེར་རག་རྒྱུ་གང་ཡང་ཡོད་པ་མ་རེད།–དེ་འདྲ་སོང་ཙང་བོད་མི་ཆིག་སྒྲིལ་གྱི་ཆེད་དུ་བསམ་བློ་གཏོང་བ་ནི་དངོས་གནས་རྒྱལ་གཅེས་ཀྱི་དཔའ་བོ་རེད། འདི་ལ་བོད་ཀྱི་ལམ་སྲོལ་དང་རིག་གཞུང་ཡུན་རིང་པོ་མུ་འཐུད་ནས་གནས་ཐུབ་པར་གང་བྱེད་དགོས་པའི་སྐོར་གཏན་འབེབ་བྱེད་པར་བློ་སྟོབས་སྤེལ་མཁན་འགའ་ཤས་ཡོད། བོད་མི་ཚོས་རྒྱུན་དུ་ཁོ་ཚོ་རིག་གཞུང་གཅེས་སྲུང་བྱེད་དགོས་པ་ནི་གལ་ཆེན་ཡིན་པའི་སྐོར་བཤད་ཀྱི་ཡོད་ཀྱང་། ཡིན་ནའང་མི་མང་དངོས་འབྲེལ་ཆིག་ཏུ་སྒྲིལ་བར་དོ་སྣང་མ་བྱེད་བར་དུ་ཇི་ལྟར་གཅེས་སྲུང་བྱེད་ཀྱི་ཡིན་ནམ།
འདི་ནང་། བསྟན་པ་ཡར་འཕེལ་ནི་ཁོ་རང་གཅིག་པོ། མདུན་བསྐྱོད་བྱེད་མཁན་སྐད་གྲགས་ཅན། དམིགས་བསལ་ཅན་འགའ་ཤས་མ་གཏོགས། བོད་པའི་སྤྱི་འཐུས་མང་པོས་བོད་མི་ཆིག་སྒྲིལ་ལ་ཕན་པའི་སྐོར་བཤད་འདོད་བྱེད་ཀྱི་མ་རེད། བོད་མི་མང་ལ་གལ་སྲིད་ཁོ་ཚོའི་དབུ་ཁྲིད་ཚོས་ཁོ་རང་ཚོ་སོ་སོའི་དགོས་དོན་གྲུབ་འདོད་བྱེད་པ་ཡིན་ནམ། ཡང་ན་དེ་ཚོ་བོད་མི་ཚོ་དང་དེ་ཚོའི་མ་འོང་གི་སྐོར་འབད་བརྩོན་བྱེད་ཀྱི་ཡོད་དམ་བསམ་པའི་རེ་བ་སྐྱེད་བཅུག ཡིན་ད་ཡིན། སྒེར་གྱི་ལས་འཆར་དེ་དག་གིས་ཐོག་ནས་སྲིད་ཇུས་ཉམས་ཆག་ཅན་གྱི་འགྲེལ་བརྗོད་བྱེད་ཅིང་རྙོག་དྲ་མང་པོ་བཟོ་ཡི་མ་རེད། གང་ཡིན་ཟེར་ན་ཁོ་ཚོ་རྣམས་སྒྲིགས་འཛུགས་དང་འགལ་ཞིང་། རྒྱལ་བ་རིན་པོ་ཆེའི་རྒྱབ་འགལ། ཡང་ན་བོད་མི་མང་གི་རྒྱབ་འགལ་བའི་མཐོང་སྣང་མི་འདོད་ཅིང་ཁེ་བཟང་ཅན་གྱི་གོ་གནས་ཤོར་བའི་ཉེན་ཚབས་མི་འདོད། མི་མང་དེ་དག་གི་ཆེད་དུ། སྒེར་གྱི་མངོན་འདོད་དང་བསྒྲུབ་བྱ་མཐར་སྐྱེལ་བ་དེ་ནི་བོད་མི་མང་ཆིག་སྒྲིལ་ལས་ཞེ་པོ་གལ་ཆེན་པོ་རེད། བོད་ཀྱི་རིག་གཞུང་དང་དེའི་ཆོས་ལུགས་གཅེས་སྲུང་གི་འགན་ལེན་བྱེད་པ་དེ། དེ་ནས་བསྟན་པ་ཡར་འཕེལ་གྱི་གཏམ་བཤད་དེས་རྡོ་རྗེ་ཤུགས་ལྡན་སྒང་ལ་བྱས་པའི་བོད་གཞུང་གི་སྲིད་ཇུས་རྒྱབ་ཁ་གཏད་ཅན་དེས་དངོས་འབྲེལ་དྲང་འབྲེལ་བོད་མི་མང་གི་མ་འོང་མི་ཚེའི་སྐོར་དོ་སྣང་བྱེད་པ་གསལ་པོར་སྟོན།

བསྟན་པ་ཡར་འཕེལ་ལགས་ཀྱི་ཁ་གཏད་དུ་རྡ་རམ་ས་ལར་ངོ་རྒོལ་གོ་སྒྲིག་བྱས། ཁོང་གིས་གནས་ཆུང་ལ་སྐྱོན་བརྗོད་བྱས་པས་རྒྱལ་བ་རིན་པོ་ཆེ་རྒྱབ་འགལ་རེད་ཅེས་ནས་སྐད་འབོད་བྱེད་བཞིན་པ། ཁོང་ལ་ད་དུང་ཁོང་གི་ནག་ཉེས་སྐྱོན་འཛུགས་ལའང་སྐད་འབོད་བྱས་འདུག རྣམ་འགྱུར་འདི་འབྱུང་སྲིད་པ་ཡིན་པ་ཁོང་གི་ཤེས་ཀྱང་། དེ་ལྟ་ནའང་བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་གིས་བོད་གཞུང་གི་དབུ་ཁྲིད་ཚོས་གནས་ཆུང་བསྟེན་གསོལ་བྱེད་ནས་སྲིད་ཇུས་ཉམས་པའི་ཁ་གཏད་དུ་བཤད། ཆེ་རུ་གཏོང་ནོན།
བསྟན་པ་ཡར་འཕེལ་ལགས་ཀྱིས་ཉམས་ཆག་ཅན་གྱི་སྲིད་ཇུས་ཁ་གཏད་དུ་ཇི་ལྟར་བཤད་དགོས་པའི་འཇོན་ཐང་ཡོད་ཅིང་། དེར་ད་དུང་ཁོང་གིས་ཁོང་སྒེར་པ་སོ་སོར་ཉེན་ཚབས་བྱེད་ནས་བཤད། ལོ་གཉིས་ཙམ་གྱི་སྔོན་ལ། ཁོང་གིས་སྙིང་སྟོབས་ཆེན་པོའི་སྒོ་ནས་བོད་གཞུང་གི་དབུ་ཁྲིད་ཚོས་གནས་ཆུང་བསྟེན་གསོལ་བྱེད་པའི་སྐོར་སྐྱོན་བརྗོད་བྱེད་ནས་ཁོང་གི་བསམ་འཆར་བཤད་ནས་སྒྲི་གཡོག་སེལ་ཡོད་པ་རེད། གཞུང་གི་སྐུ་རྟེན་དེ་ནི་གཞུང་དང་འབྲེལ་བའི་གནས་སྟངས་ཀྱི་སྐོར་བསྟེན་གཏུགས་བྱེད། བསྟན་པ་ཡར་འཕེལ་ལགས་ཀྱི་དགོས་དོན་ནི་གནས་ཆུང་ལ་ཉེས་འཛུགས་བྱེད་པ་དེ་མ་རེད། ཡིན་ནའང་བོད་གཞུང་དེ་རྒྱུན་དུ་རྙིང་པའི་བཟོ་ཅན་དུ་སྒྱུར་ཞིང་རང་བཞིན་ལས་འདས་པའི་ཐབས་ལམ་བསྟན་པ་དེའི་ཚབ་ཏུ་སོ་སོའི་རྒྱུ་མཚན་དང་དཔྱད་གསུམ་དག་པའི་ལྟ་བར་བསྟེན་དགོས་པར་གནོན་ཤུགས་རྒྱག ། གནད་དོན་ཕྲད་སྐབས་དེའི་ཐབས་ཤེས་རྙེད་ཐབས་མ་བྱེད་པ་དེར། བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་དེ་ནི་འདུལ་བའི་རྣམ་ཤེས་གཅིག་རེད་ཅེས་བསམ་ནས། དེ་ད་ལྟ་བར་དུ་གཞུང་དང་འབྲེལ་བའི་སྲིད་ཇུས་གལ་ཆེན་པོ་དེ་ཐག་གཅོད་པར་བསྟེན་པ་དེ་ནི་ནོར་ཞིང་འཁྲུལ་བ་ཡིན་ཚུལ་ཁོང་གིས་ཡང་ནས་ཡང་དུ་དཔང་པོ་བྱས་ནས་བཤད།

བསྟན་པ་ཡར་འཕེལ་ལགས་ཀྱིས་རྡོ་རྗེ་ཤུགས་ལྡན་སྒང་ལ་བྱེད་པའི་བཀག་སྡོམ་དང་དབྱེ་འབྱེད་ཀྱི་ཁ་གཏད་དུ་བཤད་འོང་དུས་བོད་མི་རྒྱབ་སྐྱོར་བ་ཚོ་འགའ་ཤས་ཀྱི་དགའ་བའི་སྐད་སྒྲ་སྟོན། ཆེ་རུ་གཏོང་བར་འདིར་ནོན།
བསྟན་པ་ཡར་འཕེལ་ལགས་ཀྱི་གནས་ཆུང་གི་སྐོར་འགྲེལ་བརྗོད་བྱེད་པ་ནི་ཞེ་པོ་སྙིང་སྟོབས་ཆེན་པོ་རེད། གང་ཡིན་ཟེར་ན་གནས་ཆུང་སྐུ་རྟེན་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཐག་གཅོད་པ་དེ་སྒང་ལ་སྐྱོན་བརྗོད་ལྟ་བུ་མཐོང་གི་ཡོད། གྲུབ་འབྲས་སུ། ཁོང་ལ་རྒྱལ་བ་རིན་པོ་ཆེའི་རྒྱབ་འགལ་བ་རེད་ཅེས་ནས་སྤྱི་ཚོགས་དྲ་ལམ་དང་དངོས་སུ་ཐབ་རྒོལ་བྱས། མི་མང་ཚོས་ཁོ་ལ་ངོ་རྒོལ་བྱེད་པའི་ཆེད་དུ་ཁོས་བྱས་པའི་ནག་ཉེས་སྐྱོན་འཛུགས་ཀྱི་སྐད་འབོད་གོ་སྒྲིགས་བྱས། བསྟན་པ་ཡར་འཕེལ་ལགས་ལ་ཁོང་གི་བསམ་འཆར་སྒང་ལ་སྐྱོན་བརྗོད་མཁན་མང་པོ་བྱུང་ཡོད་པ་དེས་བོད་གཞུང་གི་དབུ་ཁྲིད་ཚོའི་བསམ་ཤེས་ཇི་ཙམ་གྱི་སྐྱོ་བོ་ཡིན་པ་དང་། དངོས་ཡོད་གནས་ཚུལ་དང་དེང་སང་གི་གཞུང་སྒང་ལ་ཕྲད་པའི་གནད་དོན་ཇི་ལྟར་སེལ་ཐབས་བྱེད་དགོས་པའི་སྐོར་གྲ་སྒྲིག་མེད་པ་གསལ་པོར་སྟོན།
གློ་བུར་དུ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་སྡོམ་དེ་སྒང་ལ་བཀའ་སློབ་ལམ་སྟོན་བྱེད་མཁན་དེ་གནས་ཆུང་རེད་འདུག ཡིན་ནའང་ལོ་ཉི་ཤུའི་རིང་གི་གནས་ཚུལ་རྙིང་པ་རྡོ་རྗེ་ཤུགས་བཀག་སྡོམ་དེར་མ་ལྟོས་པར། བཙན་འབྱོལ་བོད་གཞུང་དེས་རྒྱ་ནག་ཕྱོགས་ཀྱི་འབྲེལ་བའི་ཡར་རྒྱས་གང་ཡང་བཟོ་ཡི་མི་འདུག དེ་ནས་དངོས་འབྲེལ་དུ་མགོ་འཇུག་རྟིང་སློག་གི་ཐོག་གོ་ལ་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་ཉམས་སུ་མྱོང་བཞིན་འདུག དེ་ལྟར་ན་བསྟན་པ་ཡར་འཕེལ་གྱི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་ངོས་ལེན་བྱེད་པའི་བསྒྲགས་གཏམ་ནི་ཞེ་པོ་རྒྱུ་མཚན་དང་ལྡན། བོད་མི་ཚོས་རྡོ་རྗེ་ཤུགས་ལྡན་སྒང་ལ་ཇི་ལྟར་བསམ་པ་དེ་ལ་མ་ལྟོས་པར། བཙན་འབྱོལ་བོད་གཞུང་གིས་མཐུན་སྒྲིལ་དུ་སྐུལ་མ་གཏོང་ནས་ཉེན་མེད་བཟོ་ནས་བོད་རྒྱལ་ཁབ་ཀྱི་མ་འོང་པའི་རྒྱུ་མཚན་དང་དངོས་སུ་སྒྲུབ་པ་དེར་བསྟེན་དགོས་པ་ནི་ཞེ་དྲག་གལ་ཆེན་པོ་རེད། རྣམ་རྟོག་གཞི་བཟུང་བྱེད་ནས་སྲུང་མ་ཞིག་ལ་སྐྱོན་བརྗོད་པ་དེའི་ཚབ་ཏུ་དེ་དྲ་བྱེད་ན་ཧ་ཅང་གལ་ཆེན་པོ་ཡོད་རེད། དཔའ་བོ་བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་ནི་རྒྱུགས་ཆུ་ཕྱོགས་སུ་རྐྱལ་རྒྱག་པར་ཞེ་སྣང་མེད་མཁན་ཞིག་སྟོན། གང་ཡིན་ཟེར་ན་ཁོང་གིས་གང་བྱེད་པ་དེ་དོན་དང་ལྡན་པ་རེད་ཅེས་ཁོང་གིས་ཤེས།
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཆོས་དད་གཞི་བཟུང་བྱེད་ནས་མི་མང་ལ་དབྱེ་འབྱེད་བྱེད་མི་ཆོག་ཟེར་དུས་ང་ཚོས་རྒྱབ་སྐྱོར་ཆ་ཚང་བར་བྱེད། དམངས་གཙོ་དང་མཐུན་པའི་རྒྱལ་ཁབ་དངོས་གནས་དེས་སོ་སོའི་མི་མང་གི་མཚོན་དོག་དང་ཆོས་ལུགས་གཞི་བཟུང་བྱེད་ནས་དབྱེ་འབྱེད་བྱེད་མི་ཆོག་ཞིང་བྱེད་ཀྱི་མ་རེད། བསམ་བློ་འདི་ལྟ་བུ་འདི་ཡག་པོ་མ་རེད་དམ། ཡིན་ནའང་གཞུང་གང་རུང་ཞིག་གི་གཞི་རྩ་མང་ཆེ་བ་ནི་དམངས་གཙོ་ཡིན་ཚུལ་བརྗོད། དངོས་འབྲེལ་བྱེད་ན། དེ་ལ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་ཡང་གཞུང་དེས་གནས་སྟངས་དཀྲོག་རྐྱེན་བཟོ་བ་དེ་མཚམས་འཇོག་བྱེད་དགོས་ཟེར་བ་དེ་བསམ་ཚུལ་བརྗོད་མི་དགོས་པ་ཞིག་དགོས་རེད། དབྱེ་འབྱེད་དེ་འགོ་འཛུགས་ཤིང་འབྱུང་ཆོག་གི་ཡོད་མ་རེད། བོད་མི་ཚོར་གནོད་སྐྱོན་བྱུང་ཡོད་པ་ནི་རྡོ་རྗེ་ཤུགས་ལྡན་གྱི་བཀག་སྡོམ་དེ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་གཅིག་པོའི་ཆེད་དུ་མ་ཡིན་པར། བོད་པའི་སྤྱི་ཚོགས་གང་འཚམ་དུ་གནོད་སྐྱོན་བྱུང་ཡོད། བསྟན་པ་ཡར་འཕེལ་ལགས་ཀྱིས་གང་བཤད་པ་དེའི་སྐོར་ཁོང་དུ་ཆུད་པར་མཁས་རྩལ་དང་དམིགས་གསལ་གྱི་སྦྱོང་རྡར་དེ་འདྲ་གང་ཡང་དགོས་མ་རེད། བོད་མི་ཚོས་སོ་སོའི་ཆེད་དུ་ལེགས་ཉེས་དཔྱོད་ཅིང་ཞིབ་བཤེར་བྱེད་ཐུབ། རྡོ་རྗེ་ཤུགས་ལྡན་བཀག་སྡོམ་གྱི་རྐྱེན་གྱིས་ཡིན་པ་ཁོ་ཚོས་དངོས་སུ་མཐོང་།
སྤྱི་ཚོགས་ནང་གི་གནོད་སྐྱོན་དེ་དག་བོད་གཞུང་གིས་མནར་དུ་འཇུག་གི་ཡོད་པ་གསལ་དུ་འགྲོ་བཞིན་འདུག མི་མང་པོ་ཐག་གཅོད་གཅིག་པ་དེར་སླེབ་པ་དེ་ནི་གསལ་པོ་འདུག དཔེར་ན། Arjia Rinpoche ཨར་ཛ་རིན་པོ་ཆེ། རྒྱལ་བ་རིན་པོ་ཆེ་གྲོགས་པོ་ཉེ་པོ་ཡིན་མཁན་ཞིག་གི་ཡང་བོད་མི་བར་ལ་ཆིག་སྒྲིལ་བྱེད་དགོས་པའི་གལ་ཆེན་ཡིན་ཚུལ་གྱི་སྐོར་སློབ་སྟོན་བྱས་ཡོད། དེ་ལྟ་བུ་འགྲན་བསྡུར་གྱི་དུས་ཚོད་སྐབས། ཨ་རི་དང་སྟོབས་མཉམ་བཞིན་པའི་རྒྱ་ནག་དེ་འཛམ་གླིང་གསར་པ་དེ་ནང་རིམ་པ་བཞིན་མདུན་སྐྱོད་དུ་འགྲོ་བཞིན་ཡོད། བོད་མི་ཚོ་སྒྱུར་བཅོས་ཡག་པོ་བྱེད་དགོས་ཤིང་། བོད་པའི་རིག་གཞུང་དང་བཟང་སྤྱོད་གཅེས་སྲུང་བྱེད་པར། ཆིག་ཏུ་སྒྲིལ་བ་དེས་བོད་མིའི་རྩ་དོན་ལ་ངེས་པར་དུ་ཕན་ཐོག་འབྱུང་གི་རེད། གནས་སྟངས་གང་འདྲ་ཞིག་ཆགས་ནའང་། ང་ཚོ་མི་མང་གི་ཆེད་དུ། བསྟན་པ་ཡར་འཕེལ་ལགས་ནས་དངོས་གནས་ཡར་རྒྱས་འགྲོ་བཞིན་པའི་བོད་པའི་དཔའ་བོ་རེད། འཛམ་གླིང་ནང་ཁོང་གིས་བོད་པའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་འཇིགས་སྣང་དང་ཕྱོགས་རིས་མེད་པའི་ཐོག་བློ་སྤོབས་སྤེལ་བ་རེད། རྡོ་རྗེ་ཤུགས་ལྡན་འདྲེ་ཡིན་ན་འདྲ་ལྷ་ཡིན་ན་འདྲ་དེ་དག་ཐམས་ཅད་གནད་དོན་མ་རེད། གལ་སྲིད་བོད་མི་ཚོས་འདོན་འདྲེ་དང་ལྷ་གང་རུང་ལ་གསོལ་བ་འདེབས་ན་ཁྱད་པར་གང་བཟོ་ཡི་ཡོད་དམ། ཁོ་ཚོ་ད་དུང་བོད་མི་ཞིག་ཡིན་པ་དང་བརྩི་མཐོང་བྱེད་ཅིང་བོད་མི་གཞན་གྱི་ནང་བཞིན་ཐོབ་ཐང་འདྲ་མཉམ་ཡོད་དགོས། འདི་ནི་རང་དབང་གི་སྐོར་ཡིན། དམངས་གཙོ་དང་མཐུན་པའི་ལམ་ལུགས་དངོས་འབྲེལ་ནང་དབྱེ་འབྱེད་གང་ཡང་མེད་པར་ང་ཚོས་གང་འདོད་པ་དེར་གསོལ་བ་འདེབས་ཆོག་གི་རེད། དེ་ནི་གནད་དོན་དངོས་གནས་དེ་རེད།
ང་དང་བོད་མི་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་རེ་བ་ལ་རྒྱལ་བ་རིན་པོ་ཆེ་ཁོང་གི་སྙིང་རྗེ་ཆེན་པོ་དང་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་མཐར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་མི་མང་ཚོ་ཡང་ཁོང་གི་མི་མང་དུ་ངོས་ལེན་གནང་ནས་ལོ་ཉི་ཤུའི་རིང་ཤོར་བཞིན་པའི་མཐུན་འབྲེལ་དེ་བསྐྱར་བཟོ་ཐུབ་པའི་རེ་བ་ཆེན་པོ་ཡོད། ངས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་གཞུང་གི་དབུ་ཁྲིད་ཚོས་ཁ་བྲལ་བའི་དགོན་སྡེ་དེ་དག་རྣམས་གཅིག་ཏུ་སྒྲིལ་ཞིང་བཀག་སྡོམ་དེའི་རྗེས་འབྲས་སུ་འགྱུར་བའི་ཐོར་ཟིན་པའི་མི་ཚང་དང་སྤྱི་ཚོགས་རྣམས་ཆིག་ཏུ་སྒྲིལ་བའི་རེ་བ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མིས་རྡོ་རྗེ་ཤུགས་ལྡན་མི་མང་ལ་རྡ་སར་མགྲོན་འབོད་བྱེད་ནས་ཚོགས་འདུ་ལེགས་པར་ཞིག་ཚོགས་དགོས། ཁོ་ཚོས་འགྲིགས་འཇགས་དང་དྲག་སྐྱེད་ཀྱི་ཐབས་ལམ་འགོ་འཛུགས་དགོས། ཁོ་ཚོ་ཚང་མ་ཐམས་ཅད་ལ་ཆོས་ལུགས་ལ་མ་ལྟོས་པར་ང་ཚོ་དང་འདྲ་མཉམ། གྲོགས་པོ། བོད་མི་གཅིག་པ་ཡིན་ཚུལ་སྟོན་དགོས། ངས་བོད་གཞུང་གི་དབུ་ཁྲིད་ཚོས་དབྱེ་འབྱེད་ཁོ་ཚོའི་དམངས་གཙོའི་ལམ་ལུགས་དང་མ་མཐུན་པའི་བཅའ་ཁྲིམས་ནང་ཡོད་པའི་ཁ་འབྲལ་དེ་རྩ་མེད་གཏོང་བའི་རེ་བ་ཡོད།
དེ་ནས་མཐར་ངའི་རེ་བར། གོ་ལ་ཡོངས་ཀྱི་གླེང་སྟེགས་སུ་གནོན་ཤུགས་བྱེད་ནས། བོད་གཞུང་གི་དབུ་ཁྲིད་ཚོས་མཐར་བོད་མི་ཚོ་དེ་ཚོའི་རིག་གཞུང་གཅེས་སྲུང་དང་། མི་ཚེའི་འགྲོ་སྟངས། ཆོས་ཕྱོགས། སོ་སོའི་དད་པ་མ་བརྩིས་པ་དང་། དེ་དག་སོ་སོའི་ཆོས་དང་དཔལ་འབྱོར་གྱི་གནས་སྟངས་ཀྱི་ཆེད་དུ་ཆིག་ཏུ་སྒྲིལ་དགོས་པ་མཐོང་གི་རེད། བོད་གཞུང་གི་དབུ་ཁྲིད་དེས་མཐར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་སྒང་ལ་བྱས་པའི་དབྱེ་འབྱེད་མཚམས་འཇོག་བྱེད་ནས་རྒྱལ་ཁབ་གཅིག་པ། མི་རིག སྡེ་ཚན་གཅིག་གི་ཁོངས་གཏོགས་སམ་གྲལ་ནས་འབུད་པ་དེ་དག་རྣམས་ཁོ་ཚོས་མགྲོན་འབོད་བྱེད་པའི་ང་ལ་རེ་བ་ཡོད། འགན་འཁུར་ཅན་གྱི་གཞུང་ཞིག་ཡིན་པའི་ཆ་ནས་བོད་གཞུང་དེ་དང་པོ་དབྱེ་འབྱེད་བྱས་ནས་གཏོར་བཤིག་བཏང་པའི་འཛམ་གླིང་གང་སར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་མཉམ་དུ་མཐུན་འབྲེལ་བྱེད་ནས་དྲག་སྐྱེད་ཐབས་ལམ་གཏོང་ཞིང་བདག་ཅག་རྣམས་ཀྱི་ཆིག་སྒྲིལ་གྱི་འགྲོ་ལམ་འགོ་འཛུགས་དགོས་སོ།།
ཚེམས་རིན་པོ་ཆེས།
[ཁ་སྐོང་།] སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་
བྱེད་མཁན་སྒང་ལ་བྱུང་བའི་མི་རིགས་དབྱེ་འབྱེད་བྱེད་རྒྱུའི་སེམས་ཤུགས་གཅོག་པ།
དེ་མིན་གསར་འགྱུར་གཞན་ཁག
- སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཆུང་ཁ་གཏད་དུ་ཁ་བསངས་པ།
- སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ ཚེས་༣༠ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་འབོད་ཀྱི་ཡོངས་སྒྲགས་ཀྱི་ཞུ་ཡིག
- རུའི་ཊར་གསར་འགྱུར་ལས་ཁང་ནས་ངས་ཤར་གླིང་ཨེ་ཤི་ཡ་ཡི་ཆེད་དུ་འགྲིགས་འཇགས་ཀྱི་སྨོན་ལམ་འདེབས་པའི་སྐོར་དེ་དཔར་སྐྲུན་བྱེད་འདུག
- རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པའི་༧པཎ་ཆེན་རིན་པོ་ཆེའི་སྐོར་༧གོང་ས་མཆོག་གི་ཐུགས་ལ་འགྱུར་བ་ཕྱིན་པ།
- བོད་པའི་དབུ་ཁྲིད་ཚོའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་མ་ཉེས་ཁ་ཡོག་གི་བརྙན་ཕྲིན་གསར་པ།
- ཕྱོགས་བསྡོམས་བྱ་ཆེད་དུ།
- ཁོང་རྣམས་ནོར་ཡོད་མ་རེད།
- བོད་མིའི་རང་ལུས་མེར་སྲེག་སྐོར་བདག་གི་བསམ་ཚུལ་རི་ཡུ་ཊར་ (Reuters) རླུང་འཕྲིན་ཚགས་ཤོག་གིས་པར་འགྲེམས་བྱས།།
- ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ལོ་གསར་བཀའ་སློབ་ཕྱི་ལོ་༢༠༡༨
- རྡོ་རྗེ་ཤུགས་ལྡན་རང་སྐྱོང་ལྗོངས་ཞེས་པའི། རང་སྐྱོང་ལྗོངས་ཞིག་ལོགས་སུ་དགོས་ས་མ་རེད་པས། དོན་ཚན་དང་པོ།
Please support us so that we can continue to bring you more Dharma:
If you are in the United States, please note that your offerings and contributions are tax deductible. ~ the tsemrinpoche.com blog team
Tenpa Yarphel a brave , notable Member of the Tibetan Parliament (MP) speaking against the odds up and telling the truth. That’s wonderful and truly inspiring of one who dares to speak up when no one bother to speak. A true patriot Tenpa Yarphel, who really cares for the welfare and need of the Tibetan living miserable unknown to many. The Tibetan Leadership (CTA) has instituted the ban against Dorje Shugden for the past 20 years. Has indeed cause hardships, disharmony among the Tibetans in-exile. Broken families and monasteries divided are some of it. They are denied services to hospitals, schools and so forth. It’s a sad situation no religious freedom at all. Well time will tell us the truth , hopefully the ban soon goes down into history as a memories. May more Tibetans speaking for the sake of everyone.
Thank you Rinpoche for sharing.